Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཚོར་བ་དགུ་བརྩེགས་མ། དྲན་པ་གཤོག་ཐོགས་མ།

Posted on 2014-06-042014-06-04 By ཁ་བརྡ་ No Comments on ཚོར་བ་དགུ་བརྩེགས་མ། དྲན་པ་གཤོག་ཐོགས་མ།

བཀྲ་ཤིས་དོན་འགྲུབ།

རི་ལྗོངས་མཚམས་སྤྲིན་དམར་པོས་དྲུད་ནས་ཐོན།།
སེམས་ཀྱི་རྒྱ་ཁྱོན་ནམ་མཁའི་སྲང་ལ་བཞག།
ལྷིང་འཇགས་རླུང་གིས་སྒུལ་བའི་སྲོད་ལམ་ནས།།
ཚོར་བའི་གྲིབ་གཟུགས་གང་ནས་གང་ལ་ཐིམ།།

རྒྱང་རིང་ཟེར་བའི་གཤོག་པ་ཆ་གཅིག་པོ།།
ལ་དང་ལུང་པ་མང་པོས་ཕར་ཕར་བདས།།

དེ་ལས་མང་བ་། “ཚོར་བ་དགུ་བརྩེགས་མ། དྲན་པ་གཤོག་ཐོགས་མ།” »

སྙན་ངག

ཨ་རི་དང་ཚོང་འབྲེལ་ལས་དྲ་ལི་བྷན་གྱིས་རྒྱལ་ཁ་ཆེན་པོ་ཐོབ་པ།

Posted on 2014-06-042014-06-04 By ཁ་བརྡ་ 59 Comments on ཨ་རི་དང་ཚོང་འབྲེལ་ལས་དྲ་ལི་བྷན་གྱིས་རྒྱལ་ཁ་ཆེན་པོ་ཐོབ་པ།

ཨ་ནུ་ཐང་བསོད་ནམས།

ཨ་རིའི་དམག་མི་གཅིག་དྲ་ལི་བྷན་གྱིས་བཙན་བཟུང་བྱས་པ་ནས་ལོ་ལྔ་ཡི་རྗེས་སུ་དྲ་ལི་བྷན་གྱི་ཆེས་གལ་གནད་ཆེ་བའི་མགོ་ཁྲིད་ལྔ་དང་ལྷན་༢༠༡༤ ལོའི་ཟླ་༦ ཚེས་༡ ཉིིན་བརྗེ་སྤོ་བརྒྱབས་འདུག དམག་མི་གཅིག་གི་ཚེ་སྲོག་སྐྱོབ་རྒྱུའི་ཆེད་དུ་མི་ལྔ་གློད་གྲོལ་བཏང་བ་འདི་དྲ་ལི་བྷན་ལ་མཚོན་ན་ཧ་ཅང་གི་ཚོང་ཡག་པོ་ཞིག་ཡིན་པས། ཆབ་སྲིད་བཙོན་མ་གློད་གྲོལ་གྱི་དགའ་སྟོན་གྱི་མཛད་སྒོ་ཚོགས་འདུག མཛད་སྒོའི་སྟེང་དམག་འཁྲུག་གི་དུས་ཡུན་ནང་ཚང་དུ་ཡིབ་པའི་དྲ་ལི་བྷན་གྱི་ཆོས་དཔོན་མོ་ཧ་མོ་སྒྲུ་ཨོ་མཱ་ཡང་མཉམ་ཞུགས་བྱས་འདུག

དེ་ལས་མང་བ་། “ཨ་རི་དང་ཚོང་འབྲེལ་ལས་དྲ་ལི་བྷན་གྱིས་རྒྱལ་ཁ་ཆེན་པོ་ཐོབ་པ།” »

རྩོམ་རིག

དབུ་མའི་ལམ་གྱི་ལས་གཞི་དབུ་འབྱེད་གནང་འཆར།

Posted on 2014-06-032014-06-03 By ཁ་བརྡ་ 16 Comments on དབུ་མའི་ལམ་གྱི་ལས་གཞི་དབུ་འབྱེད་གནང་འཆར།

ཡོང་ཁུངས། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ།
 

དབུས་བོད་མིའི་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་གྱི་ལས་གཞི་དབུ་འབྱེད་གནང་རྒྱུ།

བོད་མི་ཚོས་འཚེ་མེད་ཞི་བའི་ལམ་ནས་རང་དབང་བསྐྱར་གསོའི་ལས་འགུལ་སྤེལ་བཞིན་ཡོད་པ་དེ་དག་རྒྱལ་སྤྱིའི་སྟེང་གོ་རྟོགས་རྒྱ་ཆེ་སྤེལ་ཐབས་སུ་དབུས་བོད་མིའི་སྒྲིག་འཛུགས༌ཀྱིས་དབུ་མའི་ལམ་གྱི་ལས་འགུལ་དང་འབྲེལ་བའི་ཡིག་ཆ་ཁག་ཅིག་དང་སྐར་མ་ ༧ ཅན་གྱི་གློག་བརྙན། དེ་བཞིན་དབུ་མའི་ལམ་གྱི་དྲ་རྒྱ་གསར་པ་བཅས་དབུ་འབྱེད་གནང་གཏན་འཁེལ་ཡོད།

དེ་ལས་མང་བ་། “དབུ་མའི་ལམ་གྱི་ལས་གཞི་དབུ་འབྱེད་གནང་འཆར།” »

གསར་འགྱུར།

གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་བཅུ་གསུམ་པ་དབུ་འཛུགས་གནང་བ།

Posted on 2014-06-032014-06-03 By ཁ་བརྡ་ 9 Comments on གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་བཅུ་གསུམ་པ་དབུ་འཛུགས་གནང་བ།

གནས་ཚུལ་གཏོང་མཁན། ཁྲི་གཡུང་དྲུང་།

unnamed-2དེ་ཡང་གསལ་བསྒྲགས་སྔོན་སོང་ལྟར་ཕྱི་ལོ་༢༠༡༤ ཟླ་༦ ཚེས་༣ ཉིན་གྱི་ཕྱག་ཚོད་༢།༣༠ སྟེང་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་དུ་གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་བཅུ་གསུམ་པ་དངོས་སུ་དབུ་འཛུགས་གནང་ཡོད།
སྔོན་འགྲོའི་མཛད་སྒོའི་སྐབས་སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་རིན་པོ་ཆེ་མཆོག་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་།

དེ་ལས་མང་བ་། “གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་བཅུ་གསུམ་པ་དབུ་འཛུགས་གནང་བ།” »

གསར་འགྱུར།

རང་དང་གཞན།

Posted on 2014-06-032014-06-03 By ཁ་བརྡ་ 4 Comments on རང་དང་གཞན།

འབའ་སྲས།

རང་གི་ནུས་པ་ཡོན་ཏན་གཞན་ལ་མིན།།
གཞན་ལ་ཚང་བ་ཇི་སྙེད་རང་གི་མིན།།
ཐམས་ཅད་ཆོས་ཉིད་གཅིག་ལ་གནས་སྲིད་ན།།
མཆོག་དམན་གོང་འོག་དབྱེ་བ་མེད་དོ་ལོ།།

ཁྱུང་ཆེན་མཚོ་རུ་འཛུལ་བར་མི་སྲིད་ལ།།
ཉ་ཆེན་མཁའ་རུ་འཕུར་ཡང་མི་ཐུབ་པས།།

དེ་ལས་མང་བ་། “རང་དང་གཞན།” »

སྙན་ངག

ང་ཚོའི་སྲིད་གཞུང་དང་ང་ཚོའི་སྲིད་སྐྱོང་།

Posted on 2014-06-032014-06-03 By ཁ་བརྡ་ 28 Comments on ང་ཚོའི་སྲིད་གཞུང་དང་ང་ཚོའི་སྲིད་སྐྱོང་།

ཅོག་མྱི།

unnamedཕྱི་ཟླ་༥ བའི་ཚེས་༢༦ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་རྒྱ་གར་སྲིད་གཞུང་གིས་གདན་འདྲེན་འོག་སྲིད་བློན་གསར་བ་ན་རན་དྲ་མོལ་སྡེའི་དམ་འབུལ་མཛད་སྒོར་ཞུགས་པ་དང་། འདི་ནི་དཔལ་ལྡན་བཀའ་ཤག་གཙོ་བྱས་པའི་འོ་སྐོལ་བཙན་བྱོལ་བས་ཆབ་སྲིད་ཀྱི་རྒྱལ་ཁ་བླ་ལྷག་ཅིག་ལོན་པར་མཐོང་བས་དགའ་བ་འབུམ་གྱིས་བརྟས་ནས་རྟེན་འབྲེལ་ཞུ་བ་ཡིན། རྒྱལ་སྤྱིའི་ཁྲིམས་དང་ཕྱི་འབྲེལ་ལུགས་སྲོལ་ལྟར་ན།

དེ་ལས་མང་བ་། “ང་ཚོའི་སྲིད་གཞུང་དང་ང་ཚོའི་སྲིད་སྐྱོང་།” »

རྩོམ་རིག

༧སྨན་རིའི་དགེ་བཤེས་གཉའ་བསྟན་འཛིན་ལྷུན་གྲུབ་གྱི་རྗེས་དྲན་སྙན་རྩོམ་ཕྱོགས་བསྒྲིགས།

Posted on 2014-06-022014-06-02 By ཁ་བརྡ་ 1 Comment on ༧སྨན་རིའི་དགེ་བཤེས་གཉའ་བསྟན་འཛིན་ལྷུན་གྲུབ་གྱི་རྗེས་དྲན་སྙན་རྩོམ་ཕྱོགས་བསྒྲིགས།

ཁྲི་གཡུང་དྲུང་།

Coverཕྱི་ལོ་༢༠༡༤ ཟླ་༦ ཚེས་༣ ཉིན་༧སྨན་རིའི་དགེ་བཤེས་གཉའ་བསྟན་འཛིན་ལྷུན་གྲུབ་གྱི་རྗེས་དྲན་སྙན་རྩོམ་ཕྱོགས་བསྒྲིགས་“སྐྱོ་གདུང་སྙིང་གི་མུན་སེལ་”(A Memorial of the Menri Geshe Tenzin Lhundup)ཞེས་པ་དཔར་བསྐྲུན་ལེགས་གྲུབ་བྱུང་ནས་འགྲེམས་སྤེལ་ཞུ་བཞིན་ཡོད།

༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེས་མཛད་གནང་བའི་གླེང་བརྗོད་བཞུགས།

ཞིང་གཤེགས་དམ་པ་དགེ་བའི་བཤེས་གཉེན་ཆེན་མོ་གཉའ་བསྟན་འཛིན་ལྷུན་གྲུབ་ལགས་ནི།

དེ་ལས་མང་བ་། “༧སྨན་རིའི་དགེ་བཤེས་གཉའ་བསྟན་འཛིན་ལྷུན་གྲུབ་གྱི་རྗེས་དྲན་སྙན་རྩོམ་ཕྱོགས་བསྒྲིགས།” »

སྣ་ཚོགས།

ཕུན་དབང་རྗེས་དྲན་སྐབས་གནང་བའི་གསུང་བཤད་ཆ་ཚང་།

Posted on 2014-06-012014-06-01 By ཁ་བརྡ་ 12 Comments on ཕུན་དབང་རྗེས་དྲན་སྐབས་གནང་བའི་གསུང་བཤད་ཆ་ཚང་།

འོས་སྦྱོར་ཞུ་མཁན། ཤར་ཕྱོགས་ཁུག་རྟ།

༄༅།།སློབ་དཔོན་ཟམ་གདོང་རིན་པོ་ཆེས་༢༠༡༤ ཕྱི་ཟླ་༤ ཚེས་༡༩ ཉིན་འབའ་པ་སྐྱིད་སྡུག་བགྲོ་གླེང་གོ་སྒྲིག་ཚོགས་ཆུང་གི་གོ་སྒྲིག་འོག་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་‘འབའ་པ་ཕུན་ཚོགས་དབང་རྒྱལ་མཆོག་གི་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱ་ཕྱོགས་ཀྱི་ལངས་ཕྱོགས་དང་དབུ་མའི་ལམ་གྱི་དགོངས་དོན་’ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་དྲི་བར་ལན་འདེབས་གནང་བ།

ད་ལྟ་བགྲོ་གླེང་ཚོགས་འདུ་འདིའི་གཙོ་སྐྱོང་གནང་མཁན་མཆོག་དང་། གསུང་བཤད་གནང་མཁན་ཕྱག་རོགས་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས།

དེ་ལས་མང་བ་། “ཕུན་དབང་རྗེས་དྲན་སྐབས་གནང་བའི་གསུང་བཤད་ཆ་ཚང་།” »

སྣ་ཚོགས།

མཚན་མོ་ཀློག་པ།

Posted on 2014-06-012014-06-01 By ཁ་བརྡ་ 2 Comments on མཚན་མོ་ཀློག་པ།

སྤྱན་ཆེན་པོ།

ཞི་འཇམ་གྱིས་བཞུད་པའི་ཉི་ཟེར་སེར་པོས
ས་ཆེན་པོའི་པང་ལ་མགོ་བོ་བཞག་ནས
ཅི་ཡང་མ་ཐོབ་པའི་ལག་ཟུང་ཕྱིར་བསྐུམས་དུས
མུན་པས་ཟོས་པའི་བར་སྣང་གི་གཤོག་པ་འདི་ནི
མཛའ་མོས་ང་ལ་སྐྱེས་སུ་ཕུལ་བའི་སྙན་ངག་དེ་ཡིན

བྲེད་ཤ་ལངས་པའི་མཚན་མོ་འདིའི་ཕ་མཐའ་རིང་མོ

དེ་ལས་མང་བ་། “མཚན་མོ་ཀློག་པ།” »

སྙན་ངག

རྨི་ལམ་ཐུན་ཞིག་དང་། བོད་རྒྱ་ཞི་མོལ།

Posted on 2014-05-312014-05-31 By ཁ་བརྡ་ 28 Comments on རྨི་ལམ་ཐུན་ཞིག་དང་། བོད་རྒྱ་ཞི་མོལ།

གདུགས་དཀར་ཚེ་རིང་།

༄༅།།དབང་ཕྱུག་བརྒྱད་ལྡན་འཇམ་དཔལ་སྙིང་བོ་ཡི།།
མདོ་སྔགས་ཆོས་ཚུལ་མ་ལུས་ལེགས་རྟོགས་ནས།།
འགྲོ་ལ་ལམ་བཟང་སྟོན་པའི་གཉེན་གཅིག་པུ།།
རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས།།
ཤེས་བྱའི་མཁའ་དབྱིངས་ཟབ་ཅིང་ཡངས་པ་ལ།།
བློ་གྲོས་དཀྱིལ་འཁོར་རྒྱས་པའི་འོད་ཟེར་གྱིས།།

དེ་ལས་མང་བ་། “རྨི་ལམ་ཐུན་ཞིག་དང་། བོད་རྒྱ་ཞི་མོལ།” »

རྩོམ་རིག

༧ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་མཁྱེན་ནོ།

Posted on 2014-05-312014-05-31 By ཁ་བརྡ་ 13 Comments on ༧ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་མཁྱེན་ནོ།

ཨེ་མ་ཧོ།

ན་མོ་མ་ཧཱ་་གུ་རུ་བུདྡྷ་ཤཱི་ལ་མ་ཏི་ཡ།
ཀ་ཁའི་ཚེ་སྲོག་འཚོ་བའི་ཀུན་བཟང་བླ་མ།།
ཁ་བའི་ཕན་བདེ་སྒྲུབ་མཛད་ཀུན་བྱེད་རྒྱལ་པོ།།
ག་དུས་ཡིན་ཡང་བསླུ་མེད་ཀུན་མཁྱེན་སངས་རྒྱས།།
ང་ཡི་དཀོན་མཆོག་རིན་ཆེན་ཚུལ་ཁྲིམས་བློ་གྲོས།།
ཅ་དངོས་བདག་འཛིན་མེད་པའི་ཉན་རང་དགྲ་བཅོམ།།
ཆ་ལུགས་ཆོས་བཞིན་སྤྱོད་པའི་བྱང་སེམས་དམ་པ།།

དེ་ལས་མང་བ་། “༧ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་མཁྱེན་ནོ།” »

རྩོམ་རིག

བོད་རིག་པའི་སློབ་གླིང་ནས་བོད་ཡིག་གི་འབོད་སྐུལ།

Posted on 2014-05-302014-05-31 By ཁ་བརྡ་ 64 Comments on བོད་རིག་པའི་སློབ་གླིང་ནས་བོད་ཡིག་གི་འབོད་སྐུལ།

ལྷ་སྡེ་གནམ་ལོ་ཡག

ད་ལྟ་རྒྱ་དམར་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་མང་ཆེ་བ་རིག་འཕྲུལ་གྱི་སྦྱོར་བ་སྣ་ཚོགས་བརྒྱུད་ནས་གཏན་འཁེལ་བྱས་པ་ཡིན་པས། གནས་དེར་སྡོད་མཁན་ཚོ་ལའང་དངོས་སུ་སྐྱོན་ལ་མཛུབ་མོ་འཛུགས་རོགས་ཟེར་སྐབས། ཧ་ལམ་གཅིག་གིས་གཅིག་ལ་ལྟ་བ་ཙམ་ལས་སྐྱོན་འདིའོ་ཟེར་བ་ཞིག་སྟོན་མི་ཐུབ་པའི་ཚད་ལ་སླེབས་ཡོད། དཔེར་ན། ལོ་ཤས་ནས་བཟུང་། བོད་ཤར་ཁུལ་ཡང༼བོད་ལ་ཁ་གཏད་རོགས་སྐྱོར༽ཟེར་བའི་ཁོངས་སུ་བཅུག་ཡོད་སྟབས། ཁམས་དང་ཨ་མདོ་ནས་རྒྱ་ནག་ནང་འགྲིམས་ཀྱིན་པའི་མཐོ་རིམ་སློབ་མ་མང་བོ་བྱུང་ཡོད།

དེ་ལས་མང་བ་། “བོད་རིག་པའི་སློབ་གླིང་ནས་བོད་ཡིག་གི་འབོད་སྐུལ།” »

རྩོམ་རིག

སྤང་ཐང་གི་བརྩེ་གླུ།

Posted on 2014-05-292014-05-29 By ཁ་བརྡ་ No Comments on སྤང་ཐང་གི་བརྩེ་གླུ།

ཚེ་རིང་།
——-གནས་ཡུལ་འགྲིམ་པའི་བུ་མོ་ཞིག་ལ་བྲིས།

གཡུ་རྩྭའི་ན་སྤང་གི་གསེབ་ཀྱི།།
ཡིད་དགའི་མེ་ཏོག་གི་རྒྱན་ཆ།།
མཉེན་ལྕུག་ཕྱག་སོར་གྱིས་འཛིན་དུས།།
སེམས་པ་སྟོངས་སྟོངས་ཤིག་ཡིན་ནམ།།

གཡང་དཀར་མུ་ཏིག་གི་ཚོམ་བུ།།
མཁའ་མཐའི་སྤྲིན་པ་དང་འདྲེས་དུས།།

དེ་ལས་མང་བ་། “སྤང་ཐང་གི་བརྩེ་གླུ།” »

སྙན་ངག

འདི་འདྲ་ཞིག་ཨེ་རེད།

Posted on 2014-05-292014-05-29 By ཁ་བརྡ་ 7 Comments on འདི་འདྲ་ཞིག་ཨེ་རེད།

འབའ་སྲས།

རབ་བྱུང་བ་ཡིས་མཐར་གྱི་བདེ་བ་འཚོལ།།
འཇིག་རྟེན་པ་ཡི་འཁོར་བའི་ལོངས་སྤྱོད་འཚོལ།།
རང་རང་སེམས་ཀྱི་དམིགས་པ་མི་འདྲ་བས།།
གྲྭ་བ་སྐྱ་བོའི་ལམ་གཉིས་འདི་ནས་བྱུང་།།

སྙན་ངག་པ་ཡིས་འཚོ་བའི་ཟ་ཟུར་འཚོལ།།
ཆབ་སྲིད་པ་ཡིས་གྱ་གྱུའི་སྡིངསཆ་འཚོལ།།

དེ་ལས་མང་བ་། “འདི་འདྲ་ཞིག་ཨེ་རེད།” »

སྙན་ངག

རྗེ་མི་ལའི་སྒྲུབ་གནས་ཀྱི་ལམ་ཡིག་ཐོས་པ་དགའ།

Posted on 2014-05-282014-05-28 By ཁ་བརྡ་ 12 Comments on རྗེ་མི་ལའི་སྒྲུབ་གནས་ཀྱི་ལམ་ཡིག་ཐོས་པ་དགའ།

སྐྱོ་བྲག་དཔའ་བརྟན།

unnamedརྒྱུད་སྡེ་རྒྱ་མཚོའི་གདམས་པའི་བཅུད་འཐུང་ཞིང་།།
དཀའ་སྤྱད་སྒྲུབ་པའི་རྒྱལ་མཚན་ཆེར་བཙུགས་པས།།
ཚེ་ལུས་གཅིག་ལ་ཟུང་འཇུག་མཆོག་བརྙེས་པ།།
གངས་ཅན་གྲུབ་པའི་དབང་ཕྱུག་ཐོས་པ་དགའ།།
གང་གི་རྣམ་པར་ཐར་པའི་མཛད་པ་དག །
གང་དུ་བསྟན་པ་གནས་མཆོག་བྱིན་རླབས་ཅན།།

དེ་ལས་མང་བ་། “རྗེ་མི་ལའི་སྒྲུབ་གནས་ཀྱི་ལམ་ཡིག་ཐོས་པ་དགའ།” »

རྩོམ་རིག

འཇིགས་མེད་རྣམ་གསུམ་ལས་མགོ་ལོག་འཇིགས་མེད་ལགས་བཙན་བྱོལ་དུ་འབྱོར་ཏེ་གསར་འགོད་གསལ་བསྒྲགས་གནང་བ།

Posted on 2014-05-282014-05-28 By ཁ་བརྡ་ 32 Comments on འཇིགས་མེད་རྣམ་གསུམ་ལས་མགོ་ལོག་འཇིགས་མེད་ལགས་བཙན་བྱོལ་དུ་འབྱོར་ཏེ་གསར་འགོད་གསལ་བསྒྲགས་གནང་བ།

_DSC2718༅༅།། དེ་རིང་གསར་འགོད་གསལ་བསྒྲགས་ཀྱི་མཛད་སྒོ་འདིར་ཕེབས་པའི་ལྷག་བསམ་དྲང་བདེན་ཅན་གྱི་གསར་འགོད་པ་ཚང་མར་བཀྲ་ཤིས་བདེ་ལེགས་ཞུ་བ་དང་སྦྲགས་ཚང་མར་ཐུགས་རྗེ་ཆེ་ཞུ། དེ་རིང་ང་སྲོག་གི་ཉེན་ཁ་ནས་ཐར་ཏེ། ང་ཚོ་མཇལ་རྒྱུའི་གོ་སྐབས་བྱུང་བ་འདི་ནི་བར་ལམ་ནས་ངའི་མི་ཚེའི་ནང་འདི་འདྲ་ཞིག་ཡོང་གི་རེད་དྲན་མ་མྱོང་བའི་གནས་ཚུལ་ཡ་མཚན་ཞིག་ཡིན་ཕྱིར། དེ་རིང་ད་དུང་ཡང་མཚམས་རེར་ངས་འདི་ནི་རྨི་ལམ་མིན་ནམ་དྲན་བཞིན་འདུག

དེ་ལས་མང་བ་། “འཇིགས་མེད་རྣམ་གསུམ་ལས་མགོ་ལོག་འཇིགས་མེད་ལགས་བཙན་བྱོལ་དུ་འབྱོར་ཏེ་གསར་འགོད་གསལ་བསྒྲགས་གནང་བ།” »

གསར་འགྱུར།

ཞི་དུལ་གྱི་སྙན་ངག་པ་ཐུབ་བསྟན་དར།

Posted on 2014-05-272014-05-27 By ཁ་བརྡ་ 4 Comments on ཞི་དུལ་གྱི་སྙན་ངག་པ་ཐུབ་བསྟན་དར།

རྨོ་བུ། ཨ་རི།

unnamed-2

གཅིག

དཔྱིད་ཟླ་འབྲིང་པོའི་གླིང་ཕྲན་རཱོ་ཌི་ (Rhode island) ནི་སྐྱེས་སྟོབས་ཀྱི་དཔལ་འབར་སའི་ཡུལ་གྲུ་ཞིག་སྟེ། རྒྱ་ལྕང་གི་ལོ་མ་དང་ཁམ་བུའི་མེ་ཏོག་གིས་བྲིས་པའི་དཔྱིད་ངོགས་སུ། བྱིའུ་ཆུང་གི་གསུང་སྙན་དང་རྐང་འཐུང་གི་དྲི་ངད་ཀྱིས་ཁྱབ་ལ། གསར་དུ་འབུས་ཤིང་བཞད་ལ་ཕྱོགས་ཀྱིན་པའི་སྨྱུག་གསར་ཚོགས་ཀྱི་འཚང་ཁས་ནོར་འཛིན་མའི་གཤིན་ཚད་ཡོངས་སུ་ངོམས།

དེ་ལས་མང་བ་། “ཞི་དུལ་གྱི་སྙན་ངག་པ་ཐུབ་བསྟན་དར།” »

སྣ་ཚོགས།

ཆོས་དད་རང་དབང་འགོག་མཁན་ངོ་མ་ཏཱ་ལའི་བླ་མ་རེད་དམ།

Posted on 2014-05-262014-05-26 By ཁ་བརྡ་ 81 Comments on ཆོས་དད་རང་དབང་འགོག་མཁན་ངོ་མ་ཏཱ་ལའི་བླ་མ་རེད་དམ།

ཕལ་བའི་མྱི།

ཉེ་ཆར་ྋགོང་ས་མཆོག་ཡོ་རོབ་ཏུ་ཆིབས་བསྒྱུར་སྐབས། བོད་མི་དང་ནུབ་ཕྱོགས་པ་དོལ་རྒྱལ་བསྟེན་མཁན་ཁ་ཤས་ཀྱིས་སྔོན་ཆད་ལྟར། ྋགོང་ས་མཆོག་གི་ཕེབས་ལམ་ནས། ཏཱ་ལའི་བླ་མ། སྐྱག་རྫུན་བཤད་མཚམས་ཞོག ཆོས་ལུགས་དད་མོས་རང་དབང་སྤྲོད་རོགས་ཟེར་ནས་ངོ་རྒོལ་སྐད་འབོད་བྱས་ཤིང་། དེའི་ཁྲོད་ཀྱི་ནུབ་ཕྱོགས་པ་དེ་ཚོ་ནི་མགོ་མ་ཚོས་ནས་མགོ་སྐོར་ཐེབས་པ་འགའ་ཡིན་པས། ད་ལན་འདིར་ཁོ་ཚོ་ལ་ཅི་ཡང་ལབ་རྩིས་མེད།

དེ་ལས་མང་བ་། “ཆོས་དད་རང་དབང་འགོག་མཁན་ངོ་མ་ཏཱ་ལའི་བླ་མ་རེད་དམ།” »

རྩོམ་རིག

གངས་ཅན་པར་ཕུལ་བའི་ཐོལ་བྱུང་གི་གཏམ།

Posted on 2014-05-262014-05-26 By ཁ་བརྡ་ 1 Comment on གངས་ཅན་པར་ཕུལ་བའི་ཐོལ་བྱུང་གི་གཏམ།

ཆབ་མདོ་ངག་ཕུན།

ངེད་ཅག་གངས་ཅན་པ་ལ།། མེས་པོའི་བཞག་པའི་གཅེས་ནོར།།
སྐད་ཡིག་འདི་ཉིད་ཡིན་ནོ།། སྐད་ཡིག་ཕུན་སུམ་ཡོད་ཀྱང་།།
འཛམ་གླིང་འཕོ་འགྱུར་སྟབས་བསྟུན།། མི་རབས་གསར་པ་རྣམས་ཀྱིས།།
གོམ་འགྲོས་འཐུས་ཚང་མ་ཐུབ།། འཐུས་ཤོར་ཡིན་པ་ཞིག་ལས།།
མེས་པོའི་ནོར་འཁྲུལ་མིན་ནོ།། གཞོན་རབས་རྣམས་ཀྱི་ཡིད་ཟུངས།།
ཁ་སྙན་ཁོག་གཡོ་མ་ཉན།། ཝ་མོ་གཡང་མཆོང་མ་གནང་།།

དེ་ལས་མང་བ་། “གངས་ཅན་པར་ཕུལ་བའི་ཐོལ་བྱུང་གི་གཏམ།” »

རྩོམ་རིག

རྩོམ་མཁན་དངོས་དང་བརྩམས་ཆོས་གསར་རྙིང་གི་ཁྱད་པར།

Posted on 2014-05-242014-05-24 By ཁ་བརྡ་ 8 Comments on རྩོམ་མཁན་དངོས་དང་བརྩམས་ཆོས་གསར་རྙིང་གི་ཁྱད་པར།

རྔ་རྒོད།

སྤྱིར་ན་བརྩམས་ཆོས་གང་ཞིག་གི་བརྗོད་བྱ་དེ་ལ་དོན་སྙིང་ལྡན་མིན་གྱི་ཁྱད་པར་དེ་ཙམ་མེད། རྩོམ་རིགས་གང་ཞིག་ཡིན་ན། རྩོམ་པ་བོ་གང་ཞིག་གིས་རྩོམ་ཡིག་དེ་ལ་དཀའ་ལས་མང་བོ་ཞིག་བརྒྱབ་པའི་མཇུག་འབྲས་རྐྱང་རྐྱང་ཞིག་རེད་མོད། འོན་ཀྱང་གཞན་གྱི་བརྩམས་ཆོས་དེ་ཉོས་བཞག་པ་དང་ཡང་ན་གཞན་གྱི་བརྩམས་ཆོས་དེ་བརྐུས་སོང་བ་དང་། གཞན་ཡང་ཕ་རོལ་བོའི་བརྩམས་ཆོས་དེ་ཤེས་བཞིན་འཕྲོགས་བཞག་པའི་རིགས་སོགས་མཆིས། འདི་འདྲའི་མ་རུང་བའི་ལས་དེ་འདས་པའི་དུས་སུ་བྱུང་མྱོང་ཡོད་ལ།

དེ་ལས་མང་བ་། “རྩོམ་མཁན་དངོས་དང་བརྩམས་ཆོས་གསར་རྙིང་གི་ཁྱད་པར།” »

རྩོམ་རིག

Posts pagination

Previous 1 … 94 95 96 … 423 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (28)
  • ན་ཟུག (10)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme