Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨིས་ཟི་མས་ཝ་ཌམ།

Posted on 2019-04-232019-04-23 By སྙན་བཟང་གཡུང་དྲུང་ཚེ་རིང 15 Comments on ཨིས་ཟི་མས་ཝ་ཌམ།

སྙན་བཟང་གཡུང་དྲུང་ཚེ་རིང་།

ཁ་སང་ཁེ་ཉིན་ཧྥ་རན་སིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཁྱབ་ཆེ་བའི་གནས་ཚུལ་གཅིག་ནི་ཕེ་རེ་སིའི་འཕགས་མའི་ལྷ་ཁང་ལ་མེ་སྐྱོན་ཤོར་བའི་སྐོར་དེ་རེད། ལྷ་ཁང་བསྐྱར་གསོ་དང་འབྲེལ་བའི་ཐད་ལ་བགྲོ་གླེང་སྣ་ཚོགས་བྱས་དང་བྱེད་བཞིན་ཡོད།

དེ་རིང་། ཚེ་རིང་གིས་ལྷ་ཁང་དང་འབྲེལ་བའི་གནས་ཚུལ་ཉན་འདོད་མེད་ནའང་། གོམས་ལོབས་ཀྱི་དབང་གིས་ཆེད་སྒྲིག་ལེ་ཚན་ཞིག་ཡོད་པ་དེར་བལྟ་འདོད་ཀྱིས་བརྙན་འཕྲིན་གྱི་གློག་སྒོ་ཕྱེས།
‘‘ད་དུང་མོག་མོག་བཟོ་རྒྱུ་མིན་ནམ། དུས་ཚོད་དྲུག་པར་ཟིན་གྲབས་འདུག’’ ཆུང་མས་དེ་ལྟར་བཤད་ཞོར་ཁོང་གི་ལག་ཏུ་འཚིག་ཇ་ཤེལ་ཕོར་ཆུང་ཆུང་ཞིག་བཞག ཚེ་རིང་གི་མིག་བརྙན་འཕྲིན་ངོས་ལ་ཕྱོགས་བཞིན‘‘འཚིག་ཇའི་ནང་ལ་བྱེ་མ་ཀ་ར་

དེ་ལས་མང་བ་། “ཨིས་ཟི་མས་ཝ་ཌམ།” »

བརྩམས་སྒྲུང་།, རྩོམ་རིག

འབུ་ཆ་ག་པ་དང་གྲོག་མ།

Posted on 2019-04-132019-04-13 By སྙན་བཟང་གཡུང་དྲུང་ཚེ་རིང 1 Comment on འབུ་ཆ་ག་པ་དང་གྲོག་མ།

གཞང ངྷུ ལ ཧྥང་ཊན་གྱིས་བརྩམས། (Jean de la Fontaine 1621-1695)
སྙན་བཟང་གཡུང་དྲུང་ཚེ་རིང་གིས་བསྒྱུར།

དབྱར་དུས་སུ་འབུ་ཆ་ག་པས།
གླུ་དབྱངས་བླངས་པས།
རང་ཉིད་ཧ་ཅང་ཉམ་ཐག་ཏུ་གྱུར།

དེ་ལས་མང་བ་། “འབུ་ཆ་ག་པ་དང་གྲོག་མ།” »

འགྱུར་རྩོམ།

ལྕམ་ཟལ་མ བླ་གྷུ་ལོ་དང་ཁོང་གི་བཅོས་སྒྲུང་ཞིག

Posted on 2019-03-28 By སྙན་བཟང་གཡུང་དྲུང་ཚེ་རིང 3 Comments on ལྕམ་ཟལ་མ བླ་གྷུ་ལོ་དང་ཁོང་གི་བཅོས་སྒྲུང་ཞིག

སྙན་བཟང་གཡུང་དྲུང་ཚེ་རིང་།

ཉིན་ཤས་ཀྱི་སྔོན་ཕྲན་གྱིས་ནོ་སྦེལ་བྱ་དགའ་ཐོབ་མཁན་གྱི་བུད་མེད་རྣམས་ཀྱི་སྐོར་ལ་དོ་སྣང་ཕྲན་བུ་བྱས་པར། ནོ་སྦེལ་བྱ་དགའ་ཐོབ་མཁན་བུད་མེད་ལྔ་བཅུ་དང་། དེའི་ཁྲོད་དུ་ནོ་སྦེལ་རྩོམ་རིག་བྱ་དགའ་ཐོབ་མཁན་བུད་མེད་བཅུ་གསུམ་ཡོད་པའི་གནས་ཚུལ་རྙེད་བྱུང་། ཡུ་རོབ་ཀྱི་རྒྱལ་ཁོངས་སུ་ཝི་ཌེན་ནས་ཡིན་པའི་ལྕམ་ཟལ་མ བླ་གྷུ་ལོ་(Selma Lagerlöf 1858-1940)ཞུ་བ་ནི་ནོ་སྦེལ་རྩོམ་རིག་བྱ་དགའ་ཐོབ་མཁན་གྱི་བུད་མེད་ཐོག་མ་དེ་ཡིན་པར་བཤད། བུད་མེད་འདིའི་བརྩམས་ཆོས་ཀྱི་སྐོར་བཙལ་སྐབས། «སུ་ཝི་ཌེན་བརྒལ་བའི་ནེལ་གྱི་ངོ་མཚར་བའི་འགྲུལ་བཞུད»(Le Merveilleux Voyage de Nils Holgersson à travers la Suède)ཅེས་པའི་བཅོས་སྒྲུང་དེ་ནི་ལྕམ་འདིའི་བརྩམས་ཆོས་དག་ལས་གྲགས་ཆེ་ཤོས་ཡིན་པའི་གནས་ཚུལ་མཐོང་བས་བཅོས་སྒྲུང་དེ་ཀློག་དགོས་པར་གྱུར།

དེ་ལས་མང་བ་། “ལྕམ་ཟལ་མ བླ་གྷུ་ལོ་དང་ཁོང་གི་བཅོས་སྒྲུང་ཞིག” »

ངོ་སྤྲོད།, རྩོམ་རིག

རླུང་གི་བགྱི་བའི་དཀར་ཆག (གདམས་ངག) ཚན་པ་གཉིས།

Posted on 2019-03-182019-03-23 By སྙན་བཟང་གཡུང་དྲུང་ཚེ་རིང No Comments on རླུང་གི་བགྱི་བའི་དཀར་ཆག (གདམས་ངག) ཚན་པ་གཉིས།

ཨ་ཌོ་ནེ་སིས་བརྩམས།

ངས་རང་ཉིད་ཀྱི་ངོ་བོ་དེ།
རླུང་གི་ངོས་སུ་བྲིས་ཀྱང་།
ངས་རང་ཉིད་ཀྱི་མིང་དེ་འབྲི་རྒྱུ་བརྗེད་འདུག

དུས་ཚོད་ནི་མཚམས་མི་ཆད་པར་འབྲི་རྩོམ་གྱི་སྟེང་ན་བཞུར།
འོན་ཀྱང་དེ་ཡིས་ཆུ་ཡི་མཛུབ་མོ་རེ་རེ་མཚོན།

ངའི་ཕ་ཡུལ་གྱི་ལྗོན་པ་དག་ནི་སྙན་ངག་མཁན་ཡིན་ཞིང་།
ཁོང་ཚོས་རང་ཉིད་ཀྱི་རྐང་པ་དག

དེ་ལས་མང་བ་། “རླུང་གི་བགྱི་བའི་དཀར་ཆག (གདམས་ངག) ཚན་པ་གཉིས།” »

འགྱུར་རྩོམ།, སྙན་ངག

ནུབ་ཕྱོགས་ནས་འཚེར་བའི་བོད་ཀྱི་སྐར་ཆེན་ཞིག རྟའུ་བློ་བཟང་དཔལ་ལྡན་ལགས་རྗེས་སུ་དྲན་པ། (ལྔ་པ)

Posted on 2019-02-122019-02-12 By སྙན་བཟང་གཡུང་དྲུང་ཚེ་རིང 1 Comment on ནུབ་ཕྱོགས་ནས་འཚེར་བའི་བོད་ཀྱི་སྐར་ཆེན་ཞིག རྟའུ་བློ་བཟང་དཔལ་ལྡན་ལགས་རྗེས་སུ་དྲན་པ། (ལྔ་པ)

སྙན་བཟང་གཡུང་དྲུང་ཚེ་རིང་།

ལྔ་།

ཁོང་གིས་མུ་མཐུད་དུ་གསུང་རྒྱུར། ཆོས་ཕྱོགས་ཀྱི་སྐོར་ནས་ཞུས་ནའང་། ཆོ་ག་ཕྱག་ལེན་བྱེད་པའི་སྐབས་སུ་རོལ་དབྱངས་ཀྱི་ནུས་པ་འཕར་མ་ཞིག་སྤྲོད་ཀྱིན་ཡོད་སྟབས། དེ་ཉིད་བེད་སྤྱོད་བྱེད་པའི་གོམས་སྲོལ་ཞིག་ཡོད་ལ། རོལ་དབྱངས་དེ་དག་ཧ་ཅང་ཚད་མཐོ་པོ་ཡོད།

དེ་བཞིན་ནུབ་ཕྱོགས་ཡུ་རོབ་ལྟ་བུ་ཞིག་ལ་ཆ་མཚོན་ནས་བཤད་ནའང་། ཁོང་ཚོའང་སྲོལ་རྒྱུན་གྱི་གླུ་གཞས་མི་འདྲ་བ་ཁག་གྲངས་ལས་འདས་ཤིང་། དུས་རབས་བཅུ་བདུན་དང་བཅོ་བརྒྱད་པའི་ནང་སྒྲ་རྒྱན་དང་བྱ་དཀའ་བ་ལྟ་བུའི་ལམ་ནས་བརྩམས་པའི་

དེ་ལས་མང་བ་། “ནུབ་ཕྱོགས་ནས་འཚེར་བའི་བོད་ཀྱི་སྐར་ཆེན་ཞིག རྟའུ་བློ་བཟང་དཔལ་ལྡན་ལགས་རྗེས་སུ་དྲན་པ། (ལྔ་པ)” »

དྲན་ཐོ།

ནུབ་ཕྱོགས་ནས་འཚེར་བའི་བོད་ཀྱི་སྐར་ཆེན་ཞིག རྟའུ་བློ་བཟང་དཔལ་ལྡན་ལགས་རྗེས་སུ་དྲན་པ། (བཞི་པ)

Posted on 2019-02-112019-02-12 By སྙན་བཟང་གཡུང་དྲུང་ཚེ་རིང 1 Comment on ནུབ་ཕྱོགས་ནས་འཚེར་བའི་བོད་ཀྱི་སྐར་ཆེན་ཞིག རྟའུ་བློ་བཟང་དཔལ་ལྡན་ལགས་རྗེས་སུ་དྲན་པ། (བཞི་པ)

སྙན་བཟང་གཡུང་དྲུང་ཚེ་རིང་།

བཞི།

ལོ་རབས་བརྒྱད་ཅུ་པའི་མཇུག་ཏུ། བོད་ནང་ལ་མཚོན་ན་གཞས་མ་ཟླ་སྒྲོན་ལགས་ཀྱིས་ཟླ་སྒྲོན་སྙན་དབྱངས་ཞེས་པའི་འཁོར་ཐག་ཅིག་འགྲེམས་སྤེལ་བྱས་ཡོད། ཟླ་སྒྲོན་ལགས་ནི་ཁོང་ཚོ་དང་མི་འདྲ་བར་གླུ་གཞས་སྒྱུ་རྩལ་ཕྱོགས་ལ་ཆེད་སྦྱོང་བྱས་ཏེ་འཚར་ལོངས་བྱུང་བའི་གཞས་མ་ཞིག་ཡིན་པ་དང་། ལྷན་སྐྱེས་ཀྱི་སྐད་ངག་ཧ་ཅང་སྙན་མོ་ཞིག་ཡོད་པས། མོས་བླངས་པའི་གླུ་གཞས་དེ་ཚོ་རང་རྐྱ་འཕེར་བ་ཡོད། དེ་འདྲའི་རྒྱུ་མཚན་ལ་བརྟེན་ནས་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་མོ་ལ་དགའ་མོས་ཆེས་ཆེར་བྱས། ཟླ་སྒྲོན་གྱི་གླུ་གཞས་ལ་དགའ་བསུ་བྱེད་བཞིན་པའི་དུས་དེར། བཙན་བྱོལ་དུའང་རང་བཙན་གཞོན་ཞུ་ཞེས་པའི་རོལ་ཚོགས་ཤིག་དབུ་བརྙེས་ཤིང་། ཁོང་ཚོས་དེང་རབས་ཀྱི་རོལ་ཆ་བེད་སྤྱོད་ཀྱིས་གླུ་གཞས་གསར་པ་སྣ་ཚོགས་ཤིག་བཏང་། མང་ཚོགས་ཀྱིས་གླུ་གཞས་དེ་ལའང་དགའ་མོས་ཆེན་པོ་བྱས་ཡོད།

དེ་ལས་མང་བ་། “ནུབ་ཕྱོགས་ནས་འཚེར་བའི་བོད་ཀྱི་སྐར་ཆེན་ཞིག རྟའུ་བློ་བཟང་དཔལ་ལྡན་ལགས་རྗེས་སུ་དྲན་པ། (བཞི་པ)” »

དྲན་ཐོ།

ནུབ་ཕྱོགས་ནས་འཚེར་བའི་བོད་ཀྱི་སྐར་ཆེན་ཞིག རྟའུ་བློ་བཟང་དཔལ་ལྡན་ལགས་རྗེས་སུ་དྲན་པ། (གསུམ་པ)

Posted on 2019-02-102019-02-12 By སྙན་བཟང་གཡུང་དྲུང་ཚེ་རིང 2 Comments on ནུབ་ཕྱོགས་ནས་འཚེར་བའི་བོད་ཀྱི་སྐར་ཆེན་ཞིག རྟའུ་བློ་བཟང་དཔལ་ལྡན་ལགས་རྗེས་སུ་དྲན་པ། (གསུམ་པ)

སྙན་བཟང་གཡུང་དྲུང་ཚེ་རིང་།

གསུམ།

ནུབ་ཕྱོགས་ཀྱི་གཞོན་སྐྱེས་ཚོས་གླུ་གཞས་སྒྱུ་རྩལ་ལ་བརྟེན་ནས་ལས་འགུལ་སྤེལ་གྱིན་ཡོད་ཅིང་། ང་ཚོ་བོད་མི་སྐོར་ཞིག་ཀྱང་དེ་འདྲའི་སྤྱི་ཚོགས་ཤིག་གི་ནང་དུ་གནས་བཞིན་ཡོད་སྟབས། སྐབས་དེའི་ནུབ་ཕྱོགས་ཀྱི་གཞོན་སྐྱེས་ཚོའི་ཤུགས་རྐྱེན་ཏན་ཏན་ཐེབས་སོང་ལ། ཐེབས་པའང་ཆོས་ཉིད་རེད། སྐབས་དེར་སྒྱུ་རྩལ་ཟེར་བ་དེ་གལ་ཆེན་ཞིག་དང་། ནུས་ལྡན་ཞིག་ཡིན་པ་ཤེས་སོང་། དེར་བརྟེན་ངེས་པར་དུ་གླུ་གཞས་སྒྱུ་རྩལ་གྱི་ཕྱོགས་ནས་ལས་ཀ་ཞིག་གཉེར་དགོས་དྲན་བྱུང་། ཡིན་ན་ཡང་བོད་ནང་གི་གནས་ཚུལ་རྩ་ནས་ཤེས་ཀྱི་མེད་པ་དང་། རྒྱ་བལ་འབྲུག་གསུམ་དུ་གནས་པའི་བོད་མི་ཚོས་རྒྱ་གར་གྱི་གློག་བརྙན་ཁག་གི་གླུ་གཞས་སྙན་མོ་དེ་ཚོར་གསན་ཞིང་། བོད་ལ་དེང་དུས་ཀྱི་གླུ་གཞས་པོབ(Pop)ཟེར་བ་དེ་འདྲའི་རིགས་མེད་སྟབས། ནུབ་ཕྱོགས་སུ་གནས་པའི་བོད་པ་རེ་ཟུང་ཡོད་པ་ཚོས་ནུབ་ཕྱོགས་ཀྱི་གླུ་གཞས་པོབ་ལྟ་བུར་གསན་གྱི་ཡོད་སྐད།

དེ་ལས་མང་བ་། “ནུབ་ཕྱོགས་ནས་འཚེར་བའི་བོད་ཀྱི་སྐར་ཆེན་ཞིག རྟའུ་བློ་བཟང་དཔལ་ལྡན་ལགས་རྗེས་སུ་དྲན་པ། (གསུམ་པ)” »

དྲན་ཐོ།

ནུབ་ཕྱོགས་ནས་འཚེར་བའི་བོད་ཀྱི་སྐར་ཆེན་ཞིག རྟའུ་བློ་བཟང་དཔལ་ལྡན་ལགས་རྗེས་སུ་དྲན་པ། (གཉིས་པ)

Posted on 2019-02-092019-02-12 By སྙན་བཟང་གཡུང་དྲུང་ཚེ་རིང No Comments on ནུབ་ཕྱོགས་ནས་འཚེར་བའི་བོད་ཀྱི་སྐར་ཆེན་ཞིག རྟའུ་བློ་བཟང་དཔལ་ལྡན་ལགས་རྗེས་སུ་དྲན་པ། (གཉིས་པ)

སྙན་བཟང་གཡུང་དྲུང་ཚེ་རིང་།

གཉིས།

ཕོ་རོག་དཀར་པོའི་སྐད་ཚོམས་ནང་ཁོང་གི་གཏམ་བཤད་ཀྱི་གསལ་བསྒྲགས་བཏང་ནས་ཅང་མ་འགོར་བར། བོད་ཀྱི་ལོ་གསར་སླེབས་སོང་། སྐབས་དེར་ང་ཧྥ་རན་སིའི་གངས་རི་ཡོད་ས་ཞིག་ན་ཡོད། ངས་ཁོང་ལ་གངས་རི་བླངས་པའི་པར་འགའ་བསྐུར་ནས་ལོ་གསར་ལ་འཚམས་འདྲི་བྱེད་སྐབས། ཁོང་གིས་ཀྱང་བོད་ཀྱི་ལོ་གསར་ལ་གྲ་སྒྲིག་ག་རེ་གནང་གིན་ཡོད་མེད་དང་འབྲེལ་བའི་གསལ་བཤད་མདོར་བསྡུས་ཤིག་གནང་སོང་།

དེ་ནས་བརྗོད་གཞི་གང་ཞིག་ལས་འཕྲོས་པ་མི་དྲན་མོད། རྒན་ནེ་ལུང་ཚེ་རིང་སྟོབས་ལྡན་དང་ཁོང་གཉིས་ཀྱིས་བོད་ཀྱི་གླུ་པ་གྲགས་ཅན་འདས་པོ་རྒན་བདུད་བྷེ་ལགས་སྐུ་གཤེགས་པའི་མྱ་ངན་རྗེས་དྲན་དུ‘‘ཁྱེད་རང་ཕེབས་པ་སྔ་སོང’’ཞེས་པའི་གླུ་གཞས་ཤིག་བཏང་ཡོད་པ་དེའི་སྐོར་ལ་འགྲེལ་བཤད་དང་། རྒན་བདུད་བྷེ་ལགས་སྨན་ཁང་དུ་བཞུགས་སྐབས་ཁོང་གིས་ཞལ་འདེབས་ཕྲན་བུ་བསྡུས་ནས་རོགས་སྐྱོར་གནང་བའི་སྐོར་ལ་འགྲེལ་བཤད་ཐུང་ཐུང་ཞིག་ཀྱང་གནང་། སྐབས་དེར་ཁོང་གིས་འགྲེལ་བཤད་གནང་སྟངས་ལ་ཉན་ན། ཁོང་རྒན་བདུད་བྷེ་ལགས་ལ་ཧ་ཅང་ཐུགས་མོས་ཡོད་པས་རོགས་སྐྱོར་དང་། རྗེས་དྲན་དེ་དག་རྩ་ཆེན་པོ་གནང་ཞིང་། དེ་དག་ལ་སྤོབས་པའང་ཆེན་པོ་གནང་གི་མེད་དམ་སྙམ། དེ་ནས་དེང་སང་ང་ཚོའི་བཙན་བྱོལ་སྤྱི་ཚོགས་རྦད་དེ་འཁྲུགས་འདུག འདི་ཁྱོན་ནས་ཡག་པོ་མིན་ཚུལ་གྱི་གསུང་སྐད་ཅིག་ཀྱང་ཤོར་བ་ད་དུང་ཡང་དྲན།

དེ་ལས་མང་བ་། “ནུབ་ཕྱོགས་ནས་འཚེར་བའི་བོད་ཀྱི་སྐར་ཆེན་ཞིག རྟའུ་བློ་བཟང་དཔལ་ལྡན་ལགས་རྗེས་སུ་དྲན་པ། (གཉིས་པ)” »

དྲན་ཐོ།

ནུབ་ཕྱོགས་ནས་འཚེར་བའི་བོད་ཀྱི་སྐར་ཆེན་ཞིག རྟའུ་བློ་བཟང་དཔལ་ལྡན་ལགས་རྗེས་སུ་དྲན་པ། (དང་པོ)

Posted on 2019-02-082019-02-12 By སྙན་བཟང་གཡུང་དྲུང་ཚེ་རིང 8 Comments on ནུབ་ཕྱོགས་ནས་འཚེར་བའི་བོད་ཀྱི་སྐར་ཆེན་ཞིག རྟའུ་བློ་བཟང་དཔལ་ལྡན་ལགས་རྗེས་སུ་དྲན་པ། (དང་པོ)

སྙན་བཟང་གཡུང་དྲུང་ཚེ་རིང་།

གཅིག

ཁེ་ཉིན་གནམ་གང་གི་དགོང་མོར་ང་ཚོ་བོད་མི་སྐོར་ཞིག་འཛོམས་ནས་ལོ་གསར་རོལ་སྐབས། ངོ་དེབ་བརྒྱུད་ནས་རྟའུ་བློ་བཟང་དཔལ་ལྡན་ལགས་ཀྱི་གྲོངས་གཏམ་ཐོས་བྱུང་། དེ་མ་ཐག་ཕངས་སེམས་དང་བཅས་ཁོང་གི་གཤེགས་རྐྱེན་གང་ཡིན་ནམ་སྙམ་པ་ལས་གཞན་དྲན་རྒྱུ་མེད་པར་གྱུར། དེ་ནས་ངོ་དེབ་དང་སྐད་འཕྲིན་གཉིས་སྣོག་ཁོམ་མ་བྱུང་། ད་ནངས་སྐད་འཕྲིན་དང་ངོ་དེབ་གཉིས་ལ་མིག་བཤེར་ཙམ་བྱེད་སྐབས་བོད་མི་མང་པོ་ཞིག་གིས་ཁོང་ལ་རྗེས་དྲན་བྱེད་པ་མཐོང་། དེ་ལ་རྐྱེན་བྱས་ཏེ་ཁོང་གི་སྐོར་ལ་བསམ་བློ་ཅུང་ཙམ་བཏང་རྗེས། ཉིན་འདི་དག་གི་ཞོར་ལས་སྐོར་ཞིག་ཅམ་འཇོག་གིས་ཁོང་གི་གསུང་བཤད་ཅིག་དང་འབྲེལ་བའི་སྔ་ཕྱིའི་དྲན་སྣང་འགའ་བརྗོད་ན་འདོད་སོང་། འདི་ནི་ཁོང་ལ་རྗེས་དྲན་གྱི་ཚུལ་དུ་བསྔོ་རྒྱུ་ཡིན།

དེ་ལས་མང་བ་། “ནུབ་ཕྱོགས་ནས་འཚེར་བའི་བོད་ཀྱི་སྐར་ཆེན་ཞིག རྟའུ་བློ་བཟང་དཔལ་ལྡན་ལགས་རྗེས་སུ་དྲན་པ། (དང་པོ)” »

དྲན་ཐོ།

མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་དུམ་ཞིག་ཚིགས་བཅད་དུ་བསྡེབས་པ།

Posted on 2019-02-012019-02-03 By སྙན་བཟང་གཡུང་དྲུང་ཚེ་རིང 6 Comments on མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་དུམ་ཞིག་ཚིགས་བཅད་དུ་བསྡེབས་པ།

“རྒྱ་གར།’’

ཡུལ་དང་ཡུལ་སྡེ་མཚུངས་པ་མ་ཡིན་ཆོས་ལུགས་སྤྱོད་ལམ་ལ་སོགས་ཐ་དད་སྣ་ཚོགས་ཀྱི། །
འབྱུང་བའི་གནས་སུ་གྱུར་པའི་ཡུལ་གླིང་ཆེན་པོ་རྒྱ་གར་ཞེས་བྱ་འཕགས་པའི་ཡུལ་གྲུ་དེར། །
ཤིན་ཏུ་མཐོ་བའི་རྩེ་མོ་དག་ནི་མཁའ་ལ་སྙེགས་པའི་རྔམ་བརྗིད་ལྡན་པའི་རི་བོ་དང་། །
ཡོད་ཚད་ཀུན་ནས་དམའ་བར་གྱུར་ཅིང་མེ་ལོང་ངོས་ལྟར་མཉམ་པའི་ཐང་ཡང་མཐོང་དུ་མཆིས། །

པདྨའི་མདངས་དང་ལྡན་པ་ཚེ་རབས་ཀུན་ཏུ་སྐྱིད་པའི་ཨརྱཎ་སྟེ་རྗེ་རིགས་དང་། །
སོལ་བའི་ཁ་དོག་འཛིན་གྱུར་བཀྲེས་ཤིང་ཕོངས་པས་མནར་བ་གཉུག་མའི་དུས་ཀྱི་དམངས་རིགས་སོགས། །
སྲོག་ཆགས་གྲོག་སྦུར་ཙམ་ལ་འཚེ་བ་ཡོངས་སུ་སྤངས་པའི་སངས་རྒྱས་པ་དང་གཅེར་བུའི་ཆོས། །
མི་རྟ་གླང་གསུམ་བསད་པའི་ཁྲག་གི་མཆོད་སྦྱིན་ལ་བརྟེན་ཐར་པ་འཚོལ་མཁན་དག་ཀྱང་སྣང་། །

རྔ་མོང་དག་གི་རྒྱབ་དང་འདྲ་བ་འབའ་འབུར་ཆེ་ཞིང་མྱ་ངམ་ཅན་གྱི་རི་ཐང་དང་། །
རྨ་བྱའི་མགྲིན་པ་བཞིན་གྱི་ཁ་དོག་མཐོན་མཐིང་ཅན་གྱི་ཉམས་དགའ

དེ་ལས་མང་བ་། “མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་དུམ་ཞིག་ཚིགས་བཅད་དུ་བསྡེབས་པ།” »

སྙན་ངག

ནུབ་ཕྱོགས་ཀྱི་བོད་ཀྱི་སྐད་ཡིག་དགེ་རྒན་ཐོག་མའི་སྐོར་བཤད་པ།

Posted on 2018-10-13 By སྙན་བཟང་གཡུང་དྲུང་ཚེ་རིང 4 Comments on ནུབ་ཕྱོགས་ཀྱི་བོད་ཀྱི་སྐད་ཡིག་དགེ་རྒན་ཐོག་མའི་སྐོར་བཤད་པ།

སྙན་བཟང་གཡུང་དྲུང་ཚེ་རིང་།

གཅིག བོད་སྐད་ཀྱི་བརྡ་སྤྲོད་རིག་པའི་དེབ།

སྤྱི་ལོ་༡༨༥༨ལོར་ཧྥ་རན་སིའི་གཞུང་འབྲེལ་གྱི་དཔེ་སྐྲུན་ཁང་ཞིག་སྟེ་མིང་ལ‘‘རྒྱལ་པོའི་དཔར་ཁང’’(Imprimerie impériale)ཞེས་པ་དེས«བོད་སྐད་ཀྱི་བརྡ་སྤྲོད་རིག་པ»(Grammaire de la langue tibétaine)ཞེས་པ་ཞིག་པར་སྐྲུན་བྱས་འདུག འདིར་དེབ་འདིའི་སྐོར་ངོ་སྤྲོད་ཞིབ་ཏུ་བྱེད་པའི་ལས་སུ་ཞུགས་རྒྱུ་མིན་མོད་ས་བཅད་མ་སྟོང་ཙམ་ཞིག་ཞུ་རྒྱུ་ཡིན། ཐུགས་མོས་ཅན་ཚོས་ཟུར་གསལ་གྱི་དྲྭ་རྒྱར་གཟིགས་ཚེ་དེབ་འདི་ཆ་ཚང་བ་ཞིག་མཇལ་ཐུབ་པ་འདུག

དེ་ལས་མང་བ་། “ནུབ་ཕྱོགས་ཀྱི་བོད་ཀྱི་སྐད་ཡིག་དགེ་རྒན་ཐོག་མའི་སྐོར་བཤད་པ།” »

ངོ་སྤྲོད།, རྩོམ་རིག

“ཀེ་ལེ་བྷན”མ་རེད་དམ།

Posted on 2018-08-222018-08-22 By སྙན་བཟང་གཡུང་དྲུང་ཚེ་རིང 13 Comments on “ཀེ་ལེ་བྷན”མ་རེད་དམ།

སྙན་བཟང་གཡུང་དྲུང་ཚེ་རིང་།

ད་ནངས་བདག་གིས་ཞོགས་ཇ་འཐུང་བཞིན་ངོ་དེབ་དང་སྐད་འཕྲིན་གྱི་བར་སྟོང་ལ་མིག་བཤེར་བྱེད་སྐབས། ངོ་ཤེས་མཁན་དང་མི་ཤེས་མཁན་སྐོར་ཞིག་གིས«ཀ་ལིམ་པོང་གི་ཐུག་པ་ལས་བཟོ་བ»ཞེས་པའི་དེབ་དེའི་མདུན་ཤོག་དང་ཤོག་ངོས་རེ་ཟུང་པར་བླངས་ཏེ་བརྒྱུད་སྤེལ་བྱས་དང་བྱེད་བཞིན་པ་མཐོང་། ད་དུང་ང་ལ་དེབ་འདི་ཐོབ་མེད་མོད། ཉིན་ཤས་ཀྱི་སྔོན་ལ་པེ་རེ་སིར་གནས་སྡོད་ཨ་མདོ་བ་ཞིག་གིས་དེབ་འདི་བསྐུར་ཆོག་སྐོར་བཤད་ནའང་། ཁ་སང་དེ་རིང་གུང་གསེང་ཡིན་པས་བདག་ནི་ཡུལ་གཞན་ཞིག་ཏུ་ཡོད་ཚུལ་ཞུས། གང་ལྟར། དེབ་འདི་ནི་༧སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་གི་རང་རྣམ་ཡིན་ཅིང་། ཁོང་དང་རྒྱལ་ཁོངས་ཨ་རི་ནས་ཡིན་པའི་ལྕམ་སྐུ་ཨཱན་ཋར སི་ཊོན་གཉིས་ཀྱིས་བརྩམས་པ་ཞིག་ཡིན་པ་རེད།

དེ་ལས་མང་བ་། ““ཀེ་ལེ་བྷན”མ་རེད་དམ།” »

བསམ་ཚུལ།

བརྟག་པ་མཐའ་བཟུང་གི་དྲི་བ།

Posted on 2018-04-292018-04-29 By སྙན་བཟང་གཡུང་དྲུང་ཚེ་རིང 2 Comments on བརྟག་པ་མཐའ་བཟུང་གི་དྲི་བ།

སྙན་བཟང་གཡུང་དྲུང་ཚེ་རིང་།
དེ་རིང་ཁོ་བོས་ཡང་སྐྱར་ཏིང་ཤི་རྗེས་རྒྱ་ནག་གི་འགྱུར་བ་དང་བོད་ཀྱི་རང་བཙན་ཞེས་པའི་དེབ་དེ་བཀླགས་པར། རྩོམ་པ་པོ་གྲགས་ཅན་སྐུ་ཞབས་འཇམ་དབྱངས་ནོར་བུ་ལགས་ཀྱིས་དེབ་དེའི་གླེང་བརྗོད་དུ་རྒྱ་ནག་གི་རྟོག་སྒྲུང་གྲགས་ཅན་རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད་ཀྱི་ཚིག་དུམ་ཞིག་སྟེ། “རྒྱལ་ཁབ་དང་རྒྱལ་བརྒྱུད་དེ་ཆིག་སྒྲིལ་ནས་ཁ་ཕྲལ་དང་། ཁ་ཕྲལ་ནས་ཆིག་སྒྲིལ་ལ་བརྩོན”ཞེས་པ་ལུང་དྲངས་འདུག་པས། ཚིག་དུམ་འདི་ལ་བསམ་བློ་གང་འཚམ་ཞིག་གཏོང་དགོས་བྱུང་།

དེ་ལས་མང་བ་། “བརྟག་པ་མཐའ་བཟུང་གི་དྲི་བ།” »

བསམ་ཚུལ།

བོད་ཀྱི་དམག་དཔོན་དང་མདའ་དཔོན་གྱི་གོ་གནས་བཞེས་མྱོང་བའི་ཉི་ཧོང་པ་ཞིག་གླེང་བ།

Posted on 2018-04-072018-04-07 By སྙན་བཟང་གཡུང་དྲུང་ཚེ་རིང 1 Comment on བོད་ཀྱི་དམག་དཔོན་དང་མདའ་དཔོན་གྱི་གོ་གནས་བཞེས་མྱོང་བའི་ཉི་ཧོང་པ་ཞིག་གླེང་བ།

སྙན་བཟང་གཡུང་དྲུང་ཚེ་རིང་།

ཉི་ཧོང་གི་ཡུལ་འདིར་མིའི་འགྲོ་བ་བྱུང་ནས་ལོ་ངོ་ཁྲི་གཅིག་ལྷག་ཕྱིན་པ་དང་། དུས་རབས་གསུམ་པའི་ནང་ཡ་ཡོ་ཨིའི་( Yayoi )ཡུལ་དུ་རྒྱལ་ཕྲན་ཆུང་ཆུང་མང་པོ་ཕྱོགས་གཅིག་ཏུ་བསྒྲིལ་བའི་ཡ་མ་ཐ་ཨི་ཁོ་ཀུ་( Yamataikoku)ཞེས་པའི་རྒྱལ་ཕྲན་ཆེན་པོ་ཞིག་ཆགས་ནའང་། དུས་རབས་གསུམ་པའི་མཐའ་ལ་རྒྱལ་ཕྲན་དེ་མེད་པར་མངོན། དུས་རབས་བཞི་པའི་མགོ་ཙམ་ལ་ཡ་མ་ཐོ་( Yamato)གྲགས་པའི་རྒྱལ་ཁབ་ཅིག་ཡུལ་འདིར་ཐོག་མར་དབུ་བརྙེས་པས་རྒྱལ་ཁབ་ཅིག་གི་དབྱིབས་ཐོན་པ་དང་། སྐབས་དེར་རྒྱ་ནག་དང་ཁོ་རེ་ཡའི་དབར་དམག་འཐབ་ལན་མང་བྱུང་བས་ཡུལ་དེ་གཉིས་ནས་མི་མང་པོ་ཞིག་ཡ་མ་ཐོའི་རྒྱལ་ཁབ་ལ་བྲོས་བྱོལ་དུ་འབྱོར་འདུག་ལ། ཡུལ་འདིའི་ཤེས་རིག་དང་། ལམ་ལུགས། ཅ་ལག་མང་པོ་ཞིག་རྒྱ་ནག་ཡུལ་ནས་བླངས་པར་བཤད།

དེ་ལས་མང་བ་། “བོད་ཀྱི་དམག་དཔོན་དང་མདའ་དཔོན་གྱི་གོ་གནས་བཞེས་མྱོང་བའི་ཉི་ཧོང་པ་ཞིག་གླེང་བ།” »

ངོ་སྤྲོད།, རྩོམ་རིག

‘‘ལྷ་སའི་ཇོ་བོའི་སྐུ་རྒྱུ་གང་ལས་གྲུབ་བམ།’’

Posted on 2018-03-032018-03-05 By སྙན་བཟང་གཡུང་དྲུང་ཚེ་རིང 22 Comments on ‘‘ལྷ་སའི་ཇོ་བོའི་སྐུ་རྒྱུ་གང་ལས་གྲུབ་བམ།’’

སྙན་བཟང་གཡུང་དྲུང་ཚེ་རིང་།

ཁ་སང་ཁེ་ཉིན་ཁ་བརྡ་དྲ་བར་བསྟན་འཛིན་ཞུ་བ་ཞིག་གིས‘‘ལྷ་སའི་ཇོ་བོའི་སྐུ་རྒྱུ་གང་ལས་གྲུབ་བམ’’ཞེས་དྲི་བ་ཞིག་བཏང་འདུག ཁོང་གིས‘‘ཐོག་མར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཇོ་ཁང་རིག་གནས་ཤུལ་བཞག་སྡེ་ཚན་ལ་ཐོ་འགོད་བྱེད་སྐབས། ཇོ་བོའི་སྐུ་རྒྱུ་གང་ཡིན་གསལ་པོ་མེད་པ་དང་། ད་ལྟའང་། ཇོ་བོའི་སྐུ་རྒྱུ་གང་ཡིན་ད་དུང་མཁྱེན་གྱི་མེད་སྟབས། མ་འོངས་ཞིག་གསོའི་སྐོར་ལམ་སྟོན་ཡིག་ཆ་བཟོ་བར་འགལ་རྐྱེན་ཆགས་ཡོད་གསུངས། མཉམ་འབྲེལ་རྒྱལ་ཚོགས་ནས་བོད་རིག་པའི་འབྲེལ་ཡོད་མཁས་དབང་འགའ་ལ་འབྲེལ་བ་ཞུས་ནས་ཇོ་བོའི་སྐུ་རྒྱུའི་སྐོར་ལ་ཞིབ་འཇུག་གནང་གི་ཡོད་ཚོད། ད་དུང་དཔང་འཕེར་གནས་ཚུལ་གསལ་པོ་མཁྱེན་མཁན་མ་རྙེད་གསུངས།’’[1]ཞེས་དང་།

དེ་ལས་མང་བ་། “‘‘ལྷ་སའི་ཇོ་བོའི་སྐུ་རྒྱུ་གང་ལས་གྲུབ་བམ།’’” »

ལོ་རྒྱུས།

ཁོ་རེ་ཡའི་རྒྱལ་པོ་ཞིག་དང་འབྲེལ་བའི་བརྗེད་ཐོ།

Posted on 2018-01-182018-01-19 By སྙན་བཟང་གཡུང་དྲུང་ཚེ་རིང 3 Comments on ཁོ་རེ་ཡའི་རྒྱལ་པོ་ཞིག་དང་འབྲེལ་བའི་བརྗེད་ཐོ།

སྙན་བཟང་གཡུང་དྲུང་ཚེ་རིང་།

ཁ་སང་དེ་རིང་ཕྲན་གྱིས་རྩོམ་ཡིག་གསར་པ་ཞིག་འབྲི་བཞིན་ཡོད་པས་འབྲེལ་ཡོད་ཀྱི་ཡིག་ཆ་ཁག་ལ་ཟུར་ལྟ་བྱེད་ཀྱིན་ཡོད། ཡིག་ཆ་ཞིག་ཏུ་དུས་རབས་བཅུ་བཞི་པའི་ནང་སོག་པོ་ཡོན་གོང་མ་ཡེ་ཏི་པ་ལ་ཁྲིར་བཞུགས་སྐབས་སོག་པོས་ཁོ་རེ་ཡའི་རྒྱལ་པོ་ཞིག་བོད་དུ་རྒྱང་ཕུད་བཏང་རྗེས། ཁོང་ས་སྐྱར་ཕེབས་ནས་ལོ་གཉིས་བཞུགས་པའི་ལོ་རྒྱུས་བྲིས་འདུག

སྟག་ལྷ་ཕུན་ཚོགས་བཀྲ་ཤིས་ཀྱིས་རྒྱལ་པོ་འདིའི་མིང་ལ Chan Zuan Wang ཞེས་བྲིས་པ་མཐོང་མོད། ཕྲན་གྱིས་དུས་རབས་བཅུ་གསུམ་དང་། བཅུ་བཞི། བཅོ་ལྔའི་ནང་བྱོན་པའི་ཀོ་རེ་ཡའི་རྒྱལ་པོ་རིམ་བྱོན་གྱི་མཚན་དང་ལོ་རྒྱུས་བཀླགས་རྗེས། བོད་དུ་ཕེབས་མྱོང་བའི་ཀོ་རེ་ཡའི་རྒྱལ་པོ་ནི་ Chungseon of Goryeo ཞེས་པ་འདི་ཡིན་པ་ཤེས་སོང་།

དེ་ལས་མང་བ་། “ཁོ་རེ་ཡའི་རྒྱལ་པོ་ཞིག་དང་འབྲེལ་བའི་བརྗེད་ཐོ།” »

དྲན་ཐོ།

དུས་རབས་བཅུ་དགུ་པའི་ཧྥ་རན་སིའི་རྩོམ་རིག་གི་རེག་ཟིག

Posted on 2017-12-192017-12-20 By སྙན་བཟང་གཡུང་དྲུང་ཚེ་རིང 5 Comments on དུས་རབས་བཅུ་དགུ་པའི་ཧྥ་རན་སིའི་རྩོམ་རིག་གི་རེག་ཟིག

སྙན་བཟང་གཡུང་དྲུང་ཚེ་རིང་།

དུས་རབས་བཅུ་དགུ་པའི་ནང་བྱོན་པའི་ཧྥ་རན་སིའི་རྩོམ་པ་པོ་སྐོར་ཞིག

དུས་རབས་བཅུ་དགུ་པའི་ཧྥ་རན་སིའི་རྩོམ་རིག་སྒྱུ་རྩལ་འདི་སྲོལ་རྒྱུན་ལས་དེང་རབས་ཀྱི་ཕྱོགས་སུ་ཁ་ཕྱོགས་པའི་དུས་རབས་ཤིག་ཡིན་ཅིང་། དུས་རབས་འདིའི་ནང་

དེ་ལས་མང་བ་། “དུས་རབས་བཅུ་དགུ་པའི་ཧྥ་རན་སིའི་རྩོམ་རིག་གི་རེག་ཟིག” »

རྩོམ་རིག

ཟླ་བའི་འོག་གི་སྙན་ཚིག

Posted on 2017-12-17 By སྙན་བཟང་གཡུང་དྲུང་ཚེ་རིང No Comments on ཟླ་བའི་འོག་གི་སྙན་ཚིག

སྙན་བཟང་གཡུང་དྲུང་ཚེ་རིང་།

ནུབ་ཁའི་ཉི་འོད་རྒྱ་མཚོའི་མཐའ་ལ་ཕོག །
ཆུ་ཡི་གཉེར་མ་ཁྲག་གི་མདངས་སུ་ཆགས། །

རྒྱ་མཚོའི་འཇིངས་སུ་རླུང་རླབས་དྲག་ཏུ་རྒྱུ། །
གཡོར་གྲུ་དཀར་པོའི་དར་ལྕེ་ལྷབ་ལྷུབ་གཡོ། །

གནམ་གྱི་མཐོ་སར་སྲོད་ཀྱི་འདབ་ཆགས་བསྟར། །
སྤྲིན་གྱི་རྒྱ་མཚོར་བརྒལ་བའི་སྟ་གོན་རྩོམ། །

དེ་ལས་མང་བ་། “ཟླ་བའི་འོག་གི་སྙན་ཚིག” »

སྙན་ངག

ས་འོག་དར་འཐག་གི་ཟློས་གར།

Posted on 2017-12-072017-12-08 By སྙན་བཟང་གཡུང་དྲུང་ཚེ་རིང 20 Comments on ས་འོག་དར་འཐག་གི་ཟློས་གར།

སྙན་བཟང་གཡུང་དྲུང་ཚེ་རིང་།

དེ་རིང་ངས་སྐད་ཆ་འགའ་བཤད་འདོད་བྱུང་། ཡིན་ནའང་ཆབ་སྲིད་ཀྱི་སྐོར་གླེང་སྐབས་སུན་སྣང་ཞིག་འདུག ང་ལ་མཚོན་ན་སུན་སྣང་སྐྱེ་དགོས་པར་གཙོ་བོ་རྒྱུ་མཚན་གསུམ་ཡོད། གཅིག གྲོགས་པོ་རེ་ཟུང་གིས་ངེད་རང་ཆབ་སྲིད་པ་མིན་སྐོར་བཤད་དེ་ཚོགས་གཏམ་གཏོང་བ་དེ་ཡིན། གཉིས། ཆབ་སྲིད་ཀྱི་ལྟ་བ་མི་འདྲ་བ་བར་བརྟེན་ནས་གྲོགས་པོ་ཕན་ཚུན་བར་གྱི་འབྲེལ་བ་རྩ་ཆད་དུ་འགྲོ་བ་འདི་ཡིན། གསུམ། དྲ་འབུ་སྐོར་ཞིག་ལྐོག་ཏུ་ཡིབ་ནས་མི་གཞན་པ་ནག་པོ་བཟོ་བ་དེ་ཡིན། དེ་བས་དེང་སང་ཆབ་སྲིད་ཀྱི་སྐོར་གླེང་འདོད་ནའང་ལས་སླ་པོ་ཞིག་མ་རེད་སྙམ། སྐབས་འདིའི་ཆབ་སྲིད་ཅེས་པ་ནི་བོད་དོན་དང་འབྲེལ་བའི་ཆབ་སྲིད་ཡིན་དུས། ངས་བོད་དོན་ཅིའི་ཕྱིར་གླེང་མ་ཆོག་པ་རེད། སུན་སྣང་ལ་ཞེད་སྣང་སྐྱེ་དགོས་པ་བྱུང་ནའང་། ངས་རང་ཉིད་ཀྱི་བསམ་ཚུལ་དེ་དག་འཛེམས་དོགས་མེད་པར་ཞུ་ན་འདོད། འགྲིག་མི་འགྲིག་དེ་གནས་ཚུལ་གཞན་པ་ཞིག་རེད།

དེ་ལས་མང་བ་། “ས་འོག་དར་འཐག་གི་ཟློས་གར།” »

བསམ་ཚུལ།

རྔ་བ་མེ་རོའི་སྙན་ངག་གི་ཇ་ཁང་།

Posted on 2017-12-042017-12-04 By སྙན་བཟང་གཡུང་དྲུང་ཚེ་རིང No Comments on རྔ་བ་མེ་རོའི་སྙན་ངག་གི་ཇ་ཁང་།

དཔལ་འབྲུག་མོ།

རྔ་བ་མེ་རོ་ལགས་ནི་གེ་སར་ཞིབ་འཇུག་པ་ཞིག་ཡིན་ལ། སྙན་ངག་མཁན་ཞིག་ཀྱང་རེད། ཁོང་གིས་‘‘འབྲུག་མོའི་ཇ་མཁར་’’ནང་དུ་ངྷ་རམ་ས་ལར་ཡོད་པའི་‘‘སྙན་ངག་གི་ཇ་ཁང་’’གི་བརྙན་ཐུང་ཞིག་བསྐུར་སོང་། དེ་ལ་བལྟས་པས་ཁོས་ངྷ་སའི་ཁོར་ཡུག་ཆུང་ཆུང་དེ་ནས་རང་ཉིད་ལ་དབང་བའི་སྙན་ངག་གི་ཇ་ཁང་ཞིག་སྒོ་ཕྱེ་འདུག་པ་དང་། ཇ་ཁང་དེ་ནི་ཧ་ཅང་ཆུང་ཆུང་ཞིག་ཡིན་ཚུལ་བཤད་པ་སོགས་ཀྱང་གོ་སོང་།

དེ་ལས་མང་བ་། “རྔ་བ་མེ་རོའི་སྙན་ངག་གི་ཇ་ཁང་།” »

ངོ་སྤྲོད།, བསམ་ཚུལ།

Posts pagination

1 2 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme