Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྐང་པ་ས་ལ་འདྲུད་དོན་ཅི།

Posted on 2014-07-222014-07-22 By ཁ་བརྡ་ 1 Comment on རྐང་པ་ས་ལ་འདྲུད་དོན་ཅི།

ཁྲོ་གཏུམ།

ངས་ཆེས་མཐོ་བའི་ཁང་བརྩེགས་ནས་མར་བལྟ་དོན
ཁྱོད་རང་ཚོའི་རྐང་པའི་སྐྱ་འཐབ་པ་མཐོང་འདོད་ཡིན

རྐང་ཐང་གི་གོམ་སྒྲས་ཁོར་ཡུག་ལ་བཞག་པའི་དབྱངས་སྣ་ཚོགས་ཤིག
རྡུང་མ་ཤེས་པའི་རོལ་ཆ་དེས་གར་སྟེགས་ཉོབ་པ་ལྟར
ངལ་དུབ་ལ་ལྷུང་བའི་མི་ཚོགས་ཀྱི་འགྲོ་འོང་ནང་དུ་སྙན་འཇེབས་མི་འདུག

དེ་ལས་མང་བ་། “རྐང་པ་ས་ལ་འདྲུད་དོན་ཅི།” »

སྙན་ངག

སྤྲུལ་སྐུ་བདེན་པ་རིན་པོ་ཆེ་འཛམ་གླིང་ཉི་མ།

Posted on 2014-07-222014-07-22 By ཁ་བརྡ་ 1 Comment on སྤྲུལ་སྐུ་བདེན་པ་རིན་པོ་ཆེ་འཛམ་གླིང་ཉི་མ།

ཨེ་མ་ཧོ།

ན་མོ་མ་ཧཱ་གུ་རུ་ནིརྨ་ཀ་ཡཱ་ཡ།
བཅོམ་ལྡན་རྒྱལ་བ་སྤྲུལ་སྐུ་ཤཱཀྱ་ཐུབ།།
མཚོ་སྐྱེས་རྒྱལ་བ་པད་འབྱུང་སྤྲུལ་པའི་སྐུ།།
གཡུང་དྲུང་དབོན་སྤྲུལ་དྲན་པ་ནམ་མཁའ་ཀློང་།།
ཕྱག་རྫོགས་དབུ་མའི་སྤྲུལ་སྐུ་རིན་ཆེན་རྒྱལ།།
ཆོས་ཉིད་བདེན་པ་མཐོང་བའི་སྤྲུལ་པའི་སྐུ།།
ཆོས་ཅན་བདེན་པའི་དོན་སྟོན་སྤྲུལ་པའི་སྐུ།།

དེ་ལས་མང་བ་། “སྤྲུལ་སྐུ་བདེན་པ་རིན་པོ་ཆེ་འཛམ་གླིང་ཉི་མ།” »

རྩོམ་རིག

སྤྲུལ་སྐུའི་ལམ་ལུགས་ལ་དཔྱད་པ་དམུས་ལོང་མིག་འབྱེད།

Posted on 2014-07-222014-07-22 By ཁ་བརྡ་ 51 Comments on སྤྲུལ་སྐུའི་ལམ་ལུགས་ལ་དཔྱད་པ་དམུས་ལོང་མིག་འབྱེད།

དྲི་མེད་ལྷག་བསམ།

༼༡༽ སྤྲུལ་སྐུའི་ལམ་ལུགས་ཀྱི་བྱུང་བ།

ནང་པའི་ཆོས་ལུགས་སྐྱེ་བ་སྔ་ཕྱི་ཁས་ལེན་མཁན་ཞིག་ཡིན་པས་སྐྱེ་སྲིད་ལ་དགག་པ་ཡོད་ཚེ་ནང་ཆོས་ཀྱི་ཀ་བ་ཆག་ནས་གདུང་མ་འཐོར་ཚར་བ་རེད། སྟོན་པ་ཞལ་བཞུགས་པའི་དུས་ནས་སྐྱེ་སྲིད་ངོས་འཛིན་མི་ཉུང་བ་བྱུང་ཡོད་ཀྱང་དེ་ལ་སྤྲུལ་བའི་སྐུའི་ཐ་སྙད་སྦྱར་ཡོད་པ་མ་མཐོང་། ཕྱིས་སུ་བོད་ཀྱི་བླ་ཆེན་ཁག་སངས་རྒྱས་བྱང་འཕགས་ཀྱི་སྤྲུལ་བར་ངོས་བཟུང་སྟེ་སྤྲུལ་སྐུ་ཞེས་པའི་མཚན་གསོལ་བ་ཡིན་ཀྱང་དོན་དུ་མིང་ཙམ་ལས་སྐྱེ་སྲིད་ངོས་འཛིན་དང་ཁྱད་པར་མེད་དོ།། སངས་རྒྱས་ཀྱི་གཞུང་དང་མཐུན་མིན་སྐྱེས་རབས་དཔག་བསམ་འཁྲི་ཤིང་། མདོ་སྡེ་ལས་བརྒྱ་པ། མཛང་བླུན་སོགས་ལ་གཟིགས་ཤིག །

དེ་ལས་མང་བ་། “སྤྲུལ་སྐུའི་ལམ་ལུགས་ལ་དཔྱད་པ་དམུས་ལོང་མིག་འབྱེད།” »

དཔྱད་རྩོམ།

ད་ལོ་འཁྲིས་ཀྱི་མི་བོར་འགྲོ་གི

Posted on 2014-07-212014-07-21 By ཁ་བརྡ་ 2 Comments on ད་ལོ་འཁྲིས་ཀྱི་མི་བོར་འགྲོ་གི

ཁྲོ་གཏུམ།

སྔས་ཐོག་ཏུ་མ་བཞག་པའི་མགོ
སྔས་ཐོག་ནས་ཡར་བཀྱགས་པའི་མགོ
ལག་ཟུང་གིས་དྲུད་པའི་དངོས་པོ་གྲུབ་བཞི་ནར་མོ་དེ་དག་གི་འཆར་ངོས་སུ
མིག་གི་རྣོ་ཟུང་ལྷུང་ཞིང
སེམས་ཀྱི་ཟབ་སས་དམ་དུ་བཅངས་ནས་རྒྱང་ལ་བཞུད

ངའི་མཁྲིས་ཀྱི་མི་དེ་བོར་ཞིང་ང་དེ་བཞིན་གཤེགས་པར་གྱུར

དེ་ལས་མང་བ་། “ད་ལོ་འཁྲིས་ཀྱི་མི་བོར་འགྲོ་གི” »

སྙན་ངག

མདོ་སྔགས་རྫོགས་གསུམ་གྱི་གཞུང་ལས་བཤད་པའི་བླ་མའི་མཚན་ཉིད།

Posted on 2014-07-202014-07-20 By ཁ་བརྡ་ 9 Comments on མདོ་སྔགས་རྫོགས་གསུམ་གྱི་གཞུང་ལས་བཤད་པའི་བླ་མའི་མཚན་ཉིད།

གངས་སེང་།

གཡུང་དྲུང་བོན་གྱི་ལུགས་ལ་བླ་མ་ཞེས་པ་དེ་གང་འདྲ་ཞིག་ཡིན། བླ་མའི་རིགས་ཇི་ཙམ་ཞིག་ཡོད་ཅེ་ན། སྤྱིར་བླ་མའི་མིང་ཙམ་ཡོད་མཁན་ནི་དེང་སང་གི་དུས་སུ་ཧ་ཅང་མང་ནའང་། མདོ་སྔགས་རྫོགས་གསུམ་གྱི་གཞུང་ལས་བཤད་པའི་བླ་མ་མཚན་ཉིད་དང་ལྡན་པ་ནི་ཤིན་ཏུ་དཀོན་པ་ཡིན། དེ་ཡང་བླ་མ་ནི། སངས་རྒྱས་ཀྱི་ཞལ་ཚབ། ཐར་པའི་དད་དཔོན། འདྲེན་པའི་གཙོ་བོ། སྡུག་ལྡན་གྱི་སྐྱབས་གནས། གནས་སྐབས་དང་མཐར་ཐུག་གི་བདེ་བ་དང་ལེགས་ཚོགས་ཐམས་ཅད་ཀྱི་འབྱུང་གནས་ཡིན་པས་དེ་ངོས་འཛིན་མ་ནོར་བ་བྱེད་དགོས། དེའི་སྒྲ་དོན་ནི། ལྟ་དགོངས་ཡང་དག་གི་དོན་རྟོགས་ཤིང་སྲིད་ཞི་གཉིས་ཀྱི་བླ་རུ་གྱུར་པས་ན་བླ་དང་། འགྲོ་དྲུག་སེམས་ཅན་ལ་མ་ལྟར་བྱམས་པས་ན་མ་ཞེས་བྱ།

དེ་ལས་མང་བ་། “མདོ་སྔགས་རྫོགས་གསུམ་གྱི་གཞུང་ལས་བཤད་པའི་བླ་མའི་མཚན་ཉིད།” »

དཔྱད་རྩོམ།

མཁྱེན་བརྩེ་རིན་པོ་ཆེའི་བསྟོད་ཚིག་པདྨ་དཀར་པོའི་དོ་ཤལ།

Posted on 2014-07-202014-07-20 By ཁ་བརྡ་ 2 Comments on མཁྱེན་བརྩེ་རིན་པོ་ཆེའི་བསྟོད་ཚིག་པདྨ་དཀར་པོའི་དོ་ཤལ།

ཨེ་མ་ཧོ།

ན་མོ་གུ་རུ་ཛྙྰ་ན་དེ་ཝ་ཡེ།
རྒྱལ་ཀུན་མཁྱེན་པའི་གཏེར་ཆེན་འཇམ་དཔལ་དབྱངས།།
བརྩེ་ཆེན་ཐུགས་རྗེས་མངའ་བདག་སྤྱན་རས་གཟིགས།།
གསང་ཆེན་བསྟན་པའི་མངའ་བདག་རྡོ་རྗེ་འཛིན།།
མཚོ་སྐྱེས་རྒྱལ་བ་པདྨ་ཀ་རས་དགེ་ལེགས་སྩོལ།།
གངས་ཅན་ལྷ་ལམ་ཡངས་པའི་དཀྱིལ་འཁོར་རུ།།
བགྲང་ཡས་མཁས་གྲུབ་སྒྱུ་སྐར་བྱེ་བའི་ཁྲོད།།

དེ་ལས་མང་བ་། “མཁྱེན་བརྩེ་རིན་པོ་ཆེའི་བསྟོད་ཚིག་པདྨ་དཀར་པོའི་དོ་ཤལ།” »

རྩོམ་རིག

ཤོག་བུའི་སེམས་པ། དུས་ཀྱི་སེམས་པ།

Posted on 2014-07-192014-07-19 By ཁ་བརྡ་ 2 Comments on ཤོག་བུའི་སེམས་པ། དུས་ཀྱི་སེམས་པ།

ཁྲོ་གཏུམ།

ཡིག་འབྲི་དཀར་སེར་དམར་ལྗང
ཤོག་བུ་དཀར་པོའི་ཞལ་ངོ་དབྱར་ཁའི་གནམ་ངོ་འདྲ
ཁྱོད་འདྲ་ང་འདྲ
དུས་ཀྱི་ལུས་པོར་ངལ་དུབ་སྣ་ཚོགས་ཤིག
རྡོག་ལམ་བདེ་མོ་གོམ་ཁས་འཇལ་བའི་རིག་པ་ཞ་ཉེ་འབིགས

འདི་ནས་ཆས་ཤིང
གན་ནས་འདུག་པ

དེ་ལས་མང་བ་། “ཤོག་བུའི་སེམས་པ། དུས་ཀྱི་སེམས་པ།” »

སྙན་ངག

ངའི་བོད་རིགས་སྤུན་ཟླ་ཡོངས་ལ་ཕུལ་བའི་ཡོངས་གྲགས་ཞུ་ཡིག

Posted on 2014-07-192014-07-19 By ཁ་བརྡ་ 10 Comments on ངའི་བོད་རིགས་སྤུན་ཟླ་ཡོངས་ལ་ཕུལ་བའི་ཡོངས་གྲགས་ཞུ་ཡིག

མཚོ་སྒོ་འཇམ་དབྱངས་ཀྱིས་བསྒྱུར།

unnamedརོ་སེ་ཀྲང།(Roce Tang) ཁོ་མོ་ནི་ཨ་མི་རི་ཀའི་ནང་གནས་སྡོད་བྱེད་མཁན་གྱི་རྒྱ་རིགས་ཤིག་ཡིན་ལ། ཕྱི་ལོ་༡༩༨༩ ལོའི་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་ནང་མཉམ་ཞུགས་བྱེད་མྱོང་མཁན་གྱི་སློབ་ཕྲུག་གཙོ་གྲས་ཤིག་ཡིན་པ་མ་ཟད་གསར་འགོད་པ་དང་བོད་ཀྱི་འཐབ་རྩོད་ཐོག་ལ་ཡུན་རིང་རྒྱབ་སྐྱོར་བྱེད་མཁན་ཞིག་ཀྱང་ཡིན། ད་ལམ་ཁོ་མོས་ངའི་བོད་རིགས་སྤུན་ཟླ་ཡོངས་ལ་ཕུལ་བའི་ཡོངས་གྲགས་ཞུ་ཡིག་ཞེས་པ་འདི་བོད་སྒྱུར་བྱེད་དགོས་པའི་རེ་སྐུལ་ཞུས་པ་ལྟར་འདིར་བོད་བསྒྱུར་ཞུས་ཡོད།

དེ་ལས་མང་བ་། “ངའི་བོད་རིགས་སྤུན་ཟླ་ཡོངས་ལ་ཕུལ་བའི་ཡོངས་གྲགས་ཞུ་ཡིག” »

འགྱུར་རྩོམ།

རྒྱ་བླ་ཞེས་པའི་ཐ་སྙད་དཀྲོལ་སྟངས་ཤིག

Posted on 2014-07-192014-07-19 By ཁ་བརྡ་ 2 Comments on རྒྱ་བླ་ཞེས་པའི་ཐ་སྙད་དཀྲོལ་སྟངས་ཤིག

འོས་སྦྱོར་བ། སྐྱོ་བྲག་དགའ་དབང་།

(རྩོམ་པ་པོ་མི་ཤེས་ནའང་། བཟང་ངན་གཤིབ་བསྡུར་དང་གནས་ཚུལ་ངོ་སྤྲོད་བྱས་པའི་ཡིག་ཆ་ཞིག་སྟེ། བོད་ཡུལ་གྱི་དྲ་ལམ་དག་ཏུ་ཁྱབ་ཀྱིན་གདའ།)

དེང་སང་བོད་རྣམས་ཀྱི་ཁ་བརྡ་རིང་མོའི་ཁྲོད་དུ་རྒྱ་བླ་རྒྱ་བླ་ཟེར་ནས་རྒྱུན་དུ་གླེང་བཞིན་ཡོད། རྒྱ་བླ་ཞེས་པའི་ཐ་སྙད་དེ་གསར་བ་ཞིག་ཡིན་མིན་བརྗོད་དཀའ་མོད། དོན་ལ་བོད་ཀྱི་མི་རྒྱ་ནག་གི་རྒྱལ་པོའི་དབུ་བླ་དང་རྒྱ་རིགས་ཀྱི་མིའི་བླ་མ་མཛད་མཁན་ལ་གོ། དེ་ལ་འཇམ་མགོན་ས་སྐྱ་པཎྜི་ཏ་དང་། འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་། གཡུང་སྟོན་རྡོ་རྗེ་དཔལ་བཟང་དང་། བྱམས་ཆེན་ཤཱཀྱ་ཡེ་ཤེས་དང་། རྒྱལ་དབང་གོང་ས་ལྔ་བ་ཆེན་མོ་སོགས་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང་།

དེ་ལས་མང་བ་། “རྒྱ་བླ་ཞེས་པའི་ཐ་སྙད་དཀྲོལ་སྟངས་ཤིག” »

དཔྱད་རྩོམ།

༧གོང་ས་མཆོག་ལ་བཅར་འདྲི་ཞུས་པ།

Posted on 2014-07-192014-07-19 By ཁ་བརྡ་ 12 Comments on ༧གོང་ས་མཆོག་ལ་བཅར་འདྲི་ཞུས་པ།

ཤར་ཕྱོགས་ཁུག་རྟས་འོས་སྦྱོར་ཞུས།

བཅར་འདྲི།

<<གྲྭ་ཆུང་དང་རྫ་རྒན་ནག་རྡང་།>>

Posted on 2014-07-182014-07-18 By ཁ་བརྡ་ 6 Comments on <<གྲྭ་ཆུང་དང་རྫ་རྒན་ནག་རྡང་།>>

ཚེ་རིང་།
—-སློབ་གྲོགས་ཤིག་གི་སྐད་ཆ་ལ་གཞི་བཅོལ་ནས་བྲིས།

ངའི་ཕ་ཡུལ་གྱི་ལུང་མགོ་ན
རྫ་རྒན་ནག་རྡང་ཞིག་ཡོད་ལ དེའི་རྐེད་པ་ནི
དུས་བཞིར་ན་བུན་གྱིས་དཀྲིས་ཡོད
ངག་རྒྱུན་དུ་གྲགས་པ་ལྟར་ན
དེ་རུ་སྲིན་མོ་འཇིགས་སུ་རུང་བ་ཞིག་ཡོད་པས
རྫ་རྐེད་དེར་སོང་ནས་ཕྱིར་ལོག་ཐུབ་མཁན་གཅིག་ཀྱང་མེད་ཟེར

དེ་ལས་མང་བ་། “<>” »

སྙན་ངག

ཆར་བ་བབས་སོང་། སྔུར་བ་འཐེན་སོང་།

Posted on 2014-07-182014-07-18 By ཁ་བརྡ་ 4 Comments on ཆར་བ་བབས་སོང་། སྔུར་བ་འཐེན་སོང་།

ཁྲོ་གཏུམ།

གནམ་མཐའ་ནག་པོས་ས་གཞིའི་འཛུམ་མདངས་བསུབ
ལྷོད་བག་མེད་པའི་རླུང་གི་རྐང་འགྲོས་རྒོད་པས་རྩྭ་ལོའི་གཟུགས་པོ་འདར
ཕྱོགས་དང་ཕྱོགས་སུ་རྒྱུ་བའི་འགྲུལ་བཞུད་གོམ་ཁར་ངལ་དུབ་བརྡར་དེ་འཁྱར་འཁྱོར་འགྲོས་སུ་གར
མཁའ་ལྡིང་གླག་རྒོད་གཤོག་རྩ་ཆད་ལ་ཉེ
ནགས་ཚལ་རྒྱུད་སྐུད་བྱས་ཏེ་དྲག་དབྱངས་འཇིགས་པོས་ཆར་བའི་དབྱངས་ཤིག་དེད་ནས་ཐོན

དེ་ལས་མང་བ་། “ཆར་བ་བབས་སོང་། སྔུར་བ་འཐེན་སོང་།” »

སྙན་ངག

མ་ལེ་ཤ་ཡའི་གནམ་གྲུ་འཐོར་ཞིག་ལ་བསྔོ་སྨོན་གསུང་རོགས་ཞུ།

Posted on 2014-07-182014-07-18 By ཁ་བརྡ་ No Comments on མ་ལེ་ཤ་ཡའི་གནམ་གྲུ་འཐོར་ཞིག་ལ་བསྔོ་སྨོན་གསུང་རོགས་ཞུ།

ཨེ་མ་ཧོ།

ན་མོ་གུ་རུ་ཨ་མི་དྷེ་ཝ་ཧྲི༔
མ་ལུས་འགྲོ་བའི་མགོན་པོ་ཐུགས་རྗེ་ཅན།།
མ་དག་འཁོར་བའི་སྡུག་བསྔལ་བསལ་བའི་རྗེ།།
མ་སྨད་རྩ་གསུམ་རྒྱལ་དང་རྒྱལ་སྲས་ཀྱིས།།
མ་ལེའི་གྲུར་ཤི་ཚེ་འདས་ར་མདར་མཛོད།།
མ་རབས་ར་ཤན་ངན་པའི་རྫས་ཤུགས་ཀྱིས།།
མ་ལུས་དམར་གསོད་བཏང་བའི་ངན་སྦྱོར་འདིས།།

དེ་ལས་མང་བ་། “མ་ལེ་ཤ་ཡའི་གནམ་གྲུ་འཐོར་ཞིག་ལ་བསྔོ་སྨོན་གསུང་རོགས་ཞུ།” »

རྩོམ་རིག

མཚོ་འགྲམ་གྱི་རྦ་རླབས

Posted on 2014-07-182014-07-18 By ཁ་བརྡ་ 4 Comments on མཚོ་འགྲམ་གྱི་རྦ་རླབས

ཁྲིམས་ལུགས་སློབ་མ། བློ་བཟང་གྲགས་པ།

མཚོ་འགྲམ་གྱི་རྦ་རླབས
དྲག་ཆར་གྱི་ཤུལ་ཏུ
དྲག་རླུང་གིས་འདེགས་པའི
ལྷོ་མཐའི་རྒྱ་མཚོའི་རྦ་རླབས
ངར་ངར་ཤུགས་ཀྱིས་མཚོ་འགྲམ་དུ་མཆོང་པར
སུ་ཞིག་ཧུབ་གང་གིས་མིད་པའི་ཚུལ་ཏུ

དེ་ལས་མང་བ་། “མཚོ་འགྲམ་གྱི་རྦ་རླབས” »

སྙན་ངག

ངའི་དཀར་ཡོལ་ནང་གི་རྩམ་དྲི་ཡལ་འདུག

Posted on 2014-07-172014-07-17 By ཁ་བརྡ་ No Comments on ངའི་དཀར་ཡོལ་ནང་གི་རྩམ་དྲི་ཡལ་འདུག

ཁྲོ་གཏུམ།

ཉག་ཁ་ཉུང་བའི་རི་རྒྱུད་ཅིག་རིང་བོ
རྫོང་མཐུག་པའི་ནགས་ལྗོངས་དང་རི་བྲག་གི་མངའ་ཐང་ལ
རྩམ་པ་དང་མར་ཆུར་གྱི་སྟོབས་ཀྱིས་བཏུལ་མྱོང་བ་བྱུང་འདུག

དཔུང་ཤ་མཐུག་པས་རི་བོ་དག་ལ་རྨི་ཐག་འཐེན་པའི་སྐབས་ཀྱི་ལས་འགུལ་དེས
ནམ་ལང་དང་ས་རུབ་ཀྱི་སྲུབ་ཀ་རེ་རེ་ནས
ཅེ་སྤྱང་གི་ཆོ་ངེ་ལ་དམར་འཛིང་བྱས་མྱོང་འདུག

དེ་ལས་མང་བ་། “ངའི་དཀར་ཡོལ་ནང་གི་རྩམ་དྲི་ཡལ་འདུག” »

སྙན་ངག

<<མེ་ལོང་ལ་བལྟ་བ>>

Posted on 2014-07-162014-07-16 By ཁ་བརྡ་ 2 Comments on <<མེ་ལོང་ལ་བལྟ་བ>>

ཚེ་རིང་།

ཡུན་རིང་ཞིག་ཏུ
ངས་མེ་ལོང་གི་ངོས་སུ་རང་ཉིད་འཆར་བ་མ་ཤེས
དེ་རིང་གཞི་ནས་མེ་ལོང་གི་ཉེ་སར་བཏུད་དེ
རང་ཉིད་ལ་ལྟ་སྐབས
ང་ནི་ཅི་འདྲའི་ཉམ་ཆུང་ཞིག་ཨང

དམག་ལྭ་གོན་པའི་སྒོ་ཁྱི་དེ
ཞེ་སྡང་གིས་ངའི་ཕྱོགས་སུ་ཟུག་ཅིང

དེ་ལས་མང་བ་། “<>” »

སྙན་ངག

པེ་ཅིན་གྱི་རང་ཤི་ངོ་རྒོལ།

Posted on 2014-07-162014-07-16 By ཁ་བརྡ་ 5 Comments on པེ་ཅིན་གྱི་རང་ཤི་ངོ་རྒོལ།

ཡོང་ཁུངས། བོད་ཀྱི་དུས་བབ།

དེ་རིང་སྔ་དྲོར་པེ་ཅིན་རྒྱ་ནག་ན་གཞོན་ཚགས་པར་ཁང་གི་སྒོ་འགྲམ་དུ་མི་༧ གྱིས་ཞིང་སྨན་བཏུང་སྟེ་རང་ཤི་བརྒྱབ་ཡོད་འདུག

དེ་རིང་སྔ་དྲོ་པེ་ཅིན་གྱི་ཆུ་ཚོད་༨།༡༠ ཙམ་ལ། རྒྱ་ནག་གི་རྒྱལ་ས་པེ་ཅིན་གྱི་རྒྱ་ནག་ན་གཞོན་ཚགས་པར་ཁང་གི་སྒོ་འགྲམ་དུ། བུད་མེད་༢ དང་སྐྱེས་༥ ཡིས་ཞིང་སྨན་བཏུང་སྟེ་རང་ཤི་བརྒྱབ་ཡོད་པ་དང་། སྐར་མ་བཅུ་གྲངས་ཤིག་འགོར་རྗེས། མྱུར་སྐྱོབ་རླངས་འཁོར་གྱིས་སྨན་ཁང་དུ་བསྐྱལ་ཡོད་འདུག ཉེན་རྟོག་ཕྱོགས་ནས་རྒྱུ་རྐྱེན་གང་ཡིན་གསལ་བོ་མེད་པས་རྟོག་ཞིབ་བྱེད་བཞིན་པའི་སྒང་ཡིན་ལུགས་བརྗོད་འདུག

དེ་ལས་མང་བ་། “པེ་ཅིན་གྱི་རང་ཤི་ངོ་རྒོལ།” »

གསར་འགྱུར།

དགུན་དུས་ཀྱི་ཉི་འོད་དྲོན་པོ།

Posted on 2014-07-162014-07-16 By ཁ་བརྡ་ 2 Comments on དགུན་དུས་ཀྱི་ཉི་འོད་དྲོན་པོ།

འབའ་སྲས།
—-རྭ་རྒྱའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དབུ་བརྙེས་ནས་ལོ་འཁོར་ཉི་ཤུ་བར་ཕུལ་བ།

“འཇིགས་མེད་”རིགས་ཞེན་གཤོག་པ་མཁའ་རུ་ལྡིང་།།
ལྷག་བསམ་དར་དཀར་”རྒྱལ་མཚན་”ཏོག་ཏུ་བཞེངས།།
གདོང་དམར་བོད་ཀྱི་ཤེད་བུ་ངོ་མ་ཁྱོད།།
ལག་ཟུང་ཁ་སྦྱོར་མཛེས་པའི་མེ་ཏོག་གཏོར།།

མི་འཇིགས་”བཛྲ”་ཤེས་རིག་སྲོག་གི་སྙིང་།།
“ཚུལ་ཁྲིམས”རབ་གཙང་འདུལ་བའི་ལུང་གི་རྒྱན།།

དེ་ལས་མང་བ་། “དགུན་དུས་ཀྱི་ཉི་འོད་དྲོན་པོ།” »

སྙན་ངག

ཉི་ཐིག་དང་ང་ཚོའི་ངོ་གདོང་།

Posted on 2014-07-162014-07-16 By ཁ་བརྡ་ 1 Comment on ཉི་ཐིག་དང་ང་ཚོའི་ངོ་གདོང་།

ཁྲོ་གཏུམ།

ཉི་ནུབ་ཉི་ཤར་གྱི་ངོ་གདོང་ནས་འཚོ་ཞོར
གད་སྙིག་རླུང་ལ་འགྲོགས་པའི་དུས་ཚིག་གི་གར་སྟེག་གྲལ་བསྒྲིག་ལ
དོན་མེད་པའི་གཞས་ཀྱི་འགྱུར་ཁུག་ཆག་ཅིང
ངག་མེད་པའི་དུས་ཀྱི་རྩ་ལམ་ལ་ཉལ་ཐ་རྒྱུ་དུས་སུ
ང་ཚོར་ཡོད་པའི་རང་ཉིད་ཀྱི་འགུལ་བསྐྱོད་ཟས་ལྷག་ཅིག་རེད

ཁྱོད་ཚོས་ཉི་ཐིག་གི་དགོས་དབང་མི་སྦྱང་བར

དེ་ལས་མང་བ་། “ཉི་ཐིག་དང་ང་ཚོའི་ངོ་གདོང་།” »

སྙན་ངག

དཔལ་འབྱོར་ཡར་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལྔར་འབོད་སྐུལ།

Posted on 2014-07-162014-07-16 By ཁ་བརྡ་ 2 Comments on དཔལ་འབྱོར་ཡར་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལྔར་འབོད་སྐུལ།

གནས་ཚུལ་མཁོ་སྤྲོད་པ། དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་རྡོ་རྗེ་ཚེ་རིང་།

 01ཁ་སང་སྟེ་ཕྱི་ཟླ་༧ཚེས་༡༥ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༠།༣༠སྟེང་འདི་ག་བོད་ཀྱི་དགུ་བཅུ་གསུམ་ཚོགས་པའི་བཤམས་སྟོན་ཁང་དུ། བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། བོད་ཀྱི་བུད་མེད་ལྷན་ཚོགས། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་བཅས་ཀྱིས་དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལྔ་སྟེ།BRICS སྦི་ར་རྫེལ། ར་ཤི་ཡ། རྒྱ་གར། རྒྱ་ནག ལྷོ་ཨ་ཧྥི་རི་ཀ་བཅས་ཀྱིས་དཔལ་འབྱོར་ཡར་རྒྱས་སྐོར་གྱི་ཚོགས་ཆེན་ཞིག་ཕྱི་ཟླ་༧ ཚེས་༡༥ ནས་༡༦ བཅས་ཉིན་གཉིས་རིང་སྦི་ར་ཛིལ་དུ་འཚོགས་ཀྱིན་ཡོད་སྟབས། 

དེ་ལས་མང་བ་། “དཔལ་འབྱོར་ཡར་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལྔར་འབོད་སྐུལ།” »

གསལ་བསྒྲགས།

Posts pagination

Previous 1 … 86 87 88 … 423 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (28)
  • ན་ཟུག (10)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme