Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སེམས་ཁུར་བྱ་ཡུལ་གྱི་གནད་དོན་གསར་པ་ཞིག

Posted on 2019-03-09 By ཁ་བརྡ 3 Comments on སེམས་ཁུར་བྱ་ཡུལ་གྱི་གནད་དོན་གསར་པ་ཞིག

རྫ་ཚེ་རིང་བཀྲ་ཤིས།

ང་ཁར་རྩང་ཉིན་གང་པོར་སིད་ནིས་གྲོང་ཁྱེར་དུ་ཡོད། ཕྱི་དྲོ་ལས་དོན་ཚོགས་འདུ་ཆུང་ཆུང་ཞིག་འཚོགས་ཚར་ནས་ཕྱིར་ནང་དུ་ཡོང་གྲབ་ཡོད་སྐབས། མི་ཁྲི་སུམ་ཅུའི་ཁྲོམ་སྐོར་གོམ་བགྲོད་ཆེན་པོ་ཞིག་དང་ལམ་ནས་ཐུག ང་ཡང་ཁོང་ཚོའི་རྗེས་ལ་གོམ་འགྲོས་ཀྱིས་གང་འཚམས་ཕྱིན། འདྲ་པར་ཡང་འགའ་ཞིག་བླངས་པ་ཡིན། ད་དུང་ངས་ཕྲིན་ཕྲན་གྱི་བར་སྟོང་དུ་ཡུལ་ངོས་ཀྱི་བརྙན་ཐུང་ངུ་ཞིག་དང་མཉམ་དུ་རྒྱ་ཡིག་གི་ལམ་ནས། ༼དོ་ནུབ་ཀྱི་སིད་ནིས་ཁྲོམ་གཞུང་། མི་ཚོགས་ནི་སའི་རྩི་ཤིང་ནམ་མཁའི་སྐར་ཚོགས་ལྟར་འདུག གོ་ཐོས་ལ་ཁྲི་བཅུ་གཉིས་(རྗེས་སུ་གསར་ལམ་ཁག་གིས་ཁྲི་སུམ་ཅུ་ཡོད་ཟེར)མཉམ་ཞུགས་བྱ་བཞིན་ཡོད་ཅིང་།

དེ་ལས་མང་བ་། “སེམས་ཁུར་བྱ་ཡུལ་གྱི་གནད་དོན་གསར་པ་ཞིག” »

བསམ་ཚུལ།

བོད་ཀྱི་ཡིག་ཟམ་འདོན་ཐེངས་བཅུ་གསུམ་པའི་རྩོམ་སྒྲིག་པའི་གཏམ།

Posted on 2019-03-08 By ཁ་བརྡ 2 Comments on བོད་ཀྱི་ཡིག་ཟམ་འདོན་ཐེངས་བཅུ་གསུམ་པའི་རྩོམ་སྒྲིག་པའི་གཏམ།

ཤེད་བུས་འོས་སྦྱོར་བྱས།
 
ང་ཚོར་གསུམ་བཅུའི་དུས་དྲན་སྲུང་བརྩི་ལ་ངོས་འཛིན་གསལ་བོ་ཞིག་དགོས། གསུམ་བཅུའི་དུས་དྲན་མི་ཤེས་པའི་མི་ཞིག་གིས་བོད་རྒྱལ་ཁབ་ཅི་ལྟར་ཤོར་བ་མི་ཤེས་ལ། རྒྱལ་བ་རིན་པོ་ཆེ་དང་བོད་མི་རིགས་ཀྱི་འབྲེལ་བའང་མི་ཤེས། གསུམ་བཅུའི་དུས་དྲན་ཅིའི་ཕྱིར་སྲུང་བརྩི་བྱས་པ་ཤེས་པ་ལ་བོད་མིའི་རང་དབང་སྒེར་ལངས་ཅིའི་ཕྱིར་ལངས་པ་ཤེས་དགོས་ཤིང་། དེ་ནི་ཕྱོགས་གཅིག་ནས་རྒྱ་དམར་སྲིད་གཞུང་གི་དབང་བསྒྱུར་ལ་ངོ་རྒོལ་གྱི་ཕྱིར་དུ་ལངས་པ་ཡིན་ཏེ། ཉིན་དེར་༼རྒྱ་དམར་བོད་ནས་ཕར་རྒྱུགས་ཤིག བོད་ཀྱི་བདག་པོ་བོད་མི་ཡིན་༽ཞེས་པའི་འབོད་སྒྲ་ཞིག་གིས་བོད་ཀྱི་རྒྱལ་སའི་གནམ་ས་ཡོངས་སུ་གཡོས་པའི་ཕྱིར། ཕྱོགས་གཅིག་ནས་རྒྱལ་བ་རིན་པོ་ཆེའི་སྐུ་སྲོག་ལ་བར་ཆད་ཡོང་དོགས་ཀྱི་འཇིགས་སྔང་གིས་ལངས་པ་ཡིན་ཏེ། རྒྱ་ནག་གིས་རྒྱལ་བ་རིན་པོ་ཆེ་དམག་སྒར་ནང་གདན་ཞུ་བྱས་པ་གསང་རྒྱ་བྱེད་

དེ་ལས་མང་བ་། “བོད་ཀྱི་ཡིག་ཟམ་འདོན་ཐེངས་བཅུ་གསུམ་པའི་རྩོམ་སྒྲིག་པའི་གཏམ།” »

བསམ་ཚུལ།

ལོ་རྒྱུས་ཀྱི་འགྱུར་ལྡོག་གི་གླེང་གཞི་ལ་གཞིགས་པའི་དྲན་ཚུལ།

Posted on 2019-03-072019-03-07 By ཁ་བརྡ 3 Comments on ལོ་རྒྱུས་ཀྱི་འགྱུར་ལྡོག་གི་གླེང་གཞི་ལ་གཞིགས་པའི་དྲན་ཚུལ།

བསོད་ནམས་འཚོ།
 
དེང་སྐབས་མི་མང་པོ་ཞིག་གིས་རང་ཉིད་ཀྱི་དྲན་ཚུལ་ཐམས་ཅད་རྒྱུ་མཚན་དུ་བཀོད་ནས་གཟུར་གནས་མཁས་པའི་སྐྱེས་ཆེན་དམ་པ་རྣམས་ཀྱི་རིག་པས་མངོན་འདོད་ཀྱི་ལོ་རྒྱུས་ཀྱི་ལམ་བུ་མངོན་དུ་འགྱུར་བར་མི་འདོད་པའི་རྣམ་འགྱུར་སྟོན་པ་ནི་་མངོན་ལྐོག་གཉིས་ན་མང་དུ་སྣང་ཡང་། བསམ་བློ་ཞིབ་ཏུ་བཏང་ན། ཁོང་རྣམས་པས་དེང་རབས་ཀྱི་འགྲོས་དང་བསྟུན་པའི་སྒོ་ནས་ང་ཚོའི་སྤྱི་ཚོགས་ཀྱི་དགོས་འདོད་བསྐོང་པའི་ཐབས་ལམ་དུ་བསྐྱོད་ཐུབ་པར་འབད་བརྩོན་བྱེད་བཞིན་ཡོད་པ་མངོན་གསལ་དོད་པོ་རེད། དོན་གྱིས་དེ་ནི་མི་མང་ལ་དངངས་སྐྲག་མེད་པའི་ཞི་བདེ་ཡི་སྤྱི་ཚོགས་ཞིག་གམ་ཕན་ཚུན་ལ་གནོད་འཚེ་མེད་པའི་བྱམས་བརྩེ་ཡི་མཐུན་ལམ་ཞིག་བསྐྲུན་འདོད་པ་དེ་རེད།

དེ་ལས་མང་བ་། “ལོ་རྒྱུས་ཀྱི་འགྱུར་ལྡོག་གི་གླེང་གཞི་ལ་གཞིགས་པའི་དྲན་ཚུལ།” »

བསམ་ཚུལ།

ཨོ་རྒྱན་གྱི་སོ་གླེང་གཞི་ཆེ་ཤོས་སུ་གྱུར་བ། གཟའ་མཇུག་གི་དེབ་ཀློག་བགྲོ་གླེང་ཞིག

Posted on 2019-03-03 By ཁ་བརྡ 4 Comments on ཨོ་རྒྱན་གྱི་སོ་གླེང་གཞི་ཆེ་ཤོས་སུ་གྱུར་བ། གཟའ་མཇུག་གི་དེབ་ཀློག་བགྲོ་གླེང་ཞིག

ཁྲོ་གཏུམ།

ཕྱི་ལོ་ ༢༠༡༩ ཟླ་ ༠༣ ཚེས་ ༠༣ ཉིན་གྱི་དགོང་དྲོར། ཨོ་གླིང་གནས་མཁར་གསར་གྱི་ན་གཞོན་ཕོ་མོ་བཅུ་གྲངས་ཤིག་གིས་པདྨ་ཚེ་བརྟན་གྱིས་བརྩམས་པའི་༼ཨོ་རྒྱན་གྱི་སོ།༽ཞེས་པའི་སྒྲུང་དེ་བཀླགས་ཤིང་། དེའི་སྐོར་ནས་སོ་སོའི་བསམ་ཚུལ་དང་གོ་བ་ལེན་ཚུལ་བཅས་

དེ་ལས་མང་བ་། “ཨོ་རྒྱན་གྱི་སོ་གླེང་གཞི་ཆེ་ཤོས་སུ་གྱུར་བ། གཟའ་མཇུག་གི་དེབ་ཀློག་བགྲོ་གླེང་ཞིག” »

བགྲོ་གླེང་།, བསམ་ཚུལ།

ཤེས་རིག་ཚོགས་ཆེན་ཐེངས་བདུན་པའི་འགོ་མཇུག་གི་མཛད་སྒོར་མཁས་པའི་ལམ་སྟོན་གསུང་བཤད་གནང་བའི་ལྟ་གྲུབ་ཀྱི་འགལ་འདུ་དང་བོད་ཀྱི་མ་འོངས་པ་གླེང་བ།

Posted on 2019-02-26 By ཁ་བརྡ 20 Comments on ཤེས་རིག་ཚོགས་ཆེན་ཐེངས་བདུན་པའི་འགོ་མཇུག་གི་མཛད་སྒོར་མཁས་པའི་ལམ་སྟོན་གསུང་བཤད་གནང་བའི་ལྟ་གྲུབ་ཀྱི་འགལ་འདུ་དང་བོད་ཀྱི་མ་འོངས་པ་གླེང་བ།

བདེན་རྒྱབ་བདེན་གནོན།
 
ཉེ་ཆར་བོད་མིའི་སྒྲིག་འཛུགས་གངས་ཅན་སྐྱིད་གཤོང་དུ་ཤེས་རིག་ཆོགས་ཆེན་ཐེངས་བདུན་པ་ཞེས་པ་ཚ་ཚ་འུར་འུར་དུ་ཚོགས་སོང་། ཚོགས་འདུའི་གྲུབ་ཆའི་ཆ་ནས་བལྟས་ན་རྒྱ་བལ་འབྲུག་གསུམ་གཙོ་གྱུར་བོད་པའི་སློབ་གྲྭ་ཁག་གི་རིག་ཚན་འདྲ་མིན་གྱི་སློབ་དགེ་རྣམ་པ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་གི་གཟའ་མཇུག་སློབ་གྲྭ་ཟེར་བ་འགའ་ཤས་ཀྱི་དགེ་རྒན་བཅས་ལས་གྲུབ་ཡོད་འདུག ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་འཆར་ཅན་ལྟར་ཕེབས་ཏེ་གསུང་བཤད་རིང་པོ་དེ་འདྲ་གནང་རྐྱང་གནང་སོང་།

དེ་ལས་མང་བ་། “ཤེས་རིག་ཚོགས་ཆེན་ཐེངས་བདུན་པའི་འགོ་མཇུག་གི་མཛད་སྒོར་མཁས་པའི་ལམ་སྟོན་གསུང་བཤད་གནང་བའི་ལྟ་གྲུབ་ཀྱི་འགལ་འདུ་དང་བོད་ཀྱི་མ་འོངས་པ་གླེང་བ།” »

བསམ་ཚུལ།

འདམ་མྱགས་ཀྱི་ཡུལ་གྲུ་ཆེན་པོ་ཞིག་ལ་ཉན་པའི་སྙན་ངག་གི་ཕྲན་བཤད།  

Posted on 2019-02-20 By ཁ་བརྡ No Comments on འདམ་མྱགས་ཀྱི་ཡུལ་གྲུ་ཆེན་པོ་ཞིག་ལ་ཉན་པའི་སྙན་ངག་གི་ཕྲན་བཤད།  

ཁྲོ་གཏུམ།
 
ཚོར་བ་གཤགས་ཤིང་སེམས་པ་མནན་ནས་ཡོང་བའི་སྙན་ངག་གི་ལྗིད་ཁོག་དེས་མི་སེམས་ཀྱི་གཏིང་དུ་འཁྱགས་སིབ་སིབ་དང་། ཚ་སོབ་སོབ་ཀྱི་ཤེས་པ་ཞིག་བཞག་འཇོག་ལ། ཁ་བྱང་ཀློག་མ་ཐག་ནས་སེམས་པར་སྐྱིད་ཅིག་འབབ་པའི་ཚོར་བ་མི་འབྱུང་ཞིང་། སྙན་ངག་གི་བརྗོད་གཞིིའི་ཞིང་ཁམས་སུ་རིམ་བཞིན་འཛུལ་དུས། དངོས་ནས་འདམ་མྱགས་ཀྱི་ཡུལ་གྲུ་ཆེན་པོ་ཞིག་ལ་ཉན་པ་དང་ཡང་དེ་ལ་ལྟ་སྐོར་དུ་སོང་བ་ལྟ་བུའི་ཚོར་བ་ཞིག་སླེབས་སོང་། སྙན་ངག་ཀློག་ནས་མཇུག་ཏུ་སླེབས་དུས་ང་རང་ད་དུང་སྙན་ངག་འདིའི་རྙོག་ཟིང་ཁྲོད་ལྷག་འདུག་པ་མ་ཟད། སེམས་པའི་གསེབ་ན་ངུ་བ་དང་། དུངས་པ།

དེ་ལས་མང་བ་། “འདམ་མྱགས་ཀྱི་ཡུལ་གྲུ་ཆེན་པོ་ཞིག་ལ་ཉན་པའི་སྙན་ངག་གི་ཕྲན་བཤད།  ” »

བསམ་ཚུལ།, སྙན་ངག

ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་ཞེས་པའི་མུ་འབྲེལ་བཀླགས་བྱང་། (9 )

Posted on 2019-02-17 By ཁ་བརྡ No Comments on ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་ཞེས་པའི་མུ་འབྲེལ་བཀླགས་བྱང་། (9 )

རོང་པོ་བློ་བཟང་རིན་ཆེན།

མདུན་གློག་བབ་ཆགས་ཤིག་གི་གཤམ་ནས། ཁོ་བོས་མཚན་མོའི་ལྷིང་འཇགས་ལ་རོལ་བཞིན་<<ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་>>གྱི་ཁ་རྩང་གི་འཕྲོ་ནས་ཀློག་འགོ་བརྩམས། དེ་རིང་གི་ཚན་པ་འདིའི་ཁ་བྱང་ལ་<<མིའི་རིགས་ཀྱི་སྐད་ཡིག་དང་རིགས་རྒྱུད་>>ཅེས་བཏགས་འདུག

ལེ་ཚན་སྔོན་མ་དག་གི་ནང་དུ་བཤད་པ་བཞིན་ས་སྒང་ཧྲིལ་པོ་འདིར་སྲོག་ཆགས་རྣམས་ཀྱི་ཐོག་མར་རྣག་ཉ་ལྟ་བུའི་ཉ་སོབ་ཀྱི་རིགས་བྱུང་ཞིང་། དེ་ནས་རིམ་གྱིས་ཕྱི་ཤིན་མཁྲེགས་པའི་དུད་འགྲོ་དང་འདབ་ཆགས་ཀྱི་རིགས་འཕེལ་འགྲིབ་ལ་བརྟེན་ནས་འགྲོ་བ་མི་བྱུང་། དེའང་གནམ་གཤིས་དང་ཁོར་ཡུག་གི་རྐྱེན་པས་རིགས་རྒྱུད་མི་འདྲ་བ་དུ་མར་གྱུར་ཅིང་།

དེ་ལས་མང་བ་། “ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་ཞེས་པའི་མུ་འབྲེལ་བཀླགས་བྱང་། (9 )” »

བསམ་ཚུལ།

ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་ཞེས་པའི་མུ་འབྲེལ་བཀླགས་བྱང་།( 8 )

Posted on 2019-02-11 By ཁ་བརྡ No Comments on ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་ཞེས་པའི་མུ་འབྲེལ་བཀླགས་བྱང་།( 8 )

རོང་པོ་བློ་བཟང་རིན་ཆེན།

ལོ་སར་གྱི་གུང་སེང་ཉིན་བཅུ་པོ་འདི་ཡུད་ཙམ་གྱི་སྣང་བ་ལས་མ་བྱུང་། ཉིན་འདི་དག་ལ་ཁང་ཚན་གཅིག་པ་ཚོ་དང་མཉམ་དུ་ཧ་ཧ་ཧོ་ཧོ་ཡི་རྒོད་སྒྲ་དང་། ཁ་མཚར་ཀུ་རེ་ཡི་གཏམ་གླེང་ཁྲོད་ནས། ཟས་ཆུ་སྣ་ལྔ་གང་འདོད་ལ་རོལ་བཞིན་ལོ་སར་གྱི་གུང་སེང་འཁྱུག་ཙམ་གྱིས་རྫོགས་སོང་། ད་ནི་རང་ཤག་ཆུང་ཆུང་འདི་ལ་གད་བདར་ཞིབ་མོ་ཞིག་བགྱིས་ཏེ་ལྷོད་ལྷོད་ངང་<<ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་>>གྱི་<<རིགས་རྒྱུད་མི་འདྲ་བར་གྲུབ་ཚུལ་>>ཞེས་པའི་ཚན་པ་འདི་བཀླག་པར་བྱ།

དེ་ལས་མང་བ་། “ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་ཞེས་པའི་མུ་འབྲེལ་བཀླགས་བྱང་།( 8 )” »

བསམ་ཚུལ།

ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་ཞེས་པའི་མུ་འབྲེལ་བཀླགས་བྱང་། (7)

Posted on 2019-02-022019-02-02 By ཁ་བརྡ 1 Comment on ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་ཞེས་པའི་མུ་འབྲེལ་བཀླགས་བྱང་། (7)

རོང་པོ་བློ་བཟང་རིན་ཆེན།

བདུན་ཕྲག་འདིའི་ནང་ཁང་ཚན་ལ་ལས་ཀ་མང་དྲགས་པས་ལྷིང་འཇགས་ངང་ནས་དཔེ་ཀློག་བྱེད་རྒྱུ་ཁྱོན་ནས་མ་བྱུང་། དེ་རིང་རེས་གཟའ་ཟླ་བའི་ངལ་གསོ་འདི་སྤྱད་ནས་སྔར་གྱི་ཀློག་འཕྲོ་<<ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་>>གྱི་<<གནའ་བོའི་མི་>>ཞེས་པའི་ལེ་ཚན་འདི་བཀླགས་པ་ཡིན།

<<གནའ་བོའི་མི་>>ཞེས་པའི་ལེ་ཚན་འདི་དེབ་ཆུང་འདིའི་ནང་དུ་ཁོ་བོས་ཀློག་པར་སྤྲོ་བའི་ཚན་པ་དུ་མ་ཡོད་པའི་གཅིག་ཡིན། གནའ་བོའི་མི་ཞེས་བསྙད་ཡོང་དུས་བདག་ཅག་གི་སྟོན་པ་དང་སྲོང་བཙན་སྒམ་པོ་སོགས་བོད་ཀྱི་བཙན་པོ་འགའ་ཞིག མི་ལས་རས་པ་དང་འཇམ་མགོན་བླ་མ་ཙོང་ཁ་པ་སོགས་བོད་ཀྱི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་རེ་ཟུང་། དགེ་འདུན་ཆོས་འཕེལ་དང་དུང་དཀར་བློ་བཟང་འཕྲིན་ལས་སོགས་ཉེ་རབས་བོད་ཀྱི་མཁས་པ་

དེ་ལས་མང་བ་། “ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་ཞེས་པའི་མུ་འབྲེལ་བཀླགས་བྱང་། (7)” »

བསམ་ཚུལ།

བོད་ཀྱི་སྐད་ཡིག་ཤེས་པའི་དགེ་མཚན་མདོར་བསྡུས།

Posted on 2019-01-31 By དགེ་རབ་ 4 Comments on བོད་ཀྱི་སྐད་ཡིག་ཤེས་པའི་དགེ་མཚན་མདོར་བསྡུས།

པདྨ་ཚེ་དབང་ཤཱསྟྲིས།
ཉེ་སྔོན་ཨ་རིའི་ནང་བོད་ཀྱི་སྐད་ཡིག་སྐོར་གྱི་བགྲོ་གླེང་ཞིག་གི་སྐབས་སུ། བོད་པའི་ན་གཞོན་ཞིག་གིས་བོད་ཀྱི་རིག་གཞུང་དང་། ཡུལ་སྲོལ་གོམས་གཤིས། རྒྱལ་རབས་ལོ་རྒྱུས་སོགས་དབྱིན་ཡིག་བརྒྱུད་ནས་སྦྱངས་པ་དང་། བོད་ཡིག་བརྒྱུད་དེ་སྦྱངས་པ་གཉིས་ལ་ཁྱད་པར་གང་ཡོད་དང་། བོད་ཡིག་ཤེས་ན་དགེ་མཚན་དམིགས་བསལ་ཅི་ཡོད་དམ། ཞེས་དྲི་བ་ཞིག་གནང་སྐབས་ཕྲན་གྱིས་བུ་རམ་གྱི་བྲོ་བ་དེ་བུ་རམ་བཟའ་མཁན་གྱིས་མྱོང་བ་ལས་རོ་ལ་འགྲེལ་བཤད་བརྒྱབ་ནས་གཞན་གྱིས་བྲོ་བ་དེ་ཇི་བཞིན་མྱོང་དཀའ་བ་དང་གཅིག་མཚུངས་རེད་ཅེས་བརྗོད་པ་ཙམ་ལས། མང་པོ་ཤོད་རྒྱུའི་གོ་སྐབས་མ་བྱུང་། འོན་ཀྱང་དྲི་བ་དེ་མ་བརྗེད་པར་ཡིད་ལ་ཡང་ཡང་འཁོར་ཙང་། རང་གི་རྨོངས་འཆར་ཇི་ཡོད་འདིར་བཀོད་པ་ཡིན།

དེ་ལས་མང་བ་། “བོད་ཀྱི་སྐད་ཡིག་ཤེས་པའི་དགེ་མཚན་མདོར་བསྡུས།” »

བསམ་ཚུལ།

ཝཱ་ཎའི་སློབ་དཔོན་ཞིག་གི་བཀའ་ལ་གྱེན་ལོག

Posted on 2019-01-19 By ཁ་བརྡ 9 Comments on ཝཱ་ཎའི་སློབ་དཔོན་ཞིག་གི་བཀའ་ལ་གྱེན་ལོག

ཉི་མའི་འབངས།

ཉིན་འགའི་སྔོན་དེར། ཝཱ་ཎ་མཐོ་སློབ་ཀྱི་སློབ་དཔོན་རྒན་བེ་རི་འཇིགས་མེད་དབང་རྒྱལ་ལགས་ཀྱིས་ཁོ་རང་གི་ངོ་དེབ་ཐོག པྲ་ཏི་རིན་ཆེན་དོན་གྲུབ་ཀྱི་«སུམ་ཅུ་པའི་རྣམ་བཤད་ཀུན་བཟང་དགོངས་རྒྱན་» དུ། « གང་མང་མཐའ་ན་བརྒྱད་པ་གནས། །དེ་ལ་གཉིས་པ་ཨུ་ཡང་སྦྱར། །» ཞེས་པའི་ཐད་ཀྱི་རྣམ་གླིང་པའི་བཤད་པ་ཞིག་འགོག་པའི་སྐབས་ཀྱི་རྟེན་གཞིའི་སྒྲ་ཡིན་པ་མི་འཐད་དེ། ཨུ་སྦྱོར་བའི་བྱ་བ་དངོས་སུ་བྱེད་པའི་གཞི་ད་ཡིག་ཡིན་པར་རྟོགས་སླ་བའི་ཕྱིར་རོ་ཞེས་པ་མ་དག་ཅིང་། ཞོལ་པར་ནང་ཨུ་སྦྱོར་བའི་བྱ་བ་དངོས་སུ་བྱེད་པའི་གཞི་ར་ཡིག་ཡིན་པར་རྟོགས་སླ་བའི་ཕྱིར་རོ་ཞེས་གསལ་ཞིང་། དེ་ཉིད་དག་པའི་དགོངས་ཚུལ་ཞིག་གསུངས་འདུག་པ་མ་ཟད། འདི་ནི་མི་ལོ་ཉི་ཤུའི་རིང་ལ་ཁོང་གིས་མ་རྟོགས་ཤིང་། གཞན་ལ་ལོག་པར་འགྲེལ་བའི་དོན་དག་ཅིག་གཞི་ནས་གསེད་བཀྲོལ་ཐུབ་པ་ཡིན་ཚུལ་བཀོད་འདུག

དེ་ལས་མང་བ་། “ཝཱ་ཎའི་སློབ་དཔོན་ཞིག་གི་བཀའ་ལ་གྱེན་ལོག” »

བསམ་ཚུལ།

ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་ཞེས་པའི་མུ་འབྲེལ་བཀླགས་བྱང་།(5)

Posted on 2019-01-19 By ཁ་བརྡ 3 Comments on ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་ཞེས་པའི་མུ་འབྲེལ་བཀླགས་བྱང་།(5)

རོང་པོ་བློ་བཟང་རིན་ཆེན།

དེ་རིང་གཞལ་ཡས་ཁང་ལ་འགྲན་པའི་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་འདུ་ཁང་གསར་པའི་ནང་དུ་མཁན་རིན་པོ་ཆེ་དབུ་བཞུགས་ཐོག ལོ་འདིའི་དགེ་བཤེས་ལྷ་རམས་པ་ཉེར་བཞི་དང་ཚོགས་རམས་པ་བཞི་བཅུ་ལྷག་དམ་བཅར་བཞུགས་ཏེ་གཞུང་ཆེན་བཀའ་པོད་ལྔ་ལ་བརྒལ་ལན་དབུ་འཛུགས་མཛད། ང་རང་གྲལ་མཐར་ཡོད་པས་བརྒལ་ལན་གྱི་དཀའ་གནད་དག་དེ་ཙམ་གསལ་པོ་མི་གོ། དེ་ནས་ངས་<<ཡབ་ཀྱི་བུ་མོར་སྤྲིངས་པའི་འཕྲིན་>>ཞེས་པའི་དེབ་ཆུང་དེའི་ཁ་ཕྱེས་ཏེ་<<སྲོག་ཆགས་དེ་ཚོ་མངོན་འགྱུར་བྱུང་བ་>>ཞེས་པའི་ལེ་ཚན་འདི་ཀློག་འགོ་བརྩམས།

འདིར་“རྣག་ཉ་ལྟ་བུའི་ཉ་སོབ་དང་སྐམ་སར་ལས་སླ་པོའི་ངང་གནས་སྡོད་མི་ཐུབ་པའི་རིགས་གཏོགས་ཀྱི་སྲོག་ཆགས་ཚང་མ་རིམ་གྱིས་ཇེ་ཉུང་དུ་ཕྱིན་པ་དང་།

དེ་ལས་མང་བ་། “ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་ཞེས་པའི་མུ་འབྲེལ་བཀླགས་བྱང་།(5)” »

བསམ་ཚུལ།

བོད་ནང་ནས་ཨ་རིའི་དོན་གཅོད་ལ་ལན་འདི་བསྐུར་འདུག

Posted on 2019-01-182019-01-18 By tenzin 9 Comments on བོད་ནང་ནས་ཨ་རིའི་དོན་གཅོད་ལ་ལན་འདི་བསྐུར་འདུག
བོད་ནང་ནས་ཨ་རིའི་དོན་གཅོད་ལ་ལན་འདི་བསྐུར་འདུག “ཨ་རིའི་སྐུ་ཚབ་དེས་༼དོན་གཅོད་དངོས་གྲུབ་ཚེ་རིང་ལགས།༽མི་དམངས་ཀྱི་ཞལ་འདེབས་ལྐོག་ཟ་རུལ་སུངས་བྱ་རྩིས་མ་རེད་པས།”ཟེར།
གངས་ཀྱི་རྭ་བ། ༼སྐད་འཕྲིན་བརྒྱུད་བོད་ནས་འབྱོར།༽

དྲི་བ།

རྒན་ལགས། ཨ་རིའི་ཕ་གིའི་སྐུ་ཚབ་དེས། མི་དམངས་ཀྱིས་ཞལ་འདེབས་ཨ་སྒོར་ཁྲི་དགུ་བརྒྱབ་པ་དེ་ལ། བྱུང་འཛིན་ལས་ཤོག་མེད་པ། ཐམ་ག་མེད་པ། ཤོག་བུ་རྩབ་རལ་ཞིག་གི་སྟེང་ལ་གནང་བ་དེར་དངོས་གནས་ཧང་སངས་སོང་། འདི་གར་ཇ་ཁང་ནང་ལ་དེའི་སྐོར་ལ་བགྲོ་གླེང་ཚ་པོ་བྱེད་ཀྱི་འདུག མང་ཆེ་བས་ད་ཚར་འདུག རུལ་ཚར་ཤག་ཟེར། སེམས་སྐྱོ་ཡས་རེད་འདུག དངོས་ནས་ཕ་གིར་ཚར་ཚར་འདུག སེམས་སྐྱོ་བ་ལ། མི་དམངས་ཀྱི་ཞལ་འདེབས་ལྐོག་ཟ་རུལ་སུངས་བྱ་རྩིས་མ་རེད་པས།

རྒན་ལགས། དངོས་གནས་ཕ་གིའི་སྤྱི་ཚོགས་དེ་འདི་འདྲས་རེ་བ་མེད་

དེ་ལས་མང་བ་། “བོད་ནང་ནས་ཨ་རིའི་དོན་གཅོད་ལ་ལན་འདི་བསྐུར་འདུག” »

བསམ་ཚུལ།

འཐུས་ཤོར།

Posted on 2019-01-14 By ཁ་བརྡ 15 Comments on འཐུས་ཤོར།

གྲུ་ཟུར་གྱི་ཨ་མཆོད།

ཉེ་བའི་ཆར་དྲ་བའི་སྤྱི་ཚོགས་ཐོག་འཛིན་སྐྱོང་བཀའ་ཤག་གིས་ཅིག་ཅིག་འཐུས་ཤོར་སོང་བ་དང་ཉིག་ཉིག་འཐུས་ཤོར་སོང་མེད་པའི་བགྲོ་གླེང་གི་ཚ་རླབས་ཤིག་འཕྱུར་བཞིན་པ་རེད། འདིར་ཁོ་བོའི་བོད་ཀྱི་སྐད་ཡིག་དང་འབྲེལ་ནས་འདིའི་ཆ་ཤས་ཤིག་ལེན་འདོད་བྱུང་།

སྐད་ཡིག་ནི་མི་རིགས་ཀྱི་སྲོག་རྩ་ཡིན་ཞེས་ཁ་གཅིག་གྲགས་སུ་ཀུན་གྱིས་སྒྲོག གལ་སྲིད་དེ་ཡིན་ན་བོད་མི་རིགས་ཀྱི་སྐད་ཡིག་ནི་བོད་མི་རིགས་ཀྱི་སྲོག་རྩ་ཡིན་དགོས། དེ་ཡིན་ན་བོད་མི་རིགས་ཀྱིས་རང་གི་སྲོག་རྩ་ལ་བདག་པོ་རྒྱག་དགོས། ཁོ་བོས་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་བཀའ་ཤག་སྐབས་བཅོ་ལྔ་བའི་སྐབས་སུ་སྲོག་རྩ་འདི་ལ་བདག་པོ་རྒྱག་པར་འཐུས་ཤོར་འགྲོ་གི་ཡོད་པར་ཚོར། དེ་ནི་བོད་གཞུང་གིས་བོད་ཡིག་བཀོལ་སྤྱོད་ལ་ཤུགས་རྒྱག་པའི་

དེ་ལས་མང་བ་། “འཐུས་ཤོར།” »

བསམ་ཚུལ།, སྣ་ཚོགས།

བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་རང་དབང་ཅན་གྱི་གསར་འགྱུར་རིག་པ་ ( MEDIA )ཉུང་བའི་སྐྱོན།

Posted on 2019-01-14 By ཁ་བརྡ No Comments on བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་རང་དབང་ཅན་གྱི་གསར་འགྱུར་རིག་པ་ ( MEDIA )ཉུང་བའི་སྐྱོན།

ཚེ་དབང་བསོད་ནམས་ནས།

མང་གཙོའི་སྒྲིག་འཛུགས་ནང་རང་དབང་ཅན་གྱི་གསར་འགྱུར་རིག་པ་་ ( Media ) དེ་གལ་ཆེར་བརྩི་བཞིན་པ་ནི་འཛིན་སྐྱོང་གི་ལས་དོན་ཕྱི་གསལ་ནང་གསལ་ཐུབ་པའི་རྒྱུད་ལམ་དང་མི་མང་གི་བསམ་ཚུལ་དང་རྣམ་སྤྱོད་ཀྱིས་ནུས་པ་འདོན་སའི་རྒྱུད་ལམ་རང་དབང་ཅན་གྱི་གསར་འགྱུར་རིག་པའི་དཔུང་སྡེ་དགོས་པ་ནི་མང་གཙོའི་ཀ་བ་བཞི་པ་དེ་གསར་འགྱུར་རིག་པ་ ( Media ) དེ་ཡིན་པ་དང་ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་རང་དབང་ཅན་གྱི་གསར་འགྱུར་རིག་པའི་དཔུང་སྡེ་མེད་པ་ནས་མི་མང་གི་བསམ་ཚུལ་འདོན་སའི་གླེང་སྟེག་མེད་པ་འདིའི་བཙན་བྱོལ་མི་མང་གི་བསམ་བློའི་གནས་ཚད་དང་རྒྱལ་ཡོངས་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་པའི་རྒྱུད་ལམ་མེད་པ་ནས་བླུན་པོའི་ཆུ་སྣ་གང་འཁྲིད་བཞིན་དུ་མི་མང་འཚོ་དགོས་པ་ནི་དུས་རབས་ཀྱི་རྗེས་མ་ཟིན་བའི་སྤྱི་ཚོགས་ང་ཚོ་ལྟབུ་མང་པོ་འཛམ་གླིང་འདིར་ཡོད་སྲིད་པ་དང་གཞུང་འབྲེལ་

དེ་ལས་མང་བ་། “བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་རང་དབང་ཅན་གྱི་གསར་འགྱུར་རིག་པ་ ( MEDIA )ཉུང་བའི་སྐྱོན།” »

བསམ་ཚུལ།

དོན་གཅོད་མཚོ་སྒོ་ལྷག་པའི་གོང་ལ་དཔལ་འབྱོར་ཚེ་རིང་ཡོད།

Posted on 2019-01-12 By ཁ་བརྡ 8 Comments on དོན་གཅོད་མཚོ་སྒོ་ལྷག་པའི་གོང་ལ་དཔལ་འབྱོར་ཚེ་རིང་ཡོད།

བོད་པས་བྲིས།

ལབ་སྲོལ་དུ<སིད་ནེ་བོད་རིགས་མཐུན་ཚོགས>ཞེས་པའི་རྒྱུན་ལས་སྐབས་དགུ་པའི་དུས་སུ་དེབ་སྐྱེལ་བྱས་ཤིང་རྒན་རྡོ་རྗེ་ལགས་ཀྱིས་གཙོ་འཁན་འཁུར་པའི་<ཨོ་སི་ཀྲེ་ལེ་ཡའི་བོད་ཁང>འཛུགས་བསྐྲུན་བྱ་རྒྱུའི་ལས་མགོ་བཙུགས། གཞན་གྱི་ལས་བཟང་བསྒྲུབ་པར་ཕྲག་དོག་དང་ཕྱོགས་ལྷུང་། གཡོ་སྒྱུའི་སྡེར་མོ་སྤུ་གསེང་དུ་སྦོས་པའི་ཞེན་ཀོག་རྐམ་པོ་ཅན་ཚོས། འདི་གར་བོད་སྤྱི་བའི་བྱ་བ་གང་བྱས་ཀྱང་ <སིད་ནེ་བོད་རིགས་མཐུན་ཚོགས>ལས་གཞན་གང་གིས་བྱས་མི་ཆོག་པ། བོད་ཁང་ཡང་སྒེར་བ་ལ་བདག་འགྲོ་བ་སོགས་གླེང་ཕྱོགས་ཕྲུན་བུ་རེ་བཟོ་བཞིན་ཡོད། རྒྱུན་ལས་སྐབས་དགུ་པའི་ལས་ཡུན་ལོ་གཉིས་ཟིན་པ་དང་རྒྱུན་ལས་སྐབས་བཅུ་པ་གདམས། སྒྲིག་གཞི་ལྟར་ན་ཚོགས་གཙོ་རྒྱུན་ལས་ཚོས་འོས་འདེམས་བྱེད་དགོས་ཀྱང་། འཇིགས་མེད་རྡོ་རྗེ་ཡིས་ཁོ་རང་འོས་གྲངས་མཐོ་ཤོས་ཡིན་པས་ཚོགས་གཙོ་ཡིན་ཤག་གིས་རྒྱུན་ལས་རྣམས་ལ

དེ་ལས་མང་བ་། “དོན་གཅོད་མཚོ་སྒོ་ལྷག་པའི་གོང་ལ་དཔལ་འབྱོར་ཚེ་རིང་ཡོད།” »

བསམ་ཚུལ།

བོད་མི་རིགས་ཀྱི་ལས་དབང་འཕེལ་འགྲིབ་ལ་དཔྱད་པའི་གཏམ།

Posted on 2019-01-09 By ཁ་བརྡ 2 Comments on བོད་མི་རིགས་ཀྱི་ལས་དབང་འཕེལ་འགྲིབ་ལ་དཔྱད་པའི་གཏམ།

གཞུང་པ་ཚེ་དབང་བསོད་ནམས་ནས།
 
འཇིག་རྟེན་གྱི་ས་གཞི་་ཆེན་པོ་འདི་ཆགས་པ་ནས་མི་གི་འགྲོ་བ་འཕེལ་བའི་རྒྱུད་རིམ་ལ་ཕྱི་མིག་བལྟ་སྐབས་མི་རིགས་དང་ས་ཁོངས་བདག་དབང་རྒྱུད་ནས་མི་རིགས་སོ་སོར་དབང་བའི་ས་ཆ་དང་མི་རིགས་དེ་མཉམ་དུ་འཚོ་ཐུབ་པའི་སྒྲིག་འཛུགས་སམ་སྲིད་གཞུང་དེའི་འགན་ཁུར་འོག་སྲིད་གཞུང་དེ་ལ་འགོ་འཁྲིད་མཁན་གྱི་རྒྱལ་པོ་འམ་དཔོན་པོ་མི་རྗེ་སོགས་ཐ་སྙད་འདྲ་མིན་གྱི་འོག་ཏུ་མི་རིགས་རང་ཉིད་འཚོ་གནས་ཐུབ་པའི་འཚོ་བའི་མདུན་ལམ་དུ་ས་ཞིང་འདེབས་ལས་དང་དུད་འགྲོ་སེམས་ཅན་གསོ་སྐྱོང་ཚོང་ལས་སོགས་མི་རིགས་ཞིག་གསོོན་ཉམས་ཐུབ་པའི་སྐད་ཡིག་དང་རིག་གཞུང་སོགས་ཐུན་མོང་མ་ཡིན་པའི་ཤེས་རིག་གི་མདུན་ལམ་དེ་དག་མི་རིགས་ཚང་མར་གཅིག་རྒྱུར་དུ་ཡོད་པ་ནས་བོད་མི་རིགས་འདི་ཡང་སྐད་ཡིག་དང་རིག་གཞུང་གི་སྲོལ་བཟང་མ་དར་སྔོན་གྱི་ལོ་རྒྱུས་ནི་འཛམ་གླིང་གི་ལུང་པ་ཚང་མ་གཅིག་མཚུངས་ལྟར་རྡོའི་དུས་རབས་ནས་ཟངས་ཀྱི་དུས་རབས་སོགས་

དེ་ལས་མང་བ་། “བོད་མི་རིགས་ཀྱི་ལས་དབང་འཕེལ་འགྲིབ་ལ་དཔྱད་པའི་གཏམ།” »

བསམ་ཚུལ།

རྒྱ་གར་ནས་གཟབ་དགོས་ས་བཅུ།

Posted on 2019-01-05 By ཁ་བརྡ 5 Comments on རྒྱ་གར་ནས་གཟབ་དགོས་ས་བཅུ།

ཐེ་བོ་སངས་རྒྱས།

༡ བ་ལང་གི་ཤ་ཟ་བའམ་རྡུང་རྡེག་རིགས་ལ་འཛེམ་དགོས། ཧིན་ངྷིའི་ཆོས་ལུགས་ལས་བ་ལང་དག་ལྷ་ལ་བཀུར་བས་སོ།།

༢ གང་སར་ཆང་རག་བཏུང་བའམ་ཐ་མག་འཐེན་ན་ཉེས་ཆད་ཕོག་ངེས། སྐྱུར་དད་ཅན་ཚོས་ཆང་ཕོར་ཚགས་པར་གྱིས་བཏུམས་ནས་ལྐོག་ལྐོག་སུད་སུད་ཀྱིས་འཐུང་བར་བྱེད།

༣ རྒྱ་གར་གྱི་བུད་མེད་རྣམས་ལ་ཕྱག་འཇུ་གཏོང་མི་རུང་ལ། མེ་འཁོར་དང་། སྤྱི་སྤྱོད་རླངས་འཁོར་སོགས་སུ་བུད་མེད་སྡོད་སར་གང་བྱུང་དུ་བསྡད་མི་ཆོག

དེ་ལས་མང་བ་། “རྒྱ་གར་ནས་གཟབ་དགོས་ས་བཅུ།” »

ངོ་སྤྲོད།, བསམ་ཚུལ།

བོད་རྒྱའི་འབྲེལ་ལམ་ལ་དཔྱད་པའི་གཏམ།

Posted on 2019-01-05 By ཁ་བརྡ No Comments on བོད་རྒྱའི་འབྲེལ་ལམ་ལ་དཔྱད་པའི་གཏམ།

ཚེ་དབང་བསོད་ནམས

ཕྱི་ལོ་༡༩༥༡ ལོར་བོད་རྒྱ་གཉིས་བར་བཞག་པའི་གྲོས་མཐུན་དོན་ཚན་བཅུ་བདུན་ནང་བོད་ས་གནས་སྲིད་གཞུང་ཟེར་བའི་ཐ་སྙད་དེ་འཁོད་པ་ནས་རྒྱ་ནག་གི་བོད་དེ་ས་གནས་ཀྱི་སྲིད་གཞུང་ ( REGIONAL GOVERNMENT )་ལ་ངོས་འཛིན་གནང་ཡོད་པ་དང་ང་ཚོའི་ངོས་ནས་གནད་འགག་ཡོོད་པའི་ཆབ་སྲིད་ཀྱི་ཐ་སྙད་དེ་ཟིན་མ་ཐུབ་ནས་དབུ་མའི་ལམ་གྱི་དགོས་འདུན་ནང་ ༼ བོད་ས་གནས་སྲིད་གཞུང་ ༽ ཟེར་བའི་ཐ་སྙད་དེ་འཇུག་མ་ཐུབ་པ་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་ནང་གསལ་བའི་རང་སྐྱོང་གི་གནས་བབས་ཚད་ལྡན་ཞིག་དགོས་ཟེར་བའི་དགོས་འདུན་སྟོན་པ་ནི་བོད་རྒྱ་གཉིས་བར་བཞག་པའི་གྲོས་མཐུན་དོན་ཚན་བཅུ་བདུན་ནང་འཁོད་པའི་བོད་ས་གནས་སྲིད་གཞུང་ཟེར་བའི་ཐ་སྙད་ལ་ང་ཚོའི་འགན་ཁུར་མ་ཐུབ་ནས་

དེ་ལས་མང་བ་། “བོད་རྒྱའི་འབྲེལ་ལམ་ལ་དཔྱད་པའི་གཏམ།” »

བསམ་ཚུལ།

དུས་རབས་དང་བསྟུན་ནས་ཕྲུ་གུའི་རྒྱུད་ལ་ཤེས་ཡོན་སློབ་འཁྲིད་གནང་རྒྱུ་དེ་གལ་ཆེན་ཡིན་པའི་ངོས་འཛིན་ཞུ་གི་ཡོད།

Posted on 2019-01-05 By ཁ་བརྡ No Comments on དུས་རབས་དང་བསྟུན་ནས་ཕྲུ་གུའི་རྒྱུད་ལ་ཤེས་ཡོན་སློབ་འཁྲིད་གནང་རྒྱུ་དེ་གལ་ཆེན་ཡིན་པའི་ངོས་འཛིན་ཞུ་གི་ཡོད།

ཚེ་དབང་བསོད་ནམས་ནས

སྔ་མོའི་དུས་སུ་རང་རེ་བོད་ཡུལ་དུ་ཆོས་ཕྱོགས་ཀྱི་སློབ་གཉེར་ཁང་དགོན་པ་གྲཱ་ཚང་ལས་དེང་དུས་དང་འདྲ་བའི་སློབ་གྲ་སོགས་ཤེས་ཡོན་གྱི་སྒྲིག་འཛུགས་སམ་གཏི་གནས་མེད་པ་ནས་ཁྱིམ་ཚང་གི་ནང་ལས་དང་ཞོར་དུ་ཕྲུ་གུ་ཚོར་ཡིག་གེ་བྲིས་ཀློག་དངརྩིས་སོགས་ཕ་མ་ཡིག་གེ་ཤེས་མཁན་ཡིན་ན་ཕ་མ་ནས་སྔ་དགོང་སློབ་འཁྲིད་བྱེད་པ་དང་ཕ་མ་ཡིག་རྩིས་མི་ཤེས་མཁན་ཡིན་ན་གྲོང་པ་ཁྱིམ་ཚེས་སམ་ཡུལ་མི་ཡིག་རྩིས་ཤེས་མཁན་སར་བཏང་སྟེ་ཡིག་གེ་འབྲི་ཀློག་དང་རྩིས་སོགས་སློབ་འཁྲིད་གནང་བཞིན་པ་དང་དེ་ཡང་ཁྱིམ་ཚང་དྲག་གྲས་ལས་ཁྱིམ་ཚང་ཉམས་ཆུང་འབྱོར་མེད་གྲལ་རིམ་གྱི་ཕྲུ་གུ་ཚོར་ཡིག་རྩིས་སྦྱོང་རྒྱུའི་གོ་སྐབས་ལྟ་ཅི་མི་ཚེ་ཧྲིལ་པོ་མི་གཡོག་དང་ཁྱིམ་ཚང་གི་ནང་ལས་དང་སྒོ་ཕྱུགས་འཚོ་སྐྱོང་་ཞིང་ལས་སོགས་ལ་མི་ཚེ་རྫོགས་ནས་ཕ་ཐོག་བུ་ཐོག་ལ་ཤེས་རྨོངས་གྲལ་རིམ་ནང་ལྷག་ནས་མི་ཚེ་འཚོ་བཞིན་པ་དང་ཕྱི་ལོ་ ༡༩༥༩

དེ་ལས་མང་བ་། “དུས་རབས་དང་བསྟུན་ནས་ཕྲུ་གུའི་རྒྱུད་ལ་ཤེས་ཡོན་སློབ་འཁྲིད་གནང་རྒྱུ་དེ་གལ་ཆེན་ཡིན་པའི་ངོས་འཛིན་ཞུ་གི་ཡོད།” »

བསམ་ཚུལ།

Posts pagination

Previous 1 … 28 29 30 … 63 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (17)
  • ན་ཟུག (7)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme