Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁ་བཙུམ་བསྡད་ནའང་།.     མིག་བཙུམ་ཐུབ་ཀྱི་མི་འདུག

Posted on 2017-12-132017-12-13 By ཁ་བརྡ 4 Comments on ཁ་བཙུམ་བསྡད་ནའང་།.     མིག་བཙུམ་ཐུབ་ཀྱི་མི་འདུག

སྦྲ་དཔལ་ལྡན། ཧྥ་རན་སུ།

ཉེ་ལམ་རང་རེའི་སྥྱི་ཚོགས་སྤར་མོ་གང་བོ་ལྷིང་འཇགས་ལས་ཧ་ཅང་དཀྲོལ་ཡོད་ལ་སྤྱི་ཚོགས་ལ་ལ་ཞིག་ལ་ཞེན་ཁོག་དང་། རང་ཞེན་དང་ཆོལ་ཞེན་གྱི་སྐད་ཆ་ཧ་ཅང་ཐར་བའི་སྤྱི་ཚོགས་དྲ་རྒྱ་  དཔེར་ན་སྐད་འཕྲིན་དང་ངོ་དེབ་སོགས་སུ་གང་ཟག་ཕལ་མོ་ཆེའི་པར་ལ་འདྲ་མིན་བཟོ་བ་དང་།  དོལ་རྒྱལ་དང་རྒྱ་མིའི་སོ་ཉུལ་བ་ཡིན་པ་སོགས་ཀྱིས་ཁྱབ་སྤེལ་འདྲ་རིས་བཟོ་བ་དང་།   སྤྱི་ཚོགས་དྲ་རྒྱའི་ཐོག་ཏུ་གཏམ་བཤད་སྣ་ཚོགས་ཀྱིས་ཁྱོའི་ཁ་དང་ངའི་སྣ་སོགས་དོན་དག་ཆུང་ངུ་ཞིག་གི་ཆེད་དུ་དོན་མེད་དཀྲོག་གཏམ་དང་།  རྩོམ་པ་པོ་དང་སྤྱི་ཚོགས་དཔྱད་བརྗོད་པ་མང་བོ་ཞིག་གིས་དཔྱད་བརྗོད་དང་རྩོམ་ཡིག་ཅི་རིགས་ཤིག་བྲིས་ཡོད་ནའང་།   གང་ཟག་ཕ་རོལ་བ་ཞིག་གིས་སྣང་བ་མ་འགྲོ་ན་ལམ་སང་རྒྱ་མིའི་སོ་ཉུལ་བ་དང་།   དོལ་རྒྱལ་ལ་

དེ་ལས་མང་བ་། “ཁ་བཙུམ་བསྡད་ནའང་།.     མིག་བཙུམ་ཐུབ་ཀྱི་མི་འདུག” »

བསམ་ཚུལ།

བོད་གཞུང་སྐུ་ཚབ་དོན་གཅོད་བསྐོ་བཞག་ལ་སྤྱི་འཐུས་ནས་ཆོག་མཆན་ཞུ་དགོས་འདུག

Posted on 2017-12-132017-12-13 By tenzin 3 Comments on བོད་གཞུང་སྐུ་ཚབ་དོན་གཅོད་བསྐོ་བཞག་ལ་སྤྱི་འཐུས་ནས་ཆོག་མཆན་ཞུ་དགོས་འདུག

བསྟན་འཛིན། ད་རེས་སྲིད་སྐྱོང་གི་ཕྱག་ལས་མགོ་རྙོག་དེ་སྲིད་སྐྱོང་གཅིག་པུའི་ནོར་འཁྲུལ་མ་རེད་སྙམ། ང་ཚོར་སྒྲིག་གཞི་ཡག་པོ་ཞིག་མེད་པས་ལན། དཔེར་ན། དོན་གཅོད་སྐུ་ཚབ་བསྐོ་བཞག་བྱ་རྒྱུ་དེ་ལ་ཐོག་མར་སྲིད་སྐྱོང་གིས་མིང་ཐོ་བཏོན། དེ་ནས་སྤྱི་འཐུས་ནས་འོས་འཕེན་ནས་ཆོག་མཆན་སྤྲད་ན།  དེས་་དཀའ་ངལ་ཁག་གཅིག་སེལ་ཐུབ། བཀའ་བློན་ཡང་དེ་ལྟར་བསྐོ་བཞག་བགྱིས་པ་མ་ཡིན་ནམ། དེ་བཞིན་སྐུ་ཚབ་དོན་གཅོད་ཡང་འདི་ལྟར་བསྐོ་བཞག་བྱས་ན་མ་འོངས་པར་ཕན་པ་ཆེ། སྒྲིག་གཞི་དེས་སྐུ་ཚབ་དོན་གཅོད་དེ་དག་སྲིད་སྐྱོང་མཆོག་ནས་རང་སྣང་གང་ཤར་གྱིས་མི་རྩ་མི་ཐང་བ་འདི་འདྲ་ཨ་རིའི་དོན་གཅོད་ཁང་ལ་སོགས་པར་གཏོང་བའི་སྲོལ་ངན་དེ་འགོག་ཐུབ།།

བསམ་ཚུལ།

བཀའ་བློན་ཁྲི་པ་དེ་ཆོལ་ཁ་རེ་མོས་ཐོག་སྐྱོང་ཐུབ་ན་ལེགས།

Posted on 2017-12-112017-12-11 By tenzin 17 Comments on བཀའ་བློན་ཁྲི་པ་དེ་ཆོལ་ཁ་རེ་མོས་ཐོག་སྐྱོང་ཐུབ་ན་ལེགས།

ང་ཚོ་བོད་པ་ལ་མཐུན་སྒྲིལ་དང་ཆིག་སྒྲིལ་དང་ཡིད་ཆེས་ཟེར་བ་ལོ་རྒྱུས་ཐོག་རྩ་བ་ནས་བྱུང་མ་མྱོང་ལ། མ་འོང་པར་ཡང་འབྱུང་མི་སྲིད་པ་ཞིག་རེད། དེར་བརྟེན། ང་ཚོར་མཐུན་སྒྲིལ་དགོས་ན། མ་འོང་པའི་བཀའ་ཤག་དེ་ཆོལ་གསུམ་རེ་མོས་ཐོག་སྐྱོང་ཐུབ་ན་ཤིན་དུ་ལེགས། དཔེར་ན། ཁམས་པས་ལོ་ལྔ་བསྐྱང་། དེ་ནས་དབུས་གཙང་གིས་ལོ་ལྔ་དང་དེ་བཞིན་ཨ་མདོ་བ་ཚོས་ལོ་ལྔ་བསྐྱང་། དེ་ལྟར་བྱས་ན། ང་ཚོ་ཆོལ་གསུམ་དབར་ལ་རྩོད་རྙོག་ཇེ་ཆུང་དང་། མཐུན་སྒྲིལ་མེད་རུང་། དགྲ་ལྟ་བུའི་འདུ་ཤེས་དེ་མི་ཡོང་བར་ཕན། ཆོལ་ཁ་ནང་ཁུལ་ལ་བཀའ་བློན་ཁྲི་པ་བསྐོ་བཞག་བྱ་རྒྱུ་དེ་འདེམས་སྒོ་དང་དབང་ཐང་དང་རྒྱུ་དཔལ་འབྱོར་གང་རུང་ལ་བརྟེན་ནས་བསྐོས་ཆོག དེ་རང་མོས་བྱེད། རང་གིས་ཆོལ་ཁས་འཛིན་སྐྱོང་བྱེད་པའི་རིང་ལ།…

དེ་ལས་མང་བ་། “བཀའ་བློན་ཁྲི་པ་དེ་ཆོལ་ཁ་རེ་མོས་ཐོག་སྐྱོང་ཐུབ་ན་ལེགས།” »

བསམ་ཚུལ།

ཁ་བཙུམ་ག ཡང་ན་མིག་བཙུམ།

Posted on 2017-12-11 By ཁ་བརྡ 12 Comments on ཁ་བཙུམ་ག ཡང་ན་མིག་བཙུམ།

ཕུག་རོན། ༼ཕ་རི་སི༽

ཟླ་སྔོན་མར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་། བཀའ་ཤག་གིས་གཞུང་དོན་འཐུས་ཤོར་ལ་བསྙད་དེ། དོན་གཅོད་ལས་གནས་ནས་གནས་དབྱུང་བཏང་བ་ནས་བཟུང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སྔར་བྱུང་མ་མྱོང་པའི་རྙོག་གླེང་ཆེན་པོ་ཞིག་བྱུང་སྟེ། སྔ་ཕྱིར་བཀའ་ཤག་དང་སྲིད་སྐྱོང་ལ་མངོན་གསལ་དང་མངོན་གསལ་མིན་པའི་ཐོག་ནས་ངོ་རྒོལ་དང་ཞུ་སྐུལ་ཐེངས་མང་བྱས་ཡོད་ལ། དེའི་ཐད། ཚོགས་གཙོ་ཟུར་པ་སྤེན་པ་ཚེ་རིང་ཕྱོགས་གཏོགས་ཀྱིས། ཐེངས་འདིར་སྲིད་སྐྱོང་གི་གནང་སྟངས་དེ་ནི། ཁྲིམས་སྒྲིག་དང་འགལ་བའི་གང་ཟག་སྒེར་གྱི་ཐག་གཅོད་ཅིག་ཡིན་པར་མ་ཟད། འོས་བསྡུའི་སྐབས་ཀྱི་སྙིང་ནད་སངས་ཐབས་སུ་འཁོན་ལན་སློག་པ་ཞིག་ཡིན་པར་བརྗོད་ཀྱིན་ཡོད།

དེ་ལས་མང་བ་། “ཁ་བཙུམ་ག ཡང་ན་མིག་བཙུམ།” »

བསམ་ཚུལ།

རྒྱ་གར་གྱི་བྱེད་སྟངས་ལ་དོགས་པ་ཡོད་དཱ། བོད་པའི་གསར་ལམ་ཚོ། འུར་མ་སྔ།

Posted on 2017-12-092017-12-09 By ཁ་བརྡ 10 Comments on རྒྱ་གར་གྱི་བྱེད་སྟངས་ལ་དོགས་པ་ཡོད་དཱ། བོད་པའི་གསར་ལམ་ཚོ། འུར་མ་སྔ།

ལྷག་བསམ།

ཉེ་སྔོན་ཞིག་ལ་བོད་རྒྱ་ཞི་མོལ་ལ་འགོག་རྐྱེན་བྱེད་མཁན་ནི་ང་ཚོས་བསམ་བཞིན་པའི་རྒྱ་ནག་གཞུང་གི་མི་སྣ་དག་ལ་གཞན་ཞིག་ནི་རྒྱ་གར་དང་ཨ་རི་གཉིས་རེད་ཟེར་བའི་དཔྱད་བརྗོད་ཅིག་ཐོན་ཡོད། དེ་ལ་བདེན་ཆ་ཆེན་པོ་ཡོད། ཨ་རིའི་ངོས་ནས་ང་ཚོ་ནི་ཚོང་རྫས་ཤིག་དང་། རྒྱ་ནག་ལ་ཚོང་འབྲེལ་བྱེད་སྐབས་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱིས་གནོན་ཤུགས་སྤྲད་ནས་ཚོང་རྒྱག་སྟངས་ཤིག་རེད། དེས་ན་བོད་ཀྱི་གནད་དོན་སོགས་ཀྲུང་ཀོར་རྣ་བཙོད་ཟེ་རེ་ཡོད་དགོས་ལེ་ཡོད། དེ་ནི་རྩེད་མོའི་ཆ་ཤས་ཤིག་རེད། རྒྱ་གར་ལ་མཚོན་ན་༧གོང་ས་མཆོག་

དེ་ལས་མང་བ་། “རྒྱ་གར་གྱི་བྱེད་སྟངས་ལ་དོགས་པ་ཡོད་དཱ། བོད་པའི་གསར་ལམ་ཚོ། འུར་མ་སྔ།” »

བསམ་ཚུལ།

ས་འོག་དར་འཐག་གི་ཟློས་གར།

Posted on 2017-12-072017-12-08 By སྙན་བཟང་གཡུང་དྲུང་ཚེ་རིང 20 Comments on ས་འོག་དར་འཐག་གི་ཟློས་གར།

སྙན་བཟང་གཡུང་དྲུང་ཚེ་རིང་།

དེ་རིང་ངས་སྐད་ཆ་འགའ་བཤད་འདོད་བྱུང་། ཡིན་ནའང་ཆབ་སྲིད་ཀྱི་སྐོར་གླེང་སྐབས་སུན་སྣང་ཞིག་འདུག ང་ལ་མཚོན་ན་སུན་སྣང་སྐྱེ་དགོས་པར་གཙོ་བོ་རྒྱུ་མཚན་གསུམ་ཡོད། གཅིག གྲོགས་པོ་རེ་ཟུང་གིས་ངེད་རང་ཆབ་སྲིད་པ་མིན་སྐོར་བཤད་དེ་ཚོགས་གཏམ་གཏོང་བ་དེ་ཡིན། གཉིས། ཆབ་སྲིད་ཀྱི་ལྟ་བ་མི་འདྲ་བ་བར་བརྟེན་ནས་གྲོགས་པོ་ཕན་ཚུན་བར་གྱི་འབྲེལ་བ་རྩ་ཆད་དུ་འགྲོ་བ་འདི་ཡིན། གསུམ། དྲ་འབུ་སྐོར་ཞིག་ལྐོག་ཏུ་ཡིབ་ནས་མི་གཞན་པ་ནག་པོ་བཟོ་བ་དེ་ཡིན། དེ་བས་དེང་སང་ཆབ་སྲིད་ཀྱི་སྐོར་གླེང་འདོད་ནའང་ལས་སླ་པོ་ཞིག་མ་རེད་སྙམ། སྐབས་འདིའི་ཆབ་སྲིད་ཅེས་པ་ནི་བོད་དོན་དང་འབྲེལ་བའི་ཆབ་སྲིད་ཡིན་དུས། ངས་བོད་དོན་ཅིའི་ཕྱིར་གླེང་མ་ཆོག་པ་རེད། སུན་སྣང་ལ་ཞེད་སྣང་སྐྱེ་དགོས་པ་བྱུང་ནའང་། ངས་རང་ཉིད་ཀྱི་བསམ་ཚུལ་དེ་དག་འཛེམས་དོགས་མེད་པར་ཞུ་ན་འདོད། འགྲིག་མི་འགྲིག་དེ་གནས་ཚུལ་གཞན་པ་ཞིག་རེད།

དེ་ལས་མང་བ་། “ས་འོག་དར་འཐག་གི་ཟློས་གར།” »

བསམ་ཚུལ།

རྔ་བ་མེ་རོའི་སྙན་ངག་གི་ཇ་ཁང་།

Posted on 2017-12-042017-12-04 By སྙན་བཟང་གཡུང་དྲུང་ཚེ་རིང No Comments on རྔ་བ་མེ་རོའི་སྙན་ངག་གི་ཇ་ཁང་།

དཔལ་འབྲུག་མོ།

རྔ་བ་མེ་རོ་ལགས་ནི་གེ་སར་ཞིབ་འཇུག་པ་ཞིག་ཡིན་ལ། སྙན་ངག་མཁན་ཞིག་ཀྱང་རེད། ཁོང་གིས་‘‘འབྲུག་མོའི་ཇ་མཁར་’’ནང་དུ་ངྷ་རམ་ས་ལར་ཡོད་པའི་‘‘སྙན་ངག་གི་ཇ་ཁང་’’གི་བརྙན་ཐུང་ཞིག་བསྐུར་སོང་། དེ་ལ་བལྟས་པས་ཁོས་ངྷ་སའི་ཁོར་ཡུག་ཆུང་ཆུང་དེ་ནས་རང་ཉིད་ལ་དབང་བའི་སྙན་ངག་གི་ཇ་ཁང་ཞིག་སྒོ་ཕྱེ་འདུག་པ་དང་། ཇ་ཁང་དེ་ནི་ཧ་ཅང་ཆུང་ཆུང་ཞིག་ཡིན་ཚུལ་བཤད་པ་སོགས་ཀྱང་གོ་སོང་།

དེ་ལས་མང་བ་། “རྔ་བ་མེ་རོའི་སྙན་ངག་གི་ཇ་ཁང་།” »

ངོ་སྤྲོད།, བསམ་ཚུལ།

འཁྱོག་བཤད་བྱས་ནས་ཕན་པ་ཡོད་པ་མ་རེད།

Posted on 2017-12-012017-12-01 By ཁ་བརྡ་ 13 Comments on འཁྱོག་བཤད་བྱས་ནས་ཕན་པ་ཡོད་པ་མ་རེད།

ངག་དབང་དགེ་ལེགས།

སྲིད་སྐྱོང་དང་བཀའ་བློན་ཚོའི་ལས་ཀ་བྱེད་སྟངས་ལ་ངོ་རྒོལ་བྱས་ན། བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་ལ་ངོ་རྒོལ་རེད་ཅེས་འབད་པ་བྱེད་མཁན་འདུག ཨེ་འབྱོར་མི་འབྱོར་རྡོ་ཆག་བཙན་སྒྲིག་བྱས་ནས་བོད་གཞུང་ངམ་བོད་མིིའི་སྒྲིག་འཛུགས་ལ་ངོ་རྒོལ་རེད་ཅེས་ལབ་དོན་ཅི་རེད། དེ་དག་གིས་ག་རེ་བསམ་གྱིན་ཡོད་པ་ཡིན་ནམ། ང་ཚོས་གཡམ་རྒྱུག་བྱེད་མི་རུང་། བློ་བཟང་སེང་གེ་ལབ་ན་བོད་གཞུང་ཨེ་རེད། བཀའ་བློན་ཚོ་ལབ་ན་བོད་གཞུང་ཨེ་རེད།

དེ་ལས་མང་བ་། “འཁྱོག་བཤད་བྱས་ནས་ཕན་པ་ཡོད་པ་མ་རེད།” »

བསམ་ཚུལ།

“དགའ་ལྡན་ཕོ་བྲང་ལ་ངོ་རྒོལ་མིན། བོད་མིའི་སྒྲིག་འཛུགས་ལ་གུས་བརྩི་ཡོད། སྲིད་སྐྱོང་བློ་སེང་ལ་ངོ་རྒོལ་ཡོད།”

Posted on 2017-11-282017-11-29 By ཁ་བརྡ་ 42 Comments on “དགའ་ལྡན་ཕོ་བྲང་ལ་ངོ་རྒོལ་མིན། བོད་མིའི་སྒྲིག་འཛུགས་ལ་གུས་བརྩི་ཡོད། སྲིད་སྐྱོང་བློ་སེང་ལ་ངོ་རྒོལ་ཡོད།”

ཤངས་པ་འོད་ཟེར་བསམ་འགྲུབ།

ཁ་སང་དེ་རིང་། མང་ཚོགས་ཀྱིས་སྲིད་སྐྱོང་དང་བཀའ་ཤག་ལ་ངོ་རྒོལ་བྱེད་བཞིན་པ་རེད། ཁོང་ཚོས། ༼དགའ་ལྡན་ཕོ་བྲང་ལ་ངོ་རྒོལ་མིན། བོད་མིའི་སྒྲིག་འཛུགས་ལ་གུས་བརྩི་ཡོད། སྲིད་སྐྱོང་བློ་སེང་ལ་ངོ་རྒོལ་ཡོད།༽ ཅེས་ལངས་ཕྱོགས་དང་ངོ་རྒོལ་ཁ་ཕྱོགས་གསལ་པོ་ཞིག་འཕྱར་འདུག 

དེ་ལས་མང་བ་། ““དགའ་ལྡན་ཕོ་བྲང་ལ་ངོ་རྒོལ་མིན། བོད་མིའི་སྒྲིག་འཛུགས་ལ་གུས་བརྩི་ཡོད། སྲིད་སྐྱོང་བློ་སེང་ལ་ངོ་རྒོལ་ཡོད།”” »

བསམ་ཚུལ།

སྤེན་པ་ཚེ་རིང་ལགས་ལ་ཉེས་པ་ཡོད་མི་ཆོག་པ་ཡིན་ནམ།  

Posted on 2017-11-27 By ཁ་བརྡ 41 Comments on སྤེན་པ་ཚེ་རིང་ལགས་ལ་ཉེས་པ་ཡོད་མི་ཆོག་པ་ཡིན་ནམ།  

དྲ་འདྲེ།
 
བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱིས་ཕྲག་ཏུ་བབ་པའི་ལས་དོན་ཁག་ཅིག་གི་ཐོག་ལ་འཐུས་ཤོར་བཏང་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་བླང་དོར་སྒྲིག་གཞི་དོན་ཚན་འགར་བརྩི་སྲུང་ཚུལ་བཞིན་མ་བྱས་པའི་ཉེར་ལེན་ལ་བརྟེན་ནས། རང་གཞུང་འཛིན་སྐྱོང་བཀའ་ཤག་ནས་དོ་བདག་གི་ལས་གནས་འཕོ་འགྱུར་བཏང་པའི་གནས་ཚུལ་ཐོན་པའི་རྗེས། སྤེན་པ་ཚེ་རིང་ལགས་སྒེར་གྱི་བྱས་ཉེས་ནས་རིམ་བཞིན་དྲ་ལམ་དང་སྲང་ལམ་བར་གྱི་གནད་དོན་ཞིག་ཏུ་གྱུར་པ་དང་། དེ་སྔར་ཡིན་ན་གཤམ་འོག་ལས་

དེ་ལས་མང་བ་། “སྤེན་པ་ཚེ་རིང་ལགས་ལ་ཉེས་པ་ཡོད་མི་ཆོག་པ་ཡིན་ནམ།  ” »

བསམ་ཚུལ།

ཁྲིམས་དང་སྒྲིག་གཞི་ནི་ང་ཚོའི་ཚེ་འདིའི་མགོན་སྐྱབས་ཉག་གཅིག་གོ།

Posted on 2017-11-272017-11-27 By tenzin 10 Comments on ཁྲིམས་དང་སྒྲིག་གཞི་ནི་ང་ཚོའི་ཚེ་འདིའི་མགོན་སྐྱབས་ཉག་གཅིག་གོ།

བསྟན་འཛིན།
 
ལོ་སྔོན་མའི་བཀའ་ཁྲིའི་འདེམ་སྒོ་དང་། ཐེངས་འདིའི་སྐུ་ཚབ་གནས་དབྱུང་། དེ་བཞིན་རྒྱུན་གཏན་གྱི་སྤྱི་འཐུས་ཚོགས་འདུ་ནས་ང་ཚོས་ཤེས་པར། བོད་པ་རྣམས་ལ་མི་རིགས་གཅིག་གི་ལ་རྒྱ་དང་འདུ་ཤེས་མི་འདུག ང་ཚོ་ནི། ཨ་མདོ། ཁམས། དབུས། གཙང་། སྟོད་པ་སོགས་ཡུལ་གྲུ་དུ་མའི་ལ་རྒྱ་དམ་པོ་དང་ཕྱོགས་ཞེན་ནག་པོས་བཅིངས་པའི་མི་རིགས་རྗེས་ལུས་ཤིག་རེད་འདུག དཔང་པོ་ནི། བཀའ་ཁྲི་དང་། བཀའ་ཤག སྤྱི་འཐུས། ཨ་རིའི་སྐུ་ཚབ། དབུས་གཙང་། མདོ་སྨད།

དེ་ལས་མང་བ་། “ཁྲིམས་དང་སྒྲིག་གཞི་ནི་ང་ཚོའི་ཚེ་འདིའི་མགོན་སྐྱབས་ཉག་གཅིག་གོ།” »

བསམ་ཚུལ།

རྩོད་རྙོག་གི་རྒྱབ་ལྗོངས་ལ་བསམ་གཞིགས་ཁག་ཅིག 


Posted on 2017-11-27 By ཁ་བརྡ 11 Comments on རྩོད་རྙོག་གི་རྒྱབ་ལྗོངས་ལ་བསམ་གཞིགས་ཁག་ཅིག 


རྩོམ་པ་པོ། འོད། (ཨུ་རུ་སུ།)
 

མཇལ་འཕྲད་ཀྱི་སྐོར། 

ད་ལྟའི་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་བོད་སྤྱིའི་ལས་དོན་མང་བོ་ཞིག་འཐུས་ཤོར་དུ་སོང་འདུག ཨ་རི་གཞུང་གི་ངོས་ནས་བོད་དོན་རྒྱབ་སྐྱོར་རྟག་ཏུ་གནང་གིན་ཡོད་ལ། དེ་ཡང་གོང་ས་མཆོག་གི་སྙན་གྲགས་དང་མཚན་གནས་དང་འབྲེལ་བའི་ཐོག་ནས་བོད་མིའི་དཀའ་སྡུག་སེལ་ཐབས་སུ་འབད་ཀྱི་ཡོད། དེ་བཞིན་ཡོ་རོབ་ཁག་ནང་ལའང་གཅིག་མཚུངས་རེད། ལོ་ལྟར་ཨ་རིའི་སྲིད་འཛིན་དག་དང་༧གོང་མཆོག་མཇལ་འཕྲད་གནང་ནས་བོད་དོན་ཐོག་གྲོས་མོལ་གནང་གིན་ཡོད། 

དེ་ལས་མང་བ་། “རྩོད་རྙོག་གི་རྒྱབ་ལྗོངས་ལ་བསམ་གཞིགས་ཁག་ཅིག 
” »

བསམ་ཚུལ།

ཐག་ཉེ་ནས་ཐག་ཉེར་བཏང་བའི་འཕྲིན།

Posted on 2017-11-262017-11-26 By ཁ་བརྡ 5 Comments on ཐག་ཉེ་ནས་ཐག་ཉེར་བཏང་བའི་འཕྲིན།

གསལ་ལེ་རྒྱལ།
 
སྐྱོན་ཆ་ལ་མཛུབ་མོ་བཙུག་པ་དེས་ཁྱོད་ཀྱི་སེམས་ཤུགས་མ་ཆགས། ཁྱོད་ལ་སྐྱོན་ཡོད་པ་བདེན་ནའང་ནོར་འཁྲུལ་གཅིག་གིས་ཁྱོད་ཀྱི་ཡོན་ཏན་དང་བྱས་རྗེས་ཚང་མ་གསུབ་མི་ཐུབ། ཡིན་ནའང་ནོར་འཁྲུལ་གཅིག་ཐེངས་གཉིས་ལ་ཤོར་ཚེ་དེས་མི་མང་གི་ཡིད་ཆེས་བརླག་པའི་ཉེན་ཁ་ཡོད། མི་མང་གི་ཡིད་ཆེས་ནི་རང་ཉིད་སྐྱོབ་བྱེད་ཀྱི་མདའ་གྲི་མདུང་གསུམ་ཡིན།

དེ་ལས་མང་བ་། “ཐག་ཉེ་ནས་ཐག་ཉེར་བཏང་བའི་འཕྲིན།” »

བསམ་ཚུལ།

བློ་སེང་གླེང་དུས་སྤེན་ཚེ་དྲན་ཡོང་།

Posted on 2017-11-26 By ཁ་བརྡ 25 Comments on བློ་སེང་གླེང་དུས་སྤེན་ཚེ་དྲན་ཡོང་།

སོག་ཚང་སྨོན་ལམ།
 
སེང་གེས་འཕངས་པའི་མདའ་དེས།
རྨ་ཁ་མི་མང་གི་སེམས་པ་ལ་བཟོས་པ།

་་་་་་་སྒྲོལ་མ་ཉེར་གཅིག

གླེང་གཞི།

བོད་མི་ལ་སྙིང་རྗེ་ཨེ་ཡོད་ཟེར་ན་ཡོད། སྐུ་ངོ་སྤེན་ཚེ་ལ་སྙིང་རྗེ་ཞེས་པའི་ཚིག་འདིས་ཕངས་སེམས་དང་རྒྱབ་སྐྱོར་གནང་གི་འདུག མི་གཞན་ཞིག་ལ་དངོས་སུ་དཀའ་ངལ་ཞིག་འཕྲད་ཡོད་པ་གོ་རིག་ཚོར་གསུམ་བྱུང་ནས་མི་མང་གི་ཁ་ནས་སྙིང་རྗེ་ཞེས་པའི་ཚིག་འདི་ཐོན་ཡོང་གི་ཡོད་དུས་དོན་དག་ཚབ་ཆེན་ཞིག་བྱུང་ཟིན་པའི་རྟགས་རེད།

དེ་ལས་མང་བ་། “བློ་སེང་གླེང་དུས་སྤེན་ཚེ་དྲན་ཡོང་།” »

བསམ་ཚུལ།

གངས་སྐྱིད་ཀྱི་ཨ་ནི་སྙིད་མོ།

Posted on 2017-11-222017-11-22 By ཁང་གསར་རྡོ་རྗེ་ 32 Comments on གངས་སྐྱིད་ཀྱི་ཨ་ནི་སྙིད་མོ།

 ཁང་གསར་རྡོ་རྗེ།

 

དེང་སང་རྡ་ས་དང་། དེའི་ནང་ནས་ཀྱང་གངས་ཅན་སྐྱིད་གཤོངས་སུ། ཨ་ནི་སྙིད་མོའི་སྐོར་ལབ་གླེང་བྱེད་བཞིན་འདུག །
ཨ་ནི་སྙིད་མོ་ནི་བོད་ཀྱི་གཏམ་བརྒྱུད་གྲགས་ཅན་སྣང་ས་འོད་འབུམ་ནང་གི་བུད་མེད་མི་སྣ་ཞིག་རེད། མོས་རང་གི་ཁེ་ཕན་གྱི་ཆེད་དུ་དཔོན་པོ་སྒྲ་ཆེན་དང་། སྲས་གྲགས་པ་བསམ་གྲུབ། སྣང་ས་འོད་འབུམ་བཅས་ཀྱི་བར་དུ་དབྱེན་སྦྱོར་དང་དཀྲུག་ཤིང་བརྒྱབ་སྟེ་མཐར་སྣང་ས་འཆི་ལམ་དུ་བསྐྱལ་བ་དང་། སྣང་སའི་སྲས་ལྷ་བུ་དར་པོ་ད་ཕྲུག་ཏུ་བསྒྱུར། བོད་མི་ཚོས་གཏམ་བརྒྱུད་འདི་བོད་ལ་དངོས་སུ་བྱུང་བར་ཡིད་ཆེས་བྱེད་པ་མ་ཟད།

དེ་ལས་མང་བ་། “གངས་སྐྱིད་ཀྱི་ཨ་ནི་སྙིད་མོ།” »

བསམ་ཚུལ།

མདའ་མོ་འཕེན་འདོད་རེད་དམ། གཞུ་མོ་གཅོག་འདོད་རེད། ཨཱ།

Posted on 2017-11-222017-11-22 By ཁ་བརྡ་ 13 Comments on མདའ་མོ་འཕེན་འདོད་རེད་དམ། གཞུ་མོ་གཅོག་འདོད་རེད། ཨཱ།

གེ་སེར་ཚང་ཡ་མ་བུ་འཁྲིད་ཀྱིས།

༡། བཀའ་ཤག་གིས་ཁྲིམས་སྒྲིག་གི་ཆ་རྐྱེན་གང་གི་འོག་ནས་ཨ་རི་དོན་གཅོད་འཕོ་འགྱུར་བཏང་བ་ཡིན་ནམ།

ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༩ ཉིན་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་བཏང་བའི་ཁྲིམས་སྒྲིག་གི་ཆ་རྐྱེན་འགྲེལ་བརྗོད་གནང་སྐབས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་དང་། དེའི་ལག་བསྟར་བརྒྱུད་རིམ་གང་གི་འོག་ནས། ཐོག་མར་ཡར་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་བྱས་ཡོད་པ་དེ་བཞིན་དུ། སྐུ་ཚབ་དོན་གཅོད་ཀྱི་ལས་འགན་ནས་འཕོ་འགྱུར་གཏོང་རྒྱུའི་ཐག་གཅོད་ཀྱང་བཅའ་ཁྲིམས་ཀྱི་དོན་ཚན་དང་ལག་བསྟར་བརྒྱུད་རིམ་དེ་དག་རང་གི་འོག་ནས་བྱས་ཡོད་པ་ཞིག་ཡིན་ཞེས་གསུངས་ཡོད་པ་དང་། བཀའ་ཤག་གིས། ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༡༨ ཉིན་གསལ་བཤད་དོན་ཚན་བཅུ་ཅན་གྱི་འགྲེམས་བསྒྲགས་གནང་བ་དེའི་དོན་ཚན་ ༡༠ ནང་། ད་ཡོད་ཨ་རི་དོན་གཅོད་སྤེན་པ་ཚེ་རིང་ལགས་འཕོ་འགྱུར་གཏོང་རྒྱུར་བཀའ་ཤག་ནས་སྤྱི་མོས་ཐག་གཅོད་གནང་བ་ཞིག་ཡིན། དེ་ཡང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་ལེའུ་དང་པོའི་དོན་ཚན་ ༡ པོའི་ནང་གསེས་ ༣ ནང་གསལ་ལྟར་འཕོ་འགྱུར་བཏང་ཡོད་ཅེས་བྲིས་འདུག

དེ་ལས་མང་བ་། “མདའ་མོ་འཕེན་འདོད་རེད་དམ། གཞུ་མོ་གཅོག་འདོད་རེད། ཨཱ།” »

བསམ་ཚུལ།

ཆོལ་ཁ་དང་ཆོས་ལུགས་བར་གྱི་རྩོད་སྙོག་དེ་དག་མུ་མཐུད་དུ་བོད་མིའི་སྤྱི་ཚོགས་ནང་གནས་ཐུབ་པ་ཞིག་གཏན་ནས་མ་རེད།

Posted on 2017-11-19 By ཁ་བརྡ 5 Comments on ཆོལ་ཁ་དང་ཆོས་ལུགས་བར་གྱི་རྩོད་སྙོག་དེ་དག་མུ་མཐུད་དུ་བོད་མིའི་སྤྱི་ཚོགས་ནང་གནས་ཐུབ་པ་ཞིག་གཏན་ནས་མ་རེད།

རྡོ་རྗེ་རིན་ཆེན་ནས།
 
སྤྱི་ཚོགས་ཐོག་གི་དོན་གང་ཞིག་ཡིན་རུང་མི་མང་ནང་གླེང་སློང་མང་པོ་བྱེད་པ་དེ་ནི་དོན་དག་དགའ་ཞིག་རེད། དེས་ཅི་ཞིག་མཚོན་གྱིན་ཡོད་པ་རེད་ཟེར་ན། མི་མང་གིས་གང་དེའི་དོན་དག་དེ་ལ་དོ་སྣང་དང་འགན་ཁུར་གྱིན་ཡོད་པའི་རྟགས་མཚན་ཞིག་རེད། ང་ཚོས་ཐད་ཀར་དུ་ལྟོས་པ་ཡིན་ན། ཅུང་མ་འགྲིག་པ་དང་མི་ལེགས་པའི་རྣམ་པ་ཞིག་ཏུ་མཐོང་གི་རེད། ཡིན་ནའང་། སྤྱི་ཚོགས་ཤིག་གི་འཕེལ་རྒྱས་དང་མདུན་སྐྱོད་ཀྱིས་ངོས་ནས་གཟིགས་པ་ཡིན་ན། དེ་ནི་དོན་བཟང་ཞིག་རེད་ལ། དེའི་མཇུག་འབྲས་ནི་བདེན་པ་དང་

དེ་ལས་མང་བ་། “ཆོལ་ཁ་དང་ཆོས་ལུགས་བར་གྱི་རྩོད་སྙོག་དེ་དག་མུ་མཐུད་དུ་བོད་མིའི་སྤྱི་ཚོགས་ནང་གནས་ཐུབ་པ་ཞིག་གཏན་ནས་མ་རེད།” »

བསམ་ཚུལ།

ད་ལྟའི་བཀའ་ཤག་གིས་བོད་ཀྱི་རྩ་དོན་སྒྲུབ་སྟངས་འདི་འདྲ་ཡིན་ནམ།

Posted on 2017-11-19 By ཁ་བརྡ 33 Comments on ད་ལྟའི་བཀའ་ཤག་གིས་བོད་ཀྱི་རྩ་དོན་སྒྲུབ་སྟངས་འདི་འདྲ་ཡིན་ནམ།

གདོང་ལྔའི་དབང་པོ།
 
༄༅།། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་དང་འབྲེལ་བའི་བཀའ་ཤག་གི་ཐག་གཅོད་འདི་ལ་གསང་བའི་རྒྱབ་ལྗོངས་གཏིང་གནད་ཅན་ཞིག་ཡོད་ཤག་བྱས་ཏེ། སྲིད་སྐྱོང་བློ་བཟང་སེངྒེས་དབུ་ཁྲིད་པའི་བཀའ་ཤག་ལ་ཡིད་ཆེས་བརྒྱ་ཆ་བྱས་པ་ཡིན། འོན་ཀྱང་བཀའ་ཤག་གིས་གསལ་བཤད་གནང་རེས་བཞིན་སྤེན་པ་ཚེ་རིང་ལ་ཚབས་ཆེའི་ནག་ཉེས་གང་ཡང་མེད་པ་ཇེ་གསལ་དུ་འགྲོ་བཞིན་པར་མ་ཟད། མང་ཚོགས་བཀའ་ཤག་གི་ཐག་གཅོད་འདི་ལ་བློ་དོགས་ཆེ་རུ་འགྲོ་བ་དང་མཉམ་དུ། བཀའ་ཤག་གི་ཚབས་ཆེའི་

དེ་ལས་མང་བ་། “ད་ལྟའི་བཀའ་ཤག་གིས་བོད་ཀྱི་རྩ་དོན་སྒྲུབ་སྟངས་འདི་འདྲ་ཡིན་ནམ།” »

བསམ་ཚུལ།

གནས་དབྱུང་གཏོང་དགོས་པའི་མི་དེ་བློ་སེང་ཡིན་ནམ་སྤེན་ཚེ་ཡིན།

Posted on 2017-11-19 By ཁ་བརྡ 7 Comments on གནས་དབྱུང་གཏོང་དགོས་པའི་མི་དེ་བློ་སེང་ཡིན་ནམ་སྤེན་ཚེ་ཡིན།

རྣོ།
 
ངས་དེ་རིང་བར་དུ་འདིའི་སྐོར་ལ་སྐད་ཆ་ཅི་གང་མ་བཤད་པར་ངག་བསྡམས་པ་ཡིན། དེ་ནི་བཀའ་ཤག་གི་གསལ་བཤད་དང་ཡང་དགོས་གསལ་བཤད་གཉིས་པ་ཡིས་སྤེན་ཚེ་ནི་ནག་ཉེས་ཆེན་པོ་ཞིག་གིས་རྦབ་ཏུ་བཅུག་སྟེ་ལངས་ཡ་མེད་པ་ཞིག་བཟོ་ངེས་རེད་བསམ་བྱུང་། དེ་ནི་བློ་སེང་གིས་ནོར་ལྦེ་རུ་བཤད་པའི་སྐད་ཆ་སྤོམ་པོ་དེ་ལ་གཞི་བཅོལ་བ་ཡིན་ཡང་། གསལ་བཤད་གཉིས་པའང་སྔར་བཞིན་ལྗིད་ཁོག་ཅི་གང་མེད་པའི་རླུང་བུའི་ནང་གི་སྐད་ཆ་རིན་མེད་ཅིག་རེད། ད་ནི་སྤེན་ཚེ་ཡི་ལན་འདེབས་གསལ་

དེ་ལས་མང་བ་། “གནས་དབྱུང་གཏོང་དགོས་པའི་མི་དེ་བློ་སེང་ཡིན་ནམ་སྤེན་ཚེ་ཡིན།” »

བསམ་ཚུལ།

སྲིད་སྐྱོང་ལགས། བཀའ་ཤག་ལགས། གསལ་བཤད་དེ་མང་ཚོགས་དཀྲུགས་ཆེད་དུ་ཨེ་རེད།

Posted on 2017-11-182017-11-18 By ཁ་བརྡ་ 25 Comments on སྲིད་སྐྱོང་ལགས། བཀའ་ཤག་ལགས། གསལ་བཤད་དེ་མང་ཚོགས་དཀྲུགས་ཆེད་དུ་ཨེ་རེད།

མགར་སྡེ་ཚང་ཤེས་རབ་ཉི་མ།

 

དགྲ་དགའ་གཉེན་སྡུག་ཟེར་བ་ནི། ང་ཚོར་མི་དགོས་པ་དེ་རེད། འདི་སྐུ་དྲག་གསར་པ་ཚོས་ཀྱང་ཁ་ཐོག་ལྕེ་ཐོག་ལ་བླངས་དང་ལེན་བཞིན་པའི་ཚིག་ཅིག་རེད། ད་རེས་སྲིད་སྐྱོང་བློ་བཟང་སེང་གེས་སྤེན་པ་ཚེ་རིང་ལ་དོན་གཅོད་ལས་ཀ་མཚམས་འཇོག་བྱེད་བཅུག་པའི་སྔ་རྗེས་སུ་སྤྱི་ཚོགས་འཁྲུག་ཆ་དོད་པོ་ཆགས་ཏེ། བདེན་པ་དང་ཧམ་པ་བསྡུར་གླེང་བྱེད་མགོ་ཚུགས་ཡོད།

དེ་ལས་མང་བ་། “སྲིད་སྐྱོང་ལགས། བཀའ་ཤག་ལགས། གསལ་བཤད་དེ་མང་ཚོགས་དཀྲུགས་ཆེད་དུ་ཨེ་རེད།” »

བསམ་ཚུལ།

Posts pagination

Previous 1 … 35 36 37 … 63 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (17)
  • ན་ཟུག (7)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme