Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དོ་ཧ་གནམ་ཐང་མ།

Posted on 2015-07-032015-07-03 By ཡེ་ཤེས་ 10 Comments on དོ་ཧ་གནམ་ཐང་མ།

ཀླུ་སྨྱོན་ཁྲག་འཐུང་གླིང་པ།

AA13སྨྲ་བསམ་བརྗོད་དུ་མེད་པ་སེམས་ཉིད་ཀྱི་རང་བཞིན།།
སྔོན་གོམས་གཤིས་ལ་ཉལ་བའི་ཉི་འོད་ཀྱི་ཐིག་ལེ།།
བདེ་ཆེན་མེ་རུ་འབར་བ་ཉམས་རྟོགས་ཀྱི་རྦ་རླབས།།
སྙིང་གི་དྲོད་དུ་འཁྱིལ་བ་སྔགས་སྨྱོན་གྱི་གཟི་བྱིན།།
རྩ་གསུམ་ཐུགས་རྗེ་མཚམས་སྤྲིན་དམར་སེར་གྱི་ཀློང་ནས།།
ཐོལ་བརྒལ་ཡེ་ཤེས་ཉི་མ་འབུམ་ཕྲག་གི་འོད་རྣོན།།

དེ་ལས་མང་བ་། “དོ་ཧ་གནམ་ཐང་མ།” »

སྙན་ངག

ཇ་རྟ་གནའ་ལམ་སྟེང་གི་ས་རྡུལ།

Posted on 2015-06-182015-06-18 By ཡེ་ཤེས་ 10 Comments on ཇ་རྟ་གནའ་ལམ་སྟེང་གི་ས་རྡུལ།

ཀླུ་སྨྱོན།

 
རྒྱང་རིང་དུ་འཐེན་པའི་ནག་ཐིག་དེ་ནི་ཇ་རྟ་གནའ་ལམ་རེད། ལམ་དེའི་སྟེང་དུ་ཁྱོད་ཀྱི་མེས་པོ་གོང་མ་ཚོའི་རྣམ་ཤེས་དང་ཟུངས་ཁྲག ད་དུང་མིག་ཆུ་དང་སྐྱོ་གདུང་ཡང་འཐིམས་ཡོད། སྐད་ཆ་འདི་དག་མི་སྣ་སུས་དུས་ཚོད་ནམ་ཞིག་ལ་བརྗོད་པ་གསལ་བོ་མི་དྲན་ཅིང་། གནའ་ལམ་འདིའི་སྟེང་དུ་ཉིན་རྒྱུན་འཐིབ་པའི་ས་རྡུལ་སྐྱ་བོ་དེ་ཁོ་ན་ངའི་དྲན་འཛིན་གྱི་མེ་ལོང་ཆེན་པོ་དེའི་ངོར་བབས་འདུག
སྒེའུ་ཁུང་གི་ཕྱི་རོལ་དུ་དབྱར་ཟླ་དྲུག་པའི་ལྗོན་ཤིང་དང་མེ་ཏོག་གི་མཛེས་སྡུག་འབར་བཞིན་ཡོད་ལ། སེམས་གཏིང་གི་ཁྲོན་པ་དེའི་ནང་དུ་ལྕེབས་ཟིན་པའི་མི་གཤིན་པོ་དེ་དག་ཀྱང་

དེ་ལས་མང་བ་། “ཇ་རྟ་གནའ་ལམ་སྟེང་གི་ས་རྡུལ།” »

ལྷུག་རྩོམ།

གཟན་དམར་པོ་ཞིག་བོར་བའི་གཏམ་རྒྱུད།

Posted on 2015-06-132015-06-13 By ཡེ་ཤེས་ 12 Comments on གཟན་དམར་པོ་ཞིག་བོར་བའི་གཏམ་རྒྱུད།

ཀླུ་སྨྱོན།

 
རི་སྐེད་སྨུག་པ་འཕྱུར་བའི་རྫ་ལུང་ན།།
རྫི་མོའི་ལ་གཞས་སྙན་པའི་ཡང་ལུང་ན།།
གཞོན་ནུའི་བརྩེ་དུང་འཁྱིལ་བའི་ཨ་ལུང་ན།།
ཨ་ལགས་ལོ་ཆུང་ཞིག་གི་གཏམ་རྒྱུད་བཞུར།།
མདང་ནུབ་ཆར་བ་བབས་པའི་སྨུག་རླངས་ཀྱིས།།
ད་ནངས་མེ་ཏོག་སྟོང་གི་འདབ་མ་བཀྲུས།།

དེ་ལས་མང་བ་། “གཟན་དམར་པོ་ཞིག་བོར་བའི་གཏམ་རྒྱུད།” »

སྙན་ངག

རྗེ་ཙོང་ཁ་པ་དང་ལྷོ་བྲག་གྲུབ་ཆེན་གྱི་འབྲེལ་བའི་སྐོར་གླེང་བ།

Posted on 2015-03-312019-12-14 By ཡེ་ཤེས་ 20 Comments on རྗེ་ཙོང་ཁ་པ་དང་ལྷོ་བྲག་གྲུབ་ཆེན་གྱི་འབྲེལ་བའི་སྐོར་གླེང་བ།

ཀླུ་སྨྱོན།
—སྒོ་ཤེར་གྱི་དེབ་“སྐྱེས་ཆེན་གྱི་བཞུད་ལམ་”བཀླགས་རྗེས་ཀྱི་གཏམ།

 
སྒོ་ཤེར་ལགས་ཀྱི་རྩོམ་དེབ་སྔ་ཕྱི་རྣམས་བོད་ཕྱི་ནང་གང་སར་ཀློག་མཁན་མང་པོ་ཡོད་པའི་དཔེ་དེབ་ཀྱི་གྲས་སུ་ཚུད་ཡོད་པ་མ་ཟད། སྔ་ལོར་ཀླུ་སྨྱོན་རྩོམ་རིག་བྱ་དགའི་འོས་མིར་ཡང་ཁོང་བདམས་པ་རེད། ཡིན་ཡང་ཁོང་གིས་ཁེངས་སྐྱུངས་གནང་སྟེ་བྱ་དགའ་ཆུང་ཆུང་འདི་བཞེས་མེད། ཡིན་ན་ཡང་ཁོང་གིས་བྱ་དགའ་འདི་མ་བཞེས་པ་དེ་ཙམ་གྱིས་ཁོང་གི་ཤེས་རབ་ལས་མཆེད་པའི་རྩོམ་དེབ་ཀློག་རྒྱུར་དགའ་བའི་ཁོ་བོའི་འདུན་པ་དྲག་པོ་དེ་ནམ་ཡང་བསྒྱུར་དུ་མེད་པ་ཞིག་ཡིན།

དེ་ལས་མང་བ་། “རྗེ་ཙོང་ཁ་པ་དང་ལྷོ་བྲག་གྲུབ་ཆེན་གྱི་འབྲེལ་བའི་སྐོར་གླེང་བ།” »

དཔྱད་རྩོམ།

དཔྱིད་མགོའི་སྙན་ངག་ཚན་པ་འགའ།

Posted on 2015-03-302015-03-31 By ཡེ་ཤེས་ 2 Comments on དཔྱིད་མགོའི་སྙན་ངག་ཚན་པ་འགའ།

ཀླུ་སྨྱོན།

 
དཔྱིད་ཀ
སྒལ་གཞུང་ལ་ཉི་འོད་དྲོན་པོ་དེ་ཕོག་པས།
ལུས་ཀྱི་བ་སྤུ་ཐམས་ཅད་ཀྱང་དཔྱིད་མགོའི་མེ་ཏོག་རེ་རེར་གྱུར་སོང་།

ཚེ་རིང་སྐྱིད།
འཛིན་མ་ཐུབ་པའི་དབྱར་ཁའི་འཇའ་ཚོན།
ཞུ་བ་ཐུབ་པའི་སེམས་ཀྱི་ཁ་བ།

དེ་ལས་མང་བ་། “དཔྱིད་མགོའི་སྙན་ངག་ཚན་པ་འགའ།” »

སྙན་ངག

བོད་ཀྱི་རྩོམ་རིག་དང་མ་འོངས་པ།

Posted on 2015-03-302015-03-31 By ཡེ་ཤེས་ 2 Comments on བོད་ཀྱི་རྩོམ་རིག་དང་མ་འོངས་པ།

བཅར་འདྲི་མཁན་བོད་ཀྱི་དུས་བབ་གསར་ཁང་།

 
བཀུར་འོས་རྩོམ་པ་པོ་ཀླུ་སྨྱོན་ཧེ་རུ་ཀ་ལགས། སྐུ་ཉིད་ཀྱིས་གུས་པའི་བཅར་འདྲི་དང་ལེན་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། གཤམ་ནས་སྐུ་ཉིད་ལ་དྲི་བ་འགའ་དྲིས་ཡོད་པས་ལྗགས་ལན་ཡོད་པ་ཞུ་རྒྱུ་དང་། ཡང་སྐུ་ཉིད་ལ་གསུང་འདུན་ཡོད་ནའང་དྲི་བའི་ནང་དུ་སླེབས་མེད་རིགས་ལ་སྐུ་ཉིད་ཀྱིས་གསལ་འགྲེལ་གནོངས་དང་། དྲི་བ་རང་བཞིན་གྱིས་བསླེབ་ཡོང་གི་རེད། ཐུགས་རྗེ་ཆེ།

དྲི་བ། ཉེ་ཆར་སྐུ་ཉིད་ཀྱིས་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐེངས་༡༢ སྟེང་ཞུགས་པའི་མྱོང་ཚོར་སྐོར་གྱི་རྩོམ་ཡིག་ཅིག་སྤེལ་འདུག

དེ་ལས་མང་བ་། “བོད་ཀྱི་རྩོམ་རིག་དང་མ་འོངས་པ།” »

བཅར་འདྲི།

གུ་རུ་ཚེམས་ཆེན་རྩད་གཅོད།

Posted on 2015-02-252015-02-26 By ཡེ་ཤེས་ 6 Comments on གུ་རུ་ཚེམས་ཆེན་རྩད་གཅོད།

ཀླུ་སྨྱོན།   མི་ལ་རས་པའི་རྣམ་ཐར་ནང་དུ། ལ་སྟོད་ན་གུ་རུ་ཚེམས་ཆེན། དིང་རི་ན་དམ་པ་སངས་རྒྱས། བལ་བོ་ན་ཤི་ལ་བྷ་རོ། རྒྱ་གར་ན་དྷརྨ་བོ་དྷི། གཉའ་ནང་ན་མི་ལ་རས་པ། ཞེས་པ་སྐབས་དེ་དུས་ཕ་དམ་པ་དང་མི་ལ་རས་པ་ལྟ་བུའི་སྐད་གྲགས་ཅན་གྱི་གྲུབ་ཐོབ་ཅིག་གི་མིང་འདུག་མོད། ལོ་རྒྱུས་དེབ་ཐེར་ནང་གུ་རུ་ཚེམས་ཆེན་དེ་ཆོས་བརྒྱུད་གྲུབ་མཐའ་གང་གི་ཁོངས་སུ་གཏོགས་པ་དང་། བླ་མ་སུ་ཡིན་སོགས་ཁོང་གི་སྐུ་ཚེའི་རྣམ་ཐར་སྐོར་རྩད་གཅོད་བྱས་ཀྱང་ད་ཕན་ཅང་མ་རྙེད། ཁྱེད་ཅག་གིས་དེའི་སྐོར་ཞིབ་འཇུག་རེ་གནང་རོགས།

བཅར་འདྲི།

ལྕགས་ཤོག་ཁང་པ།

Posted on 2015-02-192015-02-20 By ཡེ་ཤེས་ 8 Comments on ལྕགས་ཤོག་ཁང་པ།

ཀླུ་སྨྱོན།

 

སྒྲུང་ཐུང་ཡིག་བརྒྱ་མ།

མདང་ནུབ་ཀྱི་ཁ་བས་རྡོ་ལ་རྡར་གྱི་རི་བརྒྱུད་ཧྲིལ་བོར་གངས་དཀར་གྱི་ན་བཟའ་བཀླུབས་འདུག སྒྲུང་དེབ་མཐུག་པོ་ཞིག་སིལ་བུར་གཏུབས་ནས་ནམ་མཁར་གཏོར་བ་དང་འདྲ་བའི་སྨུག་སྤྲིན་མཐུག་པོ་ཞིག་རི་རྩེ་ནས་ལྷོ་ཕྱོགས་སུ་སྐྱོད་བཞིན་ཡོད། ཁོས་གདོང་ཤིང་ནགས་མཐུག་པོའི་ཕྱོགས་སུ་འཁོར་ནས་གཅིན་པ་གཏོང་བཞིན་འདུག གཡས་ཕྱོགས་ཀྱི་ལྕགས་ཤོག་ཁང་པ་ནས་བེད་སྤྱོད་བཏང་ཟིན་པའི་སྦྲུམ་འགོག་འགྱིག་ཤུབ་ཀྱི་དྲི་མ་སྐྱུར་བོ་ཞིག་སྣ་ལམ་དུ་བར་མེད་འཐུལ་ཡོང་།

དེ་ལས་མང་བ་། “ལྕགས་ཤོག་ཁང་པ།” »

བརྩམས་སྒྲུང་།

འཇར་པན་ཧའི་ཁུའུ་Haiku སྙན་ངག་གསུམ།

Posted on 2015-01-24 By ཡེ་ཤེས་ 17 Comments on འཇར་པན་ཧའི་ཁུའུ་Haiku སྙན་ངག་གསུམ།

ཀླུ་སྨྱོན།
དེ་རིང་ངས་ཧམ་པ་བསྐྱེད་དེ་དུས་རབས་དགུ་པ་ནས་དར་མགོ་ཚུགས་པའི་འཇར་པན་གྱི་ཧའི་ཁུའུ་སྙན་ངག་གྲུབ་མཐའི་སྙན་ངག་པའི་ཚབ་མཚོན་Basho, Issa, soseki གསུམ་གྱི་སྙན་ངག་རེ་དབྱིན་ཡིག་ནས་བོད་སྒྱུར་བྱས་པ་ཡིན།
On old silent Pond
A frog jumps into the pond
Splash! Silence again.
ཁ་ཁུ་སིམ་པའི་ཆུ་རྫིང་རྙིང་པ་ཞིག
སྦལ་བ་ཞིག་ནི་ཆུ་རྫིང་ནང་དུ་མཆོངས།
ཟེགས་མ་གཏོར་ཏེ་ཡང་སྐྱར་ཁུ་སིམ་མེ།

དེ་ལས་མང་བ་། “འཇར་པན་ཧའི་ཁུའུ་Haiku སྙན་ངག་གསུམ།” »

འགྱུར་རྩོམ།

གདོང་ཐོག་རིན་པོ་ཆེ་དང་འབྲེལ་འདྲིས་བྱུང་བའི་མྱོང་ཚོར་རགས་གླེང་།

Posted on 2015-01-242015-01-24 By ཡེ་ཤེས་ 21 Comments on གདོང་ཐོག་རིན་པོ་ཆེ་དང་འབྲེལ་འདྲིས་བྱུང་བའི་མྱོང་ཚོར་རགས་གླེང་།

ཀླུ་སྨྱོན་ཧེ་རུ་ཀ

དང་པོ།

གཏམ་རྒྱུད་འདི་གླེང་བར་དུས་ཚོད་རིང་པོ་ཞིག་ཕྱིར་བསྣུར་མ་བྱས་ཀ་མེད་རེད། དེ་དུས་ནི་ཚ་བ་མེ་ལྟར་འབར་བའི་རྒྱ་གར་ལྷོ་ཕྱོགས་ཀྱི་དགུན་དུས་ཤིག་རེད། ཉི་འོད་མེ་ལྟར་འབར་ཞིང་ས་གཞི་ལྕགས་ལྟར་མཁྲེགས། གྲྭ་རྐྱང་ཚོའི་གདོང་མདོག་ཇེ་ནག་དང་འགྲམ་པ་ཇེ་རྡིབ་ཡིན། སྤྲང་ཁྱི་ཚོའི་ལུས་ལ་རྨ་ཆགས་ཤིང་དེ་ལ་འབུ་འདེབ་པའི་དུས་ཚིགས་གདུག་པ་ཅན་ཞིག་ཀྱང་ཡིན། དེ་དུས་རྒྱ་གར་ལྷོ་ཕྱོགས་མོན་སྒོ་སྒྲིའི་ས་གནས་ཀྱི་སྐྱེ་བོ་ཀུན་གྱིས་གཡོལ་ཐབས་བྲལ་བའི་དུས་ཚོད་ཅིག་རེད། ཏག་ཏག་དུས་ཚོད་འདི་འདྲ་ཞིག་ལ་ང་རང་ཡང་ས་གནས་འདིར་བསྡད་ཡོད།

དེ་ལས་མང་བ་། “གདོང་ཐོག་རིན་པོ་ཆེ་དང་འབྲེལ་འདྲིས་བྱུང་བའི་མྱོང་ཚོར་རགས་གླེང་།” »

དྲན་ཐོ།

སྤྱི་ལོ་ ༢༠༡༠ ལོར་ཁེ་ན་སྒྲར་འཚོགས་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུའི་སྟེང་གི་ཟིན་ཐོ།

Posted on 2015-01-16 By ཡེ་ཤེས་ 4 Comments on སྤྱི་ལོ་ ༢༠༡༠ ལོར་ཁེ་ན་སྒྲར་འཚོགས་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུའི་སྟེང་གི་ཟིན་ཐོ།

ཀླུ་སྨྱོན།
— — —
མི་ལོ་དུ་མའི་སྔོན་ནས་བཟུང་སྟེ་རྒྱལ་སྤྱིའི་ཅིག་ཅིག་མུག་མུག་ཟེར་བ་ཞིག་གོ་མྱོང་བའི་ཁྲོད་དུ། དགའ་མོས་ཆེ་ཤོས་དང་དོ་སྣང་ཆེ་ཤོས་གཉིས་ཀ་ཡིན་པ་ནི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་དེ་ཡིན་ཞིང་། དུས་དེབ་རེའི་སྟེང་དུ་དཔྱད་རྩོམ་ག་གེ་མོ་ཞིག་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུའི་སྟེང་དུ་སྒྲོག་སྦྱང་བྱས་ཚུལ་འཁོད་དང་། རྩོམ་པ་པོ་ཆེ་གེ་མོ་ཡང་ཚོགས་འདུ་དེར་བསྐྱོད་ཚུལ་སྐབས་རེར་མཐོང་རྒྱུ་ཡོད། ཡིན་ན་ཡང་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་མང་ཆེ་བ་ཡོ་རོབ་ཏུ་འཚོགས་པ་དང་། རང་ཉིད་ས་མཐའི་ལྡོམ་པོ་ཕྱི་བསྐྱོད་ལག་ཁྱེར་མེད་ལ་ལམ་སྣེའི་སྒོར་མོ་ཡང་མེད་པ་ཞིག་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུར་ཇི་ལྟར་བསྐྱོད།

དེ་ལས་མང་བ་། “སྤྱི་ལོ་ ༢༠༡༠ ལོར་ཁེ་ན་སྒྲར་འཚོགས་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུའི་སྟེང་གི་ཟིན་ཐོ།” »

ངོ་སྤྲོད།

མཁའ་འགྲོའི་ཞིང་ཁམས་ཉུལ་བའི་ལྟད་མོ།

Posted on 2015-01-162015-01-16 By ཡེ་ཤེས་ 3 Comments on མཁའ་འགྲོའི་ཞིང་ཁམས་ཉུལ་བའི་ལྟད་མོ།

ཀླུ་སྨྱོན་ཁྲག་འཐུང་གླིང་པ།

སྙིང་གི་རྩ་མདུད་གྲོལ་བའི་ཆེད། །རྩ་གསུམ་ལྷ་ལ་གསོལ་བཏབ་པས། །རང་སྣང་ཌྰ་ཀིའི་གཟི་བྱིན་འབུམ། །འཇའ་འོད་ཀློང་ནས་ས་ལ་བབས། །རྡུལ་བྲལ་འཇིག་རྟེན་དཀར་པོའི་ཞིང་། །ངོ་མཚར་ཌྰ་ཀིའི་ཞིང་ཁམས་སུ། །གཅིག་དང་དུ་མར་འཕྲུལ་བའི་གར། །རྡོ་རྗེའི་རོལ་བ་འབྱམས་སུ་ཀླས། །འདོད་པའི་མྱོས་བུམ་མཁྲངས་ཟླུམ་ཞིང་། །བྷ་གའི་དཀྱིལ་འཁོར་ཆེར་གདངས་པའི། །དགའ་མ་བྱུ་རུའི་མདོག་ཅན་ཞིག །སྒྱུ་རྩལ་དྲུག་ཅུའི་ཀློང་ན་བརྒྱལ། །མ་དག་སྒྱུ་ལུས་འདོར་བ་དང་། །དག་པའི་གཟིགས་མོར་རོལ་བའི་ཕྱིར། །ཡང་ཡང་གསོལ་བ་བཏབ་པ་དང་། །སྒོ་གསུམ་དཀྱིལ་འཁོར་མཆོད་པར་བཤམས། །

དེ་ལས་མང་བ་། “མཁའ་འགྲོའི་ཞིང་ཁམས་ཉུལ་བའི་ལྟད་མོ།” »

སྙན་ངག

ལོ་གསར་པའི་ནང་།

Posted on 2015-01-022015-01-02 By ཡེ་ཤེས་ 5 Comments on ལོ་གསར་པའི་ནང་།

ཀླུ་སྨྱོན།

 
ལོ་གསར་པའི་ནང་།
ཞིང་གྲོང་ནས་རླུང་བུ་བཞིན་ལྡང་བའི་མཛེས་མ་ཁྱུ་གཅིག་གྲོང་ཁྱེར་དུ་ལས་ཀ་འཚོལ་བར་ཆས་རྒྱུ་རེད།
ཁོ་མོ་ཚོའི་ལང་ཚོའི་མེ་ཏོག་ལ་བཀྲག་མདངས་འཚེར་ཞིང་།
ད་དུང་ཞེན་ཆགས་ཀྱི་དྲི་བསུང་ཡང་བར་མེད་དུ་འཐུལ།
སྟོད་གོས་ཁྲ་ཁྲ་སིལ་སིལ་དེ་ཚོའི་འོག་ན།
དཀར་ཞིང་ཟླུམ་པའི་མྱོས་བུམ་ཆ་རེ་ཡང་སུ་ཞིག་གི་ལག་པས་སྐྱོར་བར་གྲ་སྒྲིག་ཨང་བསར་ཡོད།

དེ་ལས་མང་བ་། “ལོ་གསར་པའི་ནང་།” »

སྙན་ངག

ཆོས་འཆད་དུས་ཀུ་རེ་མང་ན་ལེགས།

Posted on 2014-12-312015-01-01 By ཡེ་ཤེས་ 22 Comments on ཆོས་འཆད་དུས་ཀུ་རེ་མང་ན་ལེགས།

ཀླུ་སྨྱོན།

 
ཐོག་མར་ནུབ་ཕྱོགས་སུ་བསླེབས་དུས་བོད་པའི་བླ་མ་ལ་ལས་ཕྱི་གླིང་བར་ཆོས་འཆད་དུས་ཀུ་རེ་སྣ་ཚོགས་ཀྱིས་ཆོས་ཉན་པ་ཚོ་བཞད་གད་ཐག་གེ་བཟོས་དང་བཟོ་བཞིན་ཡོད་པར་དོ་སྣང་བྱུང་ལ། དེ་ཡང་དང་པོར་བོད་ཀྱི་ཆོས་བཤད་པའི་སྐབས་སུ་ངེས་འབྱུང་དང་སྙིང་རྗེའི་ཀུན་སློང་གིས་ངོ་གནག་སེམས་སྐྱོ་ནས་ཆོས་བཤད་ཉན་བྱེད་དགོས་པ་དེའི་ཤུགས་རྐྱེན་གྱིས་ཆོས་འཆད་སྐབས་ཀུ་རེ་རྩེ་བ་དེར་མི་བདེ་བའི་ཚོར་བ་ལན་མང་སྐྱེས་མྱོང་། ཡིན་ཡང་བོད་ཀྱི་བླ་མ་གོང་མའི་ཁྲོད་དུ་ཡང་ཆོས་འཆད་སྐབས་ཀུ་རེ་རྩེ་མཁན་མེད་པ་མ་ཡིན་ཏེ།

དེ་ལས་མང་བ་། “ཆོས་འཆད་དུས་ཀུ་རེ་མང་ན་ལེགས།” »

སྣ་ཚོགས།

དགའ་ལྡན་ལྔ་མཆོད་ཀྱི་སྙན་ཐུང་།

Posted on 2014-12-162014-12-16 By ཡེ་ཤེས་ 45 Comments on དགའ་ལྡན་ལྔ་མཆོད་ཀྱི་སྙན་ཐུང་།

ཀླུ་སྨྱོན།
 
འཇམ་མགོན་ཆོས་ཀྱི་རྒྱལ་པོ། །
གངས་ཅན་མཁས་པའི་གཙུག་རྒྱན། །
ཟོལ་བསྟོད་འདི་ཚོ་མེད་ན། །
ཁྱོད་ནི་ཨ་མདོའི་གྲྭ་རྐྱང་། །
དགེ་འདུན་ཆོས་འཕེལ་ཇི་བཞིན། །
གྲྭ་པ་གྲྭ་རྐྱང་ཞིག་གིས། །
ཕ་ཡུལ་ཨ་མདོ་བསྐྱུར་ནས། །

དེ་ལས་མང་བ་། “དགའ་ལྡན་ལྔ་མཆོད་ཀྱི་སྙན་ཐུང་།” »

སྙན་ངག

བདེ་བའི་ངོགས་སུ་འཚེར་བའི་སྡུག་བསྔལ་གྱི་འོད།

Posted on 2014-11-242014-11-25 By ཡེ་ཤེས་ 7 Comments on བདེ་བའི་ངོགས་སུ་འཚེར་བའི་སྡུག་བསྔལ་གྱི་འོད།

ཀླུ་སྨྱོན།
་་་ ་་་ དགུན་ཟླ་རིང་མོ་ཞིག་བསུ་རྩོམ།
བཞི་བརྒྱ་རྩ་བཞིའི་ནད་ཀྱིས་ཟིན་ཀྱང་སྨན་རིགས་ཟོས་ན་གསོན་པར་བཤད། །
ནམ་གུང་གདོན་འདྲེ་ངུ་བ་ཐོས་ཀྱང་གསོལ་བ་བཏབ་ན་ཕན་ལུགས་ཐོས། །
ཆུ་ཟླའི་རི་མོ་རབ་རིབ་གསལ་དུས་སྙན་ངག་བྲིས་ན་ཡག་རབས་བརྗོད། །
འདི་དག་ཚང་མ་འཇིག་རྟེན་ཞིག་གིས་རང་མགོ་གཡོག་པའི་ཟློས་གར་ཉིད། །
ཆུ་ཚོད་སྐར་མ་ལོ་དང་ཟླ་བ་མི་ཚེ་འཚེམ་པའི་ཁབ་སྐུད་དེ། །
ལྷན་པ་རལ་ཞིང་རྐང་བ་མཐོང་ཀྱང་ད་དུང་ཨ་ཀྱོག་པ་ཀྱོག་ཉིད། །
ཆུ་ཁར་ཐོན་དུས་རྟ་ཁ་འཐེན་ན་ཨེན་ཙམ་མིན་པར་རང་སྲོག་འཆོར། །
དུས་ངན་འདི་ལ་སྨྱུག་མ་འབོལ་ཀྱང་ཆང་རག་ཐིགས་པ་གཅིག་མི་ལྡུད། །

དེ་ལས་མང་བ་། “བདེ་བའི་ངོགས་སུ་འཚེར་བའི་སྡུག་བསྔལ་གྱི་འོད།” »

སྙན་ངག

འདས་ལོག

Posted on 2014-10-12 By ཡེ་ཤེས་ 3 Comments on འདས་ལོག

ཀླུ་སྨྱོན་ཧེ་རུ་ཀ
སྐར་མ་རྡོག་གཅིག་ས་རུ་ལྷུང་བ་འམ། །
ཆུ་རྡུལ་ཕྲ་མོ་གནམ་དུ་འཕུར་བ་བཞིན། །
རྣམ་ཤེས་ཁེར་རྐྱང་སྨུག་པའི་ཞོགས་ལྗོངས་སུ། །
སྟོན་ལོ་སེར་པོ་ཞིག་གི་ཁུག་ཏུ་སྐྱེས། །
འབུ་སྲིན་གཅིག་ལ་གཅིག་བཟའི་ཟློས་གར་གྱིས། །
མི་ཚེའི་གོ་རིམ་གཏམ་རྒྱུད་བཞིན་དུ་བྲིས། །
ལམ་ཞུགས་མགྲོན་པོའི་སྐད་ཆ་རྫོགས་མེད་ཀྱིས། །
འཆར་ཡན་གཡོ་སྒྱུའི་ངོ་འབག་གྱོན་སྟངས་སྦྱངས། །

དེ་ལས་མང་བ་། “འདས་ལོག” »

སྙན་ངག

མི་ཚེ་འདི་ནི་ཅི་ཞིག་ཡིན། །

Posted on 2014-10-112014-10-11 By ཡེ་ཤེས་ 8 Comments on མི་ཚེ་འདི་ནི་ཅི་ཞིག་ཡིན། །

ཀླུ་སྨྱོན།
མི་ཚེ་འདི་ནི་ཅི་ཞིག་ཡིན། །
འདི་ནི་འོ་མ་ཕོར་གང་ཡིན། །
ཞག་གཅིག་བྲོ་བ་མངར་སིང་སིང་། །
དེ་ནས་རུལ་ཏེ་རང་མདོག་སྟོན། །
མི་ཚེ་འདི་ནི་ཅི་ཞིག་ཡིན། །
འདི་ནི་མཛེས་མའི་ཟུར་མིག་ཡིན། །
ཉིན་གཅིག་སྙིང་ལ་དགའ་ལྷང་ལྷང་། །
དེ་ནས་གཟིར་ཏེ་ངེས་འབྱུང་བསྐྱེད། །

དེ་ལས་མང་བ་། “མི་ཚེ་འདི་ནི་ཅི་ཞིག་ཡིན། །” »

སྙན་ངག

སྦྲིད་སྨན་འཐུང་བ།

Posted on 2014-10-05 By ཡེ་ཤེས་ 3 Comments on སྦྲིད་སྨན་འཐུང་བ།

ཀླུ་སྨྱོན།
་་་་་་་རྨི་ལམ་ནང་དུག་འཐེན་པའི་ཚོར་བ་དངོས་བྲིས།
ཉི་མ་སྐྲག་སྣང་ཆེན་པོས་ནུབ་རིར་བྲོས། །
ཟླ་བ་ངོ་ཚ་མེད་པར་གཅེར་བུར་རྒྱུ། །
མུན་པའི་གྲོང་ཁྱེར་ཆེན་མོའི་ཐུ་འོག་ནས། །
སྦྲིད་སྨན་ཚོང་ཁང་སྒོ་མོ་ཆེ་ཆེར་ཕྱེས། །
སྤྲང་པོས་གསེར་གྱི་སྒོར་མོ་རྩི་བ་དང་། །
ཕྱུག་པོས་གད་སྙིགས་འཐུ་བའི་ཁུག་ཀྱོག་ཏུ། །
རང་ལ་མེད་ཀྱང་གཞན་ལས་བརྐུས་པ་ཡི། །
སྦྲིད་སྨན་འཐུང་བའི་མི་ཚོགས་སྐོར་ཞིག་འདུས། །

དེ་ལས་མང་བ་། “སྦྲིད་སྨན་འཐུང་བ།” »

སྙན་ངག

བོད་ཀྱི་སྤྲུལ་སྐུ་ཞིག་གི་ངོ་མཚར་བའི་མཛད་པ།

Posted on 2014-09-302014-09-30 By ཡེ་ཤེས་ 11 Comments on བོད་ཀྱི་སྤྲུལ་སྐུ་ཞིག་གི་ངོ་མཚར་བའི་མཛད་པ།

རྩོམ་འབྲི་བ། འཇམ་དབྱངས་ཤེས་རབ།

 

རྡོ་གྲུབ་ཆེན་ལྔ་བ་༧ཐུབ་བསྟན་ཀློང་ཡངས་རིག་འཛིན་རྒྱ་མཚོ་མཆོག་གི་ངོ་མཚར་བའི་མཛད་པ་ཁ་ཤས་ཟུར་གསལ་གྱི་ཚུལ་དུ་ཞུ་བ།

(སྐྱེས་བུ་དམ་པ་འདི་ནི་ཟབ་གསང་འོད་གསལ་ཀློང་ཆེན་སྙིང་གི་ཐིག་ལེའི་བསྟན་པའི་མངའ་བདག་རྡོ་གྲུབ་ཆེན་རིན་པོ་ཆེའི་སྐུ་ཕྲེང་བཞི་པ་རིག་འཛིན་བསྟན་པའི་རྒྱལ་མཚན་ནམ་རིག་འཇའ་ལུས་རྡོ་རྗེའི་ཡང་སྲིད་འཁྲུལ་མེད་དུ། དཔོན་བླ་དབང་ཆེན་ཉི་མ། རྡོ་གྲུབ་ཆེན་ཐུབ་བསྟན་ཕྲིན་ལས་དཔལ་བཟང་པོ། མཁའ་འགྲོ་ཏ་རེ་ལྷ་མོ། སེ་ར་ཡང་སྤྲུལ་སོགས་དམ་པ་དུ་མས་མགྲིན་གཅིག་ཏུ་བསྔགས་པ་ཡིན་ཚུལ་ཁོ་བོས་བྱས་པའི་རྗེ་འདིའི་མཛད་རྣམ་མདོར་བསྡུས་སུ་གསལ་ལ། འདིར་ཁ་བྱང་ལྟར་ངོ་མཚར་བའི་མཛད་པ་ཁ་ཤས་ཟུར་གསལ་དུ་ཞུས་པ་ཡིན།)

དེ་ལས་མང་བ་། “བོད་ཀྱི་སྤྲུལ་སྐུ་ཞིག་གི་ངོ་མཚར་བའི་མཛད་པ།” »

ངོ་སྤྲོད།

Posts pagination

Previous 1 … 6 7 8 … 37 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme