Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་གར་གྱི་བརྙན་མིག

Posted on 2013-12-10 By ཡེ་ཤེས་ 4 Comments on རྒྱ་གར་གྱི་བརྙན་མིག

ཀླུ་སྨྱོན། རྒྱ་གར་གྱི་ཟ་ཁང་ཚོང་ཁང་མགྲོན་ཁང་གང་སར་བརྙན་མིག་བཙུགས་ཏེ་འཛུལ་ས་གཟུར་ས་མེད་པ་ཞིག་བཟོས་འདུག སྔོན་ཆད་ཨ་རིའི་བརྙན་མིག་ལ་སུན་སྣང་སྐྱེས་ཀྱང་རྒྱ་གར་དང་བསྡུར་ན་གང་ཡང་རེད་མི་འདུག རྒྱ་ནག་ཀྱང་བརྙན་མིག་གིས་ཁེངས་འདུག་ཟེར། རྒྱ་དཀར་ནག་གཉིས་ཀྱི་བརྙན་མིག་དོན་ངོ་མར་སུ་ལ་དམིགས་ཡོད་དམ། ལོ་ཕྱེད་སྔོན་བོད་ནང་གི་རྩོམ་པ་པོ་སེང་རྡོར་གྱིས་ཁོང་གིས་བཙུགས་པའི་སྙན་ངག་པའི་ཇ་ཁང་དེར་ཡང་བརྙན་མིག་བཙུགས་ཡོད་ཟེར་བས། ལོ་ཤས་རྗེས་སུ་རྒྱལ་ཁབ་འད་ིཚོས་གསང་སྤྱོད་ནང་དུ་ཡང་བརྙན་མིག་བཙུགས་ཏེ་མཇེ་སྟུའི་ཆེ་ཆུང་གཞལ་རྩིས་ཡོད་པ་ནི་ཧ་ཅང་གསལ་བོ་རེད།

མཚར་གཏམ།

རྨི་ལམ་དང་དཔྱིད།

Posted on 2013-12-102013-12-10 By ཡེ་ཤེས་ No Comments on རྨི་ལམ་དང་དཔྱིད།

ཀླུ་སྨྱོན། མཛེས་དང་མི་སྡུག་ཚོན་གྱིས་མ་བྲིས་རང་བྱུང་རིག་པའི་ལྷ་མོ་ཁྱེད། ། གཅིག་དང་དུ་མའི་རྣམ་རྟོག་ལས་འདས་སེམས་ཀྱི་ཟབ་སར་བཞུགས་ནས་བཟུང་། ། ཉིན་དང་མཚན་མོའི་དུས་ཀྱི་འཁོར་ལོར་སྙན་ངག་བདུད་རྩིའི་རོ་མཆོག་སྩོལ། ། གང་དང་གང་ལ་སྙིང་ནས་དུང་བའི་རྨི་ལམ་ཞིང་གི་མཛའ་མོ་དྲན། ། དགའ་སྐྱོ་ཆགས་སྡང་སེམས་ཀྱི་ཚོར་བ་མ་ལུས་སྨྱུ་གུའི་རྩེ་རུ་འདྲེན། ། འབྲོག་པའི་རྩྭ་ཐང་རོང་པའི་ཞིང་ཁར་རྐང་རྗེས་འཇོག་བཞིན་འཇོག་བཞིན་འོངས། ། ཆབ་རོམ་མ་ལུས་སྨུག་སྤྲིན་ལ་བསྒྱུར་རི་བོའི་སུལ་་དུ་གཉིད་ཀྱང་ལོག །…

དེ་ལས་མང་བ་། “རྨི་ལམ་དང་དཔྱིད།” »

སྙན་ངག

ས་མཐའི་སྙན་ངག་པའི་ཁྱུ་མཆོག་བཞི་ཨེ།

Posted on 2013-12-102013-12-10 By ཡེ་ཤེས་ 32 Comments on ས་མཐའི་སྙན་ངག་པའི་ཁྱུ་མཆོག་བཞི་ཨེ།

ཀླུ་སྨྱོན། དེ་རིང་སྙན་ངག་གི་ཕ་ཁྱིམ་ཟེར་བའི་དྲ་འཕྲིན་ནང་དུ་ཆུང་ཚེ་རིང་དང་ཆབ་བྲག་ཕོ་ཉ། ཧོར་འཇིགས་དང་ཁོ་བོ་བཅས་ལ་ས་མཐའི་སྙན་ངག་པའི་ཁྱུ་མཆོག་བཞི་ཞེས་པའི་ཆོ་ལོ་སྦྱར་ཏེ་མི་རེའི་འདྲ་པར་དང་སྙན་ངག་རེ། སྙན་ངག་དེ་དག་གི་ཕྲན་དཔྱད་རེ་བཅས་ལྷན་དུ་བཀོད་འདུག་པས། ཆོ་ལོ་དེ་བདག་ལ་ཇི་ལྟར་མཛའ་བསམས་ནས་བསྡད་ཡོད།

གསར་འགྱུར།

སྙན་ངག་ཅིག

Posted on 2013-12-08 By ཡེ་ཤེས་ 7 Comments on སྙན་ངག་ཅིག

ཀླུ་སྨྱོན། སྙན་ངག་ཅིག་འབྲི་བསམ་དུས། སྒེའུ་ཁུང་ལས་ཉི་འོད་སེར་པོ་ཞིག་ཐད་ཀར་འབྲི་དེབ་སྟེང་འཕྲོས་ཡོང་། ཟླ་བཅུ་གཉིས་པའི་ཉི་འོད་དེ་དྲོད་འཇམ་ལྡན་པ་ཞིག་མིན་ཡང་། འོད་འཚེར་འཚེར་དང་སེར་ལམ་ལམ་གྱི་ཉི་འོད་དེའི་ཀློང་ནས། ངས་ལོ་ཟླ་ཧ་ཅང་མང་པོ་ཞིག་གི་རིང་། སེམས་གཏིང་དང་མིག་མཐའ་རུ་བཙན་གྱིས་ཉར་བའི་སྙན་ངག་དུམ་བུ་ཞིག ཆར་བའི་ཟོལ་དུ། ཁ་བའི་ཚབ་ཏུ། རེ་ཞིག འདི་རུ་མི་བྱོ་ཀ་མེད་དུ་གྱུར།

སྙན་ངག

ལྷ་གཡག་གི་རྣམ་ཤེས།

Posted on 2013-11-072013-11-08 By ཡེ་ཤེས་ 5 Comments on ལྷ་གཡག་གི་རྣམ་ཤེས།

ཀླུ་སྨྱོན།

གཅིག

ལོ་དེར། ཨ་ཕས་ང་ཁྲིད་ནས་མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་ཁ་རུ་མཚོ་སྐོར་ལ་སོང་། མཚོ་སྐོར་དུ་འགྲོ་ཞོར་ཁོང་གིས་ང་ལ་སུན་སྣང་མེད་པར་མཚོ་མོ་འདི་དང་འབྲེལ་བའི་ལྷ་སྒྲུང་མང་པོ་ཞིག་བཤད་ཀྱང་། དེ་དུས་ཀྱི་ལྷ་སྒྲུང་རེ་རེ་ནི་མཚོ་ངོགས་ཀྱི་ཐང་མར་བརྡལ་བའི་མགྲོན་བུ་དང་ཉ་ཕྱིས་ཀྱི་ཤུན་ལྐོགས་རེ་རེ་འདྲ་བར་ལོ་ཟླའི་ཆུ་གཉེར་གྱིས་དེད་ནས་གར་སོང་ཆ་མེད་དུ་གྱུར་སོང་མོད། སྐབས་དེར་འཕྲད་པའི་དངོས་ཡོད་ཀྱི་གནས་ཚུལ་ཞིག་མཚོ་མོའི་ཁ་གཏད་དུ་འགྱིངས་པའི་བྲག་རྡོ་ཞིག་དང་མཚུངས་པར་ད་དུང་དྲན་འཛིན་གྱི་ངོས་སུ་ལྷང་ངེར་འདུག

དེ་ལས་མང་བ་། “ལྷ་གཡག་གི་རྣམ་ཤེས།” »

བརྩམས་སྒྲུང་།

ཀླུ་སྨྱོན་གྱིས་དྲ་འབུ་ཚོར་བཀའ་བསྩལ་པ།

Posted on 2013-11-072013-11-07 By ཡེ་ཤེས་ 7 Comments on ཀླུ་སྨྱོན་གྱིས་དྲ་འབུ་ཚོར་བཀའ་བསྩལ་པ།

ཀླུ་སྨྱོན།

ཉེ་སྔོན་འཆི་མེད་མིང་ཅན་ཞིག་གིས་དགུ་རོང་སྤུན་གྲོལ་ལ་བསྐུར་པའི་ཐལ་ལྕག་ཚ་བོ་ཞེས་པ་ཞིག་རྡ་ས་ནས་བསྐུར་པ་ཡིན་ལུགས་ཀྱིས་ཁ་བརྡ་དྲ་བར་བཀོད་འདུག་པ་ཁོ་བོའི་ཟིན་བྲིས་སུ་འདྲེན་བཀོད་བགྱིས་པར། མང་མང་ཞིག་གིས་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་སྒོ་ནས་ཟིན་བདག་ཀླུ་སྨྱོན་བདག་གིས་བྲིས་པ་ཡིན་ལུགས་ཀྱི་བསྙོན་འཛུག་བྱེད་བཞིན་ཡོད་ཀྱང་། ཐེངས་འདིའི་སྒོ་ཤེར་ལགས་ཀྱིས་ཀླུ་སྨྱོན་རྩོམ་རིག་བྱ་དགའ་མ་བཞེས་པའི་ཕྱོགས་སུ་བདག་གིས་ཚིག་གཅིག་ཀྱང་བྲིས་མེད། དེ་ལ་རྒྱུ་མཚན་མང་ཡང་འདིར་གསལ་བཤད་བྱེད་འདོད་མ་སྐྱེས།

དེ་ལས་མང་བ་། “ཀླུ་སྨྱོན་གྱིས་དྲ་འབུ་ཚོར་བཀའ་བསྩལ་པ།” »

གསལ་བསྒྲགས།

ཐ་སྙད་གཅིག་གཏན་འབེབ་བྱེད་རོགས།

Posted on 2013-11-04 By ཡེ་ཤེས་ 1 Comment on ཐ་སྙད་གཅིག་གཏན་འབེབ་བྱེད་རོགས།

ཀླུ། བཅའ་བཞུགས། བཅའ་སྡོད། གནས་སྡོད། གནས་བཞུགས།

བགྲོ་གླེང་།

དགེ་འདུན་ཆོས་འཕེལ་ཐོལ་གླེང་།

Posted on 2013-11-022013-11-03 By ཡེ་ཤེས་ 14 Comments on དགེ་འདུན་ཆོས་འཕེལ་ཐོལ་གླེང་།

ཀླུ་སྨྱོན་ཁྲག་འཐུང་གླིང་པ།

དགེ་འདུན་ཆོས་འཕེལ་ཤེས་སམ། ཁོང་ནི་མི་ཚེ་ཐོས་པ་ལ་བསྐྱལ་པའི་མཁས་པ་ཉམ་ཆུང་ཞིག་རེད། ཁོང་ལ་དགོས་དུས་སུ་བེད་སྤྱོད་ཆོག་པའི་སྤྲུལ་སྐུ་དང་དགེ་བཤེས་ཞེས་པའི་མིང་གི་ཅོད་པན་རྫིག་པོ་དེ་གཉིས་ཀ་ཡོད་ན་ཡང་ཁོང་གིས་དེ་ནམ་ཡང་བེད་སྤྱོད་བཏང་མི་འདུག ཁོང་གིས་ནང་ཆོས་ཀྱི་སློབ་གཉེར་དེ་དགེ་ལུགས་པའི་གྲྭ་ས་ལྡི་ཚ་དང་བླ་བྲང་འབྲས་སྤུངས་གསུམ་དུ་བྱས་པ་དང་། གཞུང་ལུགས་ཀྱི་ལྟ་རྒྱ་ནི་དགེ་ལུགས་པའི་གཞུང་ལུགས་ལས་བརྒལ་ཏེ་གྲུབ་མཐའ་རིས་སུ་མ་ཆད་པར་སློབ་གཉེར་བྱས་འདུག

དེ་ལས་མང་བ་། “དགེ་འདུན་ཆོས་འཕེལ་ཐོལ་གླེང་།” »

མཚར་གཏམ།

འོད་དང་རྨི་ལམ་འདྲེས་པའི་བུ་མོ།

Posted on 2013-11-012013-11-01 By ཡེ་ཤེས་ 4 Comments on འོད་དང་རྨི་ལམ་འདྲེས་པའི་བུ་མོ།

Drukmoཀླུ་སྨྱོན།
—-ངོ་མི་ཤེས་པའི་སྙན་ངག་མ་འབྲུག་མོ་རྒྱལ་ལ་བྲིས་པ།

འོད་ཀྱིས་མཚན་མོ་མེ་རུ་སྦར། །
འོད་ཀྱིས་ལང་ཚོའི་གཟི་བྱིན་འགྱེད། །
འོད་ཀྱིས་མི་ཚེའི་རིན་ཐང་སྟོན། །
འོད་ཀྱིས་མཛེས་མའི་སྒང་གཤོང་འབྲི། །
སྐྲ་ལོ་ནག་པོའི་རྦབ་ཆུ་དེ། །
མཚན་མོའི་མུན་པའི་ཁྲོད་དུ་བཞུར། །
ཞལ་རས་ཟླ་བའི་དཀྱིལ་འཁོར་ཡང་། །
ལོ་བརྒྱའི་གདུང་སེལ་སྙན་ངག་བཞིན། །

དེ་ལས་མང་བ་། “འོད་དང་རྨི་ལམ་འདྲེས་པའི་བུ་མོ།” »

སྙན་ངག

སྲང་ལམ། (མུ་འགོད)

Posted on 2013-11-012013-11-01 By ཡེ་ཤེས་ 1 Comment on སྲང་ལམ། (མུ་འགོད)

bookཀླུ་སྨྱོན།

ངས་སྒེའུ་ཁུང་གི་འཁྲིས་སུ་འགྲེངས་ཏེ་མིག་གི་དབང་པོ་དང་རྣམ་ཤེས་སྲང་ལམ་ལ་གཏོད་མཚམས་བཞག་ནས་ཁ་ཕྱིར་འཁོར་ཏེ་རང་ཁྱིམ་ལ་ལྟ་ཙམ་བྱས། ཉལ་ཁྲི་གཉིས་དང་འབོལ་ཁྲི་རྙིང་གོག་གཅིག དེབ་གསར་རྙིང་མང་པོས་ཕྱུར་བུར་ཁེངས་བསྡད་ཡོད་པའི་དེབ་ཁྲི་གཉིས་དང་ཤོག་སྒམ་ལྔ་དྲུག་ཅིག གློག་ཀླད་སོ་ནི་རྟགས་ཅན་ཞིག་དང་པར་ཆས་ནེ་ཁོན་རྟགས་ཅན་ཞིག

དེ་ལས་མང་བ་། “སྲང་ལམ། (མུ་འགོད)” »

བརྩམས་སྒྲུང་།

སྲང་ལམ། (སྒྲུང་འབྲིང་མུ་འགོད།)

Posted on 2013-10-312013-10-31 By ཡེ་ཤེས་ 5 Comments on སྲང་ལམ། (སྒྲུང་འབྲིང་མུ་འགོད།)

Rainཀླུ་སྨྱོན།

ཆར་བ་ཆེན་པོ་ཞིག་འབབ་མཚམས་བཞག་ཟིན། ཕྱི་རོལ་ཏུ་རླུང་བུ་འུར་འུར་དུ་ལྡང་བ་དང་མཉམ་དུ་ལྗོན་ཤིང་གི་ལོ་མ་འདར་བའི་ཤག་སྒྲ་ཐོས་ཡོང་། གློག་འོད་དམར་ཤར་རེ་བ་ཞིག་ཀྱང་ལན་རེར་འཁྱུག་ཅིང་། དེས་སྒེའུ་ཡོལ་གྱི་ངོས་སུ་ཡོད་པའི་བྱ་བྱེའུ་དང་མེ་ཏོག་གི་རི་མོ་དེ་ཚོ་གསལ་བོར་མཐོང་ཡོང་། ཉལ་ཁྲིའི་ཟུར་གྱི་བརྙན་འཕྲིན་ལས་སིར་སྒྲ་ཞིག་འབྱིན་བཞིན་ཡོད་པ་མ་གཏོགས་ཐད་གཏོང་ལེ་ཚན་ཁག་སྔ་མོ་ཞིག་ནས་གཏོང་མཚམས་ཡོངས་སུ་བཞག་ཟིན་འདུག

དེ་ལས་མང་བ་། “སྲང་ལམ། (སྒྲུང་འབྲིང་མུ་འགོད།)” »

བརྩམས་སྒྲུང་།

ཚོད་ཚོད་ལ་ཁ་བ་ལྷ་མོ་*དྲན་པ།

Posted on 2013-10-282013-10-28 By ཡེ་ཤེས་ 12 Comments on ཚོད་ཚོད་ལ་ཁ་བ་ལྷ་མོ་*དྲན་པ།

kawaཀླུ་སྨྱོན།

ཁ་བ་ལྷ་མོ་ཞེས་པའི་མིང་འདི་ནི།།
ཁྱོད་ཀྱི་དངོས་མིང་བཏགས་མིང་གང་ཡིན་ཡང་།།
སྔ་མོ་ཞིག་ནས་བདག་གི་སྙིང་དབུས་ན།།
འོད་དུ་འཚེར་བའི་སྐར་མ་ཆུང་ཆུང་ཞིག །
ལུག་ཆུང་འབའ་འབའ་སྦྲ་གུར་མཐའ་ན་རྒྱུ།།
སྨུག་པ་དུམ་བུས་ཁྱེད་ཚང་སྒོ་དར་བསྒྲིབས།།
ཕ་གིའི་ལམ་ཕྲན་དེ་ནས་བུ་མོ་ཞིག །

དེ་ལས་མང་བ་། “ཚོད་ཚོད་ལ་ཁ་བ་ལྷ་མོ་*དྲན་པ།” »

སྙན་ངག

སྲོལ་རྒྱུན་སྙན་ངག་གི་རྩོམ་སྟངས་དེ་རྒས་འཁོགས་ཤིག་གི་ཚད་དུ་བཞག་འདུག

Posted on 2013-10-18 By ཡེ་ཤེས་ 4 Comments on སྲོལ་རྒྱུན་སྙན་ངག་གི་རྩོམ་སྟངས་དེ་རྒས་འཁོགས་ཤིག་གི་ཚད་དུ་བཞག་འདུག

ཀླུ་སྨྱོན།
“འདི་གའི་གསར་འགོད་པས་རྩོམ་པ་པོ་ཀླུ་སྨྱོན་ཧེ་རུ་ཀ་ལགས་སུ་བཅར་འདྲི་ཞིག་གི་སྐབས་སུ། ཁོང་གིས་བོད་རང་གི་མཁས་པ་སྔ་མ་དག་གིས་བསྲེགས་བཅད་བརྡར་བའི་གསེར་བཞིན་དུ་གསར་བཏོད་དང་འཕེལ་རྒྱས་ཀྱི་རྩེ་མོར་སོན་པར་བྱས་ཡོད་པའི་སྲོལ་རྒྱུན་སྙན་ངག་གི་རྩོམ་སྟངས་འདི་ནི་དེང་སྐབས་ཕལ་ཆེར་རྒས་ཤིང་རྫི་རྡིབས་པའི་ལོ་ལོན་ཟུངས་ཟད་ཅིག་གི་ཚད་དུ་བཞག་འདུག་ཟེར།”

དྲི་བ། ཁྱེད་ཀྱིས་དུས་ཡུན་རིང་བོར་བོད་སྐད་ཡིག་སྟེང་རྩོམ་ཡིག་འབྲི་སྤེལ་གནང་སྟབས། བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་རྩ་བའི་བསམ་བློའམ་ཡང་ན་སྤྱིའི་ཁ་ཕྱོགས་གཏོད་

དེ་ལས་མང་བ་། “སྲོལ་རྒྱུན་སྙན་ངག་གི་རྩོམ་སྟངས་དེ་རྒས་འཁོགས་ཤིག་གི་ཚད་དུ་བཞག་འདུག” »

བཅར་འདྲི།

ཆོས་བྷ་རྒྱ་ཐོ།

Posted on 2013-10-122013-10-13 By ཡེ་ཤེས་ 26 Comments on ཆོས་བྷ་རྒྱ་ཐོ།

ཀླུ་སྨྱོན་ཧེ་རུ་ཀ

འདྲེ་སྒྲུང་འདི་ནི་ལ་རྩེ་དཔེ་མཛོད་ཁང་གིས་བསྡུས་པའི་འདྲེ་སྒྲུང་འགྲན་བསྡུར་དེའི་ཆེད་དུ་བྲིས་པ་ཡིན་མོད། དེ་རིང་གཤམ་གསལ་གྱི་འགྲེལ་བཤད་དང་བཅས་ཕྱིར་སློག་གནང་འདུག

“༄། རྩོམ་པ་པོ་ཀླུ་སྨྱོན་ཧེ་རུ་ཀ་ལགས་ལ།
ཟླ་འདིའི་ཚེས་ཉེར་བཞིའི་དགོང་མོར་སྤེལ་འཆར་གྱི་ཀུན་ཕན་ཐེབས་རྩ་ཚོགས་པའི་“མཚན་གུང་གི་ཆོ་ངེ་”ཞེས་པའི་བོད་ཀྱི་འདྲེ་སྒྲུང་གི་འགྲན་བསྡུར་དེ་ལ་སྐུ་ཉིད་ནས་འདྲེ་སྒྲུང་”ཆོས་བྷ་རྒྱ་ཐོ།”ཞེས་པ་ཆེད་རྩོམ་གྱིས་རྒྱབ་སྐྱོར་གནང་བར་ང་ཚོས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ང་ཚོས་འདྲེ་སྒྲུང་ཀློག་འདེམས་ཚོགས་ཆུང་ཞིག་ཆེད་འཛུགས་ཀྱིས་བོད་ཕྱི་ནང་གཉིས་ཀ་ནས་འདྲེ་སྒྲུང་འགྲན་བསྡུར་ལ་ཞུགས་མཁན་གྱི་འདྲེ་སྒྲུང་མི་ཉུང་བ་ཞིག་འབྱོར་བ་ལས་འགྲན་བསྡུར་དངོས་ལ་ཞུགས་རྒྱུའི་འདྲེ་སྒྲུང་ལྔ་དམངས་གཙོའི་ལམ་ནས་འོས་ཤོག་འཕངས་ནས་བདམས་པ་ཡིན།

དེ་ལས་མང་བ་། “ཆོས་བྷ་རྒྱ་ཐོ།” »

བརྩམས་སྒྲུང་།

སྒྲུང་བ་སྐལ་བཟང་གྲགས་པའི་ཚེ་མཇུག་གི་སྐྱོ་གར།

Posted on 2013-10-112013-10-12 By ཡེ་ཤེས་ 15 Comments on སྒྲུང་བ་སྐལ་བཟང་གྲགས་པའི་ཚེ་མཇུག་གི་སྐྱོ་གར།

kalsangཀླུ་སྨྱོན།

ངས་ད་ལྟ་མདོ་སྨད་ཀྱི་གླིང་སྒྲུང་བཤད་མཁན་གྲགས་ཅན་སྐལ་བཟང་གྲགས་པས་བཤད་པའི་སྟག་གཟིག་ནོར་རྫོང་ཞིག་ལ་ཉན་བཞིན་ཡོད་ཅིང་། ལོ་རབས་བརྒྱད་ཅུའི་ལོ་མགོ་ཞིག་ནས་བཟུང་སྟེ། མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་བརྒྱུད་སྐལ་བཟང་གྲགས་པ་ཟེར་བ་ཞིག་གིས་ཧོར་གླིང་གཡུལ་འགྱེད་སོགས་གླིང་གེ་སར་གྱི་སྒྲུང་སྣ་ཚོགས་རྒྱ་མཚོའི་རྦ་རླབས་བཞིན་གཅིག་རྗེས་གཉིས་མཐུད་དུ་བཤད་སོང་ལ།

དེ་ལས་མང་བ་། “སྒྲུང་བ་སྐལ་བཟང་གྲགས་པའི་ཚེ་མཇུག་གི་སྐྱོ་གར།” »

བགྲོ་གླེང་།

བོད་མི་གཞན་ཕན་པ་ཨ་སྐོང་རིན་པོ་ཆེ་སྐུ་བཀྲོངས་པར་ཡིད་གདུང་དྲག་པོས་མྱ་ངན་ཞུ།

Posted on 2013-10-092013-10-09 By ཡེ་ཤེས་ 12 Comments on བོད་མི་གཞན་ཕན་པ་ཨ་སྐོང་རིན་པོ་ཆེ་སྐུ་བཀྲོངས་པར་ཡིད་གདུང་དྲག་པོས་མྱ་ངན་ཞུ།

ཀླུ་སྨྱོན་ཁྲག་འཐུང་གླིང་པ།

Akong
བོད་མི་ཚོས་རང་རིགས་ལས་ཅུང་ཟད་ཁྱད་དུ་འཕགས་པ་ཞིག་ཐོན་ན་ལམ་སེང་ནང་ཁུལ་ནས་མེད་པ་བཟོ་གི་རེད།
་་་་་་་་་མ་པུའུ་ཧྥང་གི་ཚིག

སྔོན་ཆད་ཨ་སྐོང་སྤྲུལ་སྐུ་ཞེས།།
ཆོས་རྒྱམ་དྲུང་པའི་ཆོས་གྲོགས་ཤིག།
མཚན་ཙམ་ཐོས་ཤིང་མཛད་རྗེས་ལས།།
ཆ་ཤས་ཕྲན་གྱི་རྣ་བར་ལྷུང་།།
ལ་ལས་གཞན་ཕན་སྒྲུབ་ལུགས་ཟེར།།
འགའ་རེས་བུ་མོར་དགའ་རབ་གླེང་།།

དེ་ལས་མང་བ་། “བོད་མི་གཞན་ཕན་པ་ཨ་སྐོང་རིན་པོ་ཆེ་སྐུ་བཀྲོངས་པར་ཡིད་གདུང་དྲག་པོས་མྱ་ངན་ཞུ།” »

སྙན་ངག

དཀོར་ཤིག

Posted on 2013-10-01 By ཡེ་ཤེས་ 9 Comments on དཀོར་ཤིག

ཀླུ་སྨྱོན། ཁྱོད་ཚོར་དཀོར་ཤིག་ཟེར་བ་དེ་འདེབས་མྱོང་ངམ། ང་ཆུང་དུས་ཆོས་མ་བཏོན་པར་དཀོར་ཐེངས་མང་ཟོས་པས། ལན་གཅིག་དཀོར་ཤིག་ཟེར་བའི་འཇིགས་སུ་རུང་བ་དེ་བཏབ་སོང་། དཀོར་ཤིག་ནི་ནམ་རྒྱུན་གྱི་ཤིག་ལས་ཏོག་ཙམ་ཆེ་ཞིང་ཟ་ཤེད་ཆེ་བ། དེ་རིང་ཚང་མ་དོར་ཚར་ཡང་སང་ཞོགས་དེ་ལས་མང་བ་ཞིག་རང་གྲུབ་ཏུ་འབྱུང་བ་ཞིག་འདུག དེ་ནི་ངོ་མ་ཞེད་སྣང་སྐྱེ་དགོས་པ་ཞིག་ཡིན།

མཚར་གཏམ།

བླ་མ་དཀར་པོའི་རྣམ་ཐར་གྱི་དཔེ་ཆ་མཁོ་སྤྲོད་གནང་རོགས་ཞུ།

Posted on 2013-09-25 By ཡེ་ཤེས་ 6 Comments on བླ་མ་དཀར་པོའི་རྣམ་ཐར་གྱི་དཔེ་ཆ་མཁོ་སྤྲོད་གནང་རོགས་ཞུ།

ཀླུ་སྨྱོན། “བླ་མ་དཀར་བོའི་རྣམ་ཐར་ལྟ་བུར་བོད་ཀྱི་གྲྭ་རྐྱང་དཀྱུས་མ་ཞིག་ཆེན་པོ་ཧོར་གྱི་ཡུལ་དུ་སོང་ནས་བཞུགས་སྐབས། ནུབ་རྒྱུད་ཁ་ཆེའི་དམག་དཔུང་ཡང་ཡང་སླེབས་ནས་སོག་རིགས་མི་དམངས་ཀྱིས་དཀའ་སྡུག་ཚད་མེད་མྱོང་བཞིན་པ་སེམས་ཀྱིས་མ་བཟོད་ནས། བསླབ་པ་ཕུལ་ཅིང་དམག་སྣེ་དྲངས་ཏེ་མི་དམངས་དཀའ་སྡུག་དང་འཇིགས་སྐྲག་ལས་བསྒྲལ་བའི་གནས་ཚུལ་ཞིབ་ཚགས་ཤེས་ཐུབ་པ་ལྟ་བུ།” ་་་་་་་་་་་་་་་་ཧོར་འཇིགས་ཀྱི་རྩོམ་ཡིག་ལས་དྲངས།

ལོ་རྒྱུས།

གནམ་འོག་གི་སྙན་ངག

Posted on 2013-09-25 By ཡེ་ཤེས་ No Comments on གནམ་འོག་གི་སྙན་ངག

ཀླུ་སྨྱོན། གྲོང་ཁྱེར། འཕྲུལ་ཆས་རྙིང་གོག་ཅིག རྩྭ་ཐང་། ས་གདན་ཐེད་པོ་ཞིག མི་དམངས། གྲོག་མའི་གཡུལ་ས་ཞིག

སྙན་ངག

ལྷ་དང་ལྷ་མོ། ཁྱོད་དང་ང་།

Posted on 2013-09-242013-09-25 By ཡེ་ཤེས་ 2 Comments on ལྷ་དང་ལྷ་མོ། ཁྱོད་དང་ང་།

NativeWomanStudyཀླུ་སྨྱོན།

་་་་རྨི་ལམ་ནང་གི་ཨ་རིའི་གདོད་མའི་མི་རིགས་ཀྱི་ཁྲག་རྒྱུད་ཅན་གྱི་མཁའ་འགྲོ་མ་ཞིག་གི་ལུས་དྲོད་རྗེས་དྲན།
ལྷ་དང་ལྷ་མོ། ཁྱོད་དང་ང་།
གང་ནས་བབས་པའི་མེ་ཏོག་གི་ཆར་བ་ཡིན།
གནམ་ནས་ལྷུང་བའི་སྐར་ཚོགས་ཀྱི་བྱེ་མ་ཡིན།
སྐྱེས་ཡུལ་མི་འདྲ་བ་བདེན་ཨང་།
རིག་གཞུང་མི་གཅིག་པ་ཡིན་ཨང་།

དེ་ལས་མང་བ་། “ལྷ་དང་ལྷ་མོ། ཁྱོད་དང་ང་།” »

སྙན་ངག

Posts pagination

Previous 1 … 9 10 11 … 37 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme