Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས།

Posted on 2018-01-17 By ཁ་བརྡ 1 Comment on གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས།

ཨེ་མ་ཧོ།

 

ཆོས་སྐུའི་སྒྲོལ་མ་ཀུན་ཏུ་བཟང་མོ་དང་།།
ལོངས་སྐུའི་སྒྲོལ་མ་འཕགས་མ་ཉེར་གཅིག་སྐུ།།
སྤྲུལ་སྐུའི་སྒྲོལ་མ་བསམ་ཡུལ་འདས་པའི་ཚོགས།།
སྐུ་གསུམ་སྒྲོལ་མའི་ཚོགས་ཀྱིས་དགེ་ལེགས་སྩོལ།།
འཛམ་གླིང་འཛིན་མའི་དྭངས་གཙང་བཀྲ་ཤིས་རྒྱས།།
དུང་ཕྱུར་བདུན་བཅུའི་ཚེ་སྲོག་བདེ་ལེགས་འཕེལ།།
བརྒྱད་ཁྲི་བཞི་སྟོང་འགྲོ་དོན་ཕུན་སུམ་ཚོགས།།
བསྟན་འགྲོར་ཕན་བདེ་གང་བསམ་ལྷུན་གྲུབ་ཤོག།
ཨེ་ཝཾ་རིག་པའི་གཞུང་ལུགས་ཕྱོགས་ཀུན་ཁྱབ།།

དེ་ལས་མང་བ་། “གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས།” »

རྩོམ་རིག

རྟག་བརྟན་གཟུངས་བསྡུས།

Posted on 2018-01-152018-01-15 By ཁ་བརྡ 5 Comments on རྟག་བརྟན་གཟུངས་བསྡུས།

བེ་རི་རིག་པའི་རྡོ་རྗེས།

 

རྟག་བརྟན་གཟུངས་བསྡུས་ཞེས་ཡོངས་སུ་གྲགས་པ་དེ་ནི། ཇོ་ནང་རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ན་ཐཱ་ (༡༥༧༥-༡༦༣༤) མཆོག་གིས་མདོ་སྔགས་གསུང་རབ་རྒྱ་མཚོའི་སྙིང་པོ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ། <<གཟུངས་བསྡུས>>སམ། <<མདོ་སྔགས་གསུང་རབ་རྒྱ་མཚོའི་སྙིང་པོ་གཅེས་པར་བཏུས་པ་འདོད་འབྱུང་ནོར་བུའི་ཕྲེང་བ་>>ཞེས་པའི་གླེགས་བམ་གསར་དུ་བསྒྲིགས་ཤིང་། དཔལ་རྟག་བརྟན་ཆོས་སྡེ་ཆེན་པོ་ངེས་དོན་དགའ་བའི་ཚུལ་དུ་མི་ཟད་པར་གྱི་ཕྱི་མོ་གཏེར་དུ་བསྒྲུབས་པ་ནས་བཟུང་། བོད་ཁམས་ཡོངས་ལ་ཁྱབ་པའི་གཟུངས་བསྡུས་སམ་<<རྟག་བརྟན་གཟུངས་བསྡུས་>>ཞེས་གྲགས་པ་དེ་བྱུང་བ་རེད།

གླེགས་བམ་ཆེན་པོ་འདིའི་གཞུང་ཤིང་ལ་ཤོག་ངོས་ ༡༦༣༨ དང་། དཀར་ཆག་ལ་ཤོག་ངོས་ ༩ བསྡོམས་པའི་ཤོག་ངོས་ ༡༦༤༧ ཡོད་ཅིང་།

དེ་ལས་མང་བ་། “རྟག་བརྟན་གཟུངས་བསྡུས།” »

ངོ་སྤྲོད།, དཔྱད་རྩོམ།, ལོ་རྒྱུས།

སྤུན་ཟླའི་ཆོད་སེམས།

Posted on 2018-01-152018-01-15 By ཁ་བརྡ 3 Comments on སྤུན་ཟླའི་ཆོད་སེམས།

རང་དབང་པས།

 

དྲན་པའི་ཚོར་བ་སྲིད་པའི་ཁྱོན་ལ་འཁྱམས།།
འགྲོ་དྲུག་འདྲེན་པའི་བླ་མ་ཞི་བདེའི་དཔོན།།
གོ་ལའི་སྐྱབས་མགོན་བཅོམ་ལྡན་རིན་པོ་ཆེ།།
སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་འདུན་ཞུ།།

གངས་རིའི་ཉམ་ཆུང་སློབ་བུ་གྲངས་མེད་ཅིག།
རེ་བའི་འོད་ལ་དུངས་ནས་ལོ་མང་འགོར།།
མུན་པ་དམར་ནག་འཐིབ་པའི་གཡུལ་ས་རུ།།
དྲང་བདེན་དར་ཆ་བསྒྲེངས་བ་ཐེངས་གཅིག་མིན།།

དེ་ལས་མང་བ་། “སྤུན་ཟླའི་ཆོད་སེམས།” »

སྙན་ངག

མནོ་བསམ།

Posted on 2018-01-15 By ཁ་བརྡ 1 Comment on མནོ་བསམ།

འགྱུར་མེད་ཚེ་རིང་།

 

རབ་འབར་བྱིན་རླབས་ཀྱི་ཚན་ཁ་རྒོད་པའི་གནས་མཆོག་ཏུ།།
རབ་མང་མི་ཚོགས་ཀྱི་འཚང་ཁའི་རྦ་རླབས་ཆེ་ཆེ་འདྲ།།
རབ་ཞི་དམ་ཆོས་ཀྱི་ཉིང་ཁུ་རླབས་པོ་ཆེ་ཆེ་དེ།།
རབ་མྱུར་འགྲོ་ཚོགས་ཀྱི་སྙིང་ཁར་གྲང་ཆར་སིམ་སིམ་བཞིན།།

གཟུང་བ་གཞི་ཡུལ་ལ་འགྱུར་ལྡོག་རྣམ་འགྱུར་མོད།།
འཛིན་པ་ཡུལ་ཅན་གྱི་རྣམ་རྟོག་ཆུ་གཉེར་འདྲ།།
རྣམ་རྟོག་ཆུ་གཉེར་གྱི་རང་གཟུགས་རེ་རེ་དེ།།
སོ་བཞི་དབྱངས་གསལ་གྱི་སྲད་བུར་སྤེལ་བར་བྱ།།

དེ་ལས་མང་བ་། “མནོ་བསམ།” »

སྙན་ངག

ཙག་སྒྲ་འཚོང་མཁན་གྱི་བུ་མོ་ཆུང་ཆུང་།

Posted on 2018-01-14 By ཁ་བརྡ No Comments on ཙག་སྒྲ་འཚོང་མཁན་གྱི་བུ་མོ་ཆུང་ཆུང་།

རྩོམ་པ་པོ།   ཧན་ཌར་སན།
སྒྱུར་མཁན། རང་ཐར།

 

དེ་ནི་གྲང་ངར་ཤིན་ཏུ་ཆེ་བའི་དགོང་མོ་ཞིག་རེད། ཁ་བ་ལྷབ་ལྷུབ་ཏུ་བཞུར་ཞིང་ཧ་ལམ་ས་རུབ་ལ་ཉེ། དེ་ནི་ལོ་དེའི་ཆེས་མཐའ་མཇུག་གི་དགོང་མོ་རེད། གྲང་ངར་དང་མུན་པ་དེའི་ཁྲོད་དུ་མགོ་ལ་ཞྭ་མེད་ཅིང་རྐང་ལ་ལྷམ་བྲལ་བའི་བུ་མོ་ཆུང་ཆུང་ཞིག་སྲང་ལམ་རྒྱུད་དེ་ཕྱིན། མོ་ཁྱིམ་ནས་དོན་དུས་བསིལ་ལྷམ་ཆ་ཞིག་གྱོན་ཡོད་པ་བདེན་མོད། འོན་ཀྱང་དེས་ཕན་ཅི་ཞིག་ཐོགས་སམ། བསིལ་ལྷམ་ཆ་དེ་ནི་མོའི་ཨ་མས་ད་བར་གྱོན་པའི་བསིལ་ལྷམ་ཧ་ཅང་ཆེན་པོ་ཞིག་རེད་ལ། དེ་ཤིན་ཏུ་ཆེ་དྲགས་པའི་སྟབས་ཀྱིས་ཉམ་ཐག་པའི་བུ་མོ་དེས་སྲང་ལམ་འཕྲེད་དུ་མྱུར་སྟབས་ཀྱིས་བརྒལ་སྐབས་བོར་ཕྱིན། རྒྱུ་མཚན་ནི་སྐབས་དེར་ཤིང་རྟ་འཁོར་ལོ་གཉིས་རིངས་པར་རྒྱུགས་ནས་མོ་བརྫི་གྲབས་བྱས་པས་རེད།

དེ་ལས་མང་བ་། “ཙག་སྒྲ་འཚོང་མཁན་གྱི་བུ་མོ་ཆུང་ཆུང་།” »

འགྱུར་རྩོམ།

དབུ་རྐྱང་རོ་གསུམ་གྱི་ཐོག་མའི་ཤེས་བྱ།

Posted on 2018-01-132018-01-13 By ཁ་བརྡ 7 Comments on དབུ་རྐྱང་རོ་གསུམ་གྱི་ཐོག་མའི་ཤེས་བྱ།

ཡར་འབྲོག་རྡོ་རྗེ།    འཕགས་ཡུལ་སྨན་རྩིས་མཐོ་སློབ་ཁང་།

 

གླེང་གཞི།

དུས་རབས་ཉེར་གཅིག་ནི་ཚན་རྩལ་རིག་པས་ཁ་ལོར་གྱུར་བའི་བར་སྐབས་ཞིག་ཡིན་པས་གནས་ལུགས་ཅི་འདྲ་ཞིག་ཡིན་རུང་ལམ་ཁ་འདིའི་ཐོགས་ནས་ཐག་བཅོད་མི་ཐུབ་པ་མེད་ཅེས་བརྗོད་བཞིན་ཡོད།   འོན་ཀྱང་གནས་ལུགས་འགའ་ཞིག་ནི་རིག་གསར་དངོས་གཙོ་བོ་སྨྲ་བའི་གསར་བུ་ཚོས་ཐབས་ལམ་འདྲ་མིན་སྤྱད་ཀྱང་ཁ་གསལ་གཏིང་ཟབ་ཀྱི་ངོས་འཛིན་ཐུབ་ཀྱི་མེད།  གནས་ལུགས་དེ་དག་ལ་རིག་རྙིང་སེམས་གཙོ་བོ་སྨྲ་བའི་རྒན་པོ་ཚོས་ཉམས་ལེན་ཐོགས་ནས་འཐུས་སྒོ་ཚང་བའི་འགྲེལ་བརྗོད་རེ་བྱེད་བཞིན་ཡོད།   དཔེར་ན་དེང་དུས་གླེང་བཞིན་པའི་སེམས་ཁམས་ཀྱི་རྣམ་གཞག་དང་།  སྐྱེ་བ་སྔ་ཕྱི་ཡོད་མེད་།  ལས་འབྲས་ཀྱི་རྣམ་གཞག་སོགས་མི་ཉུང་བ་ཞིག་ཡོད། འདིར་ཁོ་བོས་བརྗོད་པར་བྱ་བ་དེ་ཡང་མིའི་ལུས་ཁམས་

དེ་ལས་མང་བ་། “དབུ་རྐྱང་རོ་གསུམ་གྱི་ཐོག་མའི་ཤེས་བྱ།” »

ངོ་སྤྲོད།, འཕྲོད་བསྟེན།

༄༅།། ཁུངས་རྩ་ནས་འཁྱོལ་མེད་པའི་སེང་གེའི་བཀའ་ཤག

Posted on 2018-01-12 By ཁ་བརྡ 15 Comments on ༄༅།། ཁུངས་རྩ་ནས་འཁྱོལ་མེད་པའི་སེང་གེའི་བཀའ་ཤག

བཀྲས་ཁང་པ་སངས།

 

ཡང་ནེའུ་ཡོག་ཏུ་མི་མང་གིས་བདེན་རྒྱབ་རྟིང་གནོན་གྱི་ལས་འགུལ་སྤེལ་འདུག ལས་འགུལ་དེ་ནི་བཀའ་ཤག་གིས་མངགས་པའི་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་དང་སྲིད་སྐྱོང་གི་ལྐོག་ལས་སམ། ཕྱི་གསལ་ནང་གསལ་མེད་པའི་སྤྱི་དོན་ཁ་འཁྱེར་གྱི་ལས་དོན་ཁག་གི་ཁྲོད་ནས། བོད་ཀྱི་ཐེབས་རྩ་དང་འབྲེལ་བའི་ཨ་སྒོར་ས་ཡ་གཅིག་གི་གན་རྒྱས་རྫུན་རྐུབ་བརྡོལ་བའི་གཏམ་རྒྱུད་འགེབས་སྲུང་བྱེད་པ་ལ་ཐེར་འདོན་བྱེད་ཆེད་སྤེལ་བ་ཡིན་འདུག

བོད་ཀྱི་ཐེབས་རྩ་ཡང་དེ་སྔ་ནས་དོན་ཟུར་སྐལ་རྡོར་དང་སྲིད་སྐྱོང་བློ་སེང་གི་གནང་སྟངས་ལ་དོགས་པ་ཡོད་སྟབས། གན་རྒྱའི་ནང་དུ་ཕྱོགས་གཉིས་ཀྱི་ཁེ་ཕན་སྲུང་བརྩི་དང་ཡིན་ལུགས་ཚུལ་མཐུན་གྱི་ཕྱག་ལས་གནང་བ་ཡིན་ན། དུས་ཚོད་རན་པ་ཞིག་ལ་བུ་ལོན་རོགས་དངུལ་དུ་ཁ་བསྒྱུར་ཞུ་རྒྱུ་ཡིན་པའི་ཉེན་བརྡའི་རང་བཞིན་ཅན་གྱི་གན་རྒྱ་བཞག་ཡོད་པ་རེད།

དེ་ལས་མང་བ་། “༄༅།། ཁུངས་རྩ་ནས་འཁྱོལ་མེད་པའི་སེང་གེའི་བཀའ་ཤག” »

བསམ་ཚུལ།

རྒྱ་ནག་གིས་ནིའུ་ཡོག་དུས་བབ་ཀྱི་བརྙན་ཐུང་བཀྲ་ཤིས་དབང་ཕྱུག་གི་ཁ་གཏད་དུ་དཔང་རྟགས་སུ་བེད་སྤྱད་པ།

Posted on 2018-01-122018-01-12 By ཁ་བརྡ No Comments on རྒྱ་ནག་གིས་ནིའུ་ཡོག་དུས་བབ་ཀྱི་བརྙན་ཐུང་བཀྲ་ཤིས་དབང་ཕྱུག་གི་ཁ་གཏད་དུ་དཔང་རྟགས་སུ་བེད་སྤྱད་པ།

ཇཱོ་ན་ཨེམ་ཀེ་སེལ་(Jonah M.Kessel)གྱིས་ནིའུ་ཡོག་དུས་བབ་ཐོག་ཟླ་༡ པོའི་ཚེས་༡༠ ཉིན་བྲིས།

སྐལ་བཟང་དོན་གྲུབ་ཀྱིས་བོད་བསྒྱུར་བྱས།

 

ང་རང་རྒྱ་ནག་ལ་ལོ་བརྒྱད་བསྡད་པའི་རིང་། ལན་མང་པོར་མི་ཚོས་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་གཞུང་འོག ཁོ་ཚོར་རང་གི་བསམ་ཚུལ་བརྗོད་པའི་སྡིངས་ཆ་མེད་སྐོར་བརྗོད་ཀྱི་ཡོད་པ་དང་། གནད་དོན་དེ་ནི་གྲངས་ཉུང་མི་རིགས་ལ་ལྷག་པར་དུ་དངོས་ཡོད་ཅིག་རེད་པེ། ཕྱི་ལོ་༢༠༡༥ ལོའི་དཔྱིད་ཀར་རྫི་བོ་ནས་ཚོང་ཁང་བདག་པོར་འགྱུར་བའི་སྐུ་ཞབས་བཀྲ་ཤིས་དབང་ཕྱུག པེ་ཅིང་གི་ང་སྡོད་སར་སླེབས་དུས། ང་རང་ཁོང་གི་སྒྲུང་ཉན་འདོད་བྱུང་བ་ཡིན་དང་ཡིན། ཁོང་གིས་བོད་མཐོ་སྒང་དུ་རྒྱ་རིགས་དཔོན་པོ་ཚོས། བོད་པའི་སློབ་གྲྭ་དང་ཚོང་རར་བོད་ཀྱི་སྐད་ཡིག་རྩ་མེད་ག་ལེར་གཏོང་བཞིན་ཡོད་སྐོར་བརྗོད་བྱུང་།

དེ་ལས་མང་བ་། “རྒྱ་ནག་གིས་ནིའུ་ཡོག་དུས་བབ་ཀྱི་བརྙན་ཐུང་བཀྲ་ཤིས་དབང་ཕྱུག་གི་ཁ་གཏད་དུ་དཔང་རྟགས་སུ་བེད་སྤྱད་པ།” »

གསར་འགྱུར།

བློ་མིག་དང་སྤེན་མིག་གི་བདེན་པ།

Posted on 2018-01-11 By ཁ་བརྡ 101 Comments on བློ་མིག་དང་སྤེན་མིག་གི་བདེན་པ།

གྲུ་ཟུར་གྱི་ཨ་མཆོད།

 

ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ཀྱི་ལན་འདེབས་གསལ་བཤད་ལ་ཉན་རྗེས་ཀྱི་འཆར་སྣང་འགའ་།

དང་པོ། གསལ་བཤད་འདིའི་སྤྱིའི་སྣང་ཚུལ་འགའ་།

ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ཀྱིས་ཟླ་༡༢་པའི་ཚེས་༥་ཉིན་དཔལ་ལྡན་བཀའ་ཤག་གིས་ཁོང་ལ་བཙུགས་པའི་སྐྱོན་འཛུགས་དོན་ཚན་བཅུ་ལ་ལན་འདེབས་གསལ་བཤད་རིང་པོ་ཆུ་ཚོད་གསུམ་ཅན་ཞིག་གནང་། མང་ཚོགས་ཀྱིས་དེ་ལ་ཉན་རྗེས་“ཨོ་ཁོ་ལ་ཡང་བདེན་པ་འདྲ་ཞིག་ལབ་ཡ་འདུག་དའ”་ཞེས་དོན་དངོས་གནས་སུ་ནོར་བ་ཡིན་ནམ་སྙམ་པའི་ཐེ་ཚོམས་སྐྱེས་མཁན་ཡང་བྱུང་འདུག འདི་ནི་ཁོང་གི་གཏམ་བཤད་ཀྱི་རྩལ་ལས་མང་ཚོགས་ཀྱི་བློ་ཁ་འགུགས་པའི་ནུས་པ་ཐོན་པ་ཡིན་པས་ཁོང་གི་འཇོན་ཐང་ཞིག་རེད། གང་ལྟར་ངས་རྒྱུན་དུ་ཁོང་མི་དྲང་མོ་ཞིག་ཡིན་བསམ་མོད་དེ་དེ་འདྲ་རང་མིན་པ་ད་ལྟ་ཁོང་གི་གསལ་བཤད་འདི་ནས་

དེ་ལས་མང་བ་། “བློ་མིག་དང་སྤེན་མིག་གི་བདེན་པ།” »

བསམ་ཚུལ།

གཅིག་རྒྱབ་གཅིག་ལངས་ཀྱི་ཚོགས་འདུ་ལ་ང་ཞུགས་ཀི་མིན། (སྐྱིད་སྡུག་ཚོགས་པ་ཞིག་ཡིན་ན་མི་སྒེར་གྱི་ལག་ཆ་རུ་འགྱུར་མི་རུང་།)

Posted on 2018-01-11 By ཁ་བརྡ 3 Comments on གཅིག་རྒྱབ་གཅིག་ལངས་ཀྱི་ཚོགས་འདུ་ལ་ང་ཞུགས་ཀི་མིན། (སྐྱིད་སྡུག་ཚོགས་པ་ཞིག་ཡིན་ན་མི་སྒེར་གྱི་ལག་ཆ་རུ་འགྱུར་མི་རུང་།)

ཚེ་འབར།

 

ཕྱི་ཕྱོགས་སུ་ཡོད་པའི་བོད་ཀྱི་སྐྱིད་སྡུག་ཚོགས་པ་ཆུང་ཆུང་དེ་ཚོ། མིང་ཆེན་པོ་རི་འདྲ་རེ་བཏགས་ནས་དོན་ལ་མི་སྒེར་གྱི་སྦ་ཁུག་འགེངས་བྱེད་དང་ཁེ་ཕན་སྒྲུབ་བྱེད་ཀྱི་ལག་ཆ་རུ་བསྒྱུར་གྱིན་ཡོད་པ་དེ་ནི་མ་འོངས་བོད་ཀྱི་འཐབ་རྩོད་ལ་འཇིགས་སུ་རུང་བའི་ཉེན་ཁ་ཞིག་ཡིན་པ་མ་ཟད།སྤྱི་ཚོགས་རུལ་སུངས་སུ་འགྱུར་རྒྱུའི་སྔ་ལྟས་ཀྱང་རེད་ལ། རྩ་དོན་ལ་འགན་མ་ཁུར་པའི་ཆེས་བློ་ཕམ་པའི་གནས་ཤིག་ཀྱང་རེད། ད་ཐེངས་ཁོན་སི་ལེན་ཊི་བོད་རིགས་མཐུན་ཚོགས་ཀྱི་དོན་རྐྱེན་གཙོ་བོ་ཡང་དེ་ལ་ཐུག་ཡོད། སྤྱི་ལོ་༢༠༡༧ ཟླ་༩ ཚེས་ ༢ ཁོན་སི་ལེན་ཊི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་དང་པོའི་སྐབས་སུ་གཏན་ལ་ཕབས་པའི་ཁོན་སི་ལེན་ཊི་བོད་རིགས་མཐུན་ཚོགས་ཀྱི་རྩ་བའི་རྩ་དོན་བཞི་ཟེར་བ་ཞིག་བཞག་ཡོད། དེ་ནི་ཁོན་སི་ལེན་ཊི་བོད་རིགས་མཐུན་ཚོགས་ཀྱི་འདས་པའི་ལོ་རྒྱུས་ཀྱི་དཀའ་ངལ་དང་ཁོན་སི་ལེན་ཊི་བོད་རིགས་མཐུན་ཚོགས་

དེ་ལས་མང་བ་། “གཅིག་རྒྱབ་གཅིག་ལངས་ཀྱི་ཚོགས་འདུ་ལ་ང་ཞུགས་ཀི་མིན། (སྐྱིད་སྡུག་ཚོགས་པ་ཞིག་ཡིན་ན་མི་སྒེར་གྱི་ལག་ཆ་རུ་འགྱུར་མི་རུང་།)” »

བསམ་ཚུལ།

དབང་པོ་སྐྱོན་ཅན་དང་དཱ་ཕྲུག་ཚོར་བལ་གོས་སྦྱིན་གཏོང་གི་ལས་འགུལ།

Posted on 2018-01-11 By ཁ་བརྡ No Comments on དབང་པོ་སྐྱོན་ཅན་དང་དཱ་ཕྲུག་ཚོར་བལ་གོས་སྦྱིན་གཏོང་གི་ལས་འགུལ།

ཚེ་དབང་བསོད་ནམས།

 

བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་འཛམ་གླིང་ཞི་བདེའི་སྡེ་དཔོན་སྤྱི་ནོར་གོང་ས་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་གི་ང་ཚོར་བླ་ན་མེད་པའི་ཟབ་ཅིང་རྒྱ་ཆེ་བའི་ལམ་སྟོན་བྱམས་བརྩེ་དང་སྙིང་རྗེ་གཞན་ཕན་ལ་འགན་འཁུར་དགོས་པའི་བཀའ་སློབ་རིམ་ཕེབས་ལ་ང་ཚོའི་འགན་འཁུར་ནས་ད་ལམ་གོང་ས་མཆོག་གི་སྐུའི་བླ་གཟའ་ཕྱི་ལོ་2018་ལོའི་ཟླ་བ་དང་པོའི་ཚེས་10རེ་གཟའ་ལྷག་པ་ཉིན་རྒྱ་གར་གྱི་མངའ་སྡེ་མ་ཧ་ར་ཤི་ཊ་རའི་ཁྱབ་ཁོངས་ནན་ཏི་ོརྫོང་ས་གནས་སུ་ཀོ་ལི་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་དང་མོན་གྷོ་འདོད་དགུ་གླིང་བོད་མིའི་གཞིས་ཆགས་སྦེ་ཀོབ་བདེ་སླ་གཞིས་ཆགས་ཧུང་སུར་རབ་རྒྱས་གླིང་གཞིས་ཆགས་

དེ་ལས་མང་བ་། “དབང་པོ་སྐྱོན་ཅན་དང་དཱ་ཕྲུག་ཚོར་བལ་གོས་སྦྱིན་གཏོང་གི་ལས་འགུལ།” »

གསལ་བསྒྲགས།

མིག་ཆུ།

Posted on 2018-01-112018-01-11 By ཁ་བརྡ No Comments on མིག་ཆུ།

ཞི་བདེའི་ལང་ཚོས།

མིག་ཆུ་ནི་དགའ་སྐྱོ་གི་གདུང་བ་ལས་གྲུབ་པའི་སྙིང་ཁྲག་དམར་པོ་ཞིག་རེད་ལ། མིག་ཆུ་ནི་སེམས་ནང་གི་བཅོས་མ་མིན་པའི་་ཚོར་བ་ངོ་མ་ཞིག་རེད། ཚོར་བ་དེ་ཡང་གཞན་ལ་བསྙད་མ་ནུས་པ་དང་། བསྙད་ཀྱང་རྫོགས་ཐབས་མེད་པའི་བཟོད་དུ་མེད་པའི་སེམས་ནང་གི་ཚོར་བ་རྣོན་པོ་ཞིག་རེད། མི་སུ་འདྲ་ཞིག་ཡིན་རུང་མིག་ནས་མིག་ཆུ་ཤོར་བར་མི་འདོད། 

དེ་ལས་མང་བ་། “མིག་ཆུ།” »

རྩོམ་རིག, ལྷུག་རྩོམ།

བཙན་བྱོལ་ནང་གི་གསར་འགྱུར་བརྒྱུད་ལམ།

Posted on 2018-01-11 By ཁ་བརྡ 3 Comments on བཙན་བྱོལ་ནང་གི་གསར་འགྱུར་བརྒྱུད་ལམ།

ཚེ་རིང་རྡོ་རྗེ།

པར།

བྱིའུ་ཆུང་ཞིག

Posted on 2018-01-10 By ཁ་བརྡ 3 Comments on བྱིའུ་ཆུང་ཞིག

ཁ་བའི་ལྷ་མོ།

 

བྱིའུ་ཆུང་ཞིག
རྒྱང་རིང་ནས་བསླེབས་སོང
བདག་གི་ཉལ་ཁང་གྲུ་བཞིའི
སྒེའུ་ཁུང་གི་ལྕགས་ཁྲའི་སྟེང་བབས་ནས
བདེན་པའི་གནད་དོན་ཞིག་ཞུ་བ་བཞིན
རིམ་པར་ཅིར་ཅིར་མང་པོ་འདོན

བདག་གིས་ཁོ་ལ་རྣ་བ་གཏད་དེ
མིག་ཟུང་ནན་གྱིས་ཅེར

དེ་ལས་མང་བ་། “བྱིའུ་ཆུང་ཞིག” »

སྙན་ངག

ཀུ་ཐང་ཕུག་རོན་ཕུག་མཇལ་བ། ༢༽

Posted on 2018-01-10 By ཁ་བརྡ 3 Comments on ཀུ་ཐང་ཕུག་རོན་ཕུག་མཇལ་བ། ༢༽

སྐྱོ་བྲག་དགའ་དབང་།

 

     ངས་དྲུང་གོ་ཤྲི་རྒྱལ་ཚབ་པ་མཆོག་ལ། ང་ཚོ་སྒྲུབ་གནས་སུ་འགྲོ་བའི་མཉམ་པོར་ཀོ་ཀོ་ཏཱ་རའང་འགྲོ་དགོས་ཟེར་ཞིང་གདའ་ཞུས་པ་ན། མོ་རི་ཁྲོད་ལ་མོས་པ་ཆེན་པོ་ཡོད་རེད། མི་ལ་རས་པའི་སྒྲུབ་གནས་ལ་ཉམས་ལེན་བྱེད་པ་བྱུང་ན་དཔེ་ཡག་པོ་རེད། མོ་སྐྱུར་མ་ཤོག་པར་ཁྲིད་ནས་སོངས་གསུང་གི་གདའ་བས། ལགས་སོ། ། ཞུས་པ་ཡིན།

     ཡིན་ནའང་། སེམས་ཁྲལ་མེད་པ་ག་ལ་ཡིན། ཀོ་ཀོ་ཏཱ་ར་ནི། རྒྱ་མཚོའི་གླིང་ཕྲན་ཧོང་ཀོང་དུ་སྐྱེས་ཚར་བྱུང་ཞིང་། མྱི་ཚེ་སྐྱིད་ཉམས་ལ་རྫོགས་པ་ཞིག་ཡིན་ཕྱིར། རི་བོ་ཧི་མ་ལ་ཡའི་གངས་ཁྲོད་དུ་རྒྱུ་འགྲུལ་བྱེད་པ་ན། ས་ཆུ་མ་འཕྲོད་པ་དང་། ཟས་གོས་

དེ་ལས་མང་བ་། “ཀུ་ཐང་ཕུག་རོན་ཕུག་མཇལ་བ། ༢༽” »

ངོ་སྤྲོད།, བསམ་ཚུལ།

“ཟམ་གདོང་དེ་མཁྲེགས་པོ་ཞིག་ཡོད་བསམས་སོང་སྟེ། ད་ཐེངས་ཁོང་སྐད་ཤོར་འདུག”ཅེས་༸གོང་ས་མཆོག་གིས་གསུངས།

Posted on 2018-01-092018-01-09 By ཁ་བརྡ 9 Comments on “ཟམ་གདོང་དེ་མཁྲེགས་པོ་ཞིག་ཡོད་བསམས་སོང་སྟེ། ད་ཐེངས་ཁོང་སྐད་ཤོར་འདུག”ཅེས་༸གོང་ས་མཆོག་གིས་གསུངས།

གློག་བརྙན་།

ཐོལ་བྱུང་གི་སེམས་ཚོར།

Posted on 2018-01-09 By ཁ་བརྡ 6 Comments on ཐོལ་བྱུང་གི་སེམས་ཚོར།

འགྱུར་མེད་ཚེ་རིང་།

 

༼ཉེར་གཅིག་དུས་ཀྱི་བོད་པ་ཚང་།༽

 

བཤད་ཀྱང་མི་གོ་རང་རེ་བོད་ཀྱི་རྣ།།
བསྟན་ཀྱང་མི་མཐོང་རང་རེ་བོད་ཀྱི་མིག
བསླབས་ཀྱང་མི་ཤེས་རང་རེ་བོད་ཀྱི་ལག།
དེང་རབས་བོད་འདི་བསོད་ནམས་མར་འགྲོ་རེད།།

ནང་རུལ་ཕྱི་རུལ་ཅན་གྱི་གཞིས་ཆགས་དང་།།
ཁ་ཕོ་ཨུ་ཚུགས་ཆེ་བའི་གཞུང་ཞབས་མང་།།

དེ་ལས་མང་བ་། “ཐོལ་བྱུང་གི་སེམས་ཚོར།” »

སྙན་ངག

འདི་ཡང་བློ་སེང་གིས་བཅའ་ཁྲིམས་རྡོག་བརྫིས་བཏངས་པ་ཞིག་རེད།

Posted on 2018-01-092018-01-09 By ཁ་བརྡ 10 Comments on འདི་ཡང་བློ་སེང་གིས་བཅའ་ཁྲིམས་རྡོག་བརྫིས་བཏངས་པ་ཞིག་རེད།

གངས་རིའི་དོན་ཁྲ།

 

རྒྱལ་ས་ཝ་ཞིན་ཁྲོན་དུ་ཡོད་པའི་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱི་ཚོམས་ཁང་ནང་གི་ཨ་རི་དང་ཁེ་ན་དྲའི་རྒྱལ་དར་བར་གྱི་གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་ཚབ་ཏུ། བློ་སེང་ཁོ་རང་གི་པར་ཞིག་བཀལ་ནས་གཞག་ཡོད་པའི་སྐད་ཞིག་ཨ་རིའི་བོད་མི་ཚོས་གླེང་གིན་ཡོད་སྟབས། བྱང་ཨ་རིའི་སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ་བརྟག་དཔྱད་དུ་ཕེབས་པས་དངོས་སུ་མིག་གིས་མཐོང་བས་གྲོས་ཚོགས་སུ་སྐར་རྟགས་ཅན་གྱི་དྲི་བ་བཏང་གནང་བ་རེད། བློ་སེང་གིས་རང་གི་པར་མར་བླངས་ནས་དེ་སྔ་ནང་བཞིན་གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་རང་འཇགས་གཤམས་མ་འདོད་པས”ཆབ་སྲིད་ཀྱི་ཟུར་ཞིག་མཚོན་གྱི་ཡོད”སྐུ་པར་དེ་སྔ་ལས་མང་བ་ཡོད། ཡིག་ཚང་ནང་དུ་གཤམ་ཡོད། སྲིད་སྐྱོང་གི་པར་དེ་ལས་བྱེད་ཚོས་ཁ་ལ་ཟ་སའི་རྒྱ་ཅོག་གི་ཟུར་ལ་རེད། དེ་གལ་གནད་ཆེ་ས་ཞིག་མ་རེད། དེ་ལས་གལ་གནད་ཆེ་ས་

དེ་ལས་མང་བ་། “འདི་ཡང་བློ་སེང་གིས་བཅའ་ཁྲིམས་རྡོག་བརྫིས་བཏངས་པ་ཞིག་རེད།” »

བསམ་ཚུལ།

༄༅།། བྱ་སྤུ་གནོན་མེད་པ་བཟོ་མཁན་ཡང་སྙིང་སུ་རེད།

Posted on 2018-01-09 By ཁ་བརྡ 3 Comments on ༄༅།། བྱ་སྤུ་གནོན་མེད་པ་བཟོ་མཁན་ཡང་སྙིང་སུ་རེད།

བཀྲས་ཁང་པ་སངས།

 

དེང་སང་གངས་ཅན་སྐྱིད་གཤོངས་ཀྱི་གཏམ་དཔེ་གསར་པ་ཞིག་སྟེ། ‘’གང་དུ་པར་ཆས་ཡོད་ན།། དེ་རུ་སྲིད་སྐྱོང་ཡོད།།’’ ཟེར། གཏམ་དཔེ་འདི་ནི་གཞུང་ཞབས་རྣམ་པ་དང་སྤྱི་འཐུས་རྒྱུན་ལས་ཚོས་བཟོས་པའི་གངས་སྐྱིད་ཀྱི་གཏམ་དཔེ་ཞིག་རེད། གཏམ་དཔེ་འདི་ཏན་ཏན་སྲིད་སྐྱོང་གིས་གསན་ཡོད་ཤག འོན་ཏང་། སྲིད་སྐྱོང་ནི་གང་དུ་སྐྱོན་བརྗོད་ཡོད་ན།། དེ་ལ་གཡོལ་ཐབས་བྱེད་མཁན་ཞིག་ཡིན་པས། གཏམ་དཔེ་འདི་མ་གོ་མདོག་མདོག་གནང་རྒྱུ་ནི་ཚང་མས་ཚོད་དཔག་ཐུབ་པ་ཞིག་རེད།

པར་ཆས་ཀྱི་ནང་དུ་ཐོན་རྒྱུ་མང་དྲག་པས། བྱ་སྤུ་གནོན་ཕར་ཟད། ལྷན་ཁང་ཁག་གི་གང་བྱས་པའི་ངོ་སོ་ཚང་མ་སྲིད་སྐྱོང་ལ་ཐོབ་དགོས་པ་དང་། ལས་དོན་ཡག་པོ་རེ་སྒྲོག་དགོས་ཚེ་མདུན་དུ་སྲིད་སྐྱོང་ཐོན་དགོས་པ་ཆགས་པས། ལས་བྱེད་དཀྱུས་མ་ཞིག་གིས་ཀྱང་སྲིད་སྐྱོང་ལ་ལྗིད་ཁོག་ག་ཚོད་ཡོད་མེད་དང་། གཟི་བརྗིད་ག་ཚོད་ཡོད་མེད་ཧ་གོ་དོན་

དེ་ལས་མང་བ་། “༄༅།། བྱ་སྤུ་གནོན་མེད་པ་བཟོ་མཁན་ཡང་སྙིང་སུ་རེད།” »

བསམ་ཚུལ།

ཁ་ལྔ་བཅུ་པ་བཞུགས་སོ།

Posted on 2018-01-06 By ཁ་བརྡ 20 Comments on ཁ་ལྔ་བཅུ་པ་བཞུགས་སོ།

འགྱུར་མེད་ཚེ་རིང་།

 

ཁ་དཀར་འཛུམ་གྱིས་བསུ་བའི་ཚེ།།
ཁ་དོག་དཀར་བའི་སེམས་ཤིག་དགོས།།
ཁ་ཁོག་མི་མཚུངས་བྱ་བྱེད་ནི།།
ཁ་ལ་ཞིམ་པའི་དུག་དང་འདྲ།།

ཁ་ཏོན་ཁ་ཡིས་འུར་འུར་སྒྲོག།
ཁ་ཙམ་སོང་ན་དོན་སྙིང་མེད།།
ཁ་ཐུག་སེམས་ལ་སྨན་པའི་དོན།།
ཁ་འདོན་དངོས་ལགས་གུད་ན་མེད།།

དེ་ལས་མང་བ་། “ཁ་ལྔ་བཅུ་པ་བཞུགས་སོ།” »

སྙན་ངག

Posts pagination

Previous 1 … 59 60 61 … 63 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme