འཕྲོག་བྱེད་དབང་པོ།
སྲིད་སྤྱིའི་འོས་བསྡུའི་མཚམས་རེར་སླེབས་པ་ན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཆུང་ཆུང་འདིར་རྒྱུན་ལྡན་དང་མ་འདྲ་བའི་གཡོ་འགུལ་སྣ་ཚོགས་ཐེབས་ཀྱི་ཡོད། དེ་ནི་མི་མང་ཆེ་བས་རང་ཉིད་ཀྱི་ཚོར་བའི་མགོ་གནོན་མ་ཐུབ་པར་ཁུངས་མེད་ཀྱི་གཏམ་གླེང་སྣ་ཚོགས་སྤེལ་གྱི་ཡོད་པར་མ་ཟད། སྲིད་སྐྱོང་འོས་མི་འགའ་ཤས་ཀྱིས་མང་ཚོགས་ནང་འཁྲུགས་ཐེབས་པའི་གཏམ་གླེང་སྣ་ཚོགས་སྤེལ་གྱི་ཡོད་པ་དང་འབྲེལ་བ་ཆེན་པོ་ཡོད་ངེས་སྙམ། མཐའ་ན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ཤོག་ཀྱང་རྫུན་བཟོ་བྱས་ཏེ་རང་གི་ཤོག་ཁག་རྒྱལ་ཐབས་ཀྱིི་ལག་ཆར་བེད་སྤྱོད་བྱེད་པའི་ཚད་དུ་སླེབས་ཡོད། ང་ཚོའི་སྤྱི་ཚོགས་ནང་བྱུང་དང་
དེ་ལས་མང་བ་། “གཡོ་འཁྱོམ་ཆེ་བའི་དུས་སྐབས་འདིར་མཁོ་བ་ནི་མི་དྲང་ཚུགས་དང་ལྷག་བསམ་ལྡན་པ་ཞིག་ཡིན།” »
པ་སངས་ཚེ་རིང་།
སླར་བོད་མི་ཆིག་སྒྲིལ་ཚོགས་པར་བཅར་ནས་ཚོགས་གཙོ་གཞོན་གཉིས་གཙོས་སྤུན་ཟླ་ཚང་མར་འཚམ་འདྲི་བཀྲ་ཤིས་བདེ་ལེགས་ཞུ། དེ་སྔོན་བོད་ཀྱི་ལོ་རྒྱུས་ཐོག་གི་ཚབ་མཚོན་བུད་མེད་ཕུལ་བྱུང་གསུམ་གྱི་སྐོར་བསྡུས་ཙམ་ཞུས་ཡོད། ད་ང་རང་དགའ་སའི་བཙན་བྱོལ་ནང་གི་ཨ་མ་ཕྲེང་རིང་རིན་ཆེན་སྒྲོལ་མ་དང་རིན་ཆེན་མཁའ་འགྲོ་གཉིས་ཀྱི་སྐོར་བསྡུས་ཙམ་རེ་ཞུ་འདོད།
ད་ལྟ་རྒྱ་གཞུང་གིས་ཆེས་མི་འདོད་པ་བྱ་ཡུལ་གཙོ་བོ་ཞིག་ནི་བོད་ས་ཡོངས་རྫོགས་གཅིག་ཏུ་སྒྲིལ་པ་ཞེས་པ་དེ་ཡིན་ཞིང་། བོད་ས་ཡོངས་རྫོགས་གཅིག་བསྒྲིལ་བྱ་རྒྱུའི་བསམ་བློ་ནི་བོད་མིའི་ཁྲོད་རང་བཙན་གཙང་མའི་རེ་འདུན་ཡོད་མཁན་དང་། དབུ་མའི་ལམ་གྱི་ལངས་ཕྱོགས་འཛིན་མཁན་གྱི་བོད་རིགས་སྤུན་ཟླ་ཚང་མས་བློས་གཏོང་གཏན་ནས་བྱེད་ཐབས་མེད་པའི་ཐུན་མོང་གི་མངོན་འདོད་གཙོ་བོ་དེ་རེད།