ཁ་བའི་རྣམ་ཤེས།
རྨད་བྱུང་ངོ་མཚར་ལྟ་ན་སྡུག་པའི་གྲུ་འཛིན་ཞིང་གི་བཀོད་པ་བཤམས།།
གངས་རིའི་མགོན་པོ་རྒྱལ་བ་ཡབ་སྲས་རྫུ་འཕྲུལ་རྐང་པས་ས་ལ་བབ།།
རྣམ་དཀར་འཕྲིན་ལས་བསིལ་བའི་ཟེགས་མ་ཕྱོགས་ཀྱི་འཁོར་ལོའི་མཐའ་རུ་འཕྱོ།།
ཞལ་གྱི་དཀྱིལ་འཁོར་མཐོང་བ་དོན་ལྡན་འཛུམ་པའི་འོད་ཀྱིས་ཁྱོད་ལ་སྲུངས།།
ཁྱོད་དང་ང་ཡི་བར་ཐག་རིང་མོར་ལེ་བར་སྟོང་གིས་བསྐལ་ཀྱང་རུང་།།
ལས་ཀྱི་རྣམ་སྨིན་དྲན་བཞིན་དྲན་བཞིན་མཚན་མོའི་གཉིད་ཐེབས་ཆད་ཀྱང་རུང་།།
སྐྱོ་གདུང་མིག་ཆུ་བར་མེད་བཞུར་བས་བྲང་གི་སྟོད་ཁོག་བརླན་ཀྱང་རུང་།།
ནམ་ཞིག་ཁྱེད་ལ་ཕུལ་བའི་ཞུ་འཕྲིན་ཕུག་རོན་དཀར་པོས་གཤོག་ཟུང་