མཚམས་སྦྱོར་བ། འབའ་སྲས།
དད་པའི་ཀློང་ནས་བཙལ་ན་ཡོད་པ་འདྲ།།
རིགས་པས་དཔྱད་ཅིང་བརྟག་ན་མེད་པ་འདྲ།།
དངོས་སུ་ཡོད་དང་མེད་ཀྱང་མི་ཤེས་པའི།།
དབྱངས་ཅན་མྱོས་བུམ་ཅན་ལ་མཆུ་ཁ་སྦྱོར།།
མཚམས་རེར་བགད་ཀྱང་འཛུམ་མདངས་མེད་པ་དང་།།
ལན་རེར་མ་ངུས་མིག་ཆུ་ཐ་ར་ར།།
མཚམས་སྦྱོར་བ། འབའ་སྲས།
དད་པའི་ཀློང་ནས་བཙལ་ན་ཡོད་པ་འདྲ།།
རིགས་པས་དཔྱད་ཅིང་བརྟག་ན་མེད་པ་འདྲ།།
དངོས་སུ་ཡོད་དང་མེད་ཀྱང་མི་ཤེས་པའི།།
དབྱངས་ཅན་མྱོས་བུམ་ཅན་ལ་མཆུ་ཁ་སྦྱོར།།
མཚམས་རེར་བགད་ཀྱང་འཛུམ་མདངས་མེད་པ་དང་།།
ལན་རེར་མ་ངུས་མིག་ཆུ་ཐ་ར་ར།།
ཨ་འདུས་མིག་ཆུ།
བོད་ཀྱི་འབོལ་རྩོམ་སྐོར་ལས་འཕྲོས་ཤིང་ཉམས་སུ་ལེན་འོས་ཀྱི་རྩོམ་ཡིག་ཅིག་ཡོད་པ་ནི། བྱ་གཞུང་དབྱངས་བྷེའི་<<འབོལ་རྩོམ་དང་འབྲེལ་བའི་གླེང་མོལ་ཕྲན་བུ>>ཞེས་པ་དེ་རེད་ལ། དེའི་ནང་དུ་འབོལ་རྩོམ་གྱི་ངོ་བོ་དང་ཁ་གཏད་ཡུལ་ནས་བཟུང་སྟེ། འབོལ་རྩོམ་ལ་དོན་སྨིན་ཡང་དག་གིས་གསལ་འགྲེལ་ཞིག་བྱས་འདུག་སྙམ། དེ་ལས་གཞན་པའི་འབོལ་རྩོམ་རང་གི་སྐོར་ནས་གླེང་ཞིང་མོལ་བའི་བརྩམས་ཆོས་ཤིག་ནི་ད་བར་ཁོ་བོའི་མཐོང་ལམ་དུ་མ་གྱུར།
སྤྱིར་འབོལ་རྩོམ་ཞེས་པའི་ཐ་སྙད་ཀྱི་འཇུག་དོན་དུ་གྱུར་པའི་རྩོམ་ལུས་འབྲི་ཐབས་ནི་བོད་རང་ལ་རྒྱལ་དབང་ལྔ་པའམ་དེའི་ཡར་སྔོན་ནས་ཡོད་པ་འདྲ་ལ།
ཀོ་ལི་གྷ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས།
ཀ་དག་ཕྱག་རྒྱ་ཆེན་པོ་ཆོས་ཀྱི་སྐུ།།
ཁ་ཙམ་མིན་པའི་དམ་ཆོས་བསྒྲུབ་འདོད་ན།།
ག་དུས་ཡིན་ཡང་རང་གི་སེམས་ལ་བརྟག །
ང་རྒྱལ་ཁོང་ཁྲོ་འདོད་ཆགས་རྩ་ཟིལ་སྤོང་།
ཅ་ལག་དངོས་པོ་རྣམ་གཡེང་བསླུ་བའི་རྒྱུ།།
ཆ་མེད་ཡུལ་དུ་གྲོགས་མེད་རི་ཁྲོད་འགྲིམས།།
2014-12-07 扎西德机译 藏区防艾小组
༢༠༡༤།༡༢།༧ བཀྲ་ཤིས་བདེ་སྐྱིད་ཀྱིས་བསྒྱུར། བོད་ཁུལ་ཨེ་འགོག་ཚོགས་ཆུང་།
ཨེ་ཛི་ནད་ཡམས་འགོག་བཅོས་ཁྲིམས་ཡིག 艾滋病防治条列
国务院公布《艾滋病防治条例》
རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱབ་བསྒྲགས་བྱས་པའི་ཨེ་ཛི་ནད་ཡམས་འགོག་བཅོས་ཁྲིམས་ཡིག།
《艾滋病防治条例》已经2006年1月18日国务院第122次常务会议通过,现予公布,自2006年3月1日起施行。
总理 温家宝
དེ་ལས་མང་བ་། “ཨེ་ཛི་ནད་ཡམས་འགོག་བཅོས་ཁྲིམས་ཡིག༼བོད་རྒྱ་ཤན་སྦྱར།༽” »
ཨེ་མ་ཧོ།
ན་མོ་གུ་རུ་མ་ཧཱ་མུ་དྲ་ཡེ།
ཀ་མ་ལྟར་བཞད་པའི་ཞིང་ཁམས་སུ།།
ཁ་བའི་འདབ་སྟོང་གཡོ་བའི་ཟློས་གར་རུ།།
ག་ས་གང་ནས་མཛེས་པའི་སྐྱེད་མ་དག།
ང་ཡིས་དུང་བས་རྗེས་དྲན་སླར་ཡང་ཚེས།།
ཅ་ཅོའི་ངོ་བསྟོད་མ་ཡིན་བསྔགས་བརྗོད་ཀྱིས།།
ཆ་རྐྱེན་དངོས་ཀྱི་གཞི་མ་དྲིན་ཆེན་ཉིད།།
ཇ་མ་ཆུང་མ་མཛེས་མཛངས་ལྡན་པ་རྣམས།།
དེ་ལས་མང་བ་། “གངས་རིའི་སྐྱེད་མའི་དུས་དྲན་རིག་མའི་མེ་ཏོག་དམར་པོ།” »
ཀོ་ལི་གྷ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས།
ཀ་ཡེ་གསོན་དང་དྲ་རྒྱའི་དྲ་གྲོགས་ཚོ།།
ཁ་སྟོང་དོན་སྟོང་མིན་པའི་མཆན་ཞིག་ཞོག །
ག་ས་གང་ལ་འགན་མེད་ཇུས་གཏོགས་ཚོ།།
ང་ཚོ་དྲ་འབུ་འདྲ་བ་གང་ན་འདུག །
ཅ་ཅོ་མང་བའི་མཆན་བུ་འདེབས་པ་འདིར།།
ཆ་བཞག་མེད་པའི་མི་ཡིས་འཕྱ་སྨོད་མང་།
སྲས།
རྟེན་འབྱུང་གཏམ་གྱི་སྙིང་པོར་མཐོང་བའི་བདག་གི་སྟོན་པ་དྲིན་པོ་ཆེས།།
ཆགས་སྡང་དུག་གི་རྩ་བར་གསུང་བ་བདེན་པ་ཀུན་ལས་བདེན་དུ་མཆི།།
ཁ་སང་དེ་རིང་ཉེ་རྒྱང་ཀུན་ན་ཐམས་ཅད་དུག་གིས་སྨྱོས་ནས་འདུག།
སྨྱོན་པའི་གཏམ་ལ་བཟང་ངན་མེད་མོད་ལ་ལའི་སྐད་མགོ་ཀུན་ལས་མཐོ།།
སྒྲ་གཅན་གཟའ་ཡིས་ཉི་ཟླ་འཕྲོགས་ཤིང་སྐར་ཚོགས་གཞན་དུ་བྲོས་ཤུལ་དུ།།
འཇིག་རྟེན་མུན་པའི་དོང་དུ་ལྷུང་ཞེས་མིག་ལྡན་ཤུགས་ཀྱིས་ངུ་ནའང་།།
ཀོ་ལི་གྷ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས།
ཀ་ར་གུ་རམ་ཕྲུ་གུའི་ཟས།།
ཁ་ཟས་ཞིམ་པོ་དཔོན་གྱིས་བཞེས།།
ག་བཏང་གོ་ཆོད་གཡོག་གི་འགན།།
ང་ཚོའི་ཕ་ཡུལ་གངས་ལྗོངས་བོད།།
ཅ་ཅོ་དབེན་པས་ཆོས་བྱེད་མང་།།
ཆ་ཚང་ནང་པའི་བསྟན་ལ་དད།།
བདེན་པའི་ཕོ་ཉ།
ཀ་དག་གནས་ལུགས་རྟོགས་པའི་དྲ་གྲོགས་རྣམས།།
ཁ་བཤད་སྟོང་པའི་རྩོམ་དང་མཆན་བུ་མང་།།
ག་ལེར་ཞིབ་མོར་བལྟས་ན་ཡིད་རེ་མུག །
ང་མཁས་ང་ཤེས་ང་འཇོན་དྲ་འབུ་མང་།།
ཅ་ཅོ་མ་མང་གནས་ལུགས་རྟོགས་ན་བཟང་།།
ཆ་རྒྱུས་མེད་ཀྱང་རིག་པས་བརྟག་ན་ཤེས།།
བཙན་གསེར་ཞུན་དུ་འབོད་པ་ནས།
—- ཉིན་འདི་དག་ལ་སྐད་འཕྲིན་ལས་དགོས་མེད་ཀྱི་དོན་བྱ་མང་པོ་ཞིག་མཐོང་བའི་ལན་དུ།
ཅི་ཞིག་བཤད་ནས་གང་ཞིག་ཤོད་ན་འགྲིག་གམ་མི་འགྲིག་གྲོགས་པོ་ལགས།།
ཇི་ལྟར་བཤད་ཅིང་ཅིའི་ཕྱིར་བཤད་དགོས་ཁྱོད་ཀྱིས་བསམ་མམ་མ་བསམ་ཀྱེ།།
བཤད་རྒྱུ་དེ་ལ་ནུས་ཤུགས་ཆེའམ་འཆད་ཀྱིན་འཆད་ཀྱིན་ཅི་འདྲ་རེད།།
བཤད་བྱ་དེ་ལ་གནས་ལུགས་འདུག་གམ་ཉན་ཀྱིན་ཉན་ཀྱིན་གང་འདྲ་རེད།།
ཨེ་མ་ཧོ།
ན་མོ་གུ་རུ་ཡ་མནྟ་ཀ་ཡེ།།
ཀ་དག་སྤྲོས་བྲལ་ཆོས་དབྱིངས་ངང་ཉིད་ལས།།
ཁ་མདོག་དམར་ནག་གཤིན་རྗེ་གཤེད་མའི་ཚོགས།།
ག་ས་གང་དུ་བཞུགས་ཀྱང་མྱུར་བྱོན་ནས།།
ང་ཚོའི་བསྟན་དགྲ་བརླག་པའི་གྲོགས་མཛོད་ཅིག།
དེ་ལས་མང་བ་། “ཨེ་ཙིའི་དོལ་ཚོགས་འཇོམས་པའི་གནམ་ལྕགས་ཐོ་བ་ཞེས་བྱ་བ།། ཞར་བཀོད་གཅིག” »
ཀོ་ལི་གྷ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས།
ཀ་མིག་སུམ་བཅུའི་ཀ་བཤད་འདི་ལ་གཟིགས།།
ཁ་དང་མིག་དང་རྣ་བ་རྐང་ལག་བཅས།།
ག་དུས་ཡིན་ཀྱང་ལུས་སེམས་འཚོ་མཁན་ཡིན།།
ང་རྒྱལ་ཁོང་ཁྲོ་འདོད་ཆགས་ཞེ་ལྡང་དུག།
ཚེ་རིང་།
རྒྱུན་ལྡན་མིན་པའི་ཁོར་ཡུག་གི་འགྱུར་བག་ལས
ཁྱོད་ལ རྒྱུན་ལྡན་མིན་པའི་ཚོར་སྣང་ཞིག་སྐྱེས་ངེས
མིའི་ན་ཚོད་དང སེམས་ཁམས
འདྲིས་ཆོག་ཆོག་གི་ཁོར་ཡུག་ཆུང་ངུ་ཞིག་གིས་བསྐྱེད་ཅིང
བསྐྱར་ཅིང་བཟློས་པའི་རྒྱུན་རིང་གི་འགྲོགས་འདྲིས་ཁྲོད
ཨེ་མ་ཧོ།
ཆོས་ས་དགེ་བཀའ་རྙིང་ཇོ་བོན་དུ་འབོད་ཀྱང་།།
དོན་ལམ་འབྲས་རིམ་པའི་གདམས་རྒྱ་ཡི་སྙིང་ཐིག།
གཞི་རིས་མེད་གཅིག་ལ་ཐ་དད་དུ་སྣང་ཡང་།།
གནད་གཞི་ལམ་འབྲས་བུའི་སྨིན་གྲོལ་ཉིད་གཅིག་གོ།
རྗེ་གོང་མ་ཙོང་ཁ་སྒྲུབ་བརྒྱུད་ཀྱི་བདག་པོ།།
དཔལ་མཁན་སློབ་ཆོས་རྒྱལ་མཁས་གྲུབ་གྱི་རྒྱལ་པོ།།
དེ་ལས་མང་བ་། “ཁྱི་ནག་ལ་ཕུལ་བ་ཐོལ་བྱུང་གི་བསྟོད་སྨོན་མེ་ཏོག་སྔོན་པོ།” »
བདེ་པོ་འཚོ།
དེ་རིང་ནི།
གསེར་མདོག་གི་ཉི་མ་གློ་བུར་དུ་ནུབ་ལ
མུན་སེལ་གྱི་ཟླ་བ་སྤྲིན་ནག་གིས་བསྒྲིབས་ཤིང
ཕ་ལམ་གྱི་གཟི་འོད་སྐད་ཅིག་ཏུ་ཡལ་བའི་ཉིན་དེ་ཡིན།
དེ་རིང་ནི།
དགོས་འདོད་ཀྱི་ནོར་བུ་མི་གཙང་བས་སྦགས་ལ
དྭངས་གཙང་གི་འོ་མ་ཁྲག་རྣག་གིས་བརྫུས་ཤིང་
ཁུ་བྱུག་གི་གསུང་སྐད་ཙག་རླུང་གིས་བཅོམ་པའི་ཉིན་མོ་དེ་ཡིན།
གླིང་གཅེར་བུ།
ལེའུ་གཉིས་པ།
དོ་ནུབ་དབྱངས་ཅན་ལྷ་མོ་འབོད་པའི་བུ་མོ་ཞིག་ལ་ཟླ་མཚན་བཞུར་བཞིན་ཡོད། བོད་ཀྱི་སྙན་ངག་པ་ཚོས་ཤེས་རབ་ཀྱི་ལྷ་མོ་ཟེར་བཞིན་སྙན་ངག་གིས་ཁོ་མོའི་ཟླ་མཚན་འགོག་པར་རྩོམ་བཞིན་ཡོད།
དོ་ནུབ་མེ་རི་འབར་བའི་གླིང་ག་ཞིག་ན་བྲང་ཁ་མང་པོའི་ཡར་ལངས་བརྒྱག་བཞིན་ཡོད། ཁོ་ཚོའི་འབོད་ཚིག་ནི་སང་ལོ་སྔར་བཞིན་རྨི་ལམ་ལ་རོལ་བཅུག་རྒྱུ་དེ་ཡིན།
གཞུང་པ་ཚེ་དབང་བསོད་ནམས།
ཀ་ཁ་ག་ང་སྦྱང་ནས་བོད་ཡིག་སློབ།།
ཁ་བ་ཅན་གྱི་ས་དེ་ང་ཚོའི་རེད།།
ག་འདྲ་བྱས་ནས་ལེན་པའི་ཐབས་ལ་སྦྱོར།།
ང་ཚོའི་མི་ཚེ་མི་ཡུལ་རྫོགས་མི་ཉན།།
ཅ་ཅོ་དབེན་པའི་བོད་ཀྱི་ལུང་པའི་ནང་།།
ཆ་རྒྱུས་མེད་པའི་དམར་པོའི་ལྟ་སྤྱོད་སྤེལ།།
ཨེ་མ་ཧོ།
ཡུལ་གང་དུ་བསྡད་ཀྱང་སྐུ་གསུམ་གྱི་ཕོ་བྲང་།།
གྲོགས་སུ་དང་འགྲོགས་ན་རིག་འཛིན་གྱི་ཚོགས་གྲལ།།
དུས་ཇི་ལྟར་གནས་ཀྱང་གདན་གསུམ་གྱི་དཀྱིལ་འཁོར།།
ཁྱིམ་བཟའ་ཚང་ལོངས་སྤྱོད་རྩ་གསུམ་གྱི་མཆོད་སྤྲིན།།
དོན་ཚོགས་གཉིས་རྫོགས་པ་སྐུ་གསུམ་གྱི་ཞིང་ས།།
སྐྲ་རལ་བ་མ་བཅོས་ལྕང་ལོ་ཡི་ཟུར་ཕུད།།
བཀྲ་ཤིས་དོན་འགྲུབ།
རི་སུལ་སྨུག་པའི་རྒྱ་མཚོར་བྱིངས་བ་དང་།།
སེམས་ཀྱི་བྱང་ཐང་ནད་ཀྱིས་བཟུང་བ་དག།།
རི་རྒྱལ་ཧད་ཀྱིས་འགྱོགས་པའི་ཤེད་འདྲ་བའི།།
སྙན་ངག་ཡུལ་ཁམས་འདར་བའི་ཆོ་འཕྲུལ་ལགས།།
འདྲེ་ཤིག་ལུས་ལ་འབྱར་འདྲའི་མི་རུལ་ཚོ།།
དྲི་ངན་སྲིད་པའི་ཁམས་ལ་མ་འགྲེམས་ཤིག །
རས་པ།
ཕ་ཡུལ། སྟོན་མཇུག་གི་དུས་སུ་ཁྱོད་ཀྱིས་ང་དྲན་བཞིན་པ་འདྲ
ཁྱོད་ནི་ཞེ་རྩ་བརྩེ་བས་ཁེངས་ཤིང
གཏམ་ལ་འགྱུར་ཁུགས་ལྡན་པའི་སྲོག་ལྡན་གྱི་སེམས་ཅན་ཞིག་ཡིན
སྲིད་པ་རྒན་པོ་ཟེར་བ་དེ་ཡིན
ཕ་ཡུལ སྟོན་མཇུག་གི་དུས་སུ་ངས་ཀྱང་ཁྱོད་ཧ་ཅང་དྲན
ང་ནི་ཁྱོད་ཀྱི་ལག་མཐིལ་ནས་བཙན་གྱིས་ཕྱི་རུ་ཐོན་པའི
སྡོང་ལོ་སེར་ཐིགས་ཅན་དེའི་ཁྲོད་ཀྱི་གཅིག་ཡིན