Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ནུ་མོར་སྤྲིངས་པའི་སེམས།

Posted on 2014-10-122014-10-12 By ཁ་བརྡ་ 1 Comment on ནུ་མོར་སྤྲིངས་པའི་སེམས།

སྲས།

unnamed-3རེ་ཡུལ་ཁ་པར་འཕྲུལ་གྱི་བྱ་མ་རྟས།།
སིལ་སིལ་སྙན་པའི་གདངས་ཀྱིས་རྒྱང་ནས་འབོད།།
དྲོད་འཁྱིལ་གཞིས་ནས་སླེབས་པའི་གསུང་འཕྲིན་ཞིག།
ཤག་ཤག་ཆུ་མོའི་ཟོལ་གྱིས་སེམས་ལ་བཞུར།།

ཡབ་ཡུམ་བརྩེ་བ་སྣུམ་པོའི་ཉེ་ངོགས་སུ།།
སུམ་ཐབ་གྲོགས་སུ་བདམས་པའི་སྲིང་ཆུང་མ།།

དེ་ལས་མང་བ་། “ནུ་མོར་སྤྲིངས་པའི་སེམས།” »

སྙན་ངག

སྤེལ་ལྗམ་དུ་རང་ལུས་མེར་བསྲེགས།

Posted on 2014-10-122014-10-12 By ཁ་བརྡ་ 1 Comment on སྤེལ་ལྗམ་དུ་རང་ལུས་མེར་བསྲེགས།

གསང་གྲོལ།

 
ཕྱི་ཟླ་བཅུ་བའི་ཚེས་གསུམ་སྟེ་རེས་གཟའ་པ་སངས་ཉིན། སྤེལ་ལྗམ་རྒྱལ་ས་སྤར་སིལ་གྱི་གྲོང་ཁྱེར་དཀྱིལ་དུ་སྐྱབས་བཅོལ་ཡིག་ཆ་མ་རག་པའི་མི་གྲངས་ ༣༠༠ ཡིས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་བརྩམས་ཡོད་འདུག་ལ། སྐབས་དེར་རྒྱལ་ཁོངས་lebanon ལིས་བྷ་ནོང་ནས་ཡིན་པའི་ཕོ་གསར་ཞིག་གིས་རང་ཉིད་ཀྱི་མགོ་ལ་ས་སྣུམ་བླུགས་ཏེ་མེར་སྒྲོན་ཡོད་འདུག ཉེ་འཁོར་ཀྱི་ལམ་འགྲོ་བ་དང་ལས་འགུལ་བ་ཚོས་ལམ་སེང་ཁོང་གི་ལུས་སྟེང་གི་མེ་བསད་ཡོད་འདུག་མོད། ཁོང་གི་མགོ་དང་ལག་ཟུང་ཚབས་ཆེན་འཚིགས་ཡོད་པས་ད་ལྟ་དམག་མིའི་སྨན་ཁང་ཞིག་ཏུ་ཛ་དྲག་སྨན་བཅོས་གནང་བཞིན་ཡོད་འདུག

དེ་ལས་མང་བ་། “སྤེལ་ལྗམ་དུ་རང་ལུས་མེར་བསྲེགས།” »

གསར་འགྱུར།

དེ་རིང་ཨ་རིའི་དོན་ཁང་ནང་༧གོང་ས་མཆོག་གི་སྐུ་པར་བཀལ་འདུག

Posted on 2014-10-122014-10-12 By ཁ་བརྡ་ 140 Comments on དེ་རིང་ཨ་རིའི་དོན་ཁང་ནང་༧གོང་ས་མཆོག་གི་སྐུ་པར་བཀལ་འདུག

ཤར་ཕྱོགས་ཁུག་རྟ།

 
ཉེ་སྔོན་སྤྱི་ཚོགས་དང་གྲོས་ཚོགས་ནང་གླེང་སློང་ཤུགས་ཆེན་བྱུང་བའི་གནད་དོན་ཞིག་ནི། ཨ་རིའི་དོན་ཁང་གིས་༸གོང་ས་སྐྱབས་མགོན་ཆེན་པོའི་སྐུ་པར་སྒྲིག་བཤམས་ཞུ་ཕྱོགས་སྐོར་ཡིན་པ་ལྟར། དེའི་ཐད་སྲིད་སྐྱོང་ནས་གྲོས་ཚོགས་ནང་ལན་གསལ་ཐེབས་མེད་ཁར། ཞེ་ས་མ་ཞུས་ན་དོན་གཅོད་སྤྱན་བསལ་དབུ་དཀར་ཚང་སྐལ་རྡོར་ནས་གྱ་ཚོམ་གྱིས་བྱས་པ་ཡིན་སྐོར་གསུང་དགོས་ཐུག་ཡོད།
སྐུ་པར་སྒྲིག་བཤམས་ཀྱི་རྣམ་འགྱུར་འདི་ནི་གནད་དོན་ཆུང་ཙག་ཅིག་གཏན་ནས་མིན་སྟེ། འདིས་ནི་གལ་སྲིད་བོད་མི་ཕྱེད་ཀ་དག་གིས་བཙན་བྱོལ་སྒྲིག་འཛུགས་ཀྱི་དབང་ལུང་ཁྱབ་བསྒྱུར་བྱས་པ་ཡིན་ན།

དེ་ལས་མང་བ་། “དེ་རིང་ཨ་རིའི་དོན་ཁང་ནང་༧གོང་ས་མཆོག་གི་སྐུ་པར་བཀལ་འདུག” »

བསམ་ཚུལ།

ཕ་རྗེ་བཙུན་གཡག་རྭས་བུ་རྗེ་བཙུན་མཆོག་རབ་ལ་སྤྲིངས་པའི་འཕྲིན།

Posted on 2014-10-112014-10-11 By ཁ་བརྡ་ 8 Comments on ཕ་རྗེ་བཙུན་གཡག་རྭས་བུ་རྗེ་བཙུན་མཆོག་རབ་ལ་སྤྲིངས་པའི་འཕྲིན།

རྗེ་བཙུན་གཡག་རྭ། ༼ཨོ་སི་ཁྲི་ལི་ཡ།༽

unnamed༡༽ རྗེ་བཙུན་བླ་མ་མཆོག་གསུམ་སྣང་བའི་དཔལ།།
བསྟན་འཛིན་རྒྱ་མཚོའི་སྡེ་ལ་ཕྱག་འཚལ་ལོ།།
མཆོག་རབ་མིང་གིས་མཛེས་པའི་སྙིང་གི་བུ།།
ཨ་ཕའི་སེམས་ཀྱི་སྙིང་གཏམ་འདི་ལ་ཉོན།།

༢༽ ཁྱོད་ཀྱི་ཨ་མ་རྗེ་བཙུན་དཔལ་སྒྲོན་དང་།།
ཨ་ཕ་ང་ནི་རྗེ་བཙུན་གཡག་རྭ་ཡིན།།
བུ་ཆུང་ཁྱོད་ནི་རྗེ་བཙུན་མཆོག་རབ་རེད།།
ཁྱི་ཆུང་མིང་ལ་རྗེ་བཙུན་ཆེབ་ཧྥུར་འབོད།།

དེ་ལས་མང་བ་། “ཕ་རྗེ་བཙུན་གཡག་རྭས་བུ་རྗེ་བཙུན་མཆོག་རབ་ལ་སྤྲིངས་པའི་འཕྲིན།” »

སྙན་ངག

མི་ཚེ་ཡིད་བཞིན་ནོར་བུ་ཡིན།

Posted on 2014-10-112014-10-11 By ཁ་བརྡ་ No Comments on མི་ཚེ་ཡིད་བཞིན་ནོར་བུ་ཡིན།

ཨེ་མ་ཧོ།

ན་མོ་གུ་རུ་རཏྣ་ཡེ།
མི་ཚེ་ཡིད་བཞིན་ནོར་བུ་ཡིན།།
སྙིང་པོ་དམ་པའི་གྲུ་ཆུང་འདི།།
དལ་བརྒྱད་འབྱོར་བཅུ་ངོས་ཟིན་ན།།
སངས་རྒྱས་ཐོབ་པའི་སྒྱུ་འཕྲུལ་ཡིན།།
མི་ཚེ་དཔག་བསམ་སྡོང་པོ་ཡིན།།
གང་འདོད་འབྱུང་བའི་རྟེན་འབྲེལ་འདི།།

དེ་ལས་མང་བ་། “མི་ཚེ་ཡིད་བཞིན་ནོར་བུ་ཡིན།” »

སྙན་ངག

ཁ་ཆེའི་བུ་མོ་མ་ལ་ལ་ལ་ཡི་རང་ཞི་བདེའི་ཕོ་ཉ་ཞེས་བྱ་བ།

Posted on 2014-10-112014-10-11 By ཁ་བརྡ་ 2 Comments on ཁ་ཆེའི་བུ་མོ་མ་ལ་ལ་ལ་ཡི་རང་ཞི་བདེའི་ཕོ་ཉ་ཞེས་བྱ་བ།

ཨེ་མ་ཧོ།

unnamed-1ཨ་ལ་ལ་ཧོ་བུ་མོ་ཆུང་ཆུང་།།
ཧ་ཅང་བཟང་པོའི་ལས་ལ་ཡི་རང་།།
ས་སྟེང་མི་ལུས་ཐོབ་པའི་དོན་འབྲས།།
ཤ་ཞེན་སློབ་སྦྱོང་སྐུལ་མཛད་རྒྱལ་ལོ།།
ལ་རྒྱའི་ཞི་བདེ་འདྲ་མཉམ་ལྟ་བ།།
ར་རུ་འི་སྡུག་པའི་ཁ་ཆེའི་སྡོམ་པ།།
ཡ་རབས་བཟང་ཕྱོགས་ཤིང་རྟ་གསར་པ།།
འ་ཅག་མི་རིགས་ཀུན་ལ་མཁོའོ།།

དེ་ལས་མང་བ་། “ཁ་ཆེའི་བུ་མོ་མ་ལ་ལ་ལ་ཡི་རང་ཞི་བདེའི་ཕོ་ཉ་ཞེས་བྱ་བ།” »

སྙན་ངག

ཞི་བདེའི་རྒྱ་མཚོའི་འགྲམ་གྱི་སྙན་ངག

Posted on 2014-10-112014-10-11 By ཁ་བརྡ་ 3 Comments on ཞི་བདེའི་རྒྱ་མཚོའི་འགྲམ་གྱི་སྙན་ངག

བྱ་མདོ་སྐལ་རྒྱམ།

unnamedདེ་རིང་ཡང
ང་རླུང་གིས་དེད་དེ་ཁྱོད་ཀྱི་འགྲམ་དུ་སླེབས་ཡོད
ཁྱོད་དང་གྱེས་ནས་མི་ལོ་དུ་མ་ཞིག་འདས་ཀྱང
དེ་རིང་སླར་ཡང་མཐོང་དུས
ཁྱོད་ལ་ད་དུང་འགྱུར་བ་ཅི་ཡང་མེད་པར
ཧ་ཅང་བརྟན་བརླིང་གིས་འཁྱིལ་འདུག
འགྱུར་བ་མེད་པའི་ཁྱོད་ཀྱི་རང་གཤིས་འདིས

དེ་ལས་མང་བ་། “ཞི་བདེའི་རྒྱ་མཚོའི་འགྲམ་གྱི་སྙན་ངག” »

སྙན་ངག

གླུ་བ་རིག་དགའི་དོན་རྐྱེན་ཐད་ཀྱི་གསལ་བཤད།

Posted on 2014-10-112014-10-11 By ཁ་བརྡ་ 28 Comments on གླུ་བ་རིག་དགའི་དོན་རྐྱེན་ཐད་ཀྱི་གསལ་བཤད།

ཁྱུང་སེ།

དང་ཐོག་གླུ་བ་རིག་དགའི་དོན་རྐྱེན་བཤད་དགོས་དོན་ནི་གཅིག་ནས་གུས་པ་རང་ཉིད་དེ་དགོང་གནས་དེར་ཡོད་པས་དོན་རྐྱེན་གྱི་ཐོག་མཐའ་བར་གསུམ་མཐོང་ཐོས་བྱུང་བས་དྲྭ་གྲོགས་མང་པོས་དྲྭ་ལམ་དང་འཕྲིན་ལམ་ཁ་པར་བརྒྱུད་ནས་དེ་དོན་འདྲི་མཁན་མང་བས་དེང་སྐབས་ལས་དོན་གྱིས་བྲེལ་བས་རེ་རེ་བཞིན་ལན་འབུལ་མ་ཐུབ་བས་དྲི་ལན་གྱི་དོད་དུ་དང་། གཉིས་ནས་ཉེ་ཆར་དྲྭ་ལམ་ཁག་ཏུ་འཁྱོག་བཤད་དང་འཆལ་གཏམ་མང་པོ་སྤེལ་ཞིང་དོན་དངོས་ལས་ལྡོག་པའི་གནས་ཚུལ་གླེང་བཞིན་པ་དེ་ལ་གསལ་བཤད་ཀྱི་ཚུལ་དུ་བྲིས་པ་ལགས།

དེ་ལས་མང་བ་། “གླུ་བ་རིག་དགའི་དོན་རྐྱེན་ཐད་ཀྱི་གསལ་བཤད།” »

སྣ་ཚོགས།

སྐུ་ངོ་རྒྱལ་ལོ་དོན་གྲུབ་ཀྱི་གསུང་བཤད་ལས་འཕྲོས་པའི་མྱོང་བ་དང་མཐའ་དཔྱོད།

Posted on 2014-10-102014-10-10 By ཁ་བརྡ་ 24 Comments on སྐུ་ངོ་རྒྱལ་ལོ་དོན་གྲུབ་ཀྱི་གསུང་བཤད་ལས་འཕྲོས་པའི་མྱོང་བ་དང་མཐའ་དཔྱོད།

ཨ་ནུ་ཐང་བསོད་ནམས།

གསུང་བཤད་དེའི་འགོ་ནས་འཇུག་བར་དུ་ཡག་པོ་ཞིག་ཉན་པ་ཡིན་ཞིང་དེའི་ནང་དུ་འགོག་ཏུ་མེད་པའི་དྲི་བ་ཁག་ཅིག་སླེབས་སོང་། སྔོན་མ་ཏིང་གིས་སྐུ་ངོ་རྒྱལ་དོན་ལ་འབྲེལ་བ་གནང་ནས་རང་བཙན་མ་རྩད་ན་སྐད་ཆ་གང་ཞིག་ཡིན་ཡང་བཤད་ཅེས་ཐུགས་ཁ་བསྒྱུར་ནས་གཡོ་ཇུས་བཀྲམས་པ་བཞིན། དེ་ཐེངས་ཀྱང་ཞིས་ཅིན་ཕིན་གྱི་སྲིད་གཞུང་གིས་ཀྱང་སྔོན་ལྟར་སྐུ་ངོ་རྒྱལ་དོན་གྱི་ཐུགས་མོས་ཡོད་མེད་ལ་མ་ལྟོས་པར་ཨུ་ཚུགས་ཀྱིས་འབྲེལ་བ་གནང་ཞིང་། བློ་འགུག་ཡག་པོ་ཡོང་ཆེད་དུ་ཞིས་ཀྱི་ཡབ་དང་ཁོང་ཚོའི་འབྲེལ་བ་ཡག་ཚུལ་སོགས་ཀྱི་ཁྱིམ་ཚང་གི་འབྲེལ་བ་དང་། ཞིས་ནི་སྲིད་འཛིན་གསར་བ་ཡིན་པས་གྲོས་མོལ་ཡོད་ཚུལ་སོགས་བརྗོད་ནས་རེ་བ་གསར་བ་ཞིག་སྤྲད་ཅིང་འགུག་ཐབས་བྱེད་ཀྱིན་ཡོད་པ་གསལ་བོ་རེད།

དེ་ལས་མང་བ་། “སྐུ་ངོ་རྒྱལ་ལོ་དོན་གྲུབ་ཀྱི་གསུང་བཤད་ལས་འཕྲོས་པའི་མྱོང་བ་དང་མཐའ་དཔྱོད།” »

དཔྱད་རྩོམ།

གླུ་བ་རིག་དགའ་ལ་སེམས་གསོ་ནོར་བུ་བསམ་འཕེལ།

Posted on 2014-10-102014-10-10 By ཁ་བརྡ་ 5 Comments on གླུ་བ་རིག་དགའ་ལ་སེམས་གསོ་ནོར་བུ་བསམ་འཕེལ།

ཨེ་མ་ཧོ།

 
སྙན་འཇེབས་མགུར་གླུ་དགའ་བའི་གླིང་གི་བུ།།
བདུད་ཡུལ་མུན་པའི་རླུང་གིས་མ་གནོད་པར།།
རིག་འཛིན་དགའ་བའི་ཟློ་གར་ཡང་ཡང་དུ།།
གསེར་ལྡན་ཕྱུག་མོའི་དཔལ་དུ་མཛེས་པར་སྨོན།།

གངས་རིར་ཁྲག་གིས་བཀབ་པས་མནོལ་སྒྲིབ་ཀྱིས།།
གངས་སེང་གཡུ་རལ་གཅིན་འདམ་ཁྲོད་དུ་གཟེད།།

དེ་ལས་མང་བ་། “གླུ་བ་རིག་དགའ་ལ་སེམས་གསོ་ནོར་བུ་བསམ་འཕེལ།” »

སྙན་ངག

ཕོ་རྒོད་རིག་དགའ།

Posted on 2014-10-102014-10-10 By ཁ་བརྡ་ 8 Comments on ཕོ་རྒོད་རིག་དགའ།

རྭ གངས། (བསྟན་འཇམ་གྱིས་འོས་སྦྱོར་བྱས།)
——-ནམ་ཡང་ཁྱེད་རང་ལ་རྒྱབ་སྐྱོར་ཡོད།

 
འཛམ་གླིང་ས་མཐོའི་རྒྱལ་ཁབ་བོད་ཡུལ་གྱི།།
མདོ་སྨད་གསེར་མོ་ལྗོངས་ཀྱི་ཞིང་ཁམས་སུ།།
མཚན་དཔེའི་མེ་ཏོག་བཞད་པའི་ཕོ་རྒོད་ཅིག།
རིགས་ཞེན་གླུ་བ་རིག་དགའ་ཨེ་མ་རྨད།།

སྐུ་གཟུགས་མཛེས་པས་མོ་བརྒྱའི་ཡིད་སེམས་ཕྲོགས།།
སྐད་ངག་སྙན་པ་ཁུ་བྱུག་སྔོན་མོའི་ཟླ།།

དེ་ལས་མང་བ་། “ཕོ་རྒོད་རིག་དགའ།” »

སྙན་ངག

སྲིད་སྐྱོང་དང་ཤེས་རིག་བཀའ་བློན་རྣམ་གཉིས་ཀྱི་གསུང་བཤད།

Posted on 2014-10-092014-10-09 By ཁ་བརྡ་ No Comments on སྲིད་སྐྱོང་དང་ཤེས་རིག་བཀའ་བློན་རྣམ་གཉིས་ཀྱི་གསུང་བཤད།

བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ནས་དྲངས།
 

སྲིད་སྐྱོང་མཆོག་དང་ཤེས་རིག་བཀའ་བློན་མཆོག་ཀ་སྦུག་གཏན་སློབ་དབུ་བརྙེས་ནས་ལོ་ངོ་༥༠ འཁོར་བའི་མཛད་སྒོར་ལྷན་ཞུགས་གནང་བ།

འདི་གའི་ཆེད་གཉེར་གསར་འགོད་པ་རྣམ་རྒྱལ་ཚེ་དབང་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་༢༠༡༤ ཟླ་༡༠ ཚེས་༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་དང་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་རྣམ་གཉིས་ཀ་སྦུག་གཏན་སློབ་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་མཛད་སྒོར་ལྷན་ཞུགས་ཀྱིས་གསུང་བཤད་གནང་འདུག

དེ་ལས་མང་བ་། “སྲིད་སྐྱོང་དང་ཤེས་རིག་བཀའ་བློན་རྣམ་གཉིས་ཀྱི་གསུང་བཤད།” »

གསར་འགྱུར།

ཉི་འོག་གི་ངྷ་ས།

Posted on 2014-10-092014-10-09 By ཁ་བརྡ་ No Comments on ཉི་འོག་གི་ངྷ་ས།

མོ་རྡེའུ།

 
དེ་རིང་གི་ཉི་འོག་ཏུ་འགྱིང་བའི་ངྷ་ས
ངའི་པར་ཆས་ཀྱི་མཆུ་ལམ་ནས་དྲུད་ཡོང་བའི་ཁྱོིད་ཀྱི་ཕྱི་གཟུགས་གསོན་པོ
མགོ་གངས་དང་བར་ནགས
འདབས་སྤང་གིས་རྒྱན་པའི་ཡུལ་སྲོལ་ཞིག་གི་ཁྱད་ཆོས་ཁྱོད་ལ་མངའ
ཁྱོད་རང་ཐོག་མར་ངོ་ཤེས་བྱེདམཁན་དེས
ཁྱོད་ཀྱི་ཟུང་བཅུད་ཞིམ་པ་འོ་མ་ལ་བསྡུར་མྱོང་འདུག

དེ་ལས་མང་བ་། “ཉི་འོག་གི་ངྷ་ས།” »

སྙན་ངག

མི་རིགས་ཤིག་ཉམས་རྒུད་དུ་འགྲོ་བའི་དུས་སྐབས།

Posted on 2014-10-092014-10-09 By ཁ་བརྡ་ 17 Comments on མི་རིགས་ཤིག་ཉམས་རྒུད་དུ་འགྲོ་བའི་དུས་སྐབས།

རྡོ་རྗེ་རིན་ཆེན།

གཅིག

མི་རིགས་ཤིག་ཉམས་རྒུད་དུ་འགྲོ་བའི་དུས་སྐབས་སུ། སྐུ་དྲག་ཚོས་རྒྱལ་ཁབ་བཙོང་ཞིང་། ཆབ་སྲིད་པ་ཚོས་མི་རིགས་བཙོང་། ཤེས་ཡོན་པ་ཚོས་རིག་གནས་བཙོང་བ་རེད། ཐ་ན། མི་མང་དཀྱུས་མ་ཚོས་ཀྱང་རང་གི་ཡབ་མེས་ཀྱི་ཤུལ་བཞག་རྣམས་གང་ཐུབ་ཅི་ཐུབ་ཀྱིས་བཙོང་ངེས། འདི་ལྟ་བུའི་རྣམ་པ་ལ། དུས་རྒྱུན”རྒྱལ་ཁབ་ཞི་འགྲིག་དང་། མི་རིགས་མཉམ་གནས། རིག་གནས་སྒྲོག་སྤེལ”ཞེས་འབོད་དོ།།

 

གཉིས།

འཛམ་གླིང་གི་མི་རིགས་དང་རིག་གནས་གང་དང་གང་ཡིན་ཡང་། ཡོད་ཚད་པོ་འདི་ལྟར་རང་སྟེང་ནས་ཉམས་རྒུད་དུ་འགྲོ་བ་ལས།

དེ་ལས་མང་བ་། “མི་རིགས་ཤིག་ཉམས་རྒུད་དུ་འགྲོ་བའི་དུས་སྐབས།” »

རྩོམ་རིག

བོད་པའི་སྤྲུལ་སྐུ་ཞིག་ལ་ཨི་བྷོ་ལ་ནད་ཡམས་འགོས་འདུག་ཟེར།

Posted on 2014-10-092014-10-09 By ཁ་བརྡ་ 3 Comments on བོད་པའི་སྤྲུལ་སྐུ་ཞིག་ལ་ཨི་བྷོ་ལ་ནད་ཡམས་འགོས་འདུག་ཟེར།

ཡོང་ཁུངས། བོད་ཀྱི་དུས་བབ། བོད་པའི་སྤྲུལ་སྐུ་ཞིག་གི་ཡང་སྲིད་ལ་ངོས་འཛིན་བྱས་ཡོད་པའི་ཨ་རིའི་དཔར་པ་ཞིག་ལ་ཨི་བྷོ་ལ་ནད་ཡམས་འགོས་ཡོད་སྟབས་ད་ལྟ་ཨ་རིར་སྨན་བཅོས་བྱེད་བཞིན་ཡོད་འདུག ཟླ་འདིའི་ཚེས་༦ ཉིན་ཨ་རིའི་ཆེད་གཏོང་གནམ་གྲུས་ཨ་ཧྥི་རི་ཀའི་ནུབ་ཕྱོགས་ནས་ཨ་རིའི་མི་སེར་ལ་ཨི་བྷོ་ལ་ནད་ཡམས་ཕོག་ཡོད་མཁན་གྱི་ནད་པ་ལྔ་པ་དེ་ཨ་རིའི་ནང་སྨན་བཅོས་བྱེད་དུ་འཁྲིད་ཡོང་ཡོད་འདུག དབྱིན་ཡིག་གི་གསར་ལམ་ཁག་ནང་གནས་ཚུལ་བཀོད་པ་ལྟར་ན། ཐེངས་འདིར་ཨ་རིའི་མི་སེར་ཡིན་པའི་ཨི་བྷོ་ལ་ནད་ཡམས་ཕོག་མཁན་ལྔ་པ་དེ་ནི། གནས་ཚུལ་རྒྱས་པ་འདི་ནས་གཟིགས། http://www.tibettimes.net/news.php?showfooter=1&id=9390

གསར་འགྱུར།

བྱིས་དེབ་ཀློག་མཁན་དང་འབྲི་མཁན་མང་ན་ལེགས།

Posted on 2014-10-092014-10-09 By ཁ་བརྡ་ 1 Comment on བྱིས་དེབ་ཀློག་མཁན་དང་འབྲི་མཁན་མང་ན་ལེགས།

རྔ་རྒོད།

 
དེ་རིང་གི་གླེང་གཞི་ནི་གཙོ་བོ་ནི་བོད་ཀྱི་བྱིས་པའི་བློ་ངོར་འབབ་འོས་པའི་རི་མོའི་སྒྱུ་རྩལ་དང་དེ་དང་མཉམ་པོར་བྱིས་སྒྲུང་གི་བརྗོད་བྱ་གང་དེས་ང་ཚོའི་བྱིས་པ་ཚོའི་ཡིད་དབང་དེ་འགུག་ཐུབ་མིན་གྱི་བརྩམས་ཆོས་གང་དེའི་སྐོར་ཡིན། འདི་སྐོར་ལ་བོད་ཀྱི་ལྷ་བཟོ་མཁས་པ་ཚོའི་ངག་རྒྱུན་དུ་”མཁས་པས་རི་མོ་དེའི་སྤུས་ཀ་དང་ཚགས་ལ་བལྟ་ཞིང་། བླུན་པོས་རི་མོའི་ཆེ་ཆུང་དང་མཚོན་མདོག་ལ་བལྟ་ཟེར་བ་དང་། བྱིས་པས་བྱེའུ་རི་དྭགས་སོགས་ཀྱི་རི་མོ་ལ་བལྟའོ”།། ཞེས་པའི་ཚིག་རྐང་ཐ་མ་འདི་སྐབས་བབས་ཀྱི་བརྗོད་བྱ་འདི་དང་འབྲེལ་བ་ཧ་ཅང་ཆེའོ།། འོན་ཀྱང་འདིར་ང་ཚོས་བྱིས་སྒྲུང་སྙན་མོ་འདྲ་ཞིག་བོད་ཡིག་གི་སྟེང་དུ་འབྲི་བ་ནི་ལས་སླ་བོ་ཞིག་གཏན་ནས་མ་རེད།

དེ་ལས་མང་བ་། “བྱིས་དེབ་ཀློག་མཁན་དང་འབྲི་མཁན་མང་ན་ལེགས།” »

སྣ་ཚོགས།

ཨེ་མ་ཧོའི་ཟློས་གར་སྒྱུ་མའི་རོལ་མོ།

Posted on 2014-10-082014-10-08 By ཁ་བརྡ་ No Comments on ཨེ་མ་ཧོའི་ཟློས་གར་སྒྱུ་མའི་རོལ་མོ།

ཨེ་མ་ཧོ།

 
ན་མོ་གུ་རུ་པདྨ་བཛྲ་ཡེ།
གཉུག་མའི་ཡེ་ཤེས་བླ་མ་པདྨ་སྐྱེས།།
ལྷན་སྐྱེས་འཇམ་དཔལ་གཞོན་ནུ་རྡོ་རྗེའི་སྐུ།།
ངེས་གསང་སྙིང་ཏིག་རིག་པའི་རོལ་རྩེད་ལས།།
འཁོར་འདས་སྒྱུ་འཕྲུལ་ཟློས་གར་ཨེ་མ་ཧོ།།
རྨི་ལམ་འོད་གསལ་ཕྱག་རྒྱའི་སྤྲོ་བསྡུ་ལས།།
རིག་འཛིན་མཁའ་འགྲོ་བྱེ་བའི་ཚོགས་གྲལ་ཉུལ།།

དེ་ལས་མང་བ་། “ཨེ་མ་ཧོའི་ཟློས་གར་སྒྱུ་མའི་རོལ་མོ།” »

སྙན་ངག

ཉི་མ་དམར་བོའི་སྙན་ངག

Posted on 2014-10-082014-10-08 By ཁ་བརྡ་ No Comments on ཉི་མ་དམར་བོའི་སྙན་ངག

བྱ་མདོ་སྐལ་རྒྱམ།

 
ནམ་རྒྱུན་ཉི་མ་ནུབ་ཁའི་དམར་མདངས་དེ
ངའི་སྒེའུ་ཁུང་གི་ཤེལ་ངོས་སུ་ཕོག་ཐེངས་རེ་རེར
ངས་ནགས་ཚལ་ཁྲོད་ལྷུང་བཞིན་པའི་ཉི་མ
རྟག་ཏུ་རྒྱང་སྐྱེལ་བྱེད་ཀྱིན་ཡོད
འདི་ནི་མི་ལོ་དུ་མ་ཞིག་གི
ངའི་འཚོ་བའི་མྱོང་གོམས་གལ་ཆེན་ཞིག་ཡིན་ལ
སྙན་ངག་ལྟ་བུའི་སྙན་ངག་འདི་དག་གི་བཞུར་སའང་ཡིན

དེ་ལས་མང་བ་། “ཉི་མ་དམར་བོའི་སྙན་ངག” »

སྙན་ངག

རྒྱལ་སྤྱིའི་རྩོམ་པ་པོའི་ཚོགས་ཆེན་ཐོག་བོད་ཀྱི་སྐོར་ལ་གྲོས་ཆོད་བཞག་པ།

Posted on 2014-10-082014-10-08 By ཁ་བརྡ་ 1 Comment on རྒྱལ་སྤྱིའི་རྩོམ་པ་པོའི་ཚོགས་ཆེན་ཐོག་བོད་ཀྱི་སྐོར་ལ་གྲོས་ཆོད་བཞག་པ།

བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཡིག་ཚང་།

རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་(PEN International)ཀྱི་ཚོགས་ཆེན་ཐེངས་བརྒྱད་ཅུ་པ་དེ་ཕྱི་ལོ་༢༠༡༤ ཟླ་༩ ཚེས་༢༩ ནས་ཟླ་༡༠ པའི་ཚེས་༢ བར་ཉིན་བཞིའི་རིང་ཁིར་གྷི་སི་ཐན་རྒྱལ་ཁབ་(Kyrgyzstan) ཀྱི་རྒྱལ་ས་བྷི་ཤཱི་ཀེག(Bishkek) ཏུ་འཚོགས་ཡོད་པ་དང་། སྐབས་དེར་རྒྱལ་སྤྱིའི་པེན་གྱི་ཡན་ལག་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་སྤྲོ་ཚིགས་ཆོས་གྲགས་དང་། དྲུང་ཆེ་གཡུ་སྒང་འོད་ཟེར། ཤེེས་ཡོན་འགན་འཛིན་སྨན་ཤེར་བློ་གྲོས་བཅས་མཉམ་ཞུགས་དང་འབྲེལ། བོད་ནང་གི་སྨྲ་བརྗོད་རང་དབང་དང་བཙོན་འོག་གི་རྩོམ་པ་པོའི་སྐོར། བོད་ཀྱི་སྐད་ཡིག་གི་གནས་སྟངས་སྐོར་བཅས་གླེང་སློང་དང་།

དེ་ལས་མང་བ་། “རྒྱལ་སྤྱིའི་རྩོམ་པ་པོའི་ཚོགས་ཆེན་ཐོག་བོད་ཀྱི་སྐོར་ལ་གྲོས་ཆོད་བཞག་པ།” »

གསར་འགྱུར།

ཝེལ་སིའི་རྒྱུག་རྩེད་ཁྲོད་ཀྱི་སེང་དར།

Posted on 2014-10-082014-10-08 By ཁ་བརྡ་ 8 Comments on ཝེལ་སིའི་རྒྱུག་རྩེད་ཁྲོད་ཀྱི་སེང་དར།

ཐེ་བོ་སངས་རྒྱས།

 
unnamed-2ད་ལོའི་ཕྱི་ཟླ་དགུ་བའི་ཚེས་ལྔ་ཉིན་དབྱིན་ཡུལ་གྱི་ཝེལ་སིའི་རྒྱལ་ས་ཁར་སྒྲི་ཧྥུ་Wales Cardiff, རུ་སྐད་གྲགས་ཡོད་པའི་ལོ་རེའི་རྒྱུག་རྩེད་འགྲན་ཚོགས་ཆེན་མོ་Cardiff Half Marathon:་ཞེས་པ་དེ་བསྡུས། དེར་འཛམ་གླིང་གི་ལུས་རྩལ་བ་མིང་གྲགས་ཅན་མང་དག་ཅིག་གིས་སྣེ་ཁྲིད་པའི་རྩེད་འགྲན་པ་ཉིས་ཁྲི་ཆིག་སྟོང་ཙམ་ཞུགས་ཡོད་པ་དང་། རྩེད་མོ་བ་རྣམས་ཉིན་དེའི་ཞོགས་པ་ཆུ་ཚོད་དགུ་བའི་ཐོག་འགོ་བརྩམས་ཏེ་ལོ་རྒྱུས་ལྡན་པའི་གྲོང་དང་། གྲོང་ཁྱེར་གྱི་ཁང་བརྩེགས།

དེ་ལས་མང་བ་། “ཝེལ་སིའི་རྒྱུག་རྩེད་ཁྲོད་ཀྱི་སེང་དར།” »

གསར་འགྱུར།

Posts pagination

Previous 1 … 72 73 74 … 423 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (26)
  • ན་ཟུག (9)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme