Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ནམ་མཁའི་ནོར་བུ་དྲན་པ།

Posted on 2020-06-18 By ཁ་བརྡ 2 Comments on ནམ་མཁའི་ནོར་བུ་དྲན་པ།

ཨ་འདུས་སྐལ་བཟང་རྒྱ་མཚོ།
 
བོད་ཀྱི་རིག་པའི་འོད་སྣང་བཀྱེ་ཐེངས་རེས།།
ལོག་བཤད་མུན་པའི་མགྲིན་པ་གཏིང་ནས་རྨས།།
སྙན་པ་ཤར་ནུབ་མཁའ་ལ་འཕུར་བ་ཡི།།
ནམ་མཁའི་ནོར་ནུ་དེང་འདིར་དྲན་པར་རིགས།།

རལ་བ་རིང་ཡང་རིག་རྩལ་དེ་བས་རིང་།།
ཁྱིམ་པ་ཡིན་རུང་ཆོས་ཀྱི་འཚོ་བ་ཅན།།
བན་ནས་སྐྱེས་ཀྱང་བོན་ལ་སྨོད་རབས་མེད།།
ཁྱོད་ཀྱི་ཡོན་ཏན་བརྗོད་པས་ག་ལ་ལང་།།

དེ་ལས་མང་བ་། “ནམ་མཁའི་ནོར་བུ་དྲན་པ།” »

སྙན་ངག

དེ་རིང་གི་སེམས་པ།

Posted on 2020-06-18 By ཁ་བརྡ No Comments on དེ་རིང་གི་སེམས་པ།

ཆང་སྐྱེས།
 
དེ་རིང་སེམས་འདི་གཡུ་ཡི་མེ་ལོང་ཞིག།
དེ་ལས་འཕྲོས་པའི་འཆར་སྣང་སྣ་ཚོགས་ཤིག།
སྣང་བ་སྒྱུ་མས་བསླུས་པའི་ཁུགས་སོ་ན།།
སེམས་ཀྱི་བུ་ཆུང་གླ་བོ་ཁེར་ལྡིང་ཞིག།

དེ་རིང་སེམས་འདི་བྱིས་པ་ཆུང་ཆུང་ཞིག།
ཕྱི་ནང་གཉི་ག་གསལ་བོ་གསལ་རྐྱང་ཞིག།
དྲིན་ཆེན་ཕ་མ་ཟུང་གི་ལག་འགོ་ནས།།
དགད་ཀྱང་ཆོག་ལ་ངུ་ཡང་ཆོག་ཆོག་ཅིག།

དེ་ལས་མང་བ་། “དེ་རིང་གི་སེམས་པ།” »

སྙན་ངག

བྱེས་སྡོད་བོད་མིའི་ཁྲོད་ཀྱི་སྐད་ཡིག་གླེང་བ།

Posted on 2020-06-17 By ཁ་བརྡ 3 Comments on བྱེས་སྡོད་བོད་མིའི་ཁྲོད་ཀྱི་སྐད་ཡིག་གླེང་བ།

ཐེ་འོད་ཟེར།
 
ལོ་རྒྱུས་རིང་བའི་རང་རིགས་སྐད་ཡིག་འདི་གཉིས་རང་ཅག་བོད་མི་རིགས་འདི་ཉིད་འཚོ་གནས་ཐུབ་མིན་གྱི་བླ་སྲོག་ཉག་ཅིག་ཡིན་པར་མཐོང་ནས། དེ་སྔར་ནས་རྒྱ་གཞུང་གིས་འཆར་གཞི་ལྡན་པའི་ཐོག་ནས་ཉམས་ཆག་ཏུ་བཏང་དང་གཏོང་བཞིན་འདི་ལྟར་ཡང་། སྤྱི་ནོར་༧གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་ཉག་ཅིག་ལས། ཤར་ནུབ་ཡུལ་གྲུ་ཕལ་མོ་ཆེར་བོད་སྐད་ཡིག་ལ་སློབ་སྦྱོང་གནང་མཁན་ཉིན་རེར་ཇེ་མང་དུ་འགྲོ་བཞིན་ཡོད་པ་འདི་ནི་དགའ་འོས་སུ་མཆིས་མོད། འོན་ཏེ་རང་རིགས་བཙན་བྱོལ་བའི་ཁྲོད་དུ་མཚར་ལོངས་བྱུང་བའི་གཞོན་སྐྱེས་མི་ཉུང་བ་ཞིག་གིས། རང་རིགས་སྐད་ཡིག་འདི་ཉིད་ཉམས་ཆག་ཏུ་འགྲོ་བཞིན་ཡོད་པ་མ་ཤེས་པའམ་ཡང་ན་ཤེས་བཞིན་ཅི་མི་སྙམ་པར་ལྟ་བུས། གཞན་གྱི་སྐད་ཡིག་ལ་མཐོང་ཆེན་དང་དགའ་མོས་བྱེད་ཀྱིན་པར་ཞིབ་མོར་བལྟས་ན་དགའ་འོས་སུ་ཆེར་མ་མཐོང་། གང་ཡིན་ཞེ་ན།

དེ་ལས་མང་བ་། “བྱེས་སྡོད་བོད་མིའི་ཁྲོད་ཀྱི་སྐད་ཡིག་གླེང་བ།” »

བསམ་ཚུལ།

ཅིའི་ཕྱིར་ང་ཡེ་ཤུ་བ་ཞིག་མིན་ནམ།

Posted on 2020-06-17 By ཁ་བརྡ No Comments on ཅིའི་ཕྱིར་ང་ཡེ་ཤུ་བ་ཞིག་མིན་ནམ།

སྐྱེས་སར་ཀླུ་སྒྲུབ་ཀྱིས་བསྒྱུར།

བདུན་པ། རྒྱུ་མཚན་ལྟར་སྣང་ཁག་ཡོ་བསྲང་གི་རྩོད་སྒྲུབ།

དེ་ནས་ད་དུང་། ཧ་ཅང་ཡ་མཚན་ཆེ་བའི་ཀུན་སྤྱོད་ཀྱི་རྩོད་སྒྲུབ་བྱེད་སྟངས་གཞན་ཞིག་ཡོད་པ་དེ་ནི་ཁོ་ཚོས་བཤད་པར། བྱེད་པ་པོ་ནི་ཡོད་དགོས་ངེས་ཤིག་ཡིན་ལ། དེས་འཛམ་གླིང་འདིར་དྲང་བདེན་གྱི་གནས་ལུགས་ཤིག་ཁྱེར་ཡོང་བ་རེད་ཟེར། འཇིག་རྟེན་འདིའི་ཆ་ཤས་ཤིག་ཏུ། ང་ཚོས་

དེ་ལས་མང་བ་། “ཅིའི་ཕྱིར་ང་ཡེ་ཤུ་བ་ཞིག་མིན་ནམ།” »

འགྱུར་རྩོམ།

བཀྲ་ཤིས་ཇ་ཁང་ནང་གི་མེ་ཏོག་ཆུན་པོ།

Posted on 2020-06-16 By ཁ་བརྡ No Comments on བཀྲ་ཤིས་ཇ་ཁང་ནང་གི་མེ་ཏོག་ཆུན་པོ།

ཆང་སྐྱེས།
 
ལས་དབང་བུ་མོ།
ཞལ་རས་དཀར་པོ་བཅོ་ལྔའི་ཟླ་བཞིན་རྒྱས།།
བྲང་གི་མྱོས་བུམ་དུང་དཀར་གཟུགས་སུ་འབུར།།
སྐད་ཆ་ཚིག་རེ་བར་ན་དགོད་སྒྲ་རེ།།
དགོད་སྒྲ་རེ་རེ་ནང་ན་དབྱངས་རྟ་རེ།།

མཚོ་མོ།
དེང་རབས་གོམ་སྟབས་མྱུར་མོའི་གྲུ་ཁ་ནས།།
སྲེད་པའི་ཟུར་མིག་འཇམ་པོ་ཕྱོགས་སུ་གཡོ།།

དེ་ལས་མང་བ་། “བཀྲ་ཤིས་ཇ་ཁང་ནང་གི་མེ་ཏོག་ཆུན་པོ།” »

སྙན་ངག

གཤོག་པ་བསྐྱུར་ནས་འཕུར་ཚུལ།

Posted on 2020-06-16 By ཁ་བརྡ No Comments on གཤོག་པ་བསྐྱུར་ནས་འཕུར་ཚུལ།

འདྲེ་གླེན་པ།
 
ཝེ་་་་་་་་་་་་་་་ནམ་མཁའ་འཚོ
ད་ང་བུད་འགྲོ
རྗེས་ལ་ཁ་པར་མ་གཏོང་
ཁྱིམ་ན་རྒན་མོ་ཡོད ཞ་ཞི་ཡང་ཡོད

ཝེ་་་་་་་་་་་་་་་ནམ་མཁའ་འཚོ
ཁྱོད་རྒན་གསོ་ཁང་ནས་སུན་ན
སློབ་གྲྭར་སོང་
རྒན་ཡོལ་གྱི་ཡོང་འབབ་ཉུང་ཉུང་མ་རེད་མོས

དེ་ལས་མང་བ་། “གཤོག་པ་བསྐྱུར་ནས་འཕུར་ཚུལ།” »

སྙན་ངག

འབྲུག་སྒྲ – འབྲུག་སྐད་བརླག་པའི་འགྱུར་དེབ།

Posted on 2020-06-15 By ཁ་བརྡ 7 Comments on འབྲུག་སྒྲ – འབྲུག་སྐད་བརླག་པའི་འགྱུར་དེབ།

ཁྱུང་པོ་གཡུང་དྲུང་རྣམ་རྒྱལ།
 

༡༽ གླེང་གཞི་གླེང་སློང་། 

འབྲུག་སྒྲ། དབྱིན་སྐད་ནང་འབྲུག་སྐད་ལྡིར་བ་ཞིག་ཡིན་པ་དེ། བོད་ཡིག་ནང་ལ་འབྲུག་སྐད་ཕྱེད་ཀ་ཙམ་ལས་མེད་པ་ཞིག་ཏུ་བསྒྱུར་འདུག འགྱུར་དེབ་འདི་བཀླགས་ན་ཚོར་བ་འདི་འདྲ་ཞིག་སྟེར་བར་བྱེད། ཐད་ཀར་ཞུས་ན། དེ་ཙམ་གྱི་འགྱུར་ཡག་པོ་ཞིག་མ་རེད། བོད་སྐད་མ་ཡིན་པའི་ཚིག་གྲུབ་སྐྱོན་ཅན་མང་པོ་སྐྱེས་ཡོད་པའི་འགྱུར་དེབ་ཅིག་རེད།

དེ་ལས་མང་བ་། “འབྲུག་སྒྲ – འབྲུག་སྐད་བརླག་པའི་འགྱུར་དེབ།” »

བསམ་ཚུལ།

སྐྱོ་གར་ཞིག

Posted on 2020-06-15 By ཁ་བརྡ 2 Comments on སྐྱོ་གར་ཞིག

ཆ་འགག་མེ་བསྟན།
 
ཨོ་སྟོབས། ཀླུ་བྱམས། བློ་གྲགས་སོགས་ཀྱིས་འཁྲབ་བཞིན་པའི་ཟློས་གར་འདི་ཧ་ཅང་གི་འཇིགས་སྣང་ཆེ་ལ། བོད་མིའི་སྲོག་གཅོད་ཀྱི་གཤེད་མ་ཞེད་སྣང་ཅན་ཞིག་ཀྱང་རེད་ཟེར་ཆོག

རྒྱུ་མཚན་ནི། དེའི་འཁྲབ་ཁྲིད་པ་ནི་གུང་ཏང་ཇག་ཚོགས་ཀྱི་གཡོ་ཐབས་ཀྱི་བྱེད་ལས་དང་འདྲ་བོ་ཡོད། ཁོང་ཚོས་བོད་མི་གཞོན་སྐྱེས་གཙོས་བོད་པ་སེམས་ཤུགས་ཅན་གང་མང་ལ་དབུ་སྐོར་བསླུ་ཁྲིད་ཡོང་སླད། ཁ་ནས་ནམ་རྒྱུན་བོད་རྒྱལ་ཁབ་དང་བོད་རང་བཙན་ཟེར་ནས་བཤད་སྡད་པ་ཙམ་ལས། སྐྱུག་བྲོ་བའི་སྐྱོ་གར་འཁྲབ་མཁན་གྱི་གཏེ་པོ་དེ་ཚོས་ད་ཕན་ཆད། རྒྱལ་ཁབ་དང་མི་མང་ལ་ཕན་པའི་ལས་སྣ་གཅིག་ཀྱང་སྒྲུབ་མེད་པ་ལེགས་ཉེས་འབྱེད་པའི་ཤེས་རབ་ཀྱི་བློ་མིག་ཡོད་པ་ཚོས་གསལ་རྟོགས་ཡོད་ངེས།

དེ་ལས་མང་བ་། “སྐྱོ་གར་ཞིག” »

བསམ་ཚུལ།

དྲི་བ།

Posted on 2020-06-15 By ཁ་བརྡ No Comments on དྲི་བ།

བློ་བཟང་རིན་ཆེན།
 
ཀྱེ་ཀྱེ་སྙིང་གི་གྲོགས་པོ།།
རྒྱ་གར་འཕགས་པའི་ཡུལ་ལ།།
འབྱོར་བའི་སྐལ་བཟང་ཉི་མ།།
སེམས་ལ་ཉར་རྒྱུ་བྱུང་ངམ།།

འདིར་འབྱོར་ལོ་ཟླའི་ནང་ལ།།
བྱ་བཞག་གང་ཞིག་སྒྲུབ་པའི།།
སློབ་འབྲས་སྟོན་གྱི་ལོ་ཏོག།
གཞན་ལ་ངོམ་རྒྱུ་བྱུང་ངམ།།

དེ་ལས་མང་བ་། “དྲི་བ།” »

སྙན་ངག

རྨ་ཁ་ཤོར་བའི་ལོ་ཟླ་དེ་དག

Posted on 2020-06-15 By ཁ་བརྡ No Comments on རྨ་ཁ་ཤོར་བའི་ལོ་ཟླ་དེ་དག

ཆང་སྐྱེས།
 
ཆར་བ་ཟ་ཟིམ་འབབ་པའི་ཉིན་མོ་ཞིག་སྟེ།།
ཐ་མག་ཚེ་སྲོག་རྔུབ་པའི་མྱི་རྐྱང་ཁེར་འདུག།
འདས་པའི་ལོ་ཟླ་རིང་མོའི་ངོ་གདོང་ནག་པོ།།
དེ་རིང་བཙན་གྱིས་བསྒྲིགས་པའི་སྙན་ངག་མ་ཡིན།།

ནག་པོ་བདུད་སྡེ་དཔུང་གི་སྟོབས་ཤུགས་རེད་དང་།།
རང་མགོ་རང་གིས་གཡོག་པའི་བྱས་ཉེས་ཡིན་ནམ།།
གང་ལྟར་དགུན་ཁ་ཞིག་གི་ས་སྲོད་ཀློང་ནས།།
སྐད་ཅིག་ཉིད་ལ་ཡོད་ཚད་ལག་ནས་ཤོར་སོང་།།

དེ་ལས་མང་བ་། “རྨ་ཁ་ཤོར་བའི་ལོ་ཟླ་དེ་དག” »

སྙན་ངག

མི་རྟག་སྒྱུ་མའི་ཟློས་གར།

Posted on 2020-06-142020-06-14 By ཁ་བརྡ No Comments on མི་རྟག་སྒྱུ་མའི་ཟློས་གར།

ཁ་བའི་རྣམ་ཤེས།
 
རྨད་བྱུང་ངོ་མཚར་ལྟ་ན་སྡུག་པའི་གྲུ་འཛིན་ཞིང་གི་བཀོད་པ་བཤམས།།
གངས་རིའི་མགོན་པོ་རྒྱལ་བ་ཡབ་སྲས་རྫུ་འཕྲུལ་རྐང་པས་ས་ལ་བབ།།
རྣམ་དཀར་འཕྲིན་ལས་བསིལ་བའི་ཟེགས་མ་ཕྱོགས་ཀྱི་འཁོར་ལོའི་མཐའ་རུ་འཕྱོ།།
ཞལ་གྱི་དཀྱིལ་འཁོར་མཐོང་བ་དོན་ལྡན་འཛུམ་པའི་འོད་ཀྱིས་ཁྱོད་ལ་སྲུངས།།

ཁྱོད་དང་ང་ཡི་བར་ཐག་རིང་མོར་ལེ་བར་སྟོང་གིས་བསྐལ་ཀྱང་རུང་།།
ལས་ཀྱི་རྣམ་སྨིན་དྲན་བཞིན་དྲན་བཞིན་མཚན་མོའི་གཉིད་ཐེབས་ཆད་ཀྱང་རུང་།།
སྐྱོ་གདུང་མིག་ཆུ་བར་མེད་བཞུར་བས་བྲང་གི་སྟོད་ཁོག་བརླན་ཀྱང་རུང་།།
ནམ་ཞིག་ཁྱེད་ལ་ཕུལ་བའི་ཞུ་འཕྲིན་ཕུག་རོན་དཀར་པོས་གཤོག་ཟུང་

དེ་ལས་མང་བ་། “མི་རྟག་སྒྱུ་མའི་ཟློས་གར།” »

སྙན་ངག

ཤཱཀྱའི་གྲྭ་ཟུར་ཚོ།

Posted on 2020-06-13 By ཁ་བརྡ 3 Comments on ཤཱཀྱའི་གྲྭ་ཟུར་ཚོ།

ཐེ་འོད་ཟེར།
 
ཤཱཀྱ་ཐུབ་པའི་གྲྭ་ཟུར་རྣམ་པ་ཚོའི།།
ལུས་ཀྱི་ཐོག་ན་ཆོས་ཀྱི་བྱིན་རླབས་ཡོད།།
ཁོག་པའི་སྙིང་ན་བྱམས་དང་སྙིང་རྗེ་ཡོད།།
ཁ་ལྕེའི་དབར་ན་མདོ་སྔགས་རིག་གནས་ཡོད།།

གནའ་དུས་མཁས་པའི་ཁྲོད་ན་གྲྭ་ཟུར་མང་།།
དེང་སང་སློབ་དགེ་ཕལ་ཆེར་གྲྭ་ཟུར་རེད།།
ཆོས་སྲིད་གཉིས་ལྡན་གྲྭ་ཟུར་གྲངས་མེད་ཡིན།།
ཨམ་རྗེ་མཁས་དབང་ཁྲོད་ན་གྲྭ་ཟུར་མང་།།

དེ་ལས་མང་བ་། “ཤཱཀྱའི་གྲྭ་ཟུར་ཚོ།” »

སྙན་ངག

དགོན་པའི་དཔལ་འབྱོར་སྐོར་གླེང་བ།

Posted on 2020-06-132020-06-13 By ཁ་བརྡ 1 Comment on དགོན་པའི་དཔལ་འབྱོར་སྐོར་གླེང་བ།

སྐྱེས་སར་ཀླུ་སྒྲུབ།

བོད་ཀྱི་དགོན་པའི་དཔལ་འབྱོར་ལམ་ལུགས་སྐོར་གྱི་ལེགས་བཅོས་བསམ་འཆར།

ཐོག་མའི་གླེང་མོལ།

དེ་ཡང་རང་རེ་བོད་ལ་མཚོན་ན་ནང་པའི་ཆོས་ལུགས་ནི་མི་རིགས་རང་གི་གཅེས་ནོར་ཞིག་གམ་རིན་ཐང་ཆེ་བའི་རིག་གཞུང་ཞིག་ཡིན་པས། རིག་གཞུང་དེ་གཅེས་སྤྲས་བྱེད་

དེ་ལས་མང་བ་། “དགོན་པའི་དཔལ་འབྱོར་སྐོར་གླེང་བ།” »

བསམ་ཚུལ།

ཤར་ནུབ་གཉིས་ཀྱི་ཚོར་སྣང་གང་བྱུང་མང་བྱུང་།

Posted on 2020-06-112020-06-11 By ཁ་བརྡ No Comments on ཤར་ནུབ་གཉིས་ཀྱི་ཚོར་སྣང་གང་བྱུང་མང་བྱུང་།

གངས་དཀར་སེམས།
 
༡། མི་ཚེའི་ལྟ་བ།
འགྲོ་བ་མི་ལ་སྤྱི་མཚུངས་ཀྱི་ལྟ་བ་ནི་ལུས་སེམས་གཉིས་གཙོས་ཚང་མར་མཐུན་ཕྱོགས་གང་འཚམ་ཡོད་པ་ནི་བཤད་མི་དགོས་པ་རེད། འདིར་ཤར་ནུབ་གཉིས་སུ་བྱེད་ལུགས་ལྟ་སྟངས་གང་དྲན་ཏོག་ཙམ་འབྲི་འདོད།

མགོ་སེར་ཁ་གཅིག་ལ་མཚོན་ན་འཛམ་གླིང་འདིར་ཆོས་ཆེན་གྲལ་གསུམ་སྟེ་ཡཱེ་ཤུ་ཆོས་ལུགས་དང་ནང་ཆོས། ཁ་ཆེ་ཆོས་ལུགས་གསུམ་ནང་ཡཱེ་ཤུ་ཆོས་ལུགས་ལ་དད་མཁན་མང་པོ་ཡིན་སྟབས་གསུང་རབ་དེ་དང་འབྲེལ་ཡོད་ཀྱི་མི་ཚེའི་རིན་ཐང་གི་ཀུན་སྤྱོད་ལྟ་བ་

དེ་ལས་མང་བ་། “ཤར་ནུབ་གཉིས་ཀྱི་ཚོར་སྣང་གང་བྱུང་མང་བྱུང་།” »

སྣ་ཚོགས།

གླེང་མི་འདོད་པའི་ཀླུ

Posted on 2020-06-11 By ཁ་བརྡ 8 Comments on གླེང་མི་འདོད་པའི་ཀླུ

སྒྲོན་ཉེར།
 
ཀླད་ཀྱི་གཏམ།
དེ་རིང་ཀླུ་མཁར་བྱམས་དང་འབྲེལ་བའི་དོན་དག་ཁ་ཤས་ཤིག་གླེང་དགོས་བྱུང་སོང་། ངས་གོ་ཐོས་ལྟར་ན། ཀླུ་མཁར་བྱམས་ནི་མདོ་སྨད་ཆོལ་ཁ་དང་འབྲེལ་བ་ཆད་ཟིན་པའི་མི་ཞིག་ཡིན་རབས་ཡང་ཡང་གོ་མྱོང་། ཁོས་ཅི་ཞིག་བཤད་ཀྱང་མདོ་སྨད་ཁོལ་ཆའི་ཁོངས་གཏོགས་ན་མེད་བསམ་བསྡད་ཡོད། ཡིན་ནའང་། སྤྱི་ལོ་ ༢༠༡༧/༢/༢༠ ཉིན་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ཆེད་དུ་སྤེལ་བའི་གསར་འགོད་གསལ་བསྒྲགས་དང་ཀླུ་མཁར་བྱམས་ཀྱི་ངོ་གདོང་ཞེས་པའི་ནང་དུ་ཐག་ཆོད་དེ་འདྲ་ཞིག་བྱུང་མྱོང་ཡོད་པའི་ཟུར་ཙམ་ཡང་མཐོང་རྒྱུ་མི་འདུག སྤྱིར་ན་ང་ཡང་མདོ་སྨད་པ་ཞིག་ཡིན་པའི་ཆ་ནས། མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་

དེ་ལས་མང་བ་། “གླེང་མི་འདོད་པའི་ཀླུ” »

བསམ་ཚུལ།

གནའ་བོའི་ཤེས་རབ་དང་དེང་གི་འཇིག་རྟེན་གྱི་བཀླགས་བྱང་། ( 15 )

Posted on 2020-06-09 By ཁ་བརྡ No Comments on གནའ་བོའི་ཤེས་རབ་དང་དེང་གི་འཇིག་རྟེན་གྱི་བཀླགས་བྱང་། ( 15 )

བློ་བཟང་རིན་ཆེན།
 
<<སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག་>>གི་ས་བཅད་གསུམ་པའི་ཆོད་སེམས་ཀྱི་ཚད་གཞི་ཞེས་པའི་ལེའུར་བྲིས་པའི་གནད་དོན་རྣམས་ཚན་པ་གསུམ་ལ་བགོས་ནས་མདོར་བསྡུས་ཤིག་འཆད་པར་བྱ།

མཐའ་གཉིས་སུ་མ་ལྷུང་བའི་ཆོད་སེམས།

དེ་རིང་ཁོ་བོས་བཀླགས་པའི་ལེའུ་འདིའི་མིང་ལ་<<ཆོད་སེམས་ཀྱི་ཚད་གཞི་>>ཞེས་བཏགས་འདུག མ་གཞི་ཆོད་སེམས་ཞེས་པ་ནི་འུ་ཅག་གིས་རྒྱུན་ལྡན་

དེ་ལས་མང་བ་། “གནའ་བོའི་ཤེས་རབ་དང་དེང་གི་འཇིག་རྟེན་གྱི་བཀླགས་བྱང་། ( 15 )” »

སྣ་ཚོགས།

འདི་ལྟར་བྲིས་ཨེ་ཆོག

Posted on 2020-06-09 By ཁ་བརྡ No Comments on འདི་ལྟར་བྲིས་ཨེ་ཆོག

ཆང་སྐྱེས།
 
ཁེར་རྐྱང་འཚོ་བའི་སེམས་པ་རླུང་གིས་འཁུར།།
དྲན་གདུང་ལྕི་མོའི་མིག་ཆུ་ལག་པས་ཕྱིས།།
ལོ་དང་ཟླ་བའི་ལོ་རྒྱུས་ཁ་བས་གཡོག།
ཁ་བ་མར་མར་ཀློང་ནས་ཁྱེད་རང་དྲན།།

འཁྲེང་ཞེན་སྙིང་གི་ཕྱི་མིག་རྒྱང་ལ་འཕངས།།
ཞེན་ཆགས་ཟབ་མོའི་དུངས་བ་ཁོག་ཏུ་སྦས།།
ཁྱོད་དང་ངེད་གཉིས་ལེ་བར་སྟོང་གིས་བཅད།།
རྨི་ལམ་ཞིང་ནས་ཁྱེད་ལ་འོ་ཞིག་བྱས།།

དེ་ལས་མང་བ་། “འདི་ལྟར་བྲིས་ཨེ་ཆོག” »

སྙན་ངག

གནའ་བོའི་ཤེས་རབ་དང་དེང་གི་འཇིག་རྟེན་གྱི་བཀླགས་བྱང་། ( 14 )

Posted on 2020-06-08 By ཁ་བརྡ No Comments on གནའ་བོའི་ཤེས་རབ་དང་དེང་གི་འཇིག་རྟེན་གྱི་བཀླགས་བྱང་། ( 14 )

བློ་བཟང་རིན་ཆེན།
 
<<སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག་>>གི་ས་བཅད་གསུམ་པའི་སྤྱི་སེམས་ཞེས་པའི་ལེའུར་བྲིས་པའི་གནད་དོན་རྣམས་ཚན་པ་གསུམ་ལ་བགོས་ནས་མདོར་བསྡུས་ཤིག་འཆད་པར་བྱ།

སྤྱི་སེམས།

སྤྱི་སེམས་ཞེེས་པ་ནི་ཀུན་ཁྱབ་ཀྱི་རང་བཞིན་ལྡན་པའི་ཤེས་པ་ཞིག་རེད། ད་དུང་ཐ་སྙད་འདིའི་ཟབ་སར་སོང་ན་གཞན་གྱི་བདེ་སྡུག་ལ་སེམས་པའི་འགན་ཁུར་གྱི་འདུ་ཤེས་ཤིག་འདུས་ཡོད། དེའང་རང་གི་ནུས་པའི་ཁྱབ་ཁོངས་ལས་འདས་པའི་གྲོང་གསེབ་ཁག་གི་

དེ་ལས་མང་བ་། “གནའ་བོའི་ཤེས་རབ་དང་དེང་གི་འཇིག་རྟེན་གྱི་བཀླགས་བྱང་། ( 14 )” »

སྣ་ཚོགས།

བདེན་གཏམ་ཚིགས་སུ་བཅད་པ།

Posted on 2020-06-08 By ཁ་བརྡ 10 Comments on བདེན་གཏམ་ཚིགས་སུ་བཅད་པ།

ཐེ་འོད་ཟེར།
 
གཡོ་སྒྱུ་ཁྲལ་གསུམ་དཔུང་ཤེད་ཀྱིས།།
བསྐོས་པའི་ཆོས་རིག་བཀའ་བློན་གྱི།།
ཁྲི་རྒན་སྟེང་གི་སྨྱོ་གཏམ་ལ།།
སེམས་ལྡན་སུ་ཞིག་ཡི་རང་བྱེད།།

རྒྱལ་བསྟན་རིན་ཆེན་གསེར་གྱི་ནོར།།
ལུང་ཙམ་ཉིད་ལ་མ་བརྟེན་པར།།
དཔྱད་གསུམ་ཚད་མས་འཛིན་པ་ལ།།
སྡང་བའི་རོ་ལངས་བྱ་སྤུ་གནོན།།

དེ་ལས་མང་བ་། “བདེན་གཏམ་ཚིགས་སུ་བཅད་པ།” »

སྙན་ངག

ཡངས་པའི་ལམ་གྱི་གཞས་གསར་པ་༼རྨ་ཁ།༽

Posted on 2020-06-062020-06-07 By ཁ་བརྡ 1 Comment on ཡངས་པའི་ལམ་གྱི་གཞས་གསར་པ་༼རྨ་ཁ།༽

གླུ་གཞས།

Posts pagination

Previous 1 … 34 35 36 … 63 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (21)
  • ན་ཟུག (7)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme