Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དམར་པོ་རི་ལ་བཅར་འདྲི།

Posted on 2014-10-232014-10-23 By ཁ་བརྡ་ No Comments on དམར་པོ་རི་ལ་བཅར་འདྲི།

ཁྲོ་གཏུམ།

 
ཕོ་བྲང་གི་མཚན་མིང་རྣམ་གྲངས། རྩེ་པོ་ཏ་ལ། རྩེ་ཕོ་བྲང༌། ཕོ་བྲང་པོ་ཏ་ལ། ཕོ་བྲང་དམར་པོ། རི་བོ་གྲུ་འཛིན། དམར་པོ་རི།

དུས་རབས་ཀྱི་ངོ་གདོང་ནས་བརྡ་འཕྲིན་གྱི་གོམ་འགྲོས་ཧ་ཅང་མྱུར་བའི་དེང་རབས་ཅན་ནས། འཇིག་རྟེན་གྱི་འབར་གས་ཆེན་མོའི་སྒྲ་ལས་ཀྱང་རྣ་བར་གཟན་པའི་འཕྲུལ་སྒྲས་ང་ཚོ་གཉིད་དུ་མ་བཅུག་པའི་སྔ་ཕྱི་བར་གསུམ་དང་། རི་བོ་ཕྲེལ་ཉལ་ཞིག་གིས་འཁུར་བའི་རྩེ་ཕོ་བྲང་པོ་ཏ་ལའི་རྔམ་བརྗིད་ཀྱིས་ཡར་ཀླུང་ཤོག་ཁག་བཅུ་གཉིས་དང༌། བོད་ཀྱི་རྒྱལ་ཕྲན་མཐའ་དག

དེ་ལས་མང་བ་། “དམར་པོ་རི་ལ་བཅར་འདྲི།” »

རྩོམ་རིག

སྟོང་བསམ་དང་འཆར་སྣང་།

Posted on 2014-10-232014-10-23 By ཁ་བརྡ་ 6 Comments on སྟོང་བསམ་དང་འཆར་སྣང་།

བདེ་པོ་འཚོ།

 
སྤྲིན་ནག་ལྷོག་ལྷོག་ཏུ་འཁྲུགས་ཤིང་།
ཆར་བ་ཤག་ཤག་ཏུ་བབས་བྱུང་།
འབྲུག་སྒྲ་ལྡིར་ལྡིར་དུ་གྲག་དུས།
ཡུན་རིང་ལ་རྨོངས་གཉིད་དུ་ཤོར་བའི་ང་ནི།
ད་ལྟ་གཞི་ནས་རིག་པ་གསལ་བ་དང་མཚུངས་ཏེ།
སྒེའུ་ཁུང་ལས་ལྡིང་བའི་རླུང་བའི་རེག་བྱ།
གྲང་བསིལ་བསིལ་གྱིས་ངའི་ངོ་གདོང་དུ་འཕྱོ་བ་ཡང་ད་གཟོད་ཚོར།

དེ་ལས་མང་བ་། “སྟོང་བསམ་དང་འཆར་སྣང་།” »

སྙན་ངག

གཟའ་མཇུག་གི་ལྗོངས་རྒྱུ

Posted on 2014-10-232014-10-23 By ཁ་བརྡ་ No Comments on གཟའ་མཇུག་གི་ལྗོངས་རྒྱུ

རྔ་བ་བརྒྱད་གསུམ་གཅིག་དྲུག

 
དྲང་མོར་བཤད་ན། བྱིས་དུས་ཀྱི་འཚོ་བ་དེ་རིང་བརྗོད་ན་འོལ་ཚོད་ཙམ་ལས་དངོས་ཐོག་ཏུ་འབབ་མི་ཐུབ་པས། ད་ལྟ་ཕ་ཡུལ་ལ་ཕྱིར་འདང་རེ་བརྒྱབས་ན་མག་མོག་ཙམ་ཞིག་ལས་གསལ་ཐང་ཐང་ཞིག་བཤད་ཚོད་དཀའ། ཡིན་ཡང་། དེ་རིང་གཟའ་མཇུག་བེད་སྤྱོད་བྱས་ནས་རི་བོ་ཧི་མ་ལ་ཡའི་རི་རྒྱུད་དུ་གྲགས་པའི་རི་བོ་མཐོན་པོ་རྡོ་ལྷའི་སྒང་དུ་གྲོགས་ཁ་ཤས་དང་མཉམ་དུ་སྤྲོ་བསང་ལ་ཆས་པ་ཡིན།
རི་བོ་འདིའི་སྟེང་དུ་ཐོན་མ་ཐག་ངའི་མིག་མདུན་དུ་མངོན་པ་ནི་རྩྭ་མགོར་ཟིལ་བའི་བཟུང་སྟེ་ལུས་སེམས་ལ་འཕྲོད་པའི་བསིལ་རླུང་དྭངས་མོའི་རྒྱུ་ཕྱོགས་དལ་གྱིས་ལྡང་ཞིང་སྙན་འཇེབས་ལྡན་པའི་ཕུ་ཆུ་དག་གི་གླུ་སྐད་གཅིག་རྗེས་གཉིས་མཐུད་ཀྱིས་སྙེག་བཞིན་འདུག་ལ།

དེ་ལས་མང་བ་། “གཟའ་མཇུག་གི་ལྗོངས་རྒྱུ” »

རྩོམ་རིག

གྲོས་མོལ་ལ་འདོད་བློ་མ་ཁེངས་པར་མུ་མཐུད་ངོ་རྒོལ།

Posted on 2014-10-222014-10-22 By ཁ་བརྡ་ No Comments on གྲོས་མོལ་ལ་འདོད་བློ་མ་ཁེངས་པར་མུ་མཐུད་ངོ་རྒོལ།

ཡོང་ཁུངས། བོད་ཀྱི་དུས་བབ།

 
ཁ་སང་དགོང་མོར་ཧོང་ཀོང་གཞུང་དང་སློབ་ཕྲུག་མཐུན་ཚོགས་ཀྱི་འཐུས་མིའི་བར་གྲོས་མོལ་ཐེངས་དང་པོ་བྱས་ཡོད་ཀྱང་། ཞི་རྒོལ་བའི་འདོད་བློ་མ་ཁེངས་པར་མུ་མཐུད་ངོ་རྒོལ་བྱེད་བཞིན་ཡོད་འདུག

ཁ་སང་དགོང་མོར་ཧོང་ཀོང་ཧང་ཀྲུའུ་ཁུན་གསོ་རིག་སློབ་ཁང་དུ། ཧོང་ཀོང་སྲིད་དོན་ལྷན་ཁང་གི་འགན་འཛིན་ལིན་ཀྲིན་ཡེ་ཨི་(Lín zhèngyuè é)སོགས་གཞུང་གི་འཐུས་མི་༥ དང་། སློབ་ཕྲུག་མཐུན་ཚོགས་ཀྱི་འཐུས་མི་༥ བཅས་མཉམ་འཛོམས་ཀྱིས་ཆུ་ཚོད་༢ རིང་གྲོས་མོལ་དང་། བརྙན་རིས་བརྒྱུད་མི་མང་འདུ་འཛོམས་སར་གྲོས་མོལ་གྱི་ལས་རིམ་ཐད་གཏོང་བྱས་ཡོད་པ་དང་།

དེ་ལས་མང་བ་། “གྲོས་མོལ་ལ་འདོད་བློ་མ་ཁེངས་པར་མུ་མཐུད་ངོ་རྒོལ།” »

གསར་འགྱུར།

ཁྱེད་ཀྱི་སེམས་པ།

Posted on 2014-10-222014-10-22 By ཁ་བརྡ་ No Comments on ཁྱེད་ཀྱི་སེམས་པ།

དྲེད་པོ་ཧོར།

 
གལ་ལྟེ་ཁྱེད་ཀྱི་སེམས་པ་དེ།
སྒམ་ཆུང་ཞིག་ཡིན་པའི་དབང་དུ་བཏང་ན།
ང་ཆུད་སའི་ཁོད་རྒྱ་མེད་ཀྱང་གནས་ལུགས་ཡོད་དེ།
ཅ་དངོས་གཞན་དག་གིས་གང་ཚར་ཡོད་ཤག་རེད།
____རེད་དེ་གཟུགས་མེད་སེམས་ཀྱི་སྒྲོམ་བུ་ནི།
དེ་ལྟར་ཆུང་ཆུང་ཞིག་ཨེ་ཡིན་ནམ།

དེ་ལས་མང་བ་། “ཁྱེད་ཀྱི་སེམས་པ།” »

སྙན་ངག

བྱེད་ལས་མ་འོངས་པ།

Posted on 2014-10-212014-10-21 By ཁ་བརྡ་ 8 Comments on བྱེད་ལས་མ་འོངས་པ།

ཨ་ར་དཀར་པོ།

 
སྤྱིར་བྱ་བའི་ཚིག་ལ་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་མ་འབྲེལ་དབང་གིས་བྱེད་འབྲེལ་ལས་ཚིག་དང་བྱེད་མེད་ལས་ཚིག་གཉིས་དང་། བྱེད་འབྲེལ་ལས་ཚིག་ལའང་ལྟོས་ས་ལྟོས་འཇོག་གི་སྒོ་ནས་བྱ་ལས་བྱེད་ལས་གཉིས་སུ་ཕྱེས་ཡོད་པའི་བྱེད་ལས་ལྟ་བུར་མཚོན་ན། ཚིག་གྲོགས་ཀྱི་དབང་གིས་དུས་གསུམ་ག་ལ་འཇུག་པ་ཡོད་ཁར་གཞན་བྱ་ལས་དང་བསྡུར་ན་བྱེད་ལས་ཉིད་འཇུག་པ་ཁྱབ་ཆེ་བའང་ཡིན་པ་སྔོན་བྱོན་མཁས་པའི་གསུང་རབ་ཚད་ལྡན་དག་ལས་ཤེས་ནུས་མོད། འོན་ཀྱང་སྔོན་གྱི་བརྡ་སྤྲོད་འགྲེལ་བ་ལ་ལར་བྱ་ལས་མ་འོངས་པ་དང་བྱེད་ལས་ད་ལྟ་བར་གསུངས་པའི་བསྟན་དོན་ཅི་ཡིན་མང་པོ་ཞིག་གིས་

དེ་ལས་མང་བ་། “བྱེད་ལས་མ་འོངས་པ།” »

བགྲོ་གླེང་།

སྲིད་སྐྱོང་ལ་སྡང་སེམས་མ་གནང་། གྲོས་ཚོགས་ལ་ཕྱོགས་ལྷུང་མ་ཟེར།

Posted on 2014-10-212014-10-21 By ཁ་བརྡ་ 21 Comments on སྲིད་སྐྱོང་ལ་སྡང་སེམས་མ་གནང་། གྲོས་ཚོགས་ལ་ཕྱོགས་ལྷུང་མ་ཟེར།

རྔ་བ་བརྒྱད་གསུམ་གཅིག་དྲུག

 
སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཚོགས་ཐེངས་དགུ་བའི་གཏམ་གླེང་ཞིག་དང་འབྲེལ་ནས་མི་རེ་ཟུང་གིས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་གནས་ལུགས་དང་རྒྱུ་མཚན་ཡོད་མེད་ལ་མ་ལྟོས་པར་མཛུབ་མོ་འཛུགས་ཀྱིན་འདུག ལྷག་པར་དུ་སྲིད་སྐྱོང་མཆོག་གིས་ཕྱག་ལས་གང་གནང་ཚང་མར་མ་འགྲིག་མ་བཟང་སོགས་ཁ་ཆག་སྣ་རལ་རྐྱང་རྐྱང་གླེང་སློང་བྱེད་བསྡད་མཁན་སྐོར་ཞིག་ག་དུས་ཡིན་ཡང་མདུན་ལ་འཐོན་གྱིན་འདུག
མ་གཞི་ངས་ཡང་སྲིད་སྐྱོང་མཆོག་གི་ཕྱག་ལས་གནང་སྟངས་ཚང་མ་འགྲིག་འདུག་ཁོང་ལ་སྐྱོན་བརྗོད་བྱས་ན་ཆོག་གི་མེད་ཅེས་བཤད་ཀྱི་མེད་ལ་བཤད་ནའང་མ་འགྲིག་པ་རེད།

དེ་ལས་མང་བ་། “སྲིད་སྐྱོང་ལ་སྡང་སེམས་མ་གནང་། གྲོས་ཚོགས་ལ་ཕྱོགས་ལྷུང་མ་ཟེར།” »

བསམ་ཚུལ།

ཕན་ནུས་ཤིག་འདོན་པ། (སྒྲུང་ཐུང་།)

Posted on 2014-10-212014-10-21 By ཁ་བརྡ་ No Comments on ཕན་ནུས་ཤིག་འདོན་པ། (སྒྲུང་ཐུང་།)

ཐེ་བོ་སངས་རྒྱས་ཀྱིས་བོད་བསྒྱུར་བྱས།

 
སྔོན་དུས་མཁས་པ་ཞིག་མཚོ་འགྲམ་དུ་བསྐྱོད་ཅིང་རྩོམ་ཡིག་འབྲི་བར་བྱེད། ལས་ཀ་མགོ་མ་བཙུགས་གོང་ཁོ་མཚོ་བརྒྱུད་དུ་འཁྱམས་འཁྱམས་འགྲོ་བའི་གོམས་གཤིས་ཤིག་འཇགས་ཡོད། ཉིན་ཞིག་ཁོ་རྒྱ་མཚོ་དང་ས་གཞི་དབྱེ་མཚམས་བརྒྱུད་དེ་སྐྱོད་བཞིན་པའི་སྐབས། ཁོས་མཐོང་རྒྱང་གི་མཚོ་འགྲམ་དུ་བལྟས་ཙ་ན། མི་ཞིག་གི་གཟུགས་དབྱིབས་ཞབས་བྲོ་འཁྲབ་པ་ལྟར་འགུལ་སྐྱོད་བྱེད་ཀྱིན་པ་མཐོང་། ཁོ་རང་ཁོང་དགོད་ཅིག་ཤོར་ཏེ། སུ་ཞིག་གིས་ཉིན་མོ་འདི་ལ་ཞབས་བྲོ་འཁྲབ་ཀྱིན་ཡོད་དམ་སྙམ། དེར་བརྟེན་ཁོའི་གོམ་སྟབས་ཇེ་མགྱོགས་ཀྱིས་མདུན་སྐྱོད་བྱས། ཐག་ཉེར་སླེབས་དུས་དེ་ནི་ཕོ་གསར་ཞིག་ཡིན་འདུག་ལ།

དེ་ལས་མང་བ་། “ཕན་ནུས་ཤིག་འདོན་པ། (སྒྲུང་ཐུང་།)” »

འགྱུར་རྩོམ།

ཞོགས་པའི་ལྷིང་འཇགས་ཁྲོད།

Posted on 2014-10-212014-10-21 By ཁ་བརྡ་ No Comments on ཞོགས་པའི་ལྷིང་འཇགས་ཁྲོད།

རྒྱང་མིག
images-2ཁུ་སིམ་པའི་ཞོགས་པ་དེར
“ལོས་ཡུས་ས་”མཚོ་ངོགས་སུ་འགྲེང་ནས
ཕྱོགས་མཐའ་ཀུན་ལ་རྒྱང་ལྟ་བྱས
སྐབས་དེར་
ནམ་མཁར་སྤྲིན་ཚོགས་བྱེའུ་མགོ་ཙམ་ཡང་མེད
ཁོར་ཡུག་ཀུན་ཉི་ཞགས་ཀྱིས་དམ་དུ་འཁྱུད
ཡུལ་ལྗོངས་རྣམས་ཧ་ཅང་ཉམས་དགའ
ལྷིང་འཇགས་ཆེ སོས་བག་དལ

དེ་ལས་མང་བ་། “ཞོགས་པའི་ལྷིང་འཇགས་ཁྲོད།” »

སྙན་ངག

ཁྱེད་ལ་སྒུག་ཡོད།

Posted on 2014-10-212014-10-21 By ཁ་བརྡ་ No Comments on ཁྱེད་ལ་སྒུག་ཡོད།

ཐང . བདེ་མོ།

 
སྙིང་ཆུང་ལུ་གུའི་རྩེད་རོགས།།
ང་དང་ཟླ་བ་ལྷ་མོར།།
བར་ཆད་གཏོང་གི་མ་འདུག །
ཚིག་གཅིག་བཤད་འཕྲོ་ལྷག་ཡོད།།

འཕྲད་ཡོང་བསམ་པ་མ་གཏོགས།།
མཐོང་ལམ་མུན་པས་གཡོགས་སོང་།།

དེ་ལས་མང་བ་། “ཁྱེད་ལ་སྒུག་ཡོད།” »

སྙན་ངག

རྒན་པད་མ་འབུམ་གྱིས་རྩོམ་རིག་གླེང་བ།

Posted on 2014-10-202014-10-21 By ཁ་བརྡ་ 6 Comments on རྒན་པད་མ་འབུམ་གྱིས་རྩོམ་རིག་གླེང་བ།

གློག་བརྙན་།

རྟེན་འབྱུང་ལྟ་བའི་མགུར་གླུ

Posted on 2014-10-202014-10-20 By ཁ་བརྡ་ 19 Comments on རྟེན་འབྱུང་ལྟ་བའི་མགུར་གླུ

རྟེན་འབྱུང་།

 
རྟེན་འབྱུང་གནས་ལུགས་མངོན་དུ་གྱུར་བ་ཡིས།།
རྟེན་འབྱུང་བསྟན་པའི་ཆོས་ཕུང་མཐའ་ཡས་པ།།
རྟེན་འབྱུང་ཆོས་འཁོར་གསུམ་དུ་སྟོན་མཁས་པའི།།
རྟེན་འབྱུང་སྟོན་པ་ཐུབ་པའི་དབང་བོར་འདུད།།

ལྟ་བ་རྟེན་འབྱུང་མཚན་སྙན་ཆེ་མོད་ཀྱང་།།
དཔྱད་པ་ཕྲ་མོས་བརྟག་དཔྱད་མ་གནང་ན།།

དེ་ལས་མང་བ་། “རྟེན་འབྱུང་ལྟ་བའི་མགུར་གླུ” »

སྙན་ངག

ཕ་ཡུལ་གྱི་མྱི་དག་ལ་སྨྲས་པ།

Posted on 2014-10-202014-10-20 By ཁ་བརྡ་ 2 Comments on ཕ་ཡུལ་གྱི་མྱི་དག་ལ་སྨྲས་པ།

རེབ་ཐོག་མདའ།

 
རྒྱུས་མེད་མྱི་དག་འདུ་བའི་རང་ཡུལ་གྱི་གྲུ་ན།།
དམ་ཆོས་བདུད་རྩི་འབབ་པའི་རྟེན་འབྲེལ་ལ་གཞིགས་ན།།
ལས་འབྲས་མིག་ལྟར་སྲུང་བའི་ཆོས་ལྡན་གྱི་བོད་པ།།
བླ་མར་དད་འདུན་ཟབ་པའི་ངང་ཚུལ་ཞིག་མཆིས་ཀྱང་།།

གསེར་ཁྲི་མཐོན་པོར་བཞུགས་པའི་བླ་མ་ཡི་གསུང་ན།།
འདི་ཕྱིའི་ཚེ་ལ་ཕན་པའི་གདམས་ངག་ཅིག་མཆིས་ཀྱང་།།

དེ་ལས་མང་བ་། “ཕ་ཡུལ་གྱི་མྱི་དག་ལ་སྨྲས་པ།” »

སྙན་ངག

དྲན།

Posted on 2014-10-202014-10-20 By ཁ་བརྡ་ No Comments on དྲན།

རེབ་ཐོག་མདའ།

 
གཙང་བོའི་བཞུར་རྒྱུན་ལ་འདྲེས་པའི་ཆུ་ཐིགས་ཏེ།།
ཆར་ཆའི་ངོ་གདོང་ལ་བཞད་པའི་མེ་ཏོག་སྟེ།།
སེམས་པ་རྨས་མ་འདིར་བཞག་པའི་རྨ་ཁ་ཡིན།།
རི་བོ་ཕ་རོལ་གྱི་རྨི་ལམ་རབ་རིབ་ཡིན།།

ལྗང་མདོག་སྤང་ཁུགས་ན་སྙན་པའི་རྫི་གླུ་དེ།།
རྫ་མཐོ་ཉག་ཁ་ན་མཆེད་པའི་བྲག་ཆ་དེ།།

དེ་ལས་མང་བ་། “དྲན།” »

སྙན་ངག

གནས་ཚང་མེད་པ་ཤེས་ཡོད།

Posted on 2014-10-202014-10-20 By ཁ་བརྡ་ No Comments on གནས་ཚང་མེད་པ་ཤེས་ཡོད།

གངས་རིའི་ཉི་མ། ཨེ་མི་ཏྲི་གཙུག་ལག་སློབ་ཆེན།(Amity University)

 
སྟོན་མཇུག་གི་གུང་གསེང་སླེབས་བྱུང་།
རྒྱ་གར་གྱི་སློབ་གྲོགས་ཚོ་རང་ཁྱིམ་དུ་ལོག
སྤང་ཐང་དང་ལྗོན་ཤིང་གསེབ་ན་འགྱིངས་བའི་ཨེ་མི་ཏྲི་གཙུག་ལག་སློབ་ཆེན་ང་དང་མཉམ་ཁེར་རྐྱང་དུ་ལྷག
ལྷིང་འཇགས་དང་དལ་རླུང་བསིལ་པོ་དེ།
ངེད་གཉིས་ཀྱི་འདུག་རོགས་ཡིན་ནམ།

དེ་ལས་མང་བ་། “གནས་ཚང་མེད་པ་ཤེས་ཡོད།” »

སྙན་ངག

༼བོད་ཀྱི་དུས་བབ་༽དར་རྒྱས།

Posted on 2014-10-192014-10-19 By ཁ་བརྡ་ 27 Comments on ༼བོད་ཀྱི་དུས་བབ་༽དར་རྒྱས།

ཚེ་རིང་རྣམ་རྒྱལ།

 
unnamedང་ནམ་རྒྱུན་གསར་འགྱུར་ལ་དགའ་མོས་ཡོད་མཁན་ཞིག་ཡིན། ལྷག་པར་དུ་ཆབ་སྲིད་ཐོག་དོ་སྣང་ཡོད་མཁན་ཞིག་ཡིན། དུས་ཚོད་ནམ་བྱུང་ལ་རང་གི་དགའ་ཕྱོགས་ལྟར་བོད་ཀྱི་དུས་བབ་གཙོ་བོ་བྱས་ཏེ་གསར་འགྱུར་བརྒྱུད་ལམ་ཆེ་ཁག་ལ་སྐོར་ཉུལ་རེ་བྱས་རྗེས། ཁ་བརྡ་དང་གྲགས་ཆེ་བའི་མི་སྒེར་གྱི་ཟིན་བྲིས་ཁག དེ་བཞིན་ངོ་དེབ་སོགས་སྤྱི་ཚོགས་གནས་འཕྲིན་དག་ལ་ཡང་ཁྱུག་ལྟ་རེ་བྱེད་ཀྱིན་ཡོད་པ་བཞིན།

དེ་ལས་མང་བ་། “༼བོད་ཀྱི་དུས་བབ་༽དར་རྒྱས།” »

རྩོམ་རིག

མིང་གི་ཆག་སྒོ་གཞན་ཁག་གླེང་བ།

Posted on 2014-10-192014-10-19 By ཁ་བརྡ་ 5 Comments on མིང་གི་ཆག་སྒོ་གཞན་ཁག་གླེང་བ།

རྡོ་རྗེ་རིན་ཆེན།

དེང་སྐབས་བོད་ཕྱི་ནང་གཉིས་ཀྱི་བོད་ཡིག་གི་དྲ་ཚིགས་ཁྱོན་བསྡོམས་ཉིས་བརྒྱ་ལྷག་བརྒལ་བར་ངོས་འཛིན་ཞིང་། དེ་ལྟར་དྲ་རྒྱའི་བརྒྱུད་ལམ་ཡར་རྒྱས་སུ་ཕྱིན་པ་དང་དུས་མཚུངས་མིང་གི་ཆག་སྒོ་སྣ་ཚོགས་ཤིག རང་རེའི་བོད་ཀྱི་སྤྱི་ཚོགས་སུ་ཡང་བྱུང་དང་འབྱུང་བཞིན་པ་ནི། དངོས་མིང་དང་སྙུག་མིང་འདྲ་བ་དང་། དངོས་མིང་དང་སྙུག་མིང་ལ་སིམ་འཛུལ་བྱེད་པ། གང་ཟག་གཅིག་གིས་མིང་རྫུན་དང་སྙུག་མིང་ཅི་རིགས་སྤྱོད་པ་བཅས་སོ། །
 

གཅིག སྙུག་མིང་འདྲ་བའི་ནོར་འཛོལ།

སྙུག་མིང་འདྲ་བའི་ནོར་འཛོལ་འདི་བོད་གཞིས་བྱེས་གཉིས་ཀྱི་སྙུག་ཐོགས་པའི་སྡེ་རུ་བྱུང་མྱོང་ཡོད་ཅིང་།

དེ་ལས་མང་བ་། “མིང་གི་ཆག་སྒོ་གཞན་ཁག་གླེང་བ།” »

སྣ་ཚོགས།

༼བོད་ཀྱི་དུས་བབ་༽ཉམས་རྒུད།

Posted on 2014-10-192014-10-19 By ཁ་བརྡ་ 23 Comments on ༼བོད་ཀྱི་དུས་བབ་༽ཉམས་རྒུད།

downloadདུང་ཟླ་སྒོར་མོ།

 

བོད་ཀྱི་དུས་བབ་ནི་དམངས་གཙོ་ཚགས་པར་གྱི་རྗེས་མཐུད་པ་ཞིག་རེད། དུས་ཡུན་གང་འཚམ་གྱི་རིང་ལ། དེའི་རྣམ་པ་དང་ཁྱད་ཆོས་དང་ལྡན་པའང་བྱུང་ཡོད། ཀློག་མཁན་མང་པོར་ཡང་དམངས་གཙོ་ཚགས་པར་ཀློག་གིན་ཡོད་པའི་ཚོར་སྣང་སྤྲད་ཡོད། ཡིན་ནའང་། དེ་ནི་བསྐལ་པ་བཟལ་པོའི་སྐབས་ཀྱི་གནས་སྟངས་རེད། རིམ་པས་བོད་ཀྱི་དུས་བབ་ཀྱི་རིན་ཐང་ཉམས་མགོ་ཚུགས་ཡོད། ཉམས་རྒུད་དེ་ནི། གཙོ་བོ་ཚིག་སྦྱོར་དང་དག་ཆའི་སྟེང་ནས་སླེབས་ཡོད།

དེ་ལས་མང་བ་། “༼བོད་ཀྱི་དུས་བབ་༽ཉམས་རྒུད།” »

དྲན་ཐོ།

ཧོང་ཀོང་དམངས་གཙོ་ལས་འགུལ་གྱི་རླབས་རྒྱུན།

Posted on 2014-10-192014-10-19 By ཁ་བརྡ་ 1 Comment on ཧོང་ཀོང་དམངས་གཙོ་ལས་འགུལ་གྱི་རླབས་རྒྱུན།

དེ་ལས་མང་བ་། “ཧོང་ཀོང་དམངས་གཙོ་ལས་འགུལ་གྱི་རླབས་རྒྱུན།” »

གློག་བརྙན་།

ཐུར་མ།

Posted on 2014-10-182014-10-18 By ཁ་བརྡ་ 22 Comments on ཐུར་མ།

སྐལ་བཟང་དོན་གྲུབ།
———-
Chopsticks_(PSF)ཐུར་མའམ་ཁའེ་ཙི་ཞེས་འབོད་པའི་ཅ་ལག་འདི་བོད་ལ་གསར་དུ་སླེབས་པ་ཞིག་ཡིན་ནམ། ད་ལྟ་ལོ་ན་དྲུག་ཅུ་ཡས་མས་ཡིན་པའི་བོད་མི་ཚོས་འདི་སྤྱོད་མི་ཤེས། ད་ལྟ་ལོ་ན་བཞི་བཅུ་ཡས་མས་ཡིན་པའི་བོད་མི་ཚོས་འདི་སྤྱོད་ཤེས་དང་མི་ཤེས་གང་རུང་ཡིན་མོད་ཕལ་ཆེར་འདི་ལ་རྣམ་རྟོག་ཅིག་ཡོད། བཤད་སྲོལ་ལ། རྒྱའི་ཐུར་མ་རུམ་དང་བོད་ཀྱི་ཐུར་མ་ལམ་ཞེས་འབོད།

དེ་ལས་མང་བ་། “ཐུར་མ།” »

བགྲོ་གླེང་།

Posts pagination

Previous 1 … 70 71 72 … 423 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (26)
  • ན་ཟུག (9)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme