Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐྱིད་ཆུ་སྔོན་མོར་བསྐུར་པའི་འཕྲིན་པ།

Posted on 2011-09-032011-09-05 By ཡེ་ཤེས་ 1 Comment on སྐྱིད་ཆུ་སྔོན་མོར་བསྐུར་པའི་འཕྲིན་པ།

(ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ།)

ས་དམར་གྲགས་པ།
ཡང་མོ་རླུང་གི་ལག་པས་ཁུར་བའི།།

ལོ་མ་སེར་པོ་མིག་ལ་མངོན་བྱུང་།།

ལྡུམ་རའི་ནང་གི་ཨ་གར་སྡོང་པོའི།།

སིལ་འབྲུ་སྨུག་པོ་སྨིན་ནས་ཡོད་དམ།།

ཆར་བས་འཕྲོག་པའི་ལོ་ཟླའི་ངལ་བ།།

རྨུ་ཐག་ཆད་དེ་ས་ལ་ལྷུང་ཐལ།།

ཡིག་ཚག་ནང་གི་རི་མོ་གསལ་བོ།།

ད་དུང་སེམས་ལ་ངེས་པོ་ཡིན་ནམ།།

དེ་ལས་མང་བ་། “སྐྱིད་ཆུ་སྔོན་མོར་བསྐུར་པའི་འཕྲིན་པ།” »

སྙན་ངག

སྤྲིན་གྱི་རྒྱ་མཚོ་བརྒལ་བའི་བརྩེ་དུང་།

Posted on 2011-09-032011-09-05 By ཡེ་ཤེས་ 36 Comments on སྤྲིན་གྱི་རྒྱ་མཚོ་བརྒལ་བའི་བརྩེ་དུང་།

(ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ།)

སློབ་དཔོན་འཇིགས་མེད་བློ་གྲོས་རྒྱལ་མཚན།
༼གསལ་བཤད་འདི་ངེས་པར་ཀློག་རོགས།༽
༼ ཀློག་མཁན་གྲོགས་པོ་རྣམ་པ་ལགས། རང་རེ་བོད་པ་ཚང་ལ་ཤེས་ཡོན་པའི་སྡེ་ཁག་ཤིན་ཏུ་ཉུང་ངུ་ཞིག་ལས་མེད་པ་འདིས་ཕན་ཚུན་གཅིག་གིས་གཅིག་ལ་དུང་སེམས་དང་། ལ་རྒྱ། བྱ་བའི་ཐོག་ལ་རྒྱབ་སྐྱོར་བཅས་ཞུ་དགོས་པ་ནི་སྨྲོས་མ་དགོས་པ་ཞིག་རེད། དེར་བརྟེན་དེང་དུས་ཀྱི་མ་བཅོས་རང་བྱུང་གི་སྙན་ངག་མཁན་རྣམས་ཀྱི་རྒྱལ་པོ་ཀླུ་སྨྱོན་ཡེ་ཤེས་རྒྱ་མཚོ་མཆོག་གིས་ཁོང་གིས་བསྙེགས་པའི་ལམ་བུ་ལ་རྗེས་དྲན་དང་། བོད་ཕྱི་ནང་གི་རྩོམ་པ་པོ་རྣམས་ལ་སྐུལ་འདེད་སོགས་ཀྱི་ཆེད་དུ། ཀླུ་སྨྱོན་རྩོམ་རིག་བྱ་དགའི་གོ་སྒྲིག་གནང་བ་ལ་སེམས་གཏིང་ནས་དགའ་བསུ་དང་། བརྩི་མཐོང་བླ་ན་མེད་པ་ཞུ་གི་ཡོད། འདི་ལོར་ཕྲན་གྱིས་བྲིས་པ་མང་པོ་ཞིག་ནི་ཁོང་གི་རྩོམ་རིག་བྱ་དགའ་གནང་སའི་རྩོམ་རིག་གི་གྲས་སུ་མི་གཏོགས་པ་དང་།

དེ་ལས་མང་བ་། “སྤྲིན་གྱི་རྒྱ་མཚོ་བརྒལ་བའི་བརྩེ་དུང་།” »

ལོ་རྒྱུས།

ཡུལ་གྱར་པ་ཞིག་གི་གཏམ་རྒྱུད། སྟོད་ཆ།

Posted on 2011-08-272011-08-28 By ཡེ་ཤེས་ 32 Comments on ཡུལ་གྱར་པ་ཞིག་གི་གཏམ་རྒྱུད། སྟོད་ཆ།

dscn3344
ཀླུ་སྨྱོན།
གཅིག
ཉེ་ཆར་དོན་དག་ཅིག་གི་ཆེད་དུ་ང་རང་ཡོ་རོབ་ཀྱི་རྒྱལ་ཁབ་ཆུང་ཆུང་ཞིག་ཏུ་སོང་བ་ཡིན། དེ་གར་གནའ་བོའི་སྡོད་ཁང་སྤུས་ལེགས་དང་ཀྱག་ཀྱོག་ཅན་གྱི་རྒྱ་ལམ། གཟན་ལ་བཀྲམས་པའི་ལུག་ཁྱུ་དང་རི་མགོར་ལྷུང་བའི་སྤྲིན་དཀར་སོགས་ཀྱིས་ཁོ་བོར་མ་བཅོས་རང་བྱུང་གི་ལྷུན་ཆགས་མཛེས་སྡུག་ངོ་མ་དེ་འདི་རེད་ཨང་སྙམ་པའི་བསམ་བློ་ཞིག་དབང་མེད་དུ་འཁོར་བར་བྱས་སོང་། ཉི་མ་འགའི་རིང་ལ་ང་དང་གྲོགས་པོ་འགས་རེས་མོས་ཀྱི་དངུལ་ཁུག་ཕྱིར་བཏོན་ནས་སྤྲོ་གསེང་གི་ས་ཆ་གྲགས་ཅན་འདི་དང་དེ་ལ་ངས་མགྲོན་སྦྱིན་བྱེད་ཀྱི་ཡིན་ཞེས་རང་རང་གི་རྒྱུ་ཤེད་ངོམ་པའི་ལྟད་མོ་ཆུང་ཆུང་ཞིག་ཀྱང་འཁྲབ་སྟོན་བྱས་པ་ཡིན་ལ། དེའི་ནང་དུ་ངའི་གྲོགས་པོ་ར་སེལ་ལ་རྒྱལ་ཁ་མང་ཤོས་དེ་ཐོབ་སོང་། རྒྱུ་མཚན་ནི་ཁོང་གི་དངུལ་ཁུག་དེ་ང་ཚོའི་དངུལ་ཁུག་ལས་ཆེ་ཞིང་ལྕི་བས་སོ།།

དེ་ལས་མང་བ་། “ཡུལ་གྱར་པ་ཞིག་གི་གཏམ་རྒྱུད། སྟོད་ཆ།” »

བརྩམས་སྒྲུང་།

གཟི་མིག་གསུམ་པའི་སྙན་དེབ་གསར་པ་པར་སྐྲུན་བྱས་ཡོད།

Posted on 2011-08-122011-08-12 By ཡེ་ཤེས་ 2 Comments on གཟི་མིག་གསུམ་པའི་སྙན་དེབ་གསར་པ་པར་སྐྲུན་བྱས་ཡོད།

new-book
གཟི་མིག་གསུམ་པའམ་བླ་ནག་པ་སྐལ་ལྡན་རྒྱ་མཚོའི་རང་མོས་སྙན་དེབ་ཐོག་མ་”རོལ་དབྱངས་ཀྱི་ལེའུ་”ཞེས་པ་ཉེ་ཆར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། སྙན་དེབ་འདིར་བོད་ཀྱི་རྩོམ་པ་བོ་ལྡོང་ཕྲུག་དང་འཆི་མེད། ཉི་ཐིག རྟ་ནག་བཟོད་པ། སེར་ལེགས་འཕྲིན་སོགས་ཀྱིས་བཀླགས་ཚོར་བྲིས་ཏེ་གདེང་འཇོག་ཚད་མཐོན་པོ་གནང་འདུག
དེབ་དེའི་ནང་དོན་ནི་གཤམ་གྱི་ཚན་ཁ་ཁག་ཏུ་བགོས་ཡོད།
འོད་གསལ་གྱི་ངེས་འབྱུང་།
གཉུག་གཤིས་ཀྱི་ཁ་དོག
སྟོང་ཁམས་ཀྱི་སྨིན་གྲོལ།
བླ་སྲོག་གི་རྒྱང་འབོད།
ཐོབ་ཤོར་གྱི་རྨི་འཕྲུལ།
ཀློག་མཁན་གྱི་དམར་བཤད།

དེ་ལས་མང་བ་། “གཟི་མིག་གསུམ་པའི་སྙན་དེབ་གསར་པ་པར་སྐྲུན་བྱས་ཡོད།” »

གསལ་བསྒྲགས།

“བོན་སྒོ”དུས་དེབ་བཀླགས་པའི་འཆར་སྣང་ཐོར་བུ།

Posted on 2011-08-122011-08-13 By ཡེ་ཤེས་ 17 Comments on “བོན་སྒོ”དུས་དེབ་བཀླགས་པའི་འཆར་སྣང་ཐོར་བུ།

ཀླུ་སྨྱོན་ཧེ་རུ་ཀ
dscn3375
གནམ་གྱི་རྒྱལ་མོའི་མུ་ཏིག་དཀར་པོའི་རྒྱན་ཆ་ཐོར་བ་ལྟ་བུའི་རབ་དཀར་ཁ་བའི་འདབ་མ་འབུམ་ཕྲག་ནི། །

མཛེས་སྡུག་ས་གཞིའི་དཀྱིལ་འཁོར་ཁྱོན་དུ་རང་བྱུང་ཁམས་ཀྱི་འགྱུར་བས་རྟེན་འབྱུང་འགྲོ་བའི་བསོད་ནམས་བགོ་སྐལ་དུ། །

ཡང་ནས་ཡང་དུ་བབས་པའི་རྗེས་སུ་གངས་རིའི་འཕྲེང་བ་མང་པོ་ཕྱི་བརྩེགས་ནང་བརྩེགས་བརྗིད་པར་འགྱིང་བ་ཡི། །

ཡུལ་དེར་ལྷ་སྲིན་ཞི་དྲག་བར་མའི་ཟང་ཟིང་འཁྲིགས་པའི་ཡོ་ལང་སྐབས་རེར་ཡ་མཚན་ལྟད་མོ་འབྱམས་སུ་ཀླས། །

དེ་ནས་དཔག་ཚད་དུ་མས་ཆོད་པའི་རྟག་གཟིགས་འོལ་མོ་ལུང་རིང་ཞེས་གྲགས་དག་པའི་ཞིང་ཁམས་རྨད་བྱུང་བར། །

ལྷ་རིགས་དྲང་སྲོང་གཤེན་གྱི་མཚན་ཅན་གྲུབ་པའི་སྐྱེས་བུ་ཆེན་པོས་རང་གི་གདུལ་ཞིང་གར་ཡོད་ལེགས་གཟིགས་ནས། །

རྟ་རྒོད་ཁྲོས་པའི་ཞབས་རྗེས་འཚོལ་བཞིན་འཇའ་ཚོན་འོད་ཀྱི་ལམ་བུ་ངོ་མཚར་ཐེམ་སྐས་དུ་མ་བརྒྱུད་བྱས་ཏེ། །

ཁ་བའི་ཀློང་དུ་བརྗིད་པའི་གངས་རི་དུམ་བུ་དུམ་བུར་མཛེས་པ་སྤྱན་གྱི་ངོས་སུ་བྲིས་པའི་རི་མོ་བཞིན། །

དེ་ལས་མང་བ་། ““བོན་སྒོ”དུས་དེབ་བཀླགས་པའི་འཆར་སྣང་ཐོར་བུ།” »

སྙན་ངག

བདག་དང་གཡག་གི་སྙན་ངག

Posted on 2011-08-10 By ཡེ་ཤེས་ 10 Comments on བདག་དང་གཡག་གི་སྙན་ངག

yak
ཀླུ་སྨྱོན།
ཁོ་བོའི་དལ་རྟེན་མེ་ཏོག་ཆུང་ངུ་བྱམས་ལྡན་ཨ་མའི་དབྱིག་འཛིན་སྤོར། །

ཞིམ་མངར་ནུ་ཞོའི་ཟིལ་བ་འཐུང་ཞོར་དྭངས་གཙང་མཚེའུ་ལྟར་མཛེས་པའི། །

འདྲེན་བྱེད་གདངས་ཏེ་འཇིག་རྟེན་འདི་ལ་ཐོག་མའི་མིག་ཞགས་འཕེན་པའི་དུས། །

འཁྱར་འཁྱོར་གོམ་ཁ་དལ་བུར་སྒྱུར་བའི་བེའུ་ཞིག་གི་གཟུགས་བརྙན་མཐོང་།

དབྱར་གསུམ་འཇའ་ཚོན་མེ་ཏོག་བརྡལ་བའི་ལྗང་སྣུམ་གཡུ་ཡི་སྤང་ཐང་ནས། །

ང་དང་བགྲང་བྱའི་ན་ཚོད་མཉམ་པའི་ཡིད་འོང་བེའུ་ནག་ཆུང་དེས། །

ཞིམ་མངར་ནུ་བཅུད་ལྷན་ཅིག་འཐུང་བཞིན་འཁྱར་འཁྱོར་གོམ་པའི་རི་མོ་ནི། །

རྨ་རྒྱལ་ལྷུན་པོའི་འདབས་ཀ་དང་ནི་རྨ་ཀླུང་སྔོན་མོའི་ངོགས་སུ་ཕབས། །

དེ་ལས་མང་བ་། “བདག་དང་གཡག་གི་སྙན་ངག” »

སྙན་ངག

གནམ་གྲུ་ཞིག་སར་ལྷུང་པའི་ཆག་སྒོ་ཆེན་པོ།

Posted on 2011-08-072011-08-07 By ཡེ་ཤེས་ 6 Comments on གནམ་གྲུ་ཞིག་སར་ལྷུང་པའི་ཆག་སྒོ་ཆེན་པོ།

བསྒྲགས་པའི་གསར་འགྱུར་ལྟར་ན། དེ་རིང་ཨ་ཧྥུ་སྒ་ནན་སི་ཐན་དུ་ཐ་ལི་པན་དང་ཨ་ལི་ཁེ་ཀྲ་འཇིགས་སྐུལ་ཚོགས་པར་དམག་འཁྲུག་རྒྱག་བཞིན་པའི་བྱང་ཆིངས་དམག་མིའི་ཐད་འཕུར་གནམ་གྲུ་ཞིག་སར་ལྷུང་ནས་དེའི་ནང་དུ་ཡོད་པའི་དམག་མི་སོ་བརྒྱད་ཚང་མ་ཚེ་ལས་འདས་ཡོད་པ་དང་། དམག་མི་དེ་དག་གི་ཁྲོད་ནས་དམག་མི་ཉི་ཤུ་རྩ་གཉིས་ནི་ཨ་རིའི་སྐམ་མཚོ་མཁའ་གསུམ་གྱི་དྲག་པོའི་རྒོལ་རྡུང་གི་དམག་སྦྱོང་ཚད་མཐོ་ཤོས་དེ་བྱས་ཡོད་ཅིང་། ཟླ་གཅིག་གོང་དུ་འཇིགས་སྐུལ་བའི་མགོ་གཙོ་སྦིན་ལ་སྒྲིན་གསོད་མཁན་དག་ཡིན་འདུག ཐེངས་འདིའི་ཆག་སྒོ་འདི་ནི་ཨ་རིས་ཐ་ལི་པན་དང་མཉམ་དུ་དམག་འཁྲུག་བརྒྱབ་པའི་འདས་པའི་ལོ་བཅུའི་རིང་གི་ཆག་སྒོ་ཆེ་ཤོས་དེ་ཡིན་ཟེར།

གསར་འགྱུར།

ཁ་ལ་གཞས་ལེན་ན་ལ་གཞས་ལེན།

Posted on 2011-08-05 By ཡེ་ཤེས་ 1 Comment on ཁ་ལ་གཞས་ལེན་ན་ལ་གཞས་ལེན།

འདིར་ནོན།

གླུ་གཞས།

བོད་སྐད་གློག་བརྙན༼བོར་ཟིན་པའི་སྦྲ་ནག༽ཅེས་པ་བརྙན་དུ་འབེབས་མགོ་བརྩམས་པ།

Posted on 2011-08-042011-08-04 By ཡེ་ཤེས་ No Comments on བོད་སྐད་གློག་བརྙན༼བོར་ཟིན་པའི་སྦྲ་ནག༽ཅེས་པ་བརྙན་དུ་འབེབས་མགོ་བརྩམས་པ།

danak
གསར་འགོད་པ་རྨི་འཕྲུལ།

བོད་ཀྱི་ན་གཞོན་རྩོམ་པ་བོ་ལྡོང་ཕྲུག་གིས་འཁྲབ་ཁྲིད་བྱས་ཤིང་མཚོ་ལྷོ་ཁུལ་མཐོ་རིམ་སློབ་འབྲིང་གཉིས་པའི་དགེ་སློབ་སྐོར་ཞིག་གིས་འཁྲབ་སྟོན་བྱས་པའི་བོད་འབྲོག་པའི་འཚོ་བ་དང་ཉམས་ཉེན་མཚོན་པའི་གློག་བརྙན༼བོར་ཟིན་པའི་སྦྲ་ནག༽ཅེས་པ་ཉེ་ཆར་མཚོ་སྔོན་དགེ་ཐོན་སློབ་ཆེན་དང་མཚོ་ཁྲི་ཤོར་རྒྱལ་མོའི་འགྲམ་ངོགས། མགོ་མང་གྲོང་འབྲོག་རུ་སྡེ་བ། གླང་ཆེན་རྫ་འདབས། མགོ་མང་གྲོང་བརྡལ། བྱེ་སྣ་གྲོང་བརྡལ་སོགས་ནས་འཁྲབ་སྟོན་དང་བརྙན་འབེབས་བྱེད་འགོ་བརྩམས།
གློག་བརྙན་འདི་ལས་སྐྱེ་ཁམས་གནས་སྤོ་དང་འབྲོག་སྡེ་གྲོང་བརྡལ་ཅན་དུ་སྒྱུར་བའི་སྲིད་ཇུས་ཀྱི་མཐོ་རླབས་ཁྲོད་ནས་སྦྲ་ནག་གིས་མཚོན་པའི་རྩྭ་ཐང་གི་རིག་གནས་ཉམས་རྒུད་དུ་འགྲོ་བའི་སྣང་ཚུལ་གསལ་རྗེན་དུ་མཚོན་ཡོད།
གློག་བརྙན་དེའི་འཁྲབ་སྟོན་པ།
རྒན་རྟ་མགྲིན་རྒྱལ། ལྷ་སྡེ་ལྕགས་རྒྱལ་འབུམ།
རིག་འཛིན་ཐར། ཨོའུ་རྒྱ་ཚེ་རིང་རྡོ་རྗེ།
གདུགས་མོ་སྐྱིད། ཀླུ་ཐར་རྒྱལ།
ཚེ་དཔལ་རྒྱལ། སྐལ་བཟང་ཚེ་རིང་།
ལྕགས་བྱམས་རྒྱལ།
འཁྲབ་ཁྲིད་དང་བརྙན་ལེན་པ། ལྡོང་ཕྲུག
ཕབ་སྐྲུན་ལས་རོགས་པ། བརྩོན་འགྲུས་རྒྱ་མཚོ།

དེ་ལས་མང་བ་། “བོད་སྐད་གློག་བརྙན༼བོར་ཟིན་པའི་སྦྲ་ནག༽ཅེས་པ་བརྙན་དུ་འབེབས་མགོ་བརྩམས་པ།” »

གློག་བརྙན་།

མཁན་པོ་ཨ་ཁྱིག་གམ་གྲུབ་དབང་ལུང་རྟོགས་རྒྱལ་མཚན་གྱི་རྣམ་ཐར་ཉིང་བསྡུས།

Posted on 2011-08-02 By ཡེ་ཤེས་ 17 Comments on མཁན་པོ་ཨ་ཁྱིག་གམ་གྲུབ་དབང་ལུང་རྟོགས་རྒྱལ་མཚན་གྱི་རྣམ་ཐར་ཉིང་བསྡུས།

mail1
རྫ་ཚེ་རིང་བཀྲ་ཤིས།
མཁན་པོ་ཨ་ཁྱུག་གམ་གྲུབ་དབང་ལུང་རྟོགས་རྒྱལ་མཚན་མཆོག་ནི་ཁམས་ཁྲོྂ་ཐལ་སྡེ་པར་ཡབ་ཁོ་ཀླུ་དང་ཡུམ་ཨ་ཁོ་ཞུ་བ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ཐོག་མའི་མེ་ཡོས་ལ་འཁྲུངས། དགུང་ལོ་བརྒྱད་དགུ་ཙམ་ནས་ཡི་གེ་སློབ་པའི་དབུ་ཚུགས། དགུང་ལོ་བཅུ་གཅིག་སྟེང་ཚེ་རབས་ལས་ཀྱིས་འབྲེལ་བའི་བླ་མ་ཨ་རིག་རིན་པོ་ཆེས་མཚན་ཚུལ་ཁྲིམས་བསྟན་འཛིན་དུ་གནང་། ཡབ་དམ་པ་གཤེགས་རྗེས་མིང་སྲིང་བརྒྱད་ཀྱི་ཆེ་ཤོས་ཡིན་པས་ཁྱིམ་གྱི་མགོ་འདྲེན་དང་ཕྱོགས་ཀྱི་འཚོ་སྐྱོང་། བྱིས་པའི་གོས་ཚགས། བཟའ་བཏུང་གཡོས་སྦྱོར་སོགས་གནང་དགོས་བྱུང་། དགུང་ལོ་བཅོ་ལྔའི་ཐོག་ཁྲོྂ་རྡོ་ཁོ་དགོན་གྱི་མཁན་ཆེན་འཇམ་དབྱངས་ཀུན་དགའ་རྣམ་རྒྱལ་ལས་རབ་ཏུ་བྱུང་། མཚན་འཇམ་དབྱངས་ཀུན་དགའ་བསྟན་འཕེལ་དུ་གསོལ། མཁན་ཆེན་དེའི་མདུན་ས་ལམ་འབྲས་དང་ཀྱཻ་རྡོར་སོགས་ས་ལུགས་ཀྱི་སྨིན་གྲོལ་ཡོངས་རྫོགས་གསན། དགུང་ལོ་བཅོ་བརྒྱད་པར་བླ་མ་བཀྲ་ཚེ་ཞུ་བའི་མདུན་ས་ཀློང་གསལ་སྔོན་འགྲོ། བར་དོ་དྲུག་ཁྲིད། ཆོས་དབྱིངས་མཛོད། འཇུག་པ། སྤྱོད་འཇུག་སོགས་གསན།

དེ་ལས་མང་བ་། “མཁན་པོ་ཨ་ཁྱིག་གམ་གྲུབ་དབང་ལུང་རྟོགས་རྒྱལ་མཚན་གྱི་རྣམ་ཐར་ཉིང་བསྡུས།” »

ལོ་རྒྱུས།

སྙན་ངག་གི་ལམ་དུ་དྲངས་པའི་རྟོགས་བརྗོད་སྤྲིན་གྱི་མེ་ཏོག

Posted on 2011-07-302015-03-01 By ཡེ་ཤེས་ 94 Comments on སྙན་ངག་གི་ལམ་དུ་དྲངས་པའི་རྟོགས་བརྗོད་སྤྲིན་གྱི་མེ་ཏོག

dscn3282
རྗེ་ཉིད་དགུང་ལོ་སུམ་ཅུའི་ནང་ཕེབས་དུས་ཀྱི་སྐུ་པར།

དེ་ལས་མང་བ་། “སྙན་ངག་གི་ལམ་དུ་དྲངས་པའི་རྟོགས་བརྗོད་སྤྲིན་གྱི་མེ་ཏོག” »

སྙན་ངག

སྡིག་ཅན་དྲ་འབུའི་སྲོག་རྩ་གཅོད་པའི་ལུང་རིགས་རྡོ་རྗེའི་ཐོག་ཆར།

Posted on 2011-07-122011-07-14 By ཡེ་ཤེས་ 12 Comments on སྡིག་ཅན་དྲ་འབུའི་སྲོག་རྩ་གཅོད་པའི་ལུང་རིགས་རྡོ་རྗེའི་ཐོག་ཆར།

deb

གསེར་རྟ་ཚུལ་ཁྲིམས་འོད་ཟེར།

༡༽ དྲ་འབུའི་ལོག་བཤད་བྱུང་སྟངས་ངོ་སྤྲོད།

༄༅༅། །ཨོཾ་ན་མོ་གུ་རུ་ཙ་མཉྫུ་ཤྲི་ཡེ། །
ལོག་རྟོག་ཅན་རྣམས་བརྩེ་བས་རྗེས་འཆང་ཡང་། །
ལོག་བཤད་རྫུན་མཚང་དམར་རྗེན་ཐེར་འདོན་གྱིས། །
ལོག་ལམ་འཕྱན་པའི་སྐྱེ་འགྲོ་འདི་དག་གི། །
ལོག་རྟོག་འཇོམས་པའི་ཤེས་རབ་ལྷ་དེས་སྐྱོངས། །
དེ་ཡང་འདིར་གཟུར་གནས་རྣམ་དཔྱོད་ལྡན་པའི་དྲ་གྲོགས་དག་ལ་ཞུ་རྒྱུ་ནི། ཕྱི་ལོ་༢༠༡༡ལོའི་ཟླ་༡ཚེས་༣༡ཉིན་ཕྲན་གྱིས་བརྩམས་པའི་བརྒལ་ལན་ལུང་རིགས་གཟི་འབར་ཀུན་ཕན་ཉི་མའི་སྣང་བ། ཞེས་པ་དེར་ཕྱི་ལོ་༢༠༡༡ཟླ་༦ཚེས་༢༧ཉིན་ཁ་བརྡ་དྲ་རྒྱའི་ནང་སྐྱོན་བརྗོད་ཅིག་བྲིས་འདུག་པར་ཐོས་པས། ཐོག་མར་ཕྲན་གྱིས་བསམ་པར། འཆད་རྩོད་རྩོམ་གསུམ་ལ་བྱང་ཆུབ་པའི་གཟུར་གནས་དཔྱོད་ལྡན་སྐྱེས་བུ་ཞིག་ནས་དགག་བཞག་སྤངས་གསུམ་གྱི་ལེགས་བཤད་སྐྱེས་བཟང་གི་སྦྲང་ཆར་དུས་སུ་འདོད་རྒུར་འཇོ་བཞིན་པར་རེ་ཞིང། དེ་ནི་ཕྲན་གྱི་དམིགས་ཡུལ་མཐར་ཐུག་དེ་ཡིན་ཕྱིར། མར་མནན་ཡང་གནོན་དཀའ་བའི་དགའ་ཚོར་ཆེན་པོ་ཞིག་དབང་མེད་དུ་སྐྱེས་བྱུང་ཞིང་།

དེ་ལས་མང་བ་། “སྡིག་ཅན་དྲ་འབུའི་སྲོག་རྩ་གཅོད་པའི་ལུང་རིགས་རྡོ་རྗེའི་ཐོག་ཆར།” »

རྩོམ་རིག

དུས་རབས་ཕྱེད་ཀའི་རྗེས་སུ་ལག་དམར་རྩད་ཆོད་པ།

Posted on 2011-07-032011-07-03 By ཡེ་ཤེས་ No Comments on དུས་རབས་ཕྱེད་ཀའི་རྗེས་སུ་ལག་དམར་རྩད་ཆོད་པ།

ཀླུ་སྨྱོན། ལས་རྒྱུ་འབྲས་ཀྱི་མིག་གིས་ནམ་ཡང་ང་ཚོ་འཆར་དུ་འཇུག་མི་སྲིད། —ཁ་བྱང་གི་འགྲེལ། ཁ་སང་ལོ་ན་བདུན་ཅུ་དོན་གཅིག་ཏུ་སོན་པའི་ཨ་རིའི་མི་རྒན་Jack Daniel McCulloughཞེས་པ་ཞིག་སྤྱི་ལོ་༡༩༥༧ལོའི་སྤྱི་ཟླ་བཅུ་གཉིས་པའི་ཚེས་གསུམ་ཉིན་བུ་མོ་ཆུང་ཆུང་ལོ་བདུན་ཅན་Maria Ridulphཞེས་པ་དེ་བཙན་ཁྲིད་དང་དམར་གསོད་གཏོང་མཁན་གྱི་ལག་དམར་ཡིན་པ་རྩད་གཅོད་བྱུང་སྟེ་འཛིན་བཟུང་བྱས་ཤིང་། ཐོག་མའི་ཁྲིམས་ཆད་ནི་ཨ་སྒོར་ས་ཡ་གསུམ་གྱི་ཉེས་ཆད་དང་། ཚེ་བཙོན་ནམ་སྲོག་ཁྲིམས་སོགས་གང་འབབ་གཞི་ནས་བལྟ་རྒྱུ་རེད་འདུག Jack ལས་འཁྱུར་ངལ་གསོ་བྱས་པའི་ཉེན་རྟོག་པ་ཞིག་ཡིན་ཞིང་། ཁོའི་མི་ཚེའི་ལོ་རྒྱུས་ནང་བུ་མོ་ཆུང་ཆུང་ཚོར་བརྙས་བཅོས་བྱས་པའི་ནག་ཉེས་འདྲ་མིན་ཞིག་ཡོད་འདུག ཡ་ཧོའི་གསར་འགྱུར་དྲ་ངོས་ལས་དྲངས།

གསར་འགྱུར།

རིག་བྱེད་གཏམ་རྒྱུད་ཁྲོད་ཀྱི་ལྷ་གལ་ཆེན་སྐོར་ཞིག་གི་འདྲ་པར།

Posted on 2011-07-012011-07-01 By ཡེ་ཤེས་ 26 Comments on རིག་བྱེད་གཏམ་རྒྱུད་ཁྲོད་ཀྱི་ལྷ་གལ་ཆེན་སྐོར་ཞིག་གི་འདྲ་པར།

ཀླུ་སྨྱོན་ཧེ་རུ་ཀ
kamadeva_and_goddess_rati

འདོད་ལྷ་དང་དེའི་འདོད་པའི་མདའ་བཞི། བོད་ལ་མདའ་ལྔ་ཞེས་གྲགས་ཀྱང་བདག་གིས་རྙེད་པའི་ཕྱི་རོལ་པ་ཚོའི་རི་མོའི་ཁྲོད་དུ་མདའ་བཞི་ལས་འབྲི་སྲོལ་མི་འདུག་ཅིང་། འདོད་ལྷ་ནེ་ཙོའི་སྟེང་དུ་ཡོད་པ་ཡང་འདུག

དེ་ལས་མང་བ་། “རིག་བྱེད་གཏམ་རྒྱུད་ཁྲོད་ཀྱི་ལྷ་གལ་ཆེན་སྐོར་ཞིག་གི་འདྲ་པར།” »

ལོ་རྒྱུས།

ནམ་མཁའི་དབྱིངས་ནས་བཞུར་འོངས་པའི་གདངས་དབྱངས་ཤིག

Posted on 2011-06-28 By ཡེ་ཤེས་ 5 Comments on ནམ་མཁའི་དབྱིངས་ནས་བཞུར་འོངས་པའི་གདངས་དབྱངས་ཤིག

ཀླུ་སྨྱོན་ཧེ་རུ་ཀ
sky_over_washington_monument

སྔོ་བསང་གི་ནམ་མཁའ་ནས་ཅི་ཙམ་ཉན་ཡང་ཚིམ་པ་མེད་པའི་གདངས་དབྱངས་ཤིག་བཞུར་འོངས།

དབྱངས་རྟ་དེའི་ལྟེབས་གཉེར་རེ་རེའི་བར་ན་མི་ལོ་ཁྲི་ཕྲག་གི་བརྩེ་དུང་གི་རྒྱ་མཚོ་འཁྱིལ་འདུག་ཅིང་།

དབྱངས་རྟ་དེའི་མཛེས་སྡུག་གི་ཕྱི་ཤུན་གྱི་ངོས་སུ་འཇིག་རྟེན་འདིའི་ཆེས་མཛེས་པའི་རྟོགས་བརྗོད་དག་བྲིས་འདུག

གདངས་དབྱངས་དེའི་བཞུར་རྒྱུན་གྱིས་མི་ལོ་སྟོང་ཕྲག་གི་སྐྱོ་གདུང་ཅིག་ཅར་སེལ་ཐུབ་ཅིང་།

གདངས་དབྱངས་དེའི་དྲི་ཞིམ་གྱིས་མི་ཚེ་ཧྲིལ་བོ་ཞིག་གི་སུན་སྣང་ཡང་བསུབ་ཐུབ།

གདངས་དབྱངས་དེ་ཆར་བའི་ཀློང་ནས་ཆར་བ་དང་འགྲོག་སྟེ་འབབ་བཞིན་འདུག་ལ།

དེ་ནི་འཇའ་ཚོན་གྱི་ཀློང་ན་འཇའ་ཚོན་དང་སྡེབས་ནས་འཚེར་བཞིན་འདུག

དེ་ལས་མང་བ་། “ནམ་མཁའི་དབྱིངས་ནས་བཞུར་འོངས་པའི་གདངས་དབྱངས་ཤིག” »

སྙན་ངག

བཀླགས་ན་སེམས་མི་སྐྱིད་པའི་དེབ་ཅིག

Posted on 2011-06-272011-06-27 By ཡེ་ཤེས་ 26 Comments on བཀླགས་ན་སེམས་མི་སྐྱིད་པའི་དེབ་ཅིག

དགེ་འདུན་རབ་རྒྱས།
deb

ཁར་སང་ངའི་གྲོགས་པོ་ཞིག་གིས་དགའ་ཤར་སོག་པ་ཚུལ་ཁྲིམས་འོད་ཟེར་གྱིས་བྲིས་པའི་དེབ་གསར་པ། བརྒལ་ལན་ལུང་རིགས་གཟི་འབར་ཀུན་ཕན་ཉི་མའི་སྣང་བ་ཟེར་བ་དེ་ཁྱེར་ནས་སླེབས་བྱུང་། ཤོག་ངོས་༥༣༢འདུག བརྗོད་བྱ་ནི་རང་གི་གྲོགས་པོ་རྙིང་པ་བང་ཆེན་རྩོམ་སྒྲིག་པ་གསེར་རྟ་ཚུལ་ཁྲིམས་ཀྱི་མགོ་རྡུང་བྱེད་ཅིག་རེད། འབྲེལ་ཡོད་ཀུན་གྱིས་ཤེས་གསལ་ལྟར་གསེར་རྟ་ཚུལ་ཁྲིམས་དང་། ཚུལ་ཁྲིམས་འོད་ཟེར་གཉིས་ཀྱིས་ལོ་མང་པོའི་སྔོན་གསེར་རྟ་མགོ་ལོག་ཡིན་མིན་གྱི་རྩོད་པ་བྱས་ཏེ་ཁོང་གཉིས་མདོ་སྟོད་སྨད་གཉིས་ཀྱི་སྤྱི་འཐུས་སུ་སླེབས་ཡོད། ཐོག་མར་སྤྱི་ཚོགས་མེ་ལོང་སོགས་ཚགས་པར་གྱི་ཐོག་ནས་རྩོད་པ་བྱས། དེ་ནས་དེབ་འབྲི་རེས་བྱས་ཤིང་། དེབ་ཀྱི་ནང་དུ་གྲོགས་པོ་ཡིན་སྐབས་ཀྱི་གསང་གཏམ་ཡོད་ཚད་ཕྱི་ལ་བཏོན་རེས་བྱས་ཏེ་ཞབས་འདྲེན་ཞུས་ཡོད། ཐོག་མར་དགའ་ཤར་སོག་པ་ཚུལ་ཁྲིམས་འོད་ཟེར་གྱིས་དེབ་ཅིག་བྲིས་འདུག་པས་མི་ཚོས་གསེར་རྟ་ཚུལ་ཁྲིམས་ལ་ལེན་རྒྱུ་ཞིག་བཞག་མི་འདུག་ཟེར།

དེ་ལས་མང་བ་། “བཀླགས་ན་སེམས་མི་སྐྱིད་པའི་དེབ་ཅིག” »

དཔྱད་རྩོམ།

“ཕོ་ཉུལ་ཁྱི་རྡུང”ཞེས་པའི་གློག་བརྙན་ཐུང་ཐུང་བྲོ་བ་ཅན་ཞིག

Posted on 2011-06-242011-06-25 By ཡེ་ཤེས་ 8 Comments on “ཕོ་ཉུལ་ཁྱི་རྡུང”ཞེས་པའི་གློག་བརྙན་ཐུང་ཐུང་བྲོ་བ་ཅན་ཞིག

ཀླུ་སྨྱོན། དེང་སྐབས་བོད་མདོ་སྨད་ཁུལ་དུ་དམངས་ཁྲོད་ཀྱི་གློག་བརྙན་བཟོ་སྐྲུན་པ་ཇེ་མང་དུ་འགྲོ་བཞིན་པའི་དུས་འདིར། རྨ་ཆུའི་རྩྭ་ཐང་དུ་ན་གཞོན་ཕོ་མོ་གཉིས་ཀྱི་བརྩེ་དུང་དང་དེའི་བར་ཆད་དུ་གྱུར་པའི་སྲོལ་རྒྱུན་གྱི་བསམ་བློ་རྙིང་པའི་རིགས་ཀྱི་ནག་ཉེས་གསལ་སྟོན་བྱེད་པའི་གློག་བརྙན་ཐུང་ཐུང་མིང་ལ་”ཧོར་ནག་ཁྱི་རྡུང་”ཞེས་པ་ཞིག་བཟོས་འདུག་པ་ཁྱེད་རྣམ་པར་གཟིགས་འབུལ་ཞུ་རྒྱུ་ཡིན་པས། གློག་བརྙན་འདི་དུམ་བུ་ཁ་ཤས་སུ་བགོས་ཡོད་པ་ཡང་ཤེས་པར་མཛོད།

གློག་བརྙན་།

ཉི་མས་ཟླ་བ་བཞུ་སྟངས་ཤིག—རྣལ་འབྱོར་བའི་ཆོས་ལུགས།

Posted on 2011-06-242011-06-24 By ཡེ་ཤེས་ 92 Comments on ཉི་མས་ཟླ་བ་བཞུ་སྟངས་ཤིག—རྣལ་འབྱོར་བའི་ཆོས་ལུགས།

mandala-yab-yum-tibetan-buddhism-wallpaper
ཀླུ་སྨྱོན་ཧེ་རུ་ཀ
བདག་གི་ལྷ་ཁང་གི་རྩིགས་ལྡེབས་སུ་ལོ་ངོ་ཁྲི་ཕྲག་གི་རིང་ཆགས་པས་དྲག་ཏུ་གཟིར་བའི་ལྷ་དང་ལྷ་མོའི་ཚོགས་དག་ཀྱེ།

ད་ནི་གཅིག་གིས་གཅིག་ལ་ཅེར་ནས་མ་འདུག་པར་བྲང་ཤ་རྩུབ་པོ་དང་མྱོས་བུམ་འཇམ་པོ་དག་ཅི་དགར་གཙུབ་བརྡར་བྱོས་ཤིག

དོམ་ནག་སྨྱོན་པ་དང་ས་འབུ་ཐག་ནར་ལ་ཞོན་པའི་ཡི་དམ་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱེ།

རྩ་དབུ་མའི་ནང་དུ་འདོད་དགུར་འཁྱིལ་བའི་ཁུ་ཁྲག་དཀར་དམར་གྱི་རྒྱ་མཚོའི་རྦ་རླབས་ཀྱི་ཕྲེང་བ་དག

ཕན་ཚུན་གྱི་སྙིང་རྩ་དང་ཀླད་རྩའི་ནང་དུ་འཁོར་རྒྱུག་རྒྱ་ཡན་དང་བག་མེད་པར་བྱེད་དུ་ཆུགས་ཡ།

དེ་ལས་མང་བ་། “ཉི་མས་ཟླ་བ་བཞུ་སྟངས་ཤིག—རྣལ་འབྱོར་བའི་ཆོས་ལུགས།” »

སྙན་ངག

“སྙན་རྩོམ་གཟི་མིག་དགུ་པ་”དང་དེའི་མཇུག་གི་ཤོག་ལྷེ་སྟོང་པ་དེ་ཚོའི་ངོས་ན།

Posted on 2011-06-222011-06-23 By ཡེ་ཤེས་ 13 Comments on “སྙན་རྩོམ་གཟི་མིག་དགུ་པ་”དང་དེའི་མཇུག་གི་ཤོག་ལྷེ་སྟོང་པ་དེ་ཚོའི་ངོས་ན།

pure
ཀླུ་སྨྱོན་ཧེ་རུ་ཀ

ང་བལ་ཡུལ་ན་ཡོད་དུས་ཀྱི་ཉིན་ཞིག དཔྱིད་ཀ་ཞིག་ཡིན་ནམ་སྙམ་པའི་ཉིན་ཞིག གཙན་ཆའི་ཚོང་བ་ཞིག་གིས་ང་ལ་ལྷ་ས་ནས་བསྐུར་པའི་དེབ་ཅིག་སྤྲད་བྱུང་། དེ་ནི་སྙན་ངག་པ་གྲགས་ཅན་ལྗང་བུས་ཁོང་གི་”ལྗང་བུའི་ལྷུག་རྩོམ་གཅེས་བཏུས”་ཤིག་ང་ལ་ལེགས་སྐྱེས་སུ་བསྐུར་པ་རེད་འདུག དེབ་དེ་ལག་པར་འབྱོར་བའི་དགའ་སྤྲོ་དང་དེབ་དེས་སྦྱིན་པའི་ཚོར་བ་མག་མོག་གཉིས་ཀ་ལྷན་གཅིག་ཏུ་སྦྲེལ་ཐབས་མེད་པ་དེ་འདིར་རེ་ཞིག་ཟུར་དུ་བསྐྱུར་ནས། དེ་རིང་སང་ཉིན་ཞིག་ལ་ལ་རྩེ་དཔེ་མཛོད་ཁང་དུ་ལྗང་བུ་དང་ཁོང་གི་”སྙན་རྩོམ་གཟི་མིག་དགུ་བ།” ད་དུང་དེ་དབྱིན་སྒྱུར་མཁན་བདེ་སྦྱིན་བཟང་མོ་གསུམ་མཉམ་དུ་འཛོམས་ནས་སྙན་ངག་གི་གསོལ་སྟོན་ཞིག་བཤམ་རྩིས་ཡོད་རབས་འདུག་ཅིང་། དོན་རྐྱེན་གློ་བུར་བ་དེས་བསྐུལ་ལམ་གང་ལྟར་ད་ནངས་ཞོགས་པར་ནུ་བོས་བོད་ནས་བསྐུར་ཡོང་བའི་ལྗང་བུའི་”སྙན་རྩོམ་གཟི་མིག་དགུ་”བ་དེ་དཔེ་སྒྲོམ་ལས་ལག་པར་ཐེབས་སོང་། ཡིན་ན་ཡང་སྐབས་དེར་ངས་”གཟི་མིག་དགུ་པ་”འཚོལ་བཞིན་མེད་པར་སྐྱོགས་སྟོན་ལོ་ཙྰ་པའི་”བརྡ་གསར་རྙིང་གི་རྣམ་གཞག་ལི་ཤིའི་གུར་ཁང་”ཞིག་འཚོལ་བཞིན་ཡོད། རྒྱུ་མཚན་ནི་ངས་”བཀའ་འགྱུར་”ཁྲོད་ཀྱི་”མདོ་སྡེ་ཟ་མ་ཏོག་”གི་ནང་དུ་རྒྱལ་རིགས་རྣམས་ཐམས་ཅད་ཁུ་སྒོ་དང་ལྕགས་ཀྱིས་བཅིངས་ནས་ཞེས་པའི་སྐབས་ཀྱི་ཁུ་སྒོ་ཞེས་པ་དེ་ཐག་པའམ་དངོས་པོ་གཞན་གང་ཞིག་གི་མིང་ཡིན་མ་ཤེས་པར་དག་ཡིག་རང་ཉིད་ལ་ཡོད་ཚད་སྔོག་བཞིན་པའི་སྐབས་ཤིག་ཡིན།

དེ་ལས་མང་བ་། ““སྙན་རྩོམ་གཟི་མིག་དགུ་པ་”དང་དེའི་མཇུག་གི་ཤོག་ལྷེ་སྟོང་པ་དེ་ཚོའི་ངོས་ན།” »

རྩོམ་རིག

བསྟན་འཛིན་ཀུན་གསལ་གྱི་གཞས་རྙིང་པ་ཞིག་ལ་ཉན་པའི་ཚོར་བ་དྲག་པོ།

Posted on 2011-06-172011-06-17 By ཡེ་ཤེས་ 26 Comments on བསྟན་འཛིན་ཀུན་གསལ་གྱི་གཞས་རྙིང་པ་ཞིག་ལ་ཉན་པའི་ཚོར་བ་དྲག་པོ།

tenzin2
ཀླུ་སྨྱོན་ཧེ་རུ་ཀ

འདི་ལོར་བསྟན་འཛིན་ཀུན་གསལ་མོ་ལོ་ག་ཚོད་ཅིག་ལ་བསླེབས་ཡོད་དམ།

མོའི་མཛེས་སྡུག་གི་ལང་ཚོའི་མེ་ཏོག་དེ་ད་ལྟ་ས་ཕྱོགས་གང་ཞིག་ན་ལྡེམ་བཞིན་ཡོད་དམ།

མོའི་སྙན་འཇེབས་ཀྱི་གླུ་སྐད་དེ་ད་ལྟ་ཡུལ་ཕྱོགས་གང་ཞིག་ན་གྲག་བཞིན་ཡོད་དམ།

མོའི་སྐྲ་ལོ་ནག་པོ་དེ་ད་ལྟ་མཚོ་འགྲམ་གང་ཞིག་ན་སྐྱོད་བཞིན་ཡོད་དམ།

མོའི་རྐང་རྗེས་ཆུང་ཆུང་དེ་ད་ལྟ་སྲང་ལམ་གང་ཞིག་ཏུ་འཇོག་བཞིན་ཡོད་དམ།

དེ་རིང་ཞོགས་པར་ངས་དྲ་ངོས་ཤིག་ལས་མོའི་གཞས་རྙིང་པ་ཞིག་ལ་ཉན་པ་ཡིན།

གཞས་དེ་ནི་དྲན་གླུ་ཞིག་དང་ལྷག་པར་དུ་ཕ་མ་དྲན་གླུ་ཞིག་རེད།

དེའི་གཞས་ཚིག་རེ་རེ་ནི་འབར་བཞིན་པའི་མེ་ལྕེ་རེ་རེ་དང་འདྲ་བར།

ངའི་དོན་ལྔ་སྣོད་དྲུག་ཐལ་བ་ནས་རྡུལ་ཕྲན་བར་དུ་བསྲེགས་སོང་།

དེ་ལས་མང་བ་། “བསྟན་འཛིན་ཀུན་གསལ་གྱི་གཞས་རྙིང་པ་ཞིག་ལ་ཉན་པའི་ཚོར་བ་དྲག་པོ།” »

སྙན་ངག

Posts pagination

Previous 1 … 21 22 23 … 37 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (17)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme