Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བདག་གི་བླ་སྲོག

Posted on 2014-08-042014-08-04 By ཁ་བརྡ་ 1 Comment on བདག་གི་བླ་སྲོག

རེབ་ཐོག་མདའ།

གནམ་གྱི་རྒྱལ་མོའི་བཀའ་ལུང་མ་ཡིན་ལ།།
ས་ཆེན་གོ་ལའི་འབྲས་སུ་མ་སྨིན་པས།།
ཀ་ཁ་སུམ་ཅུའི་དབྱངས་རྟ་སྙན་མོ་འདི།།
ང་དང་ཁ་བ་རི་བའི་བླ་སྲོག་ཡིན།།

བཙན་གྱིས་བསླབས་པའི་ཕྱི་སྐད་མ་ཡིན་ལ།།
སྒོར་གྱིས་བླུས་པའི་བྱ་དངོས་མ་ཡིན་པས།།

དེ་ལས་མང་བ་། “བདག་གི་བླ་སྲོག” »

སྙན་ངག

རྔུལ་ཁྲག་གིས་བརླན་པའི་དབྱར་རྩྭ་དགུན་འབུ།

Posted on 2014-08-042014-08-04 By ཁ་བརྡ་ No Comments on རྔུལ་ཁྲག་གིས་བརླན་པའི་དབྱར་རྩྭ་དགུན་འབུ།

རྩོམ་པ་པོ། ཚེ་ལོ་ཐར། ༼བསྟན་འཇམ་གྱིས་འོས་སྦྱོར་བྱས།༽

 

 དང་པོ།

དབྱར་ཟླ་དྲུག་པའི་ཚེས་ཆེན་བཅོ་ལྔའི་ཟླ་བ་ནི་དུང་ལྟར་དཀར་ཞིང་ཉ་ཡོངས་སུ་གང་བས། མི་རྣམས་ཀྱིས་དུང་ཟླ་དཀར་པོ་དང་ཉ་གང་ཟླ་བ་ཞེས་ཆེས་ལེགས་པའི་ཚད་གཞི་རུ་བཤད། ཡིན་ཡང་། དོ་དགོང་གི་ཨ་སྔོན་དབྱིངས་ཀྱི་ཟླ་བ་ནི་སྤྲིན་ནག་ཕོན་པོ་སྤྱང་ཁུ་ལྟ་བུ་ཞིག་གི་མཆེ་བ་གཙིགས་པའི་བར་དུ་ཚུད་འདུག་ལ། མདོག་དང་དབྱིབས་གང་ལ་བལྟས་ཀྱང་སྐྱོ་སྣང་གིས་ཁེངས་པའི་རྒན་པོ་ཞིག་གི་ངོ་གདོང་དང་ཡོངས་སུ་མཚུངས།

མག་མོག་གི་ཟླ་འོད་དང་འདར་སིག་སིག་བྱེད་པའི་སྐར་ཚོགས་ཀྱི་འོག་ཏུ། མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་ཆིལ་ཆིལ་དུ་སྒྲོག་པའི་རླབས་སྒྲ་དང་རླངས་འཁོར་ཆེ་ཆུང་གི་ལྷང་ལྷང་དུ་སྒྲོག་པའི་དུང་བརྡ།

དེ་ལས་མང་བ་། “རྔུལ་ཁྲག་གིས་བརླན་པའི་དབྱར་རྩྭ་དགུན་འབུ།” »

བརྩམས་སྒྲུང་།

དག་སྣང་གི་འོད་གསལ་སྙིང་པོ་རྟ་བདུན་དབང་པོའི་འཕྲོ་འདུ།

Posted on 2014-08-042014-08-04 By ཁ་བརྡ་ No Comments on དག་སྣང་གི་འོད་གསལ་སྙིང་པོ་རྟ་བདུན་དབང་པོའི་འཕྲོ་འདུ།

ཨེ་མ་ཧོ།

ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ།
ཀ་དག་སྤྲོས་པ་བྲལ་བའི་སྟོང་ཆེན་གྱི་ངོ་བོར།།
ཁ་སྦྱོར་ཡོན་ཏན་ལྷུན་གྲུབ་འོད་གསལ་གྱི་རང་བཞིན།།
གང་ཤར་རང་སངས་རྒྱས་པ་ཀུན་ཁྱབ་ཀྱི་རིག་འཛིན།།
ང་རྒྱལ་རྣམ་དག་གཉུག་སེམས་བདེ་གཤེགས་ལ་འདུད་དོ།།
ཅ་ཅོ་འདུ་འཛིས་བདོ་བའི་འཇིག་རྟེན་གྱི་ཁྲོད་ན།།
ཆ་ལུགས་ཆོས་བཞིན་སྤྱོད་པ་ཉི་སྐར་ལས་ཉུང་བས།།

དེ་ལས་མང་བ་། “དག་སྣང་གི་འོད་གསལ་སྙིང་པོ་རྟ་བདུན་དབང་པོའི་འཕྲོ་འདུ།” »

རྩོམ་རིག

“ངོས་”ཀྱི་འཇུག་ཡུལ་ལ་ཅུང་ཙམ་དཔྱད་པ།

Posted on 2014-08-032014-08-03 By ཁ་བརྡ་ 4 Comments on “ངོས་”ཀྱི་འཇུག་ཡུལ་ལ་ཅུང་ཙམ་དཔྱད་པ།

ཤིས་ཚང་ལྗང་མྱུག

རང་རེའི་བོད་ལ་རང་ཉིད་མཚོན་པའི་བརྡ་ལ། བདག་དང་ང་། གུས་པ། ཕྲན་པ། ངེད། རང་ཉིད། ཁོ་བོ་བཅས་རྣམ་གྲངས་མང་ཙམ་ཡོད་པ་ལས་འདིར་སྐབས་དོན་གླེང་བྱར་གྱུར་པའི་ངོས་ཞེས་པའང་དེ་དག་དང་དོན་གཅིག་པར་འཇུག་པའི་བརྡ་ཞིག་ཡིན། དོན་གཅིག་པའི་རྣམ་གྲངས་ཙམ་དུ་ཟད་པའི་བརྡ་འདི་དག་དོན་རང་ཉིད་ལ་འཇུག་པར་ཁྱད་པར་མེད་ཀྱང་། སྐབས་སོ་སོ་སྤྱོད་ཡུལ་ལ་ཁྱད་པར་ཅུང་ཙམ་ཡོད་པར་འདོད་དེ། དཔེར་ན། གུས་པ་དང་ཕྲན་གཉིས་ནི་གཙོ་ཆེར་རང་ལས་ཡུལ་མཐོ་བར་ཅི་ཞིག་ཞུ་སྐབས་རང་ཉིད་དམན་སར་འཛིན་པའི་བརྡ་ཞིག་ཡིན་ལ། གཞན་དུ་ཁེངས་པ་སྐྱུང་བའི་བརྡར་བཞེད་པའང་ཡོད།

དེ་ལས་མང་བ་། ““ངོས་”ཀྱི་འཇུག་ཡུལ་ལ་ཅུང་ཙམ་དཔྱད་པ།” »

དཔྱད་རྩོམ།

ཤི་གསོན་འབྲེལ་ཐག་ཨ་ལད་པད་ཀོ།

Posted on 2014-08-032014-08-03 By ཁ་བརྡ་ 6 Comments on ཤི་གསོན་འབྲེལ་ཐག་ཨ་ལད་པད་ཀོ།

བདེ་པོ་འཚོས་དབྱིན་ཡིག་ལས་བསྒྱུར།

དེང་སྐབས་འཛམ་གླིང་གང་སར་ཆེས་དར་ཁྱབ་ཆེ་ཞིང་གྲོགས་པོ་ཕན་ཚུན་བར་གང་ཅི་ཐད་ ནས་འབྲེལ་ལམ་འཛིན་བདེ་བའི་མྱུར་ཕྲིན་དྲྭ་རྒྱ་དུ་མ་ཡོད་ཀྱང་དེ་དག་ལས་ཤིན་ཏུ་མཁོ་སྤྱོད་ཆེ་བའི་གར་སྟེགས་གཅིག་ནི་གདོང་དེབ་བམ་ངོ་དེབ་ཅེས་པ་འདི་ཉིད་ཡིན་སྟབས། དེ་རིང་ཕྱི་དྲོའི་ཆར་ངས་ཀྱང་ང་རང་ཉིད་ཀྱི་གདོང་དེབ་དྲྭ་སྒོ་ལན་གཅིག་ཕྱེ་མ་ཐག་དྲ་ངོས་སུ་བྱིས་པ་ཆུང་ཆུང་ཞིག་གི་མིག་འབྲས་གཉིས་ཆེ་ཞིང་གསལ་ལ་རྣམ་པར་བཀྲ་བའི་འདྲེན་བྱེད་ཀྱི་གོང་བུ་གཉིས་ཀེམ་ཀེམ་དུ་གཡོ་ཞིང་མཆི་མའི་ཐིགས་ཕྲེང་འགོག་མེད་དུ་བཞུར་བཞིན་པའི་འདྲ་པར་ཞིག་ཡོད་པ་མཐོང་བ་ཙམ་གྱི་མོད།

དེ་ལས་མང་བ་། “ཤི་གསོན་འབྲེལ་ཐག་ཨ་ལད་པད་ཀོ།” »

འགྱུར་རྩོམ།

བོད་ཀྱི་རྒྱན་ཆ་རིག་གནས་ལ་བདག་གཅེས་བྱོས།

Posted on 2014-08-022014-08-02 By ཁ་བརྡ་ 11 Comments on བོད་ཀྱི་རྒྱན་ཆ་རིག་གནས་ལ་བདག་གཅེས་བྱོས།

དྲ་འདྲེ།

མི་ལོ་བརྒྱ་ཕྲག་མང་པོ་རིང་གི་ལོ་རྒྱུས་ཀྱི་སྐས་རིམ་བརྒྱུད་དེ་བོད་པའི་སེམས་ཁམས་ལ་རྐང་ཚུགས་པ་དང་རང་རྐྱ་འཕེར་བ་ཞིག་གྲུབ་ཡོད་པའི་ཕུལ་བྱུང་རྒྱན་ཆའི་རིག་གནས་ཀྱི་རིན་ཐང་། མི་རིགས་ཀྱི་མཛེས་ཆོས་ལྟ་བ། ཡུལ་གོམས་གཤིས་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སོགས་ལ་དྲང་བདེན་གྱིས་ལྟ་བའི་མིག་ཟུང་ལྡོངས་ཤིང་གཞན་ལྟ་མཆོག་འཛིན་གྱི་བསམ་བློ་ཡན་གར་བ་རེ་ཁྱེར་ཏེ། དེང་རབས་ཅན་དུ་འབོད་པའི་གཅེར་གཟུགས་མཛེས་ཆོས་ཀྱི་གད་སྙིགས་རིག་གནས་རིན་ཐང་སྒུམ་པའི་གཡམ་རྒྱུག་པ་ཁ་ཅིག་གིས། གང་དྲན་བྱུང་རྒྱལ་དུ་སྨྲ་བའི་གཏམ་ལ་རྒྱུ་མཚན་སྣ་གཅིག་མ་མཐོང་།

དེ་ལས་མང་བ་། “བོད་ཀྱི་རྒྱན་ཆ་རིག་གནས་ལ་བདག་གཅེས་བྱོས།” »

བགྲོ་གླེང་།

སྲིན་འབུ་མེ་ཁྱེར།

Posted on 2014-08-022014-08-02 By ཁ་བརྡ་ 1 Comment on སྲིན་འབུ་མེ་ཁྱེར།

ཚེ་རིང་།

unnamedཁོའི་སྟེང་ན་ལྷན་སྐྱེས་ཀྱི་འོད་སྣང་ཞིག་ཡོད་ལ
མུན་པ་རུབ་མཚམས་སུ
མཚན་སྨག་དང་འདྲེས་པའི་འོད་ཟེར་ལྗང་སེར་དེ་ནི
ཧ་ཅང་ཡིད་དུ་འོང་བ་ཞིག་ཡིན

འོན་ཀྱང་འོད་སྣང་ཆུང་ཆུང་ཞིག་དང
རབ་རིབ་ཅིག་ལས་མེད་པས
གཞན་གྱི་མུན་པ་སེལ་མི་ནུས་པར་མ་ཟད
ཐ་ན་རང་གི་མདུན་ལམ་ཡང་མཐོང་དཀའ

དེ་ལས་མང་བ་། “སྲིན་འབུ་མེ་ཁྱེར།” »

སྙན་ངག

སྤྱོད་འཇུག་ཆེན་མོ་ལས་རྙེད་པའི་ཚོར་འདུ།

Posted on 2014-08-012014-08-01 By ཁ་བརྡ་ 8 Comments on སྤྱོད་འཇུག་ཆེན་མོ་ལས་རྙེད་པའི་ཚོར་འདུ།

རེབ་ཐོག་མདའ།

སྐྱེ་རྒ་ན་འཆི་འཁོར་བའི་གཤིས་སུ་གྲུབ།།
ལས་དང་ཉོན་མོངས་སྒྱུ་མའི་རང་བཞིན་ཉིད།།
བདེ་སྡུག་ཚོར་བས་གྲུབ་པའི་མྱི་ཚེ་འདི།།
ཞིབ་ཏུ་བསམ་ན་མཚན་གྱི་རྨི་ལམ་བཞིན།།

སྲིད་པའི་འབྱོར་བ་མི་རྟག་གློག་གི་གར།།
འཁོར་བའི་ཕུན་ཚོགས་འདུ་བྱེད་ལས་ཀྱི་འབྲས།།

དེ་ལས་མང་བ་། “སྤྱོད་འཇུག་ཆེན་མོ་ལས་རྙེད་པའི་ཚོར་འདུ།” »

སྙན་ངག

བློ་གྲོས་དང་འདོ་བ་རྐྱང་སྐྱིད་གཡུ་ལོ།

Posted on 2014-08-012014-08-01 By ཁ་བརྡ་ No Comments on བློ་གྲོས་དང་འདོ་བ་རྐྱང་སྐྱིད་གཡུ་ལོ།

ཆབ་མདོ་ངག་ཕུན།

སྔོན་དུ་འགྲོ་བའི་གཏམ།

སྔོན་བྱོན་ལོ་པཎ་བཀའ་དྲིན་ཅན་རྣམས་ཀྱིས་ངལ་བ་བརྒྱ་ཕྲག་གིས་ཆོས་དང་རིག་གཞུང་འཕེལ་རྒྱས་མཛད་ཅིང་། ང་ཚོའི་ལོངས་སུ་སྤྱོད་ཆོག་པའི་ཤེས་རིག་གི་འོད་སྣང་འདི་ཉིད་སྐྲུན་གནང་མཛད་ཡོད་པས། རིག་གཞུང་འདི་ཉིད་ལ་ང་ཚོའི་མི་རབས་གསར་པ་བདག་གཅེས་ཀྱི་མི་ཉམས་གོང་འཕེལ་བྱེད་དགོས་ལ། མི་རིགས་ཤིག་ཡུན་རིང་གནས་མིན་དང་། འཕེལ་རྒྱས་འགྲོ་མིན་ནི་ཤེས་རིག་ལ་ཐུག་ཡོད་ཅིང་། ཤེས་རིག་འཕེལ་རྒྱས་མ་ཕྱིན་ཚེ་མི་རིགས་དེ་ཉིད་དུས་ནམ་ཡང་འཕེལ་རྒྱས་འགྲོ་མི་ཐུབ་པ་དེ་རེད།

དེ་ལས་མང་བ་། “བློ་གྲོས་དང་འདོ་བ་རྐྱང་སྐྱིད་གཡུ་ལོ།” »

བརྩམས་སྒྲུང་།

ཆོས་འཁོར་དུས་དྲན་རབ་གསལ་རྡོ་རྗེ་ཕ་ལམ་གྱི་མེ་ལོང་།

Posted on 2014-08-012014-08-01 By ཁ་བརྡ་ 4 Comments on ཆོས་འཁོར་དུས་དྲན་རབ་གསལ་རྡོ་རྗེ་ཕ་ལམ་གྱི་མེ་ལོང་།

ཨེ་མ་ཧོ།

ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ།
འཛམ་གླིང་མུན་པ་ནག་པོའི་ཀློང་ཀ་ན།།
ཨེ་ཝྃ་འོད་གསལ་སྙིང་པོ་སྟེར་པའི་མགོན།།
མ་འདྲིས་མཛའ་བཤེས་དམ་པ་ཤཱཀྱའི་སྲས།།
ཤེས་རབ་བསྟན་པའི་སྒྲོན་མེ་རྒྱལ་གྱུར་ཅིག།།
བདུད་དང་གདོན་གཟུགས་མུ་སྟེགས་ས་ཆེན་འགེངས།།
ཡང་དག་ལམ་བཟང་མི་ཤེས་དམུས་ལོང་ཚོགས།།

དེ་ལས་མང་བ་། “ཆོས་འཁོར་དུས་དྲན་རབ་གསལ་རྡོ་རྗེ་ཕ་ལམ་གྱི་མེ་ལོང་།” »

སྙན་ངག

གཡུ་བྱུར་གྱི་རྒྱན་ཆ་འདོགས་པ་བོད་ཀྱི་རིག་གཞུང་ཡིན་ན་གླང་གོག་གི་རྭ་ཅོ་ཡང་གླང་གོག་གི་རིག་གཞུང་ཡིན་དགོས།

Posted on 2014-07-312014-07-31 By ཁ་བརྡ་ 29 Comments on གཡུ་བྱུར་གྱི་རྒྱན་ཆ་འདོགས་པ་བོད་ཀྱི་རིག་གཞུང་ཡིན་ན་གླང་གོག་གི་རྭ་ཅོ་ཡང་གླང་གོག་གི་རིག་གཞུང་ཡིན་དགོས།

རྟེན་འབྱུང་།

unnamed-3

གཡུ་བྱུར་གྱི་རྒྱན་ཆ་འདོགས་པ་བོད་ཀྱི་རིག་གཞུང་ཡིན་ན་གླང་གོག་གི་རྭ་ཅོ་ཡང་གླང་གོག་གི་རིག་གཞུང་ཡིན་དགོས།

བོད་མི་རིགས་འདི་ལ་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཡོད་པ་ལྟར། ཐོག་དང་པོ་མི་རིགས་སུ་ཡིན་ཀྱང་དུད་འགྲོའི་སྤྱི་ཚོགས་ནང་བཞིན་འཚོ་བ་བསྐྱེལ་བཞིན་ཡོད། དེ་ནས་རིམ་གྱིས་མིའི་རྣམ་དཔྱོད་མཐོ་བོར་འགྲོ་བ་དང་མཉམ་དུ་འགྲོ་འདུག་སྤྱོད་ལམ་དང་། བཟའ་བཏུང་གཡོ་སྐོལ་སོགས་ཀྱང་ཇེ་ལེགས་སུ་བཏང་ཡོད།

དེ་ལས་མང་བ་། “གཡུ་བྱུར་གྱི་རྒྱན་ཆ་འདོགས་པ་བོད་ཀྱི་རིག་གཞུང་ཡིན་ན་གླང་གོག་གི་རྭ་ཅོ་ཡང་གླང་གོག་གི་རིག་གཞུང་ཡིན་དགོས།” »

བགྲོ་གླེང་།

གསར་འབྱོར་བའི་སྐྱོ་གདུང༌།

Posted on 2014-07-312014-07-31 By ཁ་བརྡ་ 3 Comments on གསར་འབྱོར་བའི་སྐྱོ་གདུང༌།

སྐྱོ་བྲག་དགའ་དབང་།

ཀྱེ་མ། བློ་གྲོས་ཀྱི་མིག་བུ་ཕྲ་མོ་དེས། རང་རེའི་ཐོག་ཏུ་ལྷུང་བའི་རྒྱུ་རྐྱེན་ལ་ལན་གཅིག་ལྟོས་དང༌། འཁྱམས་གྲོགས་ལགས། རང་ཉིད་འཚར་ལོང་བྱུང་བའི་ཕ་ཡུལ་ནི་ཤི་བའི་བེམ་ཤེས་བཞིན་བྲལ། སྙིང་ནས་ཕན་པར་འདོད་པའི་མཛའ་གྲོགས་གཉེན་བཤེས་ནི་མགྲོན་པོའི་ཐབ་རྡོ་བཞིན་ལུས། ཡུན་རིང་གོམས་འདྲིས་བྱུང་བའི་བཟའ་བཏུང་ནི་རི་བོང་གི་རྭ་བཞིན་མེད། སྐད་རིགས་དང་གཤིས་སྤྱོད་མི་གཅིག་པའི་ཡུལ་དུ་ནི་བར་དོའི་རྣམ་ཤེས་བཞིན་བསླེབས། ཐ་ན་ཉིན་རེའི་འཚོ་བ་ཡན་གྱི་དཀའ་ངལ་ནི་སྤྲིན་མེད་ཀྱི་ཐན་པ་བཞིན་འཕྲད། མགོ་སྐོར་དང་བསླུ་བྲིད་བྱེད་མཁན་ནི་ས་གཞིའི་རྡུལ་བཞིན་མང༌།

དེ་ལས་མང་བ་། “གསར་འབྱོར་བའི་སྐྱོ་གདུང༌།” »

སྣ་ཚོགས།

ཟམ་གདོང་རིན་པོ་ཆེ་མཆོག་གི་བདེན་པའི་གསལ་བཤད།

Posted on 2014-07-302014-07-30 By ཁ་བརྡ་ 128 Comments on ཟམ་གདོང་རིན་པོ་ཆེ་མཆོག་གི་བདེན་པའི་གསལ་བཤད།

གློག་བརྙན་།

བོད་ཀྱི་རྒྱན་ཆའི་རིག་གནས་འདོར་མི་རུང་།

Posted on 2014-07-292014-07-29 By ཁ་བརྡ་ 22 Comments on བོད་ཀྱི་རྒྱན་ཆའི་རིག་གནས་འདོར་མི་རུང་།

དྲ་འདྲེ།

མི་ལོ་སྟོང་ཕྲག་མང་པོའི་རིང་གི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། སྒྱུ་རྩལ། འཚོ་བ་སྐྱེལ་སྟངས་དང་ཆོས་ལུགས་དད་མོས། རང་བྱུང་ཁོར་ཡུག་སོགས་ལོ་རྒྱུས་ཀྱི་འཕོ་འགྱུར་དང་འགྱུར་ལྡོག་ཁྲོད། མི་རིགས་རེ་ལ་རང་གི་ཐུན་མོང་མ་ཡིན་པའི་འགྲོ་འདུག་སྤྱོད་གསུམ་དང་། ཟས་གོས་གནས་མལ། གླུ་ལེན་གར་རྩེན་སོགས་ཀྱི་ཁྱད་ཆོས་གཞན་དང་མི་འདྲ་བ་རེ་གྲུབ་ཡོད་པ་ལྟར། བོད་མི་རིགས་ལའང་དེ་བཞིན་རང་གི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་ཡོད།

དེ་ལས་མང་བ་། “བོད་ཀྱི་རྒྱན་ཆའི་རིག་གནས་འདོར་མི་རུང་།” »

བགྲོ་གླེང་།

དོ་ནུབ་ཆར་རྒྱུན་དང་འགྲོགས་དུས།

Posted on 2014-07-292014-07-29 By ཁ་བརྡ་ 2 Comments on དོ་ནུབ་ཆར་རྒྱུན་དང་འགྲོགས་དུས།

རས་པ།

གྲོགས་པོ་ཚོས་ནམ་རྒྱུན་བཤད་རྒྱུར
ཡང་གནམ་རྒན་མ་ངུས་སོང་ཟེར
གྲོགས་པོ་ཚོས་ནམ་རྒྱུན་བཤད་རྒྱུར
ལམ་འགྲམ་ཀུན་ཏུ་འདམ་སྙིགས་ཀྱིས་བཀང་འདུག་ཟེར

བདེན་དེ འཇིག་རྟེན་གྱི་སྙིགས་རོ་ཡལ་འགྲོ་དུས
སྐྱོ་གདུང་གི་སྣང་བ་ཅིས་ཀྱང་དགོས་པ་འདྲ

དེ་ལས་མང་བ་། “དོ་ནུབ་ཆར་རྒྱུན་དང་འགྲོགས་དུས།” »

སྙན་ངག

ཞབས་བརྟན་གསོལ་སྨོན་དཔག་བསམ་ལྗོན་བཟང་།

Posted on 2014-07-292014-07-29 By ཁ་བརྡ་ 6 Comments on ཞབས་བརྟན་གསོལ་སྨོན་དཔག་བསམ་ལྗོན་བཟང་།

ཨེ་མ་ཧོ།

གྲུབ་དབང་པདྨ་ནོར་བུའི་ཡང་སྲིད་རིན་པོ་ཆེའི་ཞབས་བརྟན་གསོལ་སྨོན་དཔག་བསམ་ལྗོན་བཟང་ཞེས་བྱ་བ་བཞུགས་སོ།།

ན་མོ་མ་ཧཱ་གུ་རུ་པདྨ་མ་ཎི་ཡེ།
ཆོས་དབྱིངས་རབ་འབྱམས་ཀློང་ཡངས་རིག་གཏེར་ལས།།
ལོངས་སྤྱོད་རྫོགས་སྐུ་བཅོམ་ལྡན་རྣམ་སྣང་མཛད།།
སྤྲུལ་པའི་སྐུ་མཆོག་དགའ་རབ་རྡོ་རྗེ་ནས།།
རྩ་བརྒྱུད་བླ་མའི་ཚོགས་ཀྱིས་ཤིས་པར་སྩོལ།།

དེ་ལས་མང་བ་། “ཞབས་བརྟན་གསོལ་སྨོན་དཔག་བསམ་ལྗོན་བཟང་།” »

རྩོམ་རིག

མཆིན་པའི་གཉན་ཚད།

Posted on 2014-07-282014-07-28 By ཁ་བརྡ་ No Comments on མཆིན་པའི་གཉན་ཚད།

འོས་སྦྱོར་བ། འབྲོང་ངུར་བསྟན་འཛིན་ལམ་བཟང་།

མཆིན་པའི་གཉན་ཚད།

མི་ཞིག་ལ་མཚོན་ན་གཟུགས་གཞིའི་བདེ་ཐང་ནི་ཧ་ཅང་གལ་གནད་ཆེ་ཞིང་། ལྷག་པར་གཞོན་དུས་ནས་གཟུགས་པོའི་འཕྲོད་བསྟེན་ཡག་པོ་བྱ་རྒྱུ་དེ་བས་ཀྱང་གལ་ཆེན་པོ་ཡིན། དེ་ལྟར་ཡོང་བ་ལ་ནད་སྔོན་འགོག་བྱ་ཚུལ་དང་ཟས་སྤྱོད་བསྟེན་ཚུལ་རྣམས་ཤེས་དགོས་པ་གལ་ཆེ་བས་འདིར་འཛམ་གླིང་ནང་ཁྱབ་གདལ་ཆེ་བའི་མཆིན་པའི་གཉན་ཚད་སྐོར་ལ་བོད་ལུགས་འཚོ་བྱེད་སྨན་པ་དང་ཕྱི་ལུགས་ཀྱི་སྨན་པའི་ཤོད་ཚུལ་ལས་བཏུས་ཏེ། འཛམ་གླིང་མཆིན་པའི་གཉན་ཚད་ཀྱི་ཉིན་མོར་རྩོམ་ཡིག་འདི་སྤེལ་བ་ཡིན།

དེ་ལས་མང་བ་། “མཆིན་པའི་གཉན་ཚད།” »

གསོ་རིག

སྲིད་སྐྱོང་བློ་བཟང་སེང་གེ་ལ་ཡོངས་བསྒྲགས་བསྐུར་ཡིག་ཕུལ་བ།

Posted on 2014-07-28 By ཁ་བརྡ་ 50 Comments on སྲིད་སྐྱོང་བློ་བཟང་སེང་གེ་ལ་ཡོངས་བསྒྲགས་བསྐུར་ཡིག་ཕུལ་བ།

ནིའུ་ཡོག་དུས་བབ་ཀྱི་རྩོམ་ཡིག་དང་འབྲེལ་ནས་སྲིད་སྐྱོང་བློ་བཟང་སེང་གེ་ལ་གུས་ཞབས་དང་བཅས་ཡོངས་བསྒྲགས་བསྐུར་ཡིག་ཕུལ་བ།

༄༅།།བརྩེ་བའི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ལ།

གུས་ཞུ།

བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ནི་ ༢༠༡༤ ལོའི་ཕྱི་ཟླ་ ༧ ཚེས་ ༡༩ ཉིན་གྱི་ནིའུ་ཡོག་དུས་བབ་(New York Times)སྟེང་འཁོད་པའི་སྐུ་ཉིད་ཀྱི་ལོ་རྒྱུས་རིང་པོ་དེ་[1]མཐོང་ནས་དགའ་བོ་བྱུང་།  འཁྲུག་ཆ་ཅན་གྱི་བོད་ཀྱི་དམངས་གཙོ་ནི་མི་དམངས་ཀྱིས་རང་གིས་བདམས་པའི་འཐུས་ཚབ་རྣམས་ལ་དྲི་བ་གཏོང་བ་ལ་རག་ལས་པ་ཞིག་ཡིན་པ་ཁྱེད་ནས་མོས་མཐུན་བྱེད་རྒྱུ་ཡིན་པ་དེ་དོགས་པ་མེད་པ་ཞིག་རེད། དེར་བརྟེན་ང་ཚོས་གུས་ཞབས་དང་བཅས་གོང་གསལ་རྩོམ་ཡིག་ཏུ་འཁོད་པ་ལ་གཞི་འཛིན་གྱིས་དྲི་བ་བཞི་ཁྱེད་ལ་ཕུལ་ཡོད།

དེ་ལས་མང་བ་། “སྲིད་སྐྱོང་བློ་བཟང་སེང་གེ་ལ་ཡོངས་བསྒྲགས་བསྐུར་ཡིག་ཕུལ་བ།” »

འཕྲིན་ཡིག

༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་འཆར་གྱི་གསལ་བསྒྲགས།

Posted on 2014-07-282014-07-28 By ཁ་བརྡ་ 7 Comments on ༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་འཆར་གྱི་གསལ་བསྒྲགས།

ཡོང་ཁུངས། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ

DSC_0001.4

༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་སྐོར་གསར་འགོད་ལྷན་ཚོགས་གནང་བ།

ཕྱི་ལོ་༢༠༡༤ ཟླ་༧ ཚེས་༢༨ ཉིན་གྱི་སྔ་དྲོ་ཆུ་ཚོད་༡༠ ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་ཕྱི་ལོ་༢༠༡༥ ལོར་སྤྱི་ནོར༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ཕེབས་པ་དང་སྟབས་བསྟུན།

དེ་ལས་མང་བ་། “༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་འཆར་གྱི་གསལ་བསྒྲགས།” »

གསལ་བསྒྲགས།

རྟ་ཉོས་ན་སྒ་དགོས་དོན།

Posted on 2014-07-272014-07-27 By ཁ་བརྡ་ No Comments on རྟ་ཉོས་ན་སྒ་དགོས་དོན།
ཁྲོ་གཏུམ།

ཕུ་ཐུང་ནང་ལ་སྲབ་ཀྱི་ལྗིད་ཁོག་བཅུག་དོན

རྟ་ཉོ་བའི་དུས་རབས་ཀྱི་སྤང་རྩྭ་རྨུག་པས་གཏུབ་པར
ངའི་ཡ་ཆུང་གི་འགྲན་རྩོད་ལས་ཚོར་རླུང་ལྡིང་ཚད་ཅིག་གིས
བཀྲ་ཤིས་པའི་ཤོག་བུའི་རླུང་རྟ
སྐད་མཐོན་པོའི་ཀི་ཀི་སོ་སོའི་ལྷ་རྒྱལ་འཐེན་སྟངས་ཤིག་ལས
ངས་་་  རྟ་མཆོག་དབུགས་ཐོག་ཡིན་པའི་གནས་ལུགས་བཅོམ་འདུག

དེ་ལས་མང་བ་། “རྟ་ཉོས་ན་སྒ་དགོས་དོན།” »

སྙན་ངག

Posts pagination

Previous 1 … 84 85 86 … 423 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (28)
  • ན་ཟུག (9)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme