Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྨོངས་ནས་ལུས་འདུག

Posted on 2015-03-022015-03-02 By ཁ་བརྡ 11 Comments on རྨོངས་ནས་ལུས་འདུག

དགའ་དགའ།

 
དེང་གི་དགོན་སྡེའི་ནང་བླ་གྲྭ་དག་གིས།།
ཁ་ནས་ནང་ཆོས་ཟེར་ལྷ་འདྲེ་གསོལ་བའི།།
བོད་བརྒྱུད་ནང་བསྟན་གྱི་བྱེད་སྟངས་དེ་ཚོ།།
ཆོས་དད་རྨོངས་དད་ལ་འགྱུར་བ་མིན་ནམ།།

ཞྭ་ཅན་མཁན་སྤྲུལ་ཚོས་ཐོས་བསམ་སྒོམ་གསུམ།།
བར་སྟོང་རྣམ་གཡེང་རེས་རླུང་ལ་སྤུར་ནས།།

དེ་ལས་མང་བ་། “རྨོངས་ནས་ལུས་འདུག” »

སྙན་ངག

སྙན་ངག་དང་སེམས་འདྲེས་པའི་སྐད་ཆ།

Posted on 2015-03-012015-03-01 By ཁ་བརྡ་ No Comments on སྙན་ངག་དང་སེམས་འདྲེས་པའི་སྐད་ཆ།

འབའ་སྲས།

 
མི་རིགས་ལ་རྒྱ་བདག་ལ་ཡོད་པ་དང་།།
སྲིད་དོན་བྱ་བའི་འགན་ཞིག་བདོག་ན་ཡང་།།
བདག་ཉིད་སྙན་ངག་དུར་དུ་ཤི་གྱུར་བས།།
སྲོག་གི་མཆོད་མེ་འབར་བ་མ་རིག་ཐལ།།

ས་ཆ་གང་དང་རྒྱབ་ཁབ་གང་ཞིག་ཏུ།།
དོན་རྐྱེན་ཅི་ཞིག་བྱུང་བ་ཐོས་དགོས་མོད།།

དེ་ལས་མང་བ་། “སྙན་ངག་དང་སེམས་འདྲེས་པའི་སྐད་ཆ།” »

སྙན་ངག

ཨ་རག་དང་ང་།

Posted on 2015-03-012015-03-01 By ཁ་བརྡ་ 6 Comments on ཨ་རག་དང་ང་།

ཆང་སྐྱེས།

 
ཨ་རག་ཨ་རག་གི་བཟི་ཁ་བཙན་པོས།།
མི་ཚེ་མི་ཚེ་འདིའི་རིན་ཐང་འཕྲོག་སོང་།།
འགྱོད་གདུང་འགྱོད་གདུང་གི་མནར་གཅོད་འོག་ན།།
སྙིང་ག་སྙིང་ག་ལ་གས་ཁ་ཤོར་སོང་།།

ཞེ་སྡང་ཞེ་སྡང་གི་རལ་གྲི་རྣོན་པོས།།
བརྩེ་དུང་བརྩེ་དུང་གི་རྨུ་ཐག་གཏུབ་སོང་།།

དེ་ལས་མང་བ་། “ཨ་རག་དང་ང་།” »

སྙན་ངག

ཕྱེ་མ་ལེབ།

Posted on 2015-03-012015-03-01 By ཁ་བརྡ་ No Comments on ཕྱེ་མ་ལེབ།

རྨ་དུང་ཟླ།

 
འདམ་རྫབ་ཁྲོད་ཀྱི་མེ་ཏོག
སྦྲང་ཆར་གྱིས་བྱིལ་བྱིལ་ལས་རྐང་ལག་རྒྱས་
རླུང་གིས་ཁུར་བའི་གྲགས་པ་དེས་
ཀུན་གྱི་ལྕེ་རྩེ་ལ་མཉེན་ཤ་བུད་ནའང་
མཛེས་སྡུག་གི་ལྗིད་ཤུགས་འཐེག་མཁན་
ད་ནི་སུ་ཞིག་ཡོད་

དེ་ལས་མང་བ་། “ཕྱེ་མ་ལེབ།” »

སྙན་ངག

དོའོ་ན་གཙང་འགྲམ་ནས་འཕུར་བའི་སྐྱོ་དབྱངས།

Posted on 2015-02-282015-02-28 By ཁ་བརྡ་ No Comments on དོའོ་ན་གཙང་འགྲམ་ནས་འཕུར་བའི་སྐྱོ་དབྱངས།

ཆང་སྐྱེས།

 
སྣ་ཚོགས་གཡུ་ལོ་ཚང་ཚིང་ནགས་ན་བཞད།།
མེ་ཏོག་དཀར་་དམར་ཆུ་བོའི་འགྲམ་ན་འཛུམ།།
གནས་ཚང་གཡར་མ་ཞིག་ལ་ཞེ་འཁྲེང་ནས།།
ལོ་དང་ཟླ་བའི་ཕྲེང་བ་སྟོང་བས་ཟད།།

ས་སའི་saxའགྱུར་ཁུགས་རྣ་བའི་རྒྱུད་དུ་སྙན།།
རྒུན་ཆང་དམར་བོ་ཞལ་གྱི་རོ་ལ་ཞིམ།།

དེ་ལས་མང་བ་། “དོའོ་ན་གཙང་འགྲམ་ནས་འཕུར་བའི་སྐྱོ་དབྱངས།” »

སྙན་ངག

དོན་དངོས་ཁ་འཐོར་འཛིན་སྐྱོང་འོག་གནས་པའི་མི་སེར་རྒྱལ་ཁབ་དང་བོད།

Posted on 2015-02-272015-02-27 By ཁ་བརྡ་ 2 Comments on དོན་དངོས་ཁ་འཐོར་འཛིན་སྐྱོང་འོག་གནས་པའི་མི་སེར་རྒྱལ་ཁབ་དང་བོད།

ལིས་ཅང་ལིང་གིས་བརྩམས། ནགས་ཤོད་སད་མིས་བསྒྱུར།

 

དོན་དངོས་ཁ་འཐོར་འཛིན་སྐྱོང་འོག་གནས་པའི་མི་སེར་རྒྱལ་ཁབ་དང་བོད།
བོད་འདི་ཉིད་མི་སེར་རྒྱལ་ཁབ་རིང་དོན་དངོས་རང་བཞིན་སྒོ་ནས་ཁ་འཐོར་འཛིན་སྐྱོང་སོང་བའི་ལོ་རྒྱུས་རགས་གླེང་།

དེ་རིང་གི་གཏམ་བཤད་འདིར་སྐུ་ཞབས་ཤིན་ཧོ་ཉིང་ནས་གདན་ཞུ་གནང་བ་ལྟར། ཚོར་བ་རྣོ་བའི་མི་རིགས་གནད་དོན་འགའི་སྐོར་ལ་ང་རང་གི་བསམ་ཚུལ་བཤད་ཀྱི་ཡིན། མི་རིགས་གནད་དོན་ཞིབ་འཇུག་བྱེད་པའི་མཁས་པ་ལ་ལ་བོད་སྐོར་མང་དྲགས་པའི་གླེང་སློང་བྱེད་འདོད་མེད།

དེ་ལས་མང་བ་། “དོན་དངོས་ཁ་འཐོར་འཛིན་སྐྱོང་འོག་གནས་པའི་མི་སེར་རྒྱལ་ཁབ་དང་བོད།” »

འགྱུར་རྩོམ།

བརྩེ་དུང་ལ་རྨས་ཕོག་པ། ཁག་དང་པོ།

Posted on 2015-02-272015-02-27 By ཁ་བརྡ་ 1 Comment on བརྩེ་དུང་ལ་རྨས་ཕོག་པ། ཁག་དང་པོ།

མགལ་དུམ།

 
ཁ་བྱང་མེད་པའི་མཇལ་འཕྲད་དེ་ཉིད་སེམས་ལ་ཟུག་པའི་བག་ཆགས་ཡིན།།
ཡུན་གྱིས་འདྲིས་པའི་གོ་རིམ་དེ་ཡང་ཁྱེད་ལ་དགའ་བའི་རྒྱུ་མཚན་ཡིན།།
ཁ་པར་ཉིན་གཏོང་མཚན་གཏོང་བྱས་པ་དྲན་པའི་གདུང་བ་ཆེ་བས་ཡིན།།
མི་ཚེ་ཞེས་པའི་སྐད་ཆ་བཤད་པ་ཚེ་ལ་བཀོད་པའི་གཡར་དམ་ཡིན།།

ཟླ་ངོ་མང་པོའི་གཏམ་རྒྱུད་ཁྲོད་ན་ཁྱེད་ཉིད་བདག་གི་མེ་ཏོག་ཡིན།།
དུས་ཚོད་མོད་པོའི་སྐར་མདའི་གསེབ་ན་ཁྱེད་ཉིད་ཕྲན་པའི་རྨི་ལམ་ཡིན།།

དེ་ལས་མང་བ་། “བརྩེ་དུང་ལ་རྨས་ཕོག་པ། ཁག་དང་པོ།” »

སྙན་ངག

ས་སྲོད་ཀློང་གི་དྲན་གདུང་།

Posted on 2015-02-272015-02-28 By ཁ་བརྡ་ No Comments on ས་སྲོད་ཀློང་གི་དྲན་གདུང་།

ཆང་སྐྱེས།

 
ཉིན་བྱེད་གཞོན་ནུ་ཕྱིར་མིག་སྟོང་གིས་ནུབ་མཐའི་རི་བོའི་ཕག་ལ་བཞུད།།
ཁོར་ཡུག་མེ་ཏོག་མཛེས་སྡུག་སྣུམ་པོ་ས་སྲོད་ཀློང་ན་ཡུན་གྱིས་རྒུད།།
འདབ་ཆགས་མ་བུའི་གཤོག་འགྱུར་བདེ་མོ་རི་བོའི་ཁུགས་ན་རྒྱང་དུ་ཡལ།།
ས་མཐའི་མི་བུའི་སེམས་ཀྱི་རི་ལུང་དྲན་གདུང་ཆར་ཆུས་ཡོངས་སུ་བརླན།།

ཟླ་བ་ཁེར་འགྲོ་སུན་སྣང་སྟོང་གིས་སྤྲིན་པ་ཐ་ཐོར་གསེབ་ན་འདུར།།
ཁྱི་ཚོགས་ཟུག་སྐད་སྐྱོ་བ་འབུམ་གྱིས་ཕྱི་རོལ་ཁྲོམ་ན་ཕྱོགས་སུ་འཕུར།།

དེ་ལས་མང་བ་། “ས་སྲོད་ཀློང་གི་དྲན་གདུང་།” »

སྙན་ངག

ཀ་ཕྲེང་བསྒྲིགས་པའི་མིག་སེར།

Posted on 2015-02-27 By ཁ་བརྡ 3 Comments on ཀ་ཕྲེང་བསྒྲིགས་པའི་མིག་སེར།

ཁྲོ་གཏུམ།

 

ཀ་ར་ཟས་པ།། ཁ་སྣ་བཙོག་པ།། ག་རེ་བྱེད་པ།། ང་ཡི་ཆུང་དུས།།
ཅ་ཅོ་མང་པ།། ཆ་ལུགས་རྙིང་པ།། ང་ཆང་ཉུང་པ།། ཉ་མ་ཡིན་དུས།།

ཏ་ལེན་ཁུར་པ།། ཐ་མག་འཐེན་པ།། ད་གཟོད་ཤེས་པ།། ན་ཚོད་གཞོན་དུས།།

དེ་ལས་མང་བ་། “ཀ་ཕྲེང་བསྒྲིགས་པའི་མིག་སེར།” »

སྙན་ངག

དྲ་གྲོགས་ཡོངས་ལ་བདེ་མོ་ཞུ་ཡིག་རིན་ཆེན་སྒྲོན་མེ།

Posted on 2015-02-26 By ཁ་བརྡ 5 Comments on དྲ་གྲོགས་ཡོངས་ལ་བདེ་མོ་ཞུ་ཡིག་རིན་ཆེན་སྒྲོན་མེ།

ཨེ་མ་ཧོ།

 
ན་མོ་གུ་རུ་བྷོ་དྷི་ཙིཏྟ་ཡེ།།

སངས་རྒྱས་ཆོས་དང་དགེ་འདུན་དང་།།
བླ་མ་ཡི་དམ་མཁའ་འགྲོ་ལ།།
རྟག་ཏུ་གུས་པས་ཕྱག་འཚལ་ནས།།
གྲོགས་པོ་ཡོངས་ལ་བདེ་ལེགས་ཞུ།།
རྣམདག་ལྷག་བསམ་སྔོན་བསུས་ནས།།

དེ་ལས་མང་བ་། “དྲ་གྲོགས་ཡོངས་ལ་བདེ་མོ་ཞུ་ཡིག་རིན་ཆེན་སྒྲོན་མེ།” »

སྙན་ངག

ངས་དམའ་ས་ཞིག་ནས་བལྟས་ཡོད།

Posted on 2015-02-262015-02-26 By ཁ་བརྡ 2 Comments on ངས་དམའ་ས་ཞིག་ནས་བལྟས་ཡོད།

སྙན་ཚེ་བ།

 
ངས་དམའ་ས་དམའ་ས་ཞིག་ནས་
ཁྱེད་བཙལ་ནས་རྙེད་ཡོད་ཀྱང་།
ཁྱེད་མཐོ་ས་མཐོ་ས་ཞིག་ལ་ལྟ་བར་གོམས་ཏེ་
མེ་ཏོག་གི་དྲི་མ་མི་ཤེས་ཟེར།
ཐ་ན། མེ་ཏོག་ལ་མི་དགའ་བས་མེ་ཏོག་མི་གསོ་ཟེར།

དེ་ལས་མང་བ་། “ངས་དམའ་ས་ཞིག་ནས་བལྟས་ཡོད།” »

སྙན་ངག

རྐང་ཐང་དུ་འགྲོ་བའི་ཤོག་བུ།

Posted on 2015-02-26 By ཁ་བརྡ No Comments on རྐང་ཐང་དུ་འགྲོ་བའི་ཤོག་བུ།

ཁྲོ་གཏུམ།

 
— སེམས་སྐྱ་མོའི་དགའ་སྐྱོ་རླུང་ལ་སྤུར་བའི་དུས་དེ་ཙ་ན།

 

གནམ་གཤིས་ཀྱི་སྲུབ་ཀར་ལྷག་པའི་གོས་ཀྱི་སེམས་ཁུངས་ཡུག་མ་དག
རླུང་བའི་རྒྱུ་ཕྱོགས་དང་ནམ་མཁའི་ངོ་གདོང་ལ་སིམ་པར་འཁྱམས

གྲངས་ངར་གྱིས་རུས་རྐང་རྡུང་བའི་དུས་ཀྱི་སོ་ཁ
རྨི་ལམ་མ་ཡིན་པའི་རྨི་ལམ་གྱི་ལམ་ཕྲན་ཧ་ཅང་མང་ཞིང

དེ་ལས་མང་བ་། “རྐང་ཐང་དུ་འགྲོ་བའི་ཤོག་བུ།” »

སྙན་ངག

རྒྱལ་ཇུས་གཡུལ་འཐབ་གསར་བ། མཐའ་བཞིའི་ལས་སྐལ་མཉམ་གླེང་།

Posted on 2015-02-252015-02-25 By ཁ་བརྡ 7 Comments on རྒྱལ་ཇུས་གཡུལ་འཐབ་གསར་བ། མཐའ་བཞིའི་ལས་སྐལ་མཉམ་གླེང་།

སུའུ་ཞོ་ཀང་(苏晓康)གིས་བརྩམས།
ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་སྒྱུར།

 
དེ་རིང་འདི་ལྟར་རྒྱ་ནག་དབུས་ཁུལ་རྫབ་རུལ་དུ་གྱུར་བའི་སྐབས་སུ། ཡུལ་མཐའ་འཁོབ་ནས་དེ་ལས་ལྡོག་སྟེ་སྣང་གསལ་དཀར་མེ་སྦར་སྐལ་བྱུང་ཞིང་། དེས་རྒྱ་ནག་མུན་པའི་གླིང་གི་རྣམ་ཤེས་འཁྱམས་པོ་ཚོར་འོད་ཟེར་གྱི་སྐལ་བ་སྦྱིན་སོང་། དཔྱིད་ཁར་ཐའེ་ཝན་ནས་”མེ་ཏོག་ཉི་མ་ལོག་གསར་བརྗེ”འཚུབ་མ་བཞིན་ལྡང་བ་དེས། སྟོན་ཁར་ཧོང་ཀོང་ནས་”ཉི་གདུགས་གསར་བརྗེ་”ལ་མེ་ཁ་གསོས། དེ་མུར་སྙིང་རླུང་སྟོད་ལ་འཚངས་པའི་པེ་ཅིན་ནས་”སྐམ་སའི་རྒྱ་གཞུང་གིས་ཐའེ་ཝན་གྱི་མདུན་ལམ་ཐག་གཅོད་དགོས་”ལུགས་དང་།

དེ་ལས་མང་བ་། “རྒྱལ་ཇུས་གཡུལ་འཐབ་གསར་བ། མཐའ་བཞིའི་ལས་སྐལ་མཉམ་གླེང་།” »

འགྱུར་རྩོམ།

སྤྲུལ་སྐུའི་དགེ་སྐྱོན་གཞལ་བ་བདེན་པའི་ཚངས་ཐིག

Posted on 2015-02-242015-02-24 By ཁ་བརྡ་ 33 Comments on སྤྲུལ་སྐུའི་དགེ་སྐྱོན་གཞལ་བ་བདེན་པའི་ཚངས་ཐིག

དྲི་མེད་ལྷག་བསམ།

 
ན་མོ་གུ་རུ་ཝེ། མཆོག་གི་སྤྲུལ་སྐུ་སྟོན་པ་བཅོམ་ལྡན་འདས། །དག་པའི་སྤྲུལ་སྐུ་སར་གནས་འཕགས་པའི་ཚོགས། །བཟོ་དང་སྐྱེ་བ་སྤྲུལ་སྐུའི་ཚོགས་རྣམས་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །སྤྲུལ་སྐུ་རྒྱལ་བའི་ཐུགས་བསྐྱེད་སྟོབས་ལས་འཁྲུངས། །ངོས་འཛིན་གནང་སྲོལ་བོད་ཀྱི་མཁས་པས་བརྩམས། །ཇི་སྲིད་སྐྱེ་བ་སྔ་ཕྱི་མ་སྟོང་བར། །དེ་སྲིད་སྐྱེ་སྲིད་ཡོད་པ་སྨོས་ཅི་དགོས། །འོན་ཀྱང་རང་རེའི་སྐྱེ་སྲིད་ངོས་འཛིན་སྲོལ། །མེད་ཀྱང་ཆོག་པ་ནང་པ་སྤྱི་ཡི་ལུགས། །

དེ་ལས་མང་བ་། “སྤྲུལ་སྐུའི་དགེ་སྐྱོན་གཞལ་བ་བདེན་པའི་ཚངས་ཐིག” »

རྩོམ་རིག

གངས་རིའི་ཁྲོད་ཀྱི་རྨ་བྱ།

Posted on 2015-02-242015-02-24 By ཁ་བརྡ No Comments on གངས་རིའི་ཁྲོད་ཀྱི་རྨ་བྱ།

འབའ་སྲས།

 
མེ་ཏོག་ཚལ་དུ་དུག་ཟས་མི་བཟའ་ཞིང་།།
སྤུ་རིགས་སྒྲོ་ལྡན་བྱ་ལ་མི་གཏོགས་པ།།
ཡིད་འོང་མཚར་སྡུག་འཛུམ་གྱིས་མཛེས་པ་ཡི།།
སྔོན་མེད་རྨ་བྱ་ཞིག་ནི་བདག་གིས་མཐོང་།།

འཇའ་རིས་གོས་སུ་གྱོན་པས་མཚར་དུ་སྡུག །
སྒྲོ་མདོངས་རྒྱན་དུ་བཟུང་བའི་སྒེག་ག་མོ།།

དེ་ལས་མང་བ་། “གངས་རིའི་ཁྲོད་ཀྱི་རྨ་བྱ།” »

སྙན་ངག

སྨན་སྤྲུལ་༸ཀུན་བཟང་རིག་རྩལ་ལ་འཁྲུངས་མཆོད་བདུད་རྩིའི་ཐིགས་པ།

Posted on 2015-02-242015-02-24 By ཁ་བརྡ No Comments on སྨན་སྤྲུལ་༸ཀུན་བཟང་རིག་རྩལ་ལ་འཁྲུངས་མཆོད་བདུད་རྩིའི་ཐིགས་པ།

ཨེ་མ་ཧོ།

 
ན་མོ་གུ་རུ་བྷྱེ་ཥ་ཛ་ཡེ།
༂༸ཀུན་བཟང་རིག་འཛིན་བརྒྱུད་པའི་གདུང་སྲས་མཆོག།
ཉེར་གཅིག་སྐུ་སྲས་བསྐྱེད་པའི་ཡབ་རྗེ་མཆོག།
བཀའ་གཏེར་མན་ངག་ཕྱུག་པའི་མཁས་གྲུབ་མཆོག།
མཆོག་གསུམ་ཀུན་འདུས་བླ་མའི་འཁྲུངས་མཆོད་བསུ།།

དེ་ལས་མང་བ་། “སྨན་སྤྲུལ་༸ཀུན་བཟང་རིག་རྩལ་ལ་འཁྲུངས་མཆོད་བདུད་རྩིའི་ཐིགས་པ།” »

སྙན་ངག

བོད་དར་སྤྲུལ་སྐུའི་རྒྱུན་གཅོད་ཅི་བས་འཚམ།

Posted on 2015-02-23 By ཁ་བརྡ 6 Comments on བོད་དར་སྤྲུལ་སྐུའི་རྒྱུན་གཅོད་ཅི་བས་འཚམ།

སྨྱུག་སྨྱོན།

 

སྤྲུལ་མིང་ཆོ་ལོ་ལོག་སྤྱོད་ཟང་ཟིང་གིས།།

རབ་མྱོས་འབྱོར་བས་ཆེར་རློམ་སྐུ་སྐྱེས་དག།

བག་ཡོད་བསྟེན་ཕྱིར་མཚང་ལ་རྒོལ་བའི་མདའ།།

མིང་དོན་མཚུངས་བ་དག་ལ་ཕོག་དགོས་ཅི།།

དེ་ལས་མང་བ་། “བོད་དར་སྤྲུལ་སྐུའི་རྒྱུན་གཅོད་ཅི་བས་འཚམ།” »

སྙན་ངག

བཞུད་སྔ་བའི་རྣམ་ཤེས།

Posted on 2015-02-232015-02-23 By ཁ་བརྡ No Comments on བཞུད་སྔ་བའི་རྣམ་ཤེས།

སྤྱན་ཆེན་པོ།
———འདས་པོ་རྔ་བ་ཆོས་གྲགས་ལ།

 
གླེགས་བམ་འཁུར་བའི་རྒྱང་བཞུད་ཀྱི་བཙུན་ཆུང་དེ
མཚན་མོའི་ཧྲག་བར་ནས་ཐོལ་གྱིས་མངོན་པའི་
ལག་ཟུང་དམར་པོ་དེའི་སྐྱོ་རོགས་སུ་གྱུར་བས
གངས་རིའི་ཕྱི་ནང སླར་ཡང་ཆང་ཕོར་གྱི་ཁ་ན་སྐད་ངག་འཛེར་འཛེར་ངང

དེ་ལས་མང་བ་། “བཞུད་སྔ་བའི་རྣམ་ཤེས།” »

སྙན་ངག

ཀ་ཨའི་རང་བྱུང་གི་དོ་ཧ།

Posted on 2015-02-232015-02-23 By ཁ་བརྡ 1 Comment on ཀ་ཨའི་རང་བྱུང་གི་དོ་ཧ།

དཔལ་དགྱེས་རྡོ་རྗེ།

 
ན་མོ་གུ་རུ་ཛྙྰ་ན་ཡེ།
ཀ་དག་ངོ་བོ་སྤྲོས་བྲལ་གྱི་ངང་ནས།།
ཁ་སྦྱོར་རང་བཞིན་འོད་གསལ་གྱི་རིག་པ།།
ག་བུར་ཐུགས་རྗེ་མཚུངས་མེད་ཀྱི་ཀུན་ཁྱབ།།
ང་རྒྱལ་རྣམ་དག་ཡིད་བཞིན་གྱི་ནོར་བུ།།

དེ་ལས་མང་བ་། “ཀ་ཨའི་རང་བྱུང་གི་དོ་ཧ།” »

སྙན་ངག

སྨན་གྱི་ལྗོན་ཤིང་།

Posted on 2015-02-232015-02-23 By ཁ་བརྡ No Comments on སྨན་གྱི་ལྗོན་ཤིང་།

སྣང་རྒྱལ་ཤེས་དགེ

——སྨན་རི་བ་མཉམ་མེད་ཤེས་རབ་རྒྱལ་མཚན་རྗེས་དྲན་དུ།

གཞན་དོན་ཁུར་དུ་འཁྱེར་བའི་དགོངས་སྟོབས་ཀྱིས།།
ཞབས་སེན་ས་རུ་འགོད་པའི་ཚུལ་བསྟན་ཅིང་།།
སྐྱེ་རྒུའི་བྲན་དུ་གྱུར་བའི་རྣམ་འགྱུར་གྱིས།།
རྨད་བྱུང་མཛད་འཕྲིན་སྐྱོང་མཛད་དེར་འདུད་དོ།།

དེ་ལས་མང་བ་། “སྨན་གྱི་ལྗོན་ཤིང་།” »

སྙན་ངག

Posts pagination

Previous 1 … 106 107 108 … 383 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (29)
  • ན་ཟུག (12)
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན། (4)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme