Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་རི་དང་མེ་མདའ།

Posted on 2012-12-282012-12-28 By ཡེ་ཤེས་ 11 Comments on ཨ་རི་དང་མེ་མདའ།

ཀླུ་སྨྱོན།


ཨ་རིའི་སྲང་ལམ་གང་སར་མེ་མདའི་ཚོང་ཁང་མཐོང་རྒྱུ་ཡོད་ཅིང་།
ཚོང་ཁང་དེ་ཚོའི་ནང་དུ་འཛུལ་ཐེངས་རེ་རེར།

དེ་ལས་མང་བ་། “ཨ་རི་དང་མེ་མདའ།” »

སྣ་ཚོགས།

གློག་སྐུད་ཆད་པ།

Posted on 2012-12-27 By ཡེ་ཤེས་ 4 Comments on གློག་སྐུད་ཆད་པ།

ཀླུ་སྨྱོན།
དུས་ཚོད་ནམ་ཞིག་ནས་བཟུང་།
གྲོང་ཁྱེར་དང་ཞིང་གྲོང་གི་དབྱེ་བ་མེད་པར།
གློག་སྐུད་སྦོམ་ཕྲ་མང་པོ་ཞིག་ཉི་ཟེར་གྱི་སྐུད་པ་བཞིན་གནས་གང་སར་བརྒྱུས་སོང་།
དེ་ནི་རླུང་བུ་དང་འདྲ་བར་མི་ཚེ་ཧྲིལ་བོ་ཞིག་ཡོམ་ཡོམ་དུ་བསྒུལ་བའི་ནུས་པ་དང་ལྡན་པ་ཞིག་རེད།
གློག་གི་རྦ་རླབས་བརྒྱུད་ནས་འོངས་པའི་གསར་འགྱུར་དང་གློག་བརྙན།
ད་དུང་གློག་བརྙན་གྱི་བར་བཅུག་གླུ་གཞས་རེ་རེ།
གློག་སྐུད་སྟེང་གི་ཕུག་རོན་དེ་ཚོ་ཡང་།
མི་སེམས་འཕྲོག་པའི་གཏམ་རྒྱུད་གསོན་པོ་རེ་རེ་ཅི་ལ་མིན།

དེ་ལས་མང་བ་། “གློག་སྐུད་ཆད་པ།” »

སྙན་ངག

འདྲ་པར་ཞིག་གི་འགྲེལ་བཤད།

Posted on 2012-12-242012-12-24 By ཡེ་ཤེས་ 7 Comments on འདྲ་པར་ཞིག་གི་འགྲེལ་བཤད།

ཀླུ་སྨྱོན། ཆུ་ནི་ཆུ་དང་འོ་མ་འོ་མར་འདྲེས། ། བར་སྣང་གློག་ཀྱང་མུན་པའི་མཚན་མོར་འཐིམ། ། ལོ་དང་ཟླ་བའི་ངོས་ན་འཚེར་བའི་འོད། ། བདག་གི་མི་ཚེ་སྐྱ་བོ་འདི་ཉིད་དོ།།

པར།

ང་གང་ནས་ཡོང་བ་ཡིན་ནམ།

Posted on 2012-12-232012-12-25 By ཡེ་ཤེས་ 16 Comments on ང་གང་ནས་ཡོང་བ་ཡིན་ནམ།

——ཐོལ་དྲན།
ཀླུ་སྨྱོན།
དེ་དུས་ང་རང་ལོ་ལྔ་ཡིན་བསམས། སྟོན་ཁའི་རྩྭ་ཐང་ཞིག་ཏུ་ངེད་ཚང་གི་ནོར་ནག་ཉི་ཤུ་རྩ་གྲངས་དེ་དག་འཚོ་བཞིན་ཡོད། ཕྱི་དྲོ་ཞིག་རྐྱེན་ཅི་ཞིག་གིས་བསྐུལ་པ་མི་ཤེས་པར་ངའི་སེམས་ནང་ངའི་ལུས་པོ་འདི་གང་ནས་ཡོང་བ་ཡིན་ནམ་སྙམ་པའི་བསམ་བློ་ཐོལ་སྐྱེས་པ་ཞིག་གློ་བུར་དུ་བསླེབས་སོང་བས། སྐར་མ་ཉི་ཤུ་ཙམ་གྱི་རིང་བསམ་བློ་ག་ཚོད་བཏང་ཡང་རང་ཉིད་གང་ནས་ཡོང་བ་དེ་རྩ་བ་ཉིད་ནས་ཤེས་མ་སོང་ལ།

དེ་ལས་མང་བ་། “ང་གང་ནས་ཡོང་བ་ཡིན་ནམ།” »

མཚར་གཏམ།

དགེ་ཆོས་བསྡུས་གླེང་།

Posted on 2012-12-222012-12-23 By ཡེ་ཤེས་ 9 Comments on དགེ་ཆོས་བསྡུས་གླེང་།

ཀླུ་སྨྱོན། ཐོས་བསམ་སྒོམ་གསུམ་དགེ་ཆོས་ཡག་ཕྱོགས་ཡིན།། རྒྱོ་ཆང་དུ་གསུམ་དགེ་ཆོས་སྡུག་ཕྱོགས་ཡིན།། འཆད་རྩོད་རྩོམ་གསུམ་དགེ་ཆོས་རྐང་རྗེས་ཡིན།། འཁྱམ་འཚོལ་དཔྱོད་གསུམ་དགེ་ཆོས་མི་ཚེ་ཡིན།།

སྙན་ངག

ནམ་གུང་གི་རང་ཉིད།

Posted on 2012-12-20 By ཡེ་ཤེས་ 5 Comments on ནམ་གུང་གི་རང་ཉིད།

ཀླུ་སྨྱོན་ཧེ་རུ་ཀ
མུན་ནག་ནང་དུ་རྩིགས་པར་བསྙེས་ཏེ་མིག་ཟུང་བཙུམས་པའི་སྐད་ཅིག་མར།།

ངལ་བས་དུབ་པའི་མགོ་བོ་ལྕི་མོ་གཞོག་གཅིག་ལྷུང་བའི་འཇིགས་སྐྲག་གིས།།

གློག་ཀླད་གྲུ་བཞིའི་མཐེབ་གཞུང་འཇམ་པོར་སོར་རྩེས་བསྣུན་པའི་བདེ་སྣང་གིས།།

ནམ་མཁའི་གློག་ཞགས་སྙིང་མགོར་འཁྱུག་པའི་ཚོར་བ་དྲག་པོའི་རྦ་རླབས་འཕྱུར།།

སྒེའུ་ཁུང་ངོས་སུ་ཆར་བས་བརྡུངས་ཚེ་དབྱངས་ཅན་པི་ཝང་རྒྱུད་སྐུད་ཆད།།
མཛེས་མའི་ནུ་འབུར་ཕྱེད་ཙམ་མཐོང་དུས་དགེ་སྦྱོང་རྒྱབ་ཀྱི་ཆོས་གོས་ལྷུང་།།
རྨི་ལམ་ནང་དུ་དམྱལ་བར་ཕྱིན་པས་སད་དུས་འཇིག་རྟེན་ཞེན་པ་ལོག།
སྦྲང་ནག་ཁྱུ་གཅིག་ཕོར་བར་འབྱར་བས་འོ་ཇ་མངར་མོ་མིད་པར་འཐོག།

དེ་ལས་མང་བ་། “ནམ་གུང་གི་རང་ཉིད།” »

སྙན་ངག

མི་ཚེ།

Posted on 2012-12-192012-12-19 By ཡེ་ཤེས་ 5 Comments on མི་ཚེ།

ཀླུ་སྨྱོན།།

རི་སྐེད་དུ་རྒྱུ་བའི་སྤྲིན་པ་བཞིན།
མཐོ་དམན་གྱི་ངེས་པ་ཡེ་ནས་བྲལ།
ཉི་འོད་ཀྱི་མཛེས་པ་ལས་རང་ཉིད་ཀྱི་སྒེག་ཉམས་དེ་སྟོན་ཞིང་།
བསིལ་རླུང་གི་རམ་འདེགས་ལས་རང་ཉིད་ཀྱི་འགྲུལ་བཞུད་རྩོམ།
ཆུང་གྲོགས་ཚོའི་འོ་འཛིན་དྲག་ཏུ་རྒྱས་པའི་ལོ་ཟླ་དེ་དག་བསམས་མི་ཕོད་ཅིང་།
དགོན་ཆེན་ཚོའི་ཅོང་སྒྲ་འཕུར་བའི་ས་སྲོད་དེ་ཚོ་ཡང་དྲན་མི་སྤོབས།

དེ་ལས་མང་བ་། “མི་ཚེ།” »

སྙན་ངག

ཨ་ཕའི་པགས་རྩག

Posted on 2012-12-17 By ཡེ་ཤེས་ 7 Comments on ཨ་ཕའི་པགས་རྩག

ཀླུ་སྨྱོན། ཕྱི་རུ་སྣུམ་ཞག་ཀྱི་ལི་ལི།། ནང་དུ་ཚ་དྲོད་ཆིལ་ལི་ལི།། བར་དུ་འབྲོག་དྲི་ཐུ་ལུ་ལུ།། བརྗེད་མེད་ཨ་ཕའི་པགས་རྩག་དྲན།།

སྙན་ངག

དེ་རིང་ང་ལ་ཆམ་པ་ཕོག

Posted on 2012-12-17 By ཡེ་ཤེས་ 5 Comments on དེ་རིང་ང་ལ་ཆམ་པ་ཕོག

ཀླུ་སྨྱོན། གློ་བའི་བྱང་ཁོག་རྣག་གིས་ཟིན།། ལུད་པ་ལྗང་སེར་བར་མེད་འཕེན།། མཚན་གང་རྨི་ལམ་ཟ་ཟི་འཁྲིགས།། སྒྱུ་ལུས་འཇིག་པའི་དངངས་སྐྲག་སློང་།།

སྙན་ངག

སྲིད་པ་ཆགས་གླུ།

Posted on 2012-12-172012-12-17 By ཡེ་ཤེས་ 7 Comments on སྲིད་པ་ཆགས་གླུ།

ཀླུ་སྨྱོན། སྤྲེལ་སྲིན་གཉིས་ཀྱིས་གངས་ལ་བྲིས་པའི་བརྩེ་བ་དྲོན་མོའི་སྙན་ངག་ཅིག། དྲག་ཏུ་འབར་བའི་དམར་པོ་མེ་ཡིས་མུན་ནག་ཁམས་ནས་རྨེག་མེད་བཞུས།། མགོ་བོ་དགྱེ་ནས་ལྷ་ལ་དྲིས་པས་སྲིད་པ་ཆགས་པའི་གླུ་ཡི་གདངས།། བསང་དུད་སྔོན་མོའི་ཁུག་པ་རེ་རེར་མིག་ཆུའི་ཐིགས་པར་སྦྲུམ་ཡོད་ཟེར།།

སྙན་ངག

སྦི་རིའི་*ཟིན་ཐོ།

Posted on 2012-11-252012-11-25 By ཡེ་ཤེས་ 9 Comments on སྦི་རིའི་*ཟིན་ཐོ།

ཀླུ་སྨྱོན། ཕྱི་བརྩེགས་ནང་བརྩེགས་རི་བོའི་གསེབ་ནས་དུད་སྤྲིན་གྱ་གྱུར་མཁའ་ལ་འཕྱུར།། ཞོ་གསར་ལྟ་བུའི་ཆུ་འཛིན་དཀར་པོས་བྱང་རིའི་ཉི་འོད་གོས་སུ་གྱོན།། གྲོང་གསེབ་ཐར་ཐོར་གནའ་ཉམས་ཡལ་བཞིན་ལྗོན་པའི་གསེབ་ཏུ་ཚོམ་བུར་བཀྲམ།། གཏིང་མཐའ་བྲལ་བའི་ནམ་མཁའ་སྔོན་པོར་བྱ་རྒོད་ཁྱུ་ཞིག་ལྡིང་སྐོར་བྱེད།། *སྦི་རི་ནི་རྒྱ་གར་བྱང་རྒྱུད་ཀྱི་ས་ཆ་སྐྱིད་པོ་སྐད་གྲགས་ཅན་ཞིག་ཡིན།

སྙན་ངག

ང་ཚོའི་བརྩེ་བ་དེ་འདབ་ཆགས་ཀྱི་བརྩེ་བ་ལ་དོ་གི་ཡོད་དམ།

Posted on 2012-10-09 By ཡེ་ཤེས་ 16 Comments on ང་ཚོའི་བརྩེ་བ་དེ་འདབ་ཆགས་ཀྱི་བརྩེ་བ་ལ་དོ་གི་ཡོད་དམ།

ཀླུ་སྨྱོན། ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་འདམ་གཞུང་ཡུལ་ཚོར་དབྱར་དུས་སུ་ཁྲུང་ཁྲུང་མང་པོ་ཡོད་རེད།ད་ལོའི་དབྱར་ཁར་ཁྲུང་ཁྲུང་ཁྱོ་ཤུག་གཉིས་ལས་ཕོ་དེའི་སྒྲོ་རུས་ཆག་སྟེ་འཕུར་ཐབས་མེད་པར་ལུས།མོ་དེས་ཉིན་མཚན་ཀུན་དུ་ཕོ་དེ་སྲུང་སྐྱོབ་བྱེད་པ་དང་།ཁྱི་དང་རྟ་ནོར་སོགས་འགྲམ་དུ་གཅར་དུས་སྲོག་བརྡོས་ཀྱིས་འགོག་རྒོལ་བྱེད་ཀྱིན་འདུག་ཟེར།མོ་ལ་འགོག་རྒོལ་བྱེད་པའི་སྙིང་སྟོབས་ཙམ་མ་གཏོགས་ནུས་པ་གང་ཡང་མེད་པས་སྙིང་རྗེ།ནམ་ཟླ་ཇེ་འཁྱག་ཏུ་གྱུར་པ་དང་བསྟུན་མཚོ་ཁ་དར་གྱིས་བཟུང་།ཁྲུང་ཁྱུ་ནི་དྲོད་སྐྱིད་ལྡན་པའི་ཕ་ཡུལ་ཏེ་ལྷོ་ཕྱོགས་སུ་འཕུར།ཁྲུང་ཁྲུང་ཕོ་དེ་སྒྲོ་རུས་དྲག་སྐྱེད་མ་བྱུང་བས་ལྷགས་རླུང་གི་ཁྲོད་དུ་ལུས།ཁྲུང་ཁྲུང་མོ་དེས་ཁྲུང་ཁྱུའི་རྗེས་ཅུང་ཟད་སྙེག་རྗེས་རང་གི་ཁྱོ་བོ་བློས་མ་ཐོངས་པར་ཕྱིར་ཁྲུང་ཕོ་དེའི་ཟུར་དུ་བབས།དེ་ནས་ཉིན་རེ་བཞིན་ནམ་ཟླ་ཇེ་འཁྱག་ཏུ་གྱུར་ཅིང་མཚོ་ཁའི་དར་ཇེ་མཐུག་ཏུ་གྱུར།མཐར་གསོན་རེ་ཆད་པའི་ཁྲུང་ཁྲུང་ཁྱོ་ཤུག་གཉིས་པོས་འུ་ཐབས་ཟད་ཀྱིས་ཕན་ཚུན་གཅིག་གི་སྐེ་གཅིག་གིས་བསྡམས་ནས་རང་དམེ་བྱས་འདུག་ཟེར།གཏམ་རྒྱུད་འདི་ས་དེའི་འབྲོག་དམངས་ཀྱིས་དངོས་སུ་མཐོང་འདུག་ཅེས་ས་དེའི་ཡིན་པའི་ངའི་གྲོགས་པོ་ཞིག་གིས་གསུངས་སོང་། གྲོགས་པོ་ཚོ་ཁྲུང་ཁྲུང་དེ་གཉིས་ལ་མཎི་རེ་གསུངས་རོགས།

གསར་འགྱུར།

ངའི་གྲོགས་པོ་ཞིག་གི་ལོ་རྒྱུས།

Posted on 2012-10-082012-10-08 By ཡེ་ཤེས་ 18 Comments on ངའི་གྲོགས་པོ་ཞིག་གི་ལོ་རྒྱུས།

ཀླུ་སྨྱོན་ཧེ་རུ་ཀ

ཐོ་རངས་ཆུང་མའི་རུམ་ནས་ཡར་ལངས་ཏེ།།
ཆུ་འཁྱག་ཅིག་གིས་ངོ་གདོང་རོབ་ཙམ་བཀྲུས།།
ལྕགས་རྟ་རྙིང་གོག་གྲང་བའི་རེག་བྱ་ཅན།།
ཞོན་ནས་སྐར་འོད་འོག་ཏུ་ལས་ཀར་ཆས།།
ཆུ་ཚོད་ཕྱེད་ཀར་ལྕགས་རྟ་བསྐོར་བ་ཡིས།།
ངལ་ཞིང་དུབ་པས་རྔུལ་ནག་སྒལ་གཞུང་བརླན།།
འཁྲིས་ནས་ཤུར་སེ་འགྲོ་བའི་རླངས་འཁོར་ཚོར།།
ལྟ་བཞིན་སྨོན་པའི་དབུགས་རིང་བརྩེགས་མར་འཕེན།།

དེ་ལས་མང་བ་། “ངའི་གྲོགས་པོ་ཞིག་གི་ལོ་རྒྱུས།” »

སྙན་ངག

སོ་སྐྱེས་སྙན་ངག་བརྒྱ་བ། གཉིས་པ།

Posted on 2012-09-302012-09-30 By ཡེ་ཤེས་ 11 Comments on སོ་སྐྱེས་སྙན་ངག་བརྒྱ་བ། གཉིས་པ།

ཀླུ་སྨྱོན་ཧེ་རུ་ཀ
ཆུ་བོ་བཞུར་བའི་གནས་དེ་རུ། །
མེ་ཏོག་སྐྱེས་པའི་གནས་དེ་རུ། །
ཁྱེད་ཀྱི་རྐང་རྗེས་ཡོད་དམ་ཅི། །
ཁྱེད་ཀྱི་དྲི་ཞིམ་ཡོད་དམ་ཅི། །
ལོ་མ་ལྗང་ཁུས་སྦྱར་སྡོང་བཀབ། །
ཉི་འོད་གསེག་སྟེ་ནགས་ཀློང་འབབ། །
ཁྱེད་ཀྱི་མྱོས་བུམ་འདི་ན་སྣང་། །
ཁྱེད་ཀྱི་བྷ་ག་འདི་ན་གདངས། །
ཆུ་མོ་དྭངས་ཤིང་དྭངས་ཤིང་བཞུར། །
རླུང་བུ་བསིལ་ཞིང་བསིལ་ཞིང་ལྡང་། །
ངང་བ་ཁྱོ་ཤུག་འདི་གཉིས་ཀྱིས། །
རླབས་ཀྱི་སྙན་ངག་འདོད་དགུར་འབྲི། །

དེ་ལས་མང་བ་། “སོ་སྐྱེས་སྙན་ངག་བརྒྱ་བ། གཉིས་པ།” »

སྙན་ངག

སོ་སྐྱེས་སྙན་ངག་བརྒྱ་བ། དང་པོ།

Posted on 2012-09-292012-09-30 By ཡེ་ཤེས་ 9 Comments on སོ་སྐྱེས་སྙན་ངག་བརྒྱ་བ། དང་པོ།

ཀླུ་སྨྱོན་ཧེ་རུ་ཀ
སྐྱེ་བ་སྐྱེ་བར་གསེར་མདོག་གི །
ཞིང་གྲོང་ཉུལ་བའི་རླུང་བུར་ཤོག །
རླུང་བུ་དེ་ཡིས་བསྐལ་པའི་བར། །
གང་སར་འཁྱེར་བའི་དྲི་ཞིམ་ཤོག །
སྒེའུ་ཁུང་ནང་གི་ཡུལ་ལྗོངས་ནི། །
ཁྱེད་ལ་བྲིས་པའི་སྙན་ངག་སྟེ། །
ནམ་མཁའ་སྔོན་པོའི་ཟུར་ཞིག་ན། །
ཟླ་བའི་མཆི་མ་རྒྱུ་སྐར་བཞིན། །
ཁྱེད་ཀྱི་མཆུ་འདབ་དམར་ན་ཡང་། །
འོ་ཡི་སྦྲང་རྩི་ཞིམ་ན་ཡང་། །
སྒེའུ་ཁུང་བརྒྱུད་པའི་རླུང་བུ་འདིས། །
བདག་ནི་བསྲེགས་ཏེ་ཐལ་བར་བྱས། །

དེ་ལས་མང་བ་། “སོ་སྐྱེས་སྙན་ངག་བརྒྱ་བ། དང་པོ།” »

སྙན་ངག

སྙན་ངག་གི་གས་ཆག

Posted on 2012-09-102012-09-10 By ཡེ་ཤེས་ 5 Comments on སྙན་ངག་གི་གས་ཆག

ཀླུ་སྨྱོན།
ལོ་མ་ལྗོན་རྩེ་ནས་འདར་དུས།

དབང་མེད་འགྲུལ་བཞུད་ཅིག་བྱེད་འདོད།།

ཆར་བས་ལྷམ་ཡུ་གཉིས་བརླན་དུས།།།

སྐར་མས་ལམ་སྒྲོན་ཞིག་བྱས་སོང་།།

སྨུག་པ་དུམ་བུ་དང་དུམ་བུས།།

ཕ་གིའི་རི་རྩེ་དེ་དཀྲིས་དུས།།

སྙིང་ཤ་ཚོམ་བུ་དང་ཚོམ་བུ།།

ཕྱོགས་ཕྱོགས་མེ་སྟག་བཞིན་མཆེད་སོང་།།

སེམས་ནས་འཆར་ཡན་ཞིག་འཕྱུར་ཏེ།།

ལག་ནས་སྙན་ངག་ཅིག་བྲིས་པ།།

ཤོག་བྱ་སྐུད་ཆད་ཅིག་འདྲ་བར།།

ནམ་མཁའ་སྟོང་པ་ལ་ཐིམ་སོང་།།

དེ་ལས་མང་བ་། “སྙན་ངག་གི་གས་ཆག” »

སྙན་ངག

ཐུའུ་བཀན་ཆོས་ཀྱི་རྡོ་རྗེའི་གསུང་བྱིན་ཅན།

Posted on 2012-09-042012-09-04 By ཡེ་ཤེས་ No Comments on ཐུའུ་བཀན་ཆོས་ཀྱི་རྡོ་རྗེའི་གསུང་བྱིན་ཅན།

གཤམ་དུ་སྣུན་ཏེ་ཀློགས། Sungrab1

དཔྱད་རྩོམ།

མནའ་མ་གསར་པའི་ཆ་རྐྱེན་དང་མེད་པ་གསུམ་འཛོམས་ཀྱི་ཁྱིམ་ཚང་།

Posted on 2012-08-282012-08-28 By ཡེ་ཤེས་ 35 Comments on མནའ་མ་གསར་པའི་ཆ་རྐྱེན་དང་མེད་པ་གསུམ་འཛོམས་ཀྱི་ཁྱིམ་ཚང་།

ཀླུ་སྨྱོན། དེང་སྐབས་ཆབ་ཆ་དང་རེབ་ཀོང་ཕྱོགས་སུ་བུ་མོ་ལོ་ཆུང་ཚོ་ཁྱིམ་ཚང་ཞིག་མེད་པ་གསུམ་འཛོམ་ཡིན་ན་ད་གཟོད་མནའ་མར་ཡོང་གི་ཟེར། དེ་དག་ནི་རིམ་བཞིན་གཤམ་གསལ། བེད་མེད་གད་སྙིགས་མེད་པ།–རྒན་རྒོན་ཚེ་ཐག་རིང་པོ་ཅན། ཤ་མེད་གསོ་ཕག་མེད་པ།–བླ་རྒན་དགོན་པ་ན་ཡོད་པ། འཆི་མེད་ནད་པ་མེད་པ།–ནང་མི་དབང་པོ་སྐྱོན་ཅན།

གསར་འགྱུར།

འཇིགས་པ་མེད་པའི་སེམས།

Posted on 2012-08-25 By ཡེ་ཤེས་ 27 Comments on འཇིགས་པ་མེད་པའི་སེམས།

ཀླུ་སྨྱོན།

སེམས་འདི་དང་པོ་གང་ནས་བྱུང་། །
སེམས་འདི་ཆོས་ཀྱི་དབྱིངས་ལས་བྱུང་། །
ཆོས་དབྱིངས་འདུས་མ་བྱས་ལས་བྱུང་། །
ནམ་མཁའི་ཁམས་ཀྱི་མཐའ་དབུས་ནས། །
ལས་ཀྱི་རླུང་བུ་འཇམ་པོ་ལྡང་། །
དེ་ལ་འོད་ཀྱི་ཐིག་ལེ་འཚེར། །
ཁ་དོག་སྣ་ལྔའི་ཕྲ་ཚོམ་བརྒྱན། །
ཆོས་ཉིད་སྐུད་པར་ལན་གཅིག་བརྒྱུས། །

དེ་ལས་མང་བ་། “འཇིགས་པ་མེད་པའི་སེམས།” »

སྙན་ངག

བྲག་སྲིན་མོ།

Posted on 2012-07-282012-07-28 By ཡེ་ཤེས་ 8 Comments on བྲག་སྲིན་མོ།

ཀླུ་སྨྱོན་ཧེ་རུ་ཀ

སྤྱན་རས་གཟིགས་ཀྱི་ཞིང་ཁམས་དེར།
ཁྱོད་དང་སྤྲེལ་རྒན་གདོང་དམར་གྱི་འཐམ་འཁྱུད་ལས།
ང་ཚོའི་མི་རབས་འདི་བསྐྲུན་བྱུང་། བྲག་སྲིན་མོ།
ཁྱོད་དང་སྤྲེལ་རྒན་རྫུ་བག་ཅན་དེའི་དུང་ཞེན་ལས།
ང་ཚོ་འདི་ལྟར་མི་ཡུལ་གྱི་མགྲོན་པོར་གྱུར།
གངས་དཀར་ལྟ་བུའི་ཁྱོད་ཀྱི་བྱམས་སེམས་དྲན་ཐེངས་རེ་རེར།
ངས། རང་ཉིད་ཀྱི་གནས་བབ་དང་རྨི་ལམ། ད་དུང་བག་ཆགས་གང་མང་།

དེ་ལས་མང་བ་། “བྲག་སྲིན་མོ།” »

རྩོམ་རིག

Posts pagination

Previous 1 … 14 15 16 … 37 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme