Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཀ་རྩོམ་མ་ནོར་ལམ་བཟང་།

Posted on 2015-02-122015-02-12 By ཁ་བརྡ་ 3 Comments on ཀ་རྩོམ་མ་ནོར་ལམ་བཟང་།

ཨེ་མ་ཧོ།

 
ན་མོ་གུ་རུ་སཾ་བྷོ་ཏྲ་ཡེ། ཨི་ལྡན་དབྱངས་གསལ་སྙན་པའི་ངག། ཨུ་དུམ་ཝ་རའི་ཕྲེང་བ་འདི།། ཨེ་ཝྃ་རིག་པའི་མགུལ་དུ་འབུལ།། ཨོ་རྒྱན་པདྨས་རྟག་ཏུ་སྐྱོབས།། ཀ་དག་རྟོགས་པའི་རྣལ་འབྱོར་དང་།། ཁ་ཁོག་མི་མཉམ་རྟོག་གེ་གཉིས།། ག་ས་གང་ནས་མི་མཚུངས་པས།། ང་ཚོས་མི་ནོར་ཤིན་ཏུ་གཅེས།། ཅ་ཅོ་མང་བའི་ཟློས་གར་དང་།། ཆ་ལུགས་ཀུན་བཟང་རྣམ་ཐར་གཉིས།། ཇ་ཆང་མཆོད་སའི་ལྷ་སྲུང་དང་།། ཉ་ཉོག་གཏམ་འཆལ་མ་ནོར་གཅེས།། ཏ་ཐྰ་ག་ཏའི་བསྟན་པ་དང་།། ཐ་ཆད་འཇིག་རྟེན་འཁྲུལ་སྣང་གཉིས།། ད་འདས་མ་འོང་མི་འདྲ་ཕྱིར།། ན་ནོག་མི་བསྲེལ་ཤིན་ཏུ་གཅེས།།

དེ་ལས་མང་བ་། “ཀ་རྩོམ་མ་ནོར་ལམ་བཟང་།” »

སྙན་ངག

ང་ཅིའི་ཕྱིར་འཇིག་རྟེན་དུ་སྐྱེས།

Posted on 2015-02-112015-02-11 By ཁ་བརྡ 5 Comments on ང་ཅིའི་ཕྱིར་འཇིག་རྟེན་དུ་སྐྱེས།

འབའ་སྲས།

 
ཅིའི་ཕྱིར་སྐྱེས་པ་ཕ་མས་མ་གསུངས་ལ།།
ཅི་ལྟར་སྐྱེས་པ་རང་གིས་མ་ཤེས་པར།།
སྨྲ་ཤེས་དོན་གོ་མི་ཡི་གཟུགས་ཅན་ང་།།
འཇིག་རྟེན་འདི་ན་ཡོད་པ་སྔ་ན་ཤེས།།

བཟའ་བཏུང་ཆེད་དུ་ཟེར་ན་དེ་མ་རེད།།
གཞན་དོན་ལྷུར་ལེན་བྱ་བ་ངས་མི་ཐུབ།།

དེ་ལས་མང་བ་། “ང་ཅིའི་ཕྱིར་འཇིག་རྟེན་དུ་སྐྱེས།” »

སྙན་ངག

མུན་པའི་ཚེ་སྲོག་ཉམ་ཆུང་ཞིག་་་་་(དངོས་བྱུང་གི་སྒྲུང་།)

Posted on 2015-02-112015-02-11 By ཁ་བརྡ་ 11 Comments on མུན་པའི་ཚེ་སྲོག་ཉམ་ཆུང་ཞིག་་་་་(དངོས་བྱུང་གི་སྒྲུང་།)

དོན་འགྲུབ་སྒྲོལ་མ།

 
72_6466786538933454117_nསྤྱིར་ཁོ་མོའི་ཕ་མ་གཉིས་ནི་མི་ཚང་ཆེན་པོའི་རྒྱུད་པ་ཡིན། ཨ་ཕ་ལ་ཆབ་སྲིད་ཀྱི་སྐོར་གོ་རྟོགས་མཐོན་པོ་ཡོད་པ་དང་། ཨ་མས་སྨན་ཞབས་ཀྱི་ཕྱག་ལས་གནང་གི་ཡོད་པ་རེད། ཁྱིམ་ཚང་གི་འཚོ་ཐབས་ཧ་ཅང་བཟང་ལ་སྤྱི་ཚོགས་ཀྱི་ཆེ་མཐོང་ཆེན་པོ་ཐོབ་ཀྱི་ཡོད། འོན་ཀྱང་ཆབ་སྲིད་དང་འབྲེལ་བའི་ཁོ་མོའི་ཨ་ཕའི་ལས་དོན་ལམ་ལྷོང་མ་བྱུང་བར་འོད་མདངས་ལས་གྲིབ་ནག་ཏུ་ལྷུང་བ་དང་

དེ་ལས་མང་བ་། “མུན་པའི་ཚེ་སྲོག་ཉམ་ཆུང་ཞིག་་་་་(དངོས་བྱུང་གི་སྒྲུང་།)” »

བརྩམས་སྒྲུང་།

རྨ་ཁ་མེད་པའི་ན་ཟུག

Posted on 2015-02-102015-02-10 By ཁ་བརྡ No Comments on རྨ་ཁ་མེད་པའི་ན་ཟུག

ཆང་སྐྱེས།

 
ལྷགས་རླུང་ང་རོ་རྒོད་པའི་དུས་ཚིགས་ཤིག་སྟེ།།
འཇག་མས་ཤུགས་གླུ་འཐེན་པའི་མྱ་ངན་ཀློང་ན།།
ཅེ་སྤྱང་སོ་བ་མཐོན་པོ་སྒང་ནས་བུད་དེ།།
རི་དྭགས་མ་བུ་ཚོགས་ཀྱི་ལྷིང་འཇགས་དཀྲོགས་སོང་།།

སྨག་རུམ་མུན་པ་སྟུག་པའི་ས་སྲོད་ཅིག་སྟེ།།
ཁྱི་ཚོགས་ཟུག་སྐད་འཕུར་བའི་སྐྱོ་དབྱངས་ཁྲོད་ན།།

དེ་ལས་མང་བ་། “རྨ་ཁ་མེད་པའི་ན་ཟུག” »

སྙན་ངག

ཨེ་ཝྃ་གྱི་དགའ་སྟོན་གེ་སར་མེ་ཏོག

Posted on 2015-02-102015-02-10 By ཁ་བརྡ་ 2 Comments on ཨེ་ཝྃ་གྱི་དགའ་སྟོན་གེ་སར་མེ་ཏོག

ཨེ་མ་ཧོ།

 
ན་མོ་གུ་རུ་བྷོ་དྷི་ཙིཏྟ་ཡེ། སངས་རྒྱས་ཆོས་དང་དགེ་འདུན་ལ།། མི་ཕྱེད་དད་པས་སྐྱབས་འགྲོ་ཞིང་།། བྱང་ཆུབ་སྨོན་དང་འཇུག་པའི་སེམས།། ནམ་ཡང་མི་ཉམས་རྟག་ཏུ་སྲུང་།། བྱམས་སེམས་སྤྱི་ཕན་རང་བཞིན་ཅན།། སྙིང་རྗེ་གཞན་དོན་རྩ་བ་ཅན།། ཀུན་ལ་མཉམ་པའི་དགའ་བདེ་ཅན།། བཏང་སྙོམས་ཆེན་པོ་རྟག་ཏུ་གཉེར།། སྣང་བ་སེམས་ཀྱི་རང་འོད་ཅན།། རྣམ་རྟོག་ཆོས་ཉིད་རོལ་པ་ཅན།། ཉོན་མོངས་ཡེ་ཤེས་གསལ་འདེབས་ཅན།། འདོད་ཡོན་ཉམས་རྟོགས་རྟག་ཏུ་བསྟེན།། ན་ཚ་སྡུག་བསྔལ་དགེ་བའི་བཤེས།། དགྲ་བགེགས་ཆོས་ཉིད་བསྐུལ་བའི་གཉེན།།

དེ་ལས་མང་བ་། “ཨེ་ཝྃ་གྱི་དགའ་སྟོན་གེ་སར་མེ་ཏོག” »

སྙན་ངག

ཉི་འོད་བཅག་པའི་ལམ།

Posted on 2015-02-102015-02-10 By ཁ་བརྡ་ No Comments on ཉི་འོད་བཅག་པའི་ལམ།

ཁྲོ་གཏུམ།

 
ཉི་འོད་བཅག་པའི་ལམ་མཐིལ་རྐང་པའི་མཐིལ་ལ་བར་མེད་སྡང
ལོ་ཟླའི་རླུང་གཡབ་ཚ་ཐབ་དམར་བོས་ཉལ་སར་འཕངས་བཞག་ཡོད་པ་འདིས
བྲག་རི་ཉིལ་བའི་ས་རྡུལ་འཕྱུར་ས་རེ་རེ་ལ
བློ་གཤོག་སྙིགས་རོ་རུལ་བས་བཏུམས་པར་གྱུར་བ་ཉིད་ཅིག་ལས
ངམ་ནག་སེམས་ཀྱི་སོ་བ་བྱེད་སྟངས་མི་འདུག་ཅིང
དུས་ཀྱི་རིག་པས་གནམ་ལྕག་ཐོག་གི་བློ་བ་གསད

དེ་ལས་མང་བ་། “ཉི་འོད་བཅག་པའི་ལམ།” »

སྙན་ངག

རྟེན་འབྲེལ་དགེ་བའི་གདམས་བཟང་མ་ལ་ཡ་ཡི་དྲི་བཟང་།

Posted on 2015-02-092015-02-10 By ཁ་བརྡ 1 Comment on རྟེན་འབྲེལ་དགེ་བའི་གདམས་བཟང་མ་ལ་ཡ་ཡི་དྲི་བཟང་།

ཨེ་མ་ཧོ།

 
ན་མོ་གུ་རུ་ཤྲཱི་སེངྷ་ཡེ། གང་ཞིག་བསྟེན་ན་ཉེས་པའི་ཚོགས།། མ་ལུས་བསལ་མཛད་ཐུགས་རྗེ་ཅན།། ཀུན་མཁྱེན་བརྒྱུད་པའི་བླ་མ་ལ།། ལས་སྨོན་རྟེན་འབྲེལ་འཛོམས་པ་བཟང་།། གང་དུ་གནས་ན་ཉམས་རྟོགས་ཚོགས།། ཡར་ངོའི་ཟླ་བཞིན་འཕེལ་བའི་ཡུལ།། དབེན་ཞིང་བདེ་དགའི་བྱིན་ཆགས་པའི།། བཤད་སྒྲུབ་དགོན་པར་བཞུགས་ན་བཟང་།། གང་དང་འགྲོག་ན་རྣམ་དཔྱོད་དཔལ།། གོང་ནས་གོང་དུ་སྤེལ་བའི་མཆེད།། ལྟ་སྒོམ་སྤྱོད་ལམ་ཀུན་མཐུན་པའི།། བློ་ཐུབ་གྲོགས་པོ་མང་ན་བཟང་།། གང་གིས་འཚོ་བའི་གནས་མལ་རིགས།། མཐའ་གཉིས་མ་སློང་ཆོག་ཤེས་ཅན།།

དེ་ལས་མང་བ་། “རྟེན་འབྲེལ་དགེ་བའི་གདམས་བཟང་མ་ལ་ཡ་ཡི་དྲི་བཟང་།” »

སྙན་ངག

ལ་རྒྱ། (གཞས་ཚིག)

Posted on 2015-02-092015-02-09 By ཁ་བརྡ 4 Comments on ལ་རྒྱ། (གཞས་ཚིག)

བདེ་པོ་འཚོ།

 
སྨན་ལྗོངས་ཕྱུག་མོའི་ཡུལ་ལ།།
གངས་རི་དཀར་པོ་མཐོ་ཡང་།།
གངས་སེང་གཡུ་རལ་མེད་ན།།
གངས་རིའི་གཟི་དཔལ་མི་འདུག།

ཁ་བ་གངས་ཅན་ལྗོངས་སུ།།
ཆོལ་གསུམ་སྤུན་ཟླ་འཛོམས་ཀྱང་།།

དེ་ལས་མང་བ་། “ལ་རྒྱ། (གཞས་ཚིག)” »

སྙན་ངག

མཛེས་པའི་ཕ་ཁྱིམ།

Posted on 2015-02-082015-02-08 By ཁ་བརྡ་ 1 Comment on མཛེས་པའི་ཕ་ཁྱིམ།

ཐང་ང་ལྷ་མོ།

 
ཆུ་འགོ་གངས་ལས་མཆེད་དེ།།
ཆུ་རྔ་མཚོ་ལ་ཟུག་པས།།
མཐའ་ཡས་རྒྱ་མཚོ་འདི་ནི།།
འཛམ་གླིང་སྐྱེ་འགྲོའི་རྒྱན་རེད།།

རྫ་རི་སྨུག་མདངས་ཅན་པོ།།
གཏེར་སྣའི་བང་མཛོད་ཡིན་ལ།།

དེ་ལས་མང་བ་། “མཛེས་པའི་ཕ་ཁྱིམ།” »

སྙན་ངག

རྒྱང་རིང་གི་ཨ་མ།

Posted on 2015-02-082015-02-08 By ཁ་བརྡ་ 4 Comments on རྒྱང་རིང་གི་ཨ་མ།

བདེ་པོ་འཚོ།

unnamed-3དེ་རིང་ང་དགའ་སོང་ལ དེ་རིང་ང་སྐྱོ་ཡང་སོང
རྒྱུ་མཚན་ནི ལོ་ཟླ་རིང་མོའི་འཕྲེང་བ་ལུ་གུ་རྒྱུད་དུ་འདས་པའི་རིང
ཨ་མའི་ཞལ་རས་དྲོན་མོ་ལན་གཅིག་མཇལ་བའི་སྐལ་བ་དང་བྲལ་བས
དོ་དགོང ཉིད་ཀྱི་གཉོམ་ཞིང་འཇམ་པའི་སྐད་ངག་གི་ཚིག་འབྲུ་རེ་རེ
ངའི་སྒྲ་འཛིན་གྱི་བུ་ག་རེ་རེ་ནས་འཛུལ་ཡོང་དུས
བུ་མོ་ངའི་སེམས་པ་དགའ་སྐྱོ་འདྲེས་མས་ཡོངས་སུ་བསྐྱོམས

དེ་ལས་མང་བ་། “རྒྱང་རིང་གི་ཨ་མ།” »

སྙན་ངག

སྨག་འོག་གི་སེམས་འགྱུ

Posted on 2015-02-082015-02-08 By ཁ་བརྡ 4 Comments on སྨག་འོག་གི་སེམས་འགྱུ

རྣམ་གྲོལ་གླིང་། དགའ་དགའ།

 
མཚན་སྨག་གོས་སུ་གྱོན་ནས་ལྡིང་བ་དང་།།
ས་གཞི་རྐང་པས་བརྫིས་ཏེ་སྐྱོད་བཞིན་དུ།།
སེམས་ཀྱི་སྙན་ངག་ཁ་ནས་གྱེར་སྟངས་དེ།།
ང་རང་སྲིད་པའི་གླིང་དུ་ཐིམ་ཚུལ་ཡིན།།

དགུན་རླུང་གྲང་མོས་མཁའ་ནས་འུར་སྒྲ་དང་།།
ལྗོན་པའི་གསེབ་ནས་སྲོག་ཆགས་སྔུར་སྒྲ་ཞིག །

དེ་ལས་མང་བ་། “སྨག་འོག་གི་སེམས་འགྱུ” »

སྙན་ངག

ཡང་དག་ལྟ་བའི་མེ་ལོང་ཡེ་ཤེས་འོད་སྣང་ཞེས་བྱ་བ།

Posted on 2015-02-082015-02-08 By ཁ་བརྡ 2 Comments on ཡང་དག་ལྟ་བའི་མེ་ལོང་ཡེ་ཤེས་འོད་སྣང་ཞེས་བྱ་བ།

ཨེ་མ་ཧོ།

ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ། ཉན་རང་ཆོས་ལ་བློ་ཕུག་གཏད།།རྟེན་འབྲེལ་བཅུ་གཉིས་ལུགས་ལྡོག་སྒོམ།།རྒྱུ་འབྲས་ཆོས་ལ་ཡིད་ཆེས་པ།།དབང་པོ་ཐ་མའི་ཡང་དག་ལྟ།།བྱང་ཆུབ་སེམས་ལ་སྨོན་འདུན་བྱས།།ཕྱིན་དྲུག་སྤྱོད་པས་གཞན་དོན་སྒྲུབ།།ཆོས་ཀུན་སྣང་སྟོང་ཟུང་འཇུག་རྟོགས།།དབང་པོ་འབྲིང་གི་ཡང་དག་ལྟ།།སྣོད་བཅུད་ཡུལ་ལ་གཟུང་འཛིན་ཆོས།།བལྟ་བྱ་ལྟ་བྱེད་བལྟས་པ་གསུམ།།དབྱེར་མེད་དབུ་མ་ཉིད་དུ་རྟོགས།།དབང་པོ་རབ་ཀྱི་ཡང་དག་ལྟ།།སྣང་སྲིད་རྣམ་དག་ལྷ་སྐུ་ལ།།གཟུང་འཛིན་བྲལ་བའི་ངང་ནས་སྒོམ།།དག་པ་རབ་འབྱམས་ལོངས་སུ་སྤྱོད།།

དེ་ལས་མང་བ་། “ཡང་དག་ལྟ་བའི་མེ་ལོང་ཡེ་ཤེས་འོད་སྣང་ཞེས་བྱ་བ།” »

སྙན་ངག

ལྷ་མོའི་སྟངས་ཀ

Posted on 2015-02-082015-02-08 By ཁ་བརྡ་ 9 Comments on ལྷ་མོའི་སྟངས་ཀ

རྣམ་གྲོལ་གླིང་། དགའ་དགའ།

 
ལྷིང་འཇགས་མཚར་སྡུག་ཅན་གྱི་ས་སྲོད་དེ་ནས།།
སྤྲིན་དཀར་འདབ་མ་ལྷུང་སའི་ཆུ་བོའི་ངོགས་སུ།།
ཆུ་ཡི་རླབས་རིས་བཞིན་དུ་སྒེག་ཉམས་འཕྱོ་བའི།།
ཁྱད་འཕཊ་གཟུགས་ཀྱི་ལྷ་མོ་མངོན་སུམ་མཐོང་བྱུང་།།

གོས་དཀར་སྲབ་མོའི་ཐུ་མཐའ་རྒྱབ་ཏུ་སྐྱོད་ཅིང་།།
ལུས་ཀྱི་གར་དང་ཚོར་བ་ཟུང་དུ་འབྲེལ་བའི།།

དེ་ལས་མང་བ་། “ལྷ་མོའི་སྟངས་ཀ” »

སྙན་ངག

ཟམ་གདོང་པཎ་ཆེན་ལ་དྲི་བ།

Posted on 2015-02-062015-02-07 By ཁ་བརྡ 12 Comments on ཟམ་གདོང་པཎ་ཆེན་ལ་དྲི་བ།

འཇམ་གཅེས།

10941799_596751623802583_861137082_nབླ་སྤྲུལ་མཚན་འཛིན་འབྱོར་མེད་གྲྭ་རྐྱང་ཁྱེད་གསོན་དང་།།
གཞོན་ནུ་ཉིད་ནས་དབུ་ལོ་དཀར་པོ་ཡི་བར་དུ།།
ཕྱག་ན་པདྨོའི་དབུ་འོག་དཔུང་འདེགས་དེ་ཞུས་དུས།།
ཐུགས་སེམས་སྤྲོ་པོ་འདུག་གམ་ཟམ་གདོང་གི་པཎ་ཆེན།།

ནག་པོ་རྒྱ་དང་ཆེན་པོ་ཧོར་སོགས་ཀྱི་ཡུལ་ནས།།
ཆེན་པོའི་མིང་དང་ཞྭ་མོ་ཆོ་ལོ་སོགས་མེད་རུང་།།

དེ་ལས་མང་བ་། “ཟམ་གདོང་པཎ་ཆེན་ལ་དྲི་བ།” »

སྙན་ངག

སློབ་སྦྱོང་མནར་གཅོད་དུ་གྱུར་བ་ནི་སློབ་གསོའི་ཕམ་ཁའོ།

Posted on 2015-02-062015-02-06 By ཁ་བརྡ 1 Comment on སློབ་སྦྱོང་མནར་གཅོད་དུ་གྱུར་བ་ནི་སློབ་གསོའི་ཕམ་ཁའོ།

 

教育最大的失败就是把学习变成折磨

སློབ་སྦྱོང་མནར་གཅོད་དུ་གྱུར་བ་ནི་སློབ་གསོའི་ཕམ་ཁའོ།

ཀྲིག་གོ་ཕིན་གྱིས་བྲིས། 作者:周国平   ཏཱ་ན་འབྲོག་ཕྲུག་གིས་བསྒྱུར། 译者:本巴加

 

好奇心和独立思考能力具体到学习上,作为一个学生来说,看一个学生在智育上是不是过关,智力素质好不好,我就看两条。
སློབ་སྦྱོང་ནི་མཚར་འཛིན་གྱི་བློ་དང་རང་སྟོབས་ཀྱི་རིག་པ་མ་ཉམས་པའི་སྟེང་ནས་བྱ་བ་སྟེ། འདི་གཉིས་ནི་སློབ་མ་གང་གི་རིག་སྒོ་ཕྱེས་ཡོད་མེད་དང་ཤེས་རབ་འཕེལ་ཐུབ་མིན་གྱི་གནད་དུ་ཁོ་བོས་འདོད།

དེ་ལས་མང་བ་། “སློབ་སྦྱོང་མནར་གཅོད་དུ་གྱུར་བ་ནི་སློབ་གསོའི་ཕམ་ཁའོ།” »

འགྱུར་རྩོམ།

ཆ་མ་འཚལ།

Posted on 2015-02-052015-02-05 By ཁ་བརྡ 1 Comment on ཆ་མ་འཚལ།

རྨ་དུང་ཟླ།

 
སྨུག་པའི་ངོས་སུ་ལག་པ་བརྐྱངས་པ་བཞིན་
ཁྱོད་ཀྱི་འཛུམ་མདངས་ལ་བདག་གིས་སེམས་པ་ཡོངས་སུ་གླན་
རླུང་ལ་རླུང་དང་ཆུ་ལ་ཆུ་བཞིན་

འོད་ཀྱིས་བཟུང་བའི་ལོ་མ་དང་རྩྭ་རྩེའི་ཟིལ་ཐིགས་བཞིན་
ཁྱོད་ཀྱི་མིག་དཀྱུས་
བདག་གི་གསང་བ་དག་དམ་དུ་བཏགས་

དེ་ལས་མང་བ་། “ཆ་མ་འཚལ།” »

སྙན་ངག

རྒྱ་ཡན་པའི་མཚན་མོ།

Posted on 2015-02-052015-02-05 By ཁ་བརྡ 3 Comments on རྒྱ་ཡན་པའི་མཚན་མོ།

རྣམ་གྲོལ་གླིང་། དགའ་དགའ།

 
གྲོང་ཁྱེར་ནང་གི་མགྲོན་ཁང་དཀར་པོ་ནང
མཚན་མོ་ཞིག་ལ་ང་རང་ཁེར་རྐྱང་ངང་གནས་ཡོད
འོན་ཀྱང་ཁང་རྒྱབ་ནས་ཕོ་མོ་ཚོའི་ཆགས་སྐད་རེ་ཐོས་སྐབས
རང་ཚུགས་མི་ཐུབ་པའི་ང
སྒེའུ་ཁུང་ནས་ཕྱི་རོལ་དུ་མིག་ཟུང་ཅེར

རྒྱ་ལམ་གཡས་གཡོན་ཟུར་གྱི་གློག་འོད་འོག

དེ་ལས་མང་བ་། “རྒྱ་ཡན་པའི་མཚན་མོ།” »

སྙན་ངག

ངའི་གོ་རིམ།

Posted on 2015-02-042015-02-04 By ཁ་བརྡ No Comments on ངའི་གོ་རིམ།

_____རྣམ་གྲོལ་གླིང་། དགའ་དགའ།

 

འཛམ་གླིང་ཞེས་པའི་མིང་ཚིག་རྣ་ལ་མ་ཐོས།།
མི་རིགས་ཟེར་བའི་བདེ་སྡུག་སེམས་ན་མེད་དུས།།
གླེན་ཕྲུག་ཁྱུ་ཡིས་ལྷས་རར་བཀང་ས་དེ་ནས།།
ང་རང་ལང་ཚོའི་མེ་ཏོག་དལ་གྱིས་འབུས་བྱུང་།།

སྤྲིན་དཀར་དུམ་བུ་འཐོར་བའི་ཨ་སྔོན་དབྱིངས་ནས།།
ཉི་མས་འཛུམ་མདངས་དགོད་ལ་སྣང་བ་མ་བྱུང་།།

དེ་ལས་མང་བ་། “ངའི་གོ་རིམ།” »

སྙན་ངག

ཁ་ཏྭ་བསད་པའི་ཁྲག་ཐིགས།

Posted on 2015-02-042015-02-04 By ཁ་བརྡ 1 Comment on ཁ་ཏྭ་བསད་པའི་ཁྲག་ཐིགས།

–གཙང་མེ་ལྕེ

 

མེས་པོའི་ཁང་རྙིང་དེ་ལ།།

ཤིང་གི་སྐས་དེས་རན་ཡང་།།

ཐེམ་སྐས་དགུ་པའི་རྩེ་ནས།།

ཁ་ཏྭའི་སྒྲ་དེས་གཟན་བྱུང་།།

 

ཁ་ཏྭའི་སྙིང་ལ་རྒྱབ་པའི།།

མདའ་མོ་གཟུར་བྱུང་མ་ཟེར།།

དེ་ལས་མང་བ་། “ཁ་ཏྭ་བསད་པའི་ཁྲག་ཐིགས།” »

སྙན་ངག

སྙིང་གཟེར་གཟེར་མ་ར་མགོ།

Posted on 2015-02-042015-02-04 By ཁ་བརྡ 7 Comments on སྙིང་གཟེར་གཟེར་མ་ར་མགོ།

ཆབ་མདོ་ངག་ཕུན་གྱིས།

 

ཁ་བ་འབབ་གཅིག་འབབ་གཉིས།། དྷ་སའི་རི་ལ་བབས་བྱུང་།།
བཙན་བྱོལ་བོད་མིའི་སྐྱབས་བཅོལ།། གྲང་བའི་རྣམ་འགྱུར་མངོན་གྱིན།།

ཁ་བ་ལྷབ་ལྷུབ་འབབ་དུས།། གངས་ལྗོངས་ཆོས་ཀྱི་ཞིང་ཁམས།།
ཡིད་ལ་ཡང་ཡང་འཁོར་ནས།། འགྲོ་བའི་འདོད་པ་སྐྱེས་བྱུང་།།

རི་བོ་སྨུག་པས་གཡོགས་ཅིང་།། ཁ་བ་ལྷབ་ལྷུབ་འབབ་ཀྱིན།།

དེ་ལས་མང་བ་། “སྙིང་གཟེར་གཟེར་མ་ར་མགོ།” »

སྙན་ངག

Posts pagination

Previous 1 … 109 110 111 … 383 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (29)
  • ན་ཟུག (12)
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན། (4)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme