Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར།

Posted on 2017-09-162017-09-16 By ཁ་བརྡ་ 4 Comments on བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར།

ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས།

 
ཕྱི་ལོ་གཅིག་སྟོང་དགུ་བརྒྱ་ལྔ་བཅུ་ང་དགུ་ལོར་བོད་ཀྱི་ཤར་ཕྱོགས་སུ་གནས་པའི་ཁྱིམ་ཚེས་རྒྱལ་ཁབ་རྒྱ་ནག་གུང་ཁྲན་སྲིད་གཞུང་ནས་བོད་དུ་བཙན་འཛུལ་གྱིས་བོད་ས་ཤོར་ནས་༧གོང་ས་མཆོག་གི་དབུ་འཁྲིད་འོག་བཀའ་ཤག་ལྷན་རྒྱས་དང་། བོད་མི་ཁྲི་ཚོ་བརྒྱད་ལྷག་ཙམ་བཅས་བོད་ཀྱི་ལྷོ་ཕྱོགས་སུ་གནས་པའི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་འཕགས་ཡུལ་་དང་། བལ་ཡུལ། འབྲུག་ཡུལ་བཅས་ནང་སྐྱབས་བཅོལ་དུ་འཁོད་ནས་༧གོང་ས་མཆོག་ནས་མ་འོངས་བོད་ཀྱི་ཆབ་སྲིད་ལམ་ལུགས་དེ་མི་མང་མང་གཙོའི་ལམ་ལུགས་ལ་ཁ་ཕྱོགས་ནས་

དེ་ལས་མང་བ་། “བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར།” »

བསམ་ཚུལ།

སྒྲ་སྒྱུར་གྱི་རྣམ་གཞག་དང་ལོ་ཙཱ་བའི་བྱུང་རིམ།

Posted on 2017-09-152017-09-15 By ཁ་བརྡ་ 1 Comment on སྒྲ་སྒྱུར་གྱི་རྣམ་གཞག་དང་ལོ་ཙཱ་བའི་བྱུང་རིམ།

གསུང་བཤད།

བོན་སྐྱབས་རྗེ་སྨན་རི་རིན་པོ་ཆེ་དྲན་མགུར་འཇའ་གུར་རི་མོ།

Posted on 2017-09-152017-09-15 By ཁ་བརྡ་ 5 Comments on བོན་སྐྱབས་རྗེ་སྨན་རི་རིན་པོ་ཆེ་དྲན་མགུར་འཇའ་གུར་རི་མོ།

དཔལ་དགྱེས་རྡོ་རྗེ།

 
ན་མོ་གུ་རུ་མ་ཏྲི་ཤཱི་ལ་ཡེ།

༼༡༽ ཀ་དག་སྤྲོས་བྲལ་གཉུག་མའི་བོན་དབྱིངས་སྐུ།།
ཁ་སྦྱོར་རིག་པ་རང་བྱན་བྱང་ཆུབ་པའི།།
ཉ་གང་མདངས་འཛིན་བོན་སྲས་རྒྱུད་པ་བཅས།།
གཡུང་དྲུང་ཡབ་མེས་དམ་པས་དགེ་ལེགས་སྩོལ།།

དེ་ལས་མང་བ་། “བོན་སྐྱབས་རྗེ་སྨན་རི་རིན་པོ་ཆེ་དྲན་མགུར་འཇའ་གུར་རི་མོ།” »

སྙན་ངག

ཡིད་སྐྱོའི་གནས་ཚུལ།

Posted on 2017-09-152017-09-15 By ཁ་བརྡ་ 9 Comments on ཡིད་སྐྱོའི་གནས་ཚུལ།

ཡོང་ཁུངས། གཡུང་དྲུང་བོན་གྱི་དྲ་རྒྱ

 
དེ་རིང་ཕྱི་ལོ་༢༠༡༧ཟླ་༩ཚེས་༡༤ཕྱི་དྲོའི་ཆུ་ཚོད་དྲུག་དང་སྐར་མ་༢༥སྟེང་འཛམ་གླིང་བོན་འབངས་ཡོངས་རྫོགས་ཀྱི་དབུ་ཁྲིད་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་བླ་བྲང་དུ་ཐུགས་དམ་གཡོ་བ་མེད་པའི་ངང་ནས་དགོངས་པ་བོན་དབྱིངས་སུ་ཐིམ་སོང་བའི་ཡིད་སྐྱོ་བའི་གནས་ཚུལ་འདི་བཞིན་རྒྱ་ཆེའི་དད་འབངས་ཡོངས་ལ་མ་ཞུ་ཐབས་མེད་ལགས་ན། དེ་ལུགས་དད་ལྡན་རྣམས་ནས་ཀྱང་དགེ་སྒྲུབ་སྡིག་སྤོང་གི་ལས་ལ་འབད་བརྩོན་ཞུ་གལ་ཆེ་བ་དང་།

དེ་ལས་མང་བ་། “ཡིད་སྐྱོའི་གནས་ཚུལ།” »

གསལ་བཤད།

ལྕམ་ཨང་སན་སུ་ཅི་ཡི་གསང་བ་གང་ཡིན་སྲིད།

Posted on 2017-09-142017-09-14 By ཁ་བརྡ་ 1 Comment on ལྕམ་ཨང་སན་སུ་ཅི་ཡི་གསང་བ་གང་ཡིན་སྲིད།

—སྐལ་བཟང་དོན་གྲུབ།

 
ཉེ་བའི་ཆར་འབར་མ་རྒྱལ་ཁབ་ནང་གི་རུང་གྷི་ཡ་ཁ་ཆེ་གྲངས་ཉུང་མི་རིགས་ལ་དྲག་རྒོལ་གྱི་གནས་ཚུལ་ཆེན་པོ་ཁྱབ་བཞིན་པ་དང་བསྟུན། རྒྱལ་སྤྱིའི་ནང་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་ལྕམ་ཨང་སན་སུ་ཅི་ལ་རེ་བ་བཅོལ་མཁན་མང་པོ་བྱུང་ཡོད་ཀྱང་།

དེ་ལས་མང་བ་། “ལྕམ་ཨང་སན་སུ་ཅི་ཡི་གསང་བ་གང་ཡིན་སྲིད།” »

བསམ་ཚུལ།

བོད་མིར་རོགས་དངུལ་ཨ་སྒོར་ 18.25 millions གནང་རྒྱུའི་གྲོས་ཆོད་ལ་རྒྱབ་སྐྱོར་གནང་འདུག

Posted on 2017-09-142017-09-14 By ཁ་བརྡ་ 6 Comments on བོད་མིར་རོགས་དངུལ་ཨ་སྒོར་ 18.25 millions གནང་རྒྱུའི་གྲོས་ཆོད་ལ་རྒྱབ་སྐྱོར་གནང་འདུག

ཡོང་ཁུངས། བོད་མིའི་སྒྲིག་འཛུགས་དྲ་རྒྱ
 
༄༅། །དེ་སྔ་ཨ་རིའི་གྲོས་ཚོགས་འོག་མའི་ནང་ལྟར་ཐེངས་འདིར་གྲོས་ཚོགས་གོང་མའི་ནང་དུའང་འཆར་ལོའི་སྔོན་རྩིས་ནང་བོད་མིར་རོགས་དངུལ་མུ་མཐུད་གནང་རྒྱུར་རྒྱབ་སྐྱོར་ཐོབ་འདུག

སྤྱིར་ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཊམ་ Donald Trump མཆོག་གི་སྲིད་གཞུང་ནས་ཕྱི་ལོ་ ༢༠༡༨ ལོའི་ཨ་རིའི་ལོ་འཁོར་སྔོན་རྩིས་ནང་བོད་མིར་རོགས་དངུལ་སྤྲོད་རྒྱུ་མིན་པའི་འཆར་འབུལ་

དེ་ལས་མང་བ་། “བོད་མིར་རོགས་དངུལ་ཨ་སྒོར་ 18.25 millions གནང་རྒྱུའི་གྲོས་ཆོད་ལ་རྒྱབ་སྐྱོར་གནང་འདུག” »

གསར་འགྱུར།

རྒྱལ་བསྟན་གྱི་བདག་པོ་འཁོར་འདས་འཆར་སའི་མེ་ལོང་།

Posted on 2017-09-142017-09-14 By ཁ་བརྡ་ No Comments on རྒྱལ་བསྟན་གྱི་བདག་པོ་འཁོར་འདས་འཆར་སའི་མེ་ལོང་།

ཨེ་མ་ཧོ།

 
༼༡༽ སྣང་སྲིད་རྣམ་དག་རྒྱལ་བའི་དཀྱིལ་འཁོར་ནས།།
འཁོར་འདས་གཞིར་བཞེངས་སྐུ་གསུམ་རོལ་བའི་གར།།
རྣམ་འདྲེན་སངས་རྒྱས་བསྟན་པ་སྤེལ་བའི་མགོན།།
སྙིང་གི་མུན་སེལ་བླ་མ་རྟག་ཏུ་རྒྱལ།།

༼༢༽ ལས་སྨོན་རྟེན་འབྲེལ་བཟང་པོས་མཐུ་སྟོབས་དཔལ།།
དགྱེས་པའི་དད་བརྩོན་དགེ་ཚོགས་འཕགས་ནོར་བདུན།།

དེ་ལས་མང་བ་། “རྒྱལ་བསྟན་གྱི་བདག་པོ་འཁོར་འདས་འཆར་སའི་མེ་ལོང་།” »

སྙན་ངག

རྨི་ལམ་གྱི་མཐོང་ཚུལ་དང་ཡིད་ཆེས་བརྙེས་པའི་ལུང་བསྟན་དུས་གསུམ་གསལ་བའི་མེ་ལོང་།

Posted on 2017-09-132017-09-13 By ཁ་བརྡ་ 5 Comments on རྨི་ལམ་གྱི་མཐོང་ཚུལ་དང་ཡིད་ཆེས་བརྙེས་པའི་ལུང་བསྟན་དུས་གསུམ་གསལ་བའི་མེ་ལོང་།

དཔལ་དགྱེས་པ་རྡོ་རྗེ།

 
ན་མོ་མ་ཧྰ་གུ་རུ་པདྨ་ཀ་ར་ཡེ།

བདེ་ཆེན་ལྷན་སྐྱེས་དགྱེས་པ་རྟག་རོལ་བ། །
ཉིན་མཚན་ཁོར་ཡུག་འོད་གསལ་ངང་གནས་པའི། །
འཕགས་བོད་མཁས་གྲུབ་བླ་མ་བརྒྱུད་པར་བཅས། །
མི་ཕྱེད་དད་པའི་ཕྱག་གིས་ཡང་ཡང་འདུད། །

དེ་ལས་མང་བ་། “རྨི་ལམ་གྱི་མཐོང་ཚུལ་དང་ཡིད་ཆེས་བརྙེས་པའི་ལུང་བསྟན་དུས་གསུམ་གསལ་བའི་མེ་ལོང་།” »

སྙན་ངག

བོད་ཀྱི་སྐད་དང་ཡི་གེར་ཕྲད་བཞིན་པའི་ཆག་སྒོ།

Posted on 2017-09-12 By ཁ་བརྡ་ 4 Comments on བོད་ཀྱི་སྐད་དང་ཡི་གེར་ཕྲད་བཞིན་པའི་ཆག་སྒོ།

མི་ཉག་སྐལ་བཟང་།

 

དང་པོ། བོད་ཀྱི་སྐད་དང་ཡི་གེར་བལྟ་ཚུལ།

སྐད་མེད་ན་ཡི་གེ་མེད་པ་དང་། སྐད་དང་ཡི་གེ་གཉིས་ལས་སྐད་ཐོག་མར་བྱུང་ཡོད་པའི་དབང་དུ་བཏང་པ་ཡིན་ན། སྐད་ལ་བརྟེན་ནས་ཡི་གེ་བྱུང་བ་ནི་རྒྱུ་ས་བོན་ལས་འབྲས་བུ་མྱུ་གུ་བྱུང་བ་ལྟ་བུ་ཞིག་རེད། སྐད་ལ་བརྟེན་ནས་ཡི་གེ་ཤེས་འགྲོ་བ་དང་། སྐད་ནི་ཡི་གེ་ཤེས་འགྲོ་བའི་གཞུང་ལམ་ལྟ་བུ་ཡང་ཡིན། བོད་ཀྱི་སྐད་དང་ཡི་གེ་གཉིས་ཀྱི་དབར་ལ་གནམ་དང་ས་ལྟ་བུའི་ཁྱད་པར་མེད་ལ།

དེ་ལས་མང་བ་། “བོད་ཀྱི་སྐད་དང་ཡི་གེར་ཕྲད་བཞིན་པའི་ཆག་སྒོ།” »

རྩོམ་རིག

རང་བྱུང་གཅེས་འཛིན་གྱི་གལ་ཆེན་སྐོར་བཤད་པ།

Posted on 2017-09-122017-09-12 By ཁ་བརྡ་ 5 Comments on རང་བྱུང་གཅེས་འཛིན་གྱི་གལ་ཆེན་སྐོར་བཤད་པ།

མགར་ཚང་བསོད་ནམས་དར་རྒྱས།

 
ང་ཚོའི་ས་སྒང་རིལ་པོ་སའི་གོ་ལ་འདི་ཆགས་ནས་ད་བར་ལོ་དུང་ཕྱུར་༤༦འགོར་ཡོད་པ་དང་། སྔོན་གྱི་ལོ་དུང་ཕྱུར་དུ་མའི་རིང་ལ་སའི་གོ་ལར་སྲོག་ལྡན་གྱི་དངོས་པོ་གཅིག་ཀྱང་མེད་པར་བཤད། ལོ་དུང་ཕྱུར་༣༨ཀྱི་སྔོན་དུ་སའི་གོ་ལ་འདིར་དོན་དག་ཆེན་པོ་ཞིག་བྱུང་ནས་ཕྲ་ཕུང་རྐྱང་མས་གྲུབ་པའི་སྲོག་དང་ལྡན་པའི་དངོས་པོ་ཐོག་མ་དེ་བྱུང་ཞིང་། ད་ལྟའི་འབུ་ཕྲ་དང་ཧ་ལམ་འདྲ་བོ་ཡོད་པར་བཤད།རིམ་བཞིན་ལོ་དུང་ཕྱུར་བཅུ་ཕྲག་འགའ་ཡི་རིང་ལ་འབུ་ཕྲ་ནས་མའི་རིགས་ཀྱི་བར་ལ་བཙན་བདག་ཁུང་འབྲུག་སོགས་ཚེ་སྲོག་གི་རྣམ་པ་སྣ་ཚོགས་མང་པོ་ཞིག་བྱུང་།

དེ་ལས་མང་བ་། “རང་བྱུང་གཅེས་འཛིན་གྱི་གལ་ཆེན་སྐོར་བཤད་པ།” »

རྩོམ་རིག

༼རྒྱ་བོད་ཚིག་མཛོད་༽ཐོན་རིམ་གཉིས་པ་ནའང་ཡིག་ནོར་འདུག གསུམ་པ་ཞིག་དགོས་པའི་རེ་སྐུལ་ཞུ་ཡིག

Posted on 2017-09-122017-09-12 By ཁ་བརྡ་ 1 Comment on ༼རྒྱ་བོད་ཚིག་མཛོད་༽ཐོན་རིམ་གཉིས་པ་ནའང་ཡིག་ནོར་འདུག གསུམ་པ་ཞིག་དགོས་པའི་རེ་སྐུལ་ཞུ་ཡིག

—པ་སངས་དོན་འགྲུབ།

 
དག་ཡིག་དང་ཚིག་མཛོད་ཀྱི་ཁྱད་ཆོས་གཙོ་བོ་ནི། ཡི་གེ་མ་ནོར་བ་དང་འགྲེལ་བཤད་མ་ནོར་བ་དགོས་པ་དེ་རེད། དེ་ནི་ཚིག་དོན་གང་ཞིག་འགྲིག་དང་མི་འགྲིག་གི་ཚད་འཇལ་བྱེད་དུ་བེད་སྤྱོད་བྱེད་པའི་དབང་གིས་རེད། དག་ཡིག་ལ་ཁ་མི་གྲག་པའི་དགེ་རྒན་ཞེས་བརྗོད་སྲོལ་ཀྱང་ཡོད། དེ་ཡང་མ་ནོར་བ་ཞིག་དང་ལམ་སྟོན་ཡང་དག་ཅིག་གནང་མཁན་དུ་ཆ་བཞག་པའི་ངོས་འཛིན་བྱེད་སྟངས་རེད།

དེ་ལས་མང་བ་། “༼རྒྱ་བོད་ཚིག་མཛོད་༽ཐོན་རིམ་གཉིས་པ་ནའང་ཡིག་ནོར་འདུག གསུམ་པ་ཞིག་དགོས་པའི་རེ་སྐུལ་ཞུ་ཡིག” »

གསལ་བཤད།

བོད་སྔ་རབས་ཀྱི་རང་བྱུང་སྐྱེ་ཁམས་ཁོར་ཡུག་བདག་སྐྱོང་སྐོར་གྱི་ཟིན་བྲིས་དུམ་བུ།

Posted on 2017-09-112017-09-12 By ཁ་བརྡ་ 3 Comments on བོད་སྔ་རབས་ཀྱི་རང་བྱུང་སྐྱེ་ཁམས་ཁོར་ཡུག་བདག་སྐྱོང་སྐོར་གྱི་ཟིན་བྲིས་དུམ་བུ།

མགར་ཚང་བསོད་ནམས་དར་རྒྱས།

 
ཕྲན་གྱིས་འདིར་བོད་སྔ་རབས་ནས་ཡོད་པའི་རང་བྱུང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་མཛད་རྗེས་བླ་ན་མེད་པ་འདི་ཟུར་ཙམ་བརྗོད་པར་བྱའོ། བོད་རྒྱལ་སྲོང་བཙན་སྒམ་པོ་ནི་༼སྤྱི་ལོ༥༥༧ ༦༥༠༽བཙན་པོ་འདིའི་ལོ་ཚིག་ལ་བཞེད་སྲོལ་ཧ་ཅང་མང་། ཆོས་རྒྱལ་བཙན་པོ་ཁོང་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ཤར་ངོས་སྐྱིད་ཆུའི་སྟོད་རྒྱུད་དུ་ཡོད་པའི་མལ་གྲོ་གུང་དཀར་ཞེས་པའི་ས་ཆ་དེ་ནས་ཡབ་གནས་རི་སྲོང་བཙན་དང་ཡུམ་ཚེ་སྤུང་བཟའ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།

དེ་ལས་མང་བ་། “བོད་སྔ་རབས་ཀྱི་རང་བྱུང་སྐྱེ་ཁམས་ཁོར་ཡུག་བདག་སྐྱོང་སྐོར་གྱི་ཟིན་བྲིས་དུམ་བུ།” »

རྩོམ་རིག

ཚ་བ་མདའ་སྨྱུག་གི་གྱེས་ཁའི་རྩོམ་ཐུང་འགའ།

Posted on 2017-09-112017-09-11 By ཁ་བརྡ་ 8 Comments on ཚ་བ་མདའ་སྨྱུག་གི་གྱེས་ཁའི་རྩོམ་ཐུང་འགའ།

–བློ་གྲོས་དཔལ་ལྡན་ནམ་ཚ་བ་མདའ་སྨྱུག (1974——?)

 
༡༽ ཉམ་ཐག་པའི་ཚེ་སྲོག་ཅིག་གིས།

མི་ལོ་གསུམ་གྱི་ཡར་སྔོན་དུ་ངས་བཤད་འདོད་པའི་སྐད་ཆ་ཁ་ཤས་ཀྱི་ཆེད་དུ་ཕ་མ་དང་དགེ་རྒན། སྤུན་ཟླ་དང་གྲོགས་པོ། ཐ་ན་ལྟེ་ཁྲག་འཐོར་སའི་ཕ་ས་དང་བཅས་པ་

དེ་ལས་མང་བ་། “ཚ་བ་མདའ་སྨྱུག་གི་གྱེས་ཁའི་རྩོམ་ཐུང་འགའ།” »

ངོ་སྤྲོད།

རི་ཉིལ་བ་དང་འདམ་ཟེགས་བཞུར་བའི་རྒྱུ་རྐྱེན་བཙལ་བ།

Posted on 2017-09-102017-09-10 By ཁ་བརྡ་ No Comments on རི་ཉིལ་བ་དང་འདམ་ཟེགས་བཞུར་བའི་རྒྱུ་རྐྱེན་བཙལ་བ།

མགར་ཚང་བསོད་ནམས་དར་རྒྱས།

 
ད་ལོར་ང་ཚོ་བོད་ཁུལ་གྱི་ས་ཆ་ཡར་མར་གང་སར་རི་ཉིལ་བ་དང་འདམ་ཟེགས་བཞུར་བ་སོགས་བྱས་ནས་གནོད་འཚེ་བསྟུད་མར་བྱུང་དང་འབྱུང་བཞིན་འདུག སྤྱིར་ན་རི་ཉིལ་བ་ནི་ས་འགུལ་བྱུང་ནས་ཉིལ་བ་དང་། ཆུ་ལོག་གིས་ཉུལ་བ།མེ་རི་འབར་གས་བྱུང་ནས་ཉིལ་བ། གངས་འཁྱག་ཞུ་ནས་ཉིལ་བ་སོགས་རིགས་མང་པོ་ཞིག་ཡོད་པ་ནིས་གཤིས་བརྟག་དཔྱད་པ་དང་སྐྱེ་དངོས་ཞིབ་འཇུག་པ། ཆེད་མཁས་པ་མང་པོའི་གསུང་པ་ནང་བཞིན་རེད།
ཡིན་ནའང་ཁ་སང་དེ་རིང་གི་ཁོར་ཡུག་གནད་དོན་ཐད་འདམ་ཟེགས་བཞུར་བ་དང་

དེ་ལས་མང་བ་། “རི་ཉིལ་བ་དང་འདམ་ཟེགས་བཞུར་བའི་རྒྱུ་རྐྱེན་བཙལ་བ།” »

རྩོམ་རིག

རབ་བྱུང་གི་འཚོ་བའི་ཡོ་བྱད་ཀྱི་གོས་ལ་དཔྱད་པ་མེ་ཁྱེར་གྱི་སྣང་བ།

Posted on 2017-09-102017-09-10 By ཁ་བརྡ་ 4 Comments on རབ་བྱུང་གི་འཚོ་བའི་ཡོ་བྱད་ཀྱི་གོས་ལ་དཔྱད་པ་མེ་ཁྱེར་གྱི་སྣང་བ།

རྩོམ་པ་པོ། མདོག་གཞུང་བ་བཟོད་པ་ཆོས་འཕེལ།
 

༄༅།། རབ་བྱུང་གི་འཚོ་བའི་ཡོ་བྱད་ཀྱི་གོས་ལ་དཔྱད་པ་མེ་ཁྱེར་གྱི་སྣང་བ་ཞེས་བྱ་བ་བཞུགས་སོ།།

ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དེ་ཡང་རབ་བྱུང་གི་འཚོ་བའི་ཡོ་བྱད་ཀྱི་གོས་ལ་ཅུང་ཙམ་ཞིག་དཔྱད་པ་ལ་བརྒྱད་དེ། འཚོ་བའི་ཡོ་བྱེད་ཀྱི་རྒྱུ་དང་། སྒྲུབ་ལུགས་དང་། མཚན་ཉིད་དང་། དབྱེ་བ་དང་། སོ་སོའི་རང་བཞིན་དང་། བྱིན་གྱིས་བརླབ་ཚུལ་དང་། ཇི་ལྟར་བཅང་བའི་ཚུལ་དང་། ཆོས་གོས་དྲས་དྲུབ་བྱ་བའི་ཚུལ་ལོ།།

དེ་ལས་མང་བ་། “རབ་བྱུང་གི་འཚོ་བའི་ཡོ་བྱད་ཀྱི་གོས་ལ་དཔྱད་པ་མེ་ཁྱེར་གྱི་སྣང་བ།” »

དཔྱད་རྩོམ།

ང་དང་ངའི་སྙན་ངག་གི་འབྲེལ་བ།

Posted on 2017-09-082017-09-08 By ཁ་བརྡ་ 1 Comment on ང་དང་ངའི་སྙན་ངག་གི་འབྲེལ་བ།

གསལ་ལེ་རྒྱལ།

 
ངས་སྙན་ངག་ནི་སུ་ཞིག་གིས་ཡི་གེ་བསྒྲིགས་ནས་བཟོས་པ་རེད་འདོད་མྱོང་། རི་བོ་འབིགས་བྱེད་དང་རི་བོ་མ་ལ་ཡ། མེ་ཏོག་ཨུ་ཏམ་ཝ་ར་དང་ཆུ་མོ་གངྒ། ལྷ་དང་ལྷ་ཡུལ། ད་དུང་ཚེ་ཕྱི་མ་དང་དམྱལ་བ་སོགས། རང་གིས་དངོས་སུ་མཐོང་མ་མྱོང་ཞིང་བློ་ངོར་འཆར་མི་ཐུབ་པའི་ཐ་སྙད་འདི་དག་དང་། འདི་དག་གི་མཚོན་དོན་ཁོ་ནས་ད་གཟོད་སྙན་ངག་བསྒྲིག་ཐུབ་པར་འདོད་མྱོང་། མདོར་ན་སྙན་ངག་ནི་འཚོ་བ་དང་བར་ཐག་ཧ་ཅང་རིང་བའི་སེམས་ཀྱི་འཆར་སྣང་ཞིག་ཡིག་གཟུགས་ཀྱིས་འབུར་དུ་བཅུགས་པ་དེ་རེད་འདོད་མྱོང་།

དེ་ལས་མང་བ་། “ང་དང་ངའི་སྙན་ངག་གི་འབྲེལ་བ།” »

རྩོམ་རིག

སྐད་བཅད་གསུམ་དང་བདག་གི་བསམ་གཞིགས་ཀྱི་ཡོ་ལང་།

Posted on 2017-09-062017-09-06 By ཁ་བརྡ་ 20 Comments on སྐད་བཅད་གསུམ་དང་བདག་གི་བསམ་གཞིགས་ཀྱི་ཡོ་ལང་།

___ཨཱཙཱརྱ་ཨག་ལོད་ཀྱིས།
 

༄༅། །སྔོན་གླེང་འོད་སྣང་དཀར་པོ།

བོད་མི་རིགས་ནི་སྔོན་གྱི་དུས་སུ་རླབས་ཆེན་གྱི་མི་རིགས་ཤིག་ཡིན་ཙང་། སྐད་ཡིག་གི་འབྱུང་ཁུངས་ཀྱང་དེ་བཞིན་ལགས། ལྷག་པར་མི་རྗེ་སྲོང་བཙན་གྱི་དུས་སུ་ཡིག་མཁན་ཐུ་མི་ཡིས་དཀའ་བ་དུ་མའི་ས་ཕག་མཁར་བརྩེགས་ཏེ། བོད་རང་ཉིད་ཀྱི་སྐད་དང་མཐུན་པའི་ཡིག་གཟུགས་ཀྱི་མཁར་རྫོང་གསར་བ་ལེགས་པར་བཞེངས་པ་ནི་ཡོངས་གྲགས་ལགས།

དེ་ལས་མང་བ་། “སྐད་བཅད་གསུམ་དང་བདག་གི་བསམ་གཞིགས་ཀྱི་ཡོ་ལང་།” »

དཔྱད་རྩོམ།

རྒྱ་བོད་ཚིག་མཛོད་ཐོན་རིམ་གཉིས་པ།

Posted on 2017-09-032017-09-07 By ཁ་བརྡ་ 2 Comments on རྒྱ་བོད་ཚིག་མཛོད་ཐོན་རིམ་གཉིས་པ།

-ཐེ་བོ་སངས་རྒྱས།

 
གནའ་བོའི་རྒྱ་ནག་གི་གཏམ་དཔེ་དང་། དཔེ་ཆོས། གདམས་ངག སྙན་ཚིག་གྲགས་ཅན། ཡུལ་སྐད། རྒྱུན་སྤྱོད་ཐ་སྙད་སོགས་ཀྱིས་ཕྱུག་པའི་རྒྱ་བོད་ཤན་སྦྱར་ཚིག་མཛོད་གཞིར་བཟུང་སྟེ། རྒྱ་བོད་ཚིག་མཛོད་ཅེས་པའི་མཉེན་ཆས་ཤིག་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་དང་། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་གཉིས་མཉམ་འབྲེལ་གྱིས་ན་ནིང་འགྲེམ་སྤེལ་བྱས། དེའི་ནང་ཡི་གེ་མང་པོ་གཏགས་ནོར་ཤོར་བའི་ཐད་སྤྱི་ཚོགས་ཁྲོད་ལབ་གླེང་དང་། ཐ་ན་སྐྱོན་བརྗོད་རྩོམ་ཡིག་སྤེལ་མཁན་ཡང་བྱུང་ཡོད།

དེ་ལས་མང་བ་། “རྒྱ་བོད་ཚིག་མཛོད་ཐོན་རིམ་གཉིས་པ།” »

ངོ་སྤྲོད།

མང་གཙོའི་དུས་ཆེན་ཐོག་གནང་བའི་གསུང་བཤད།

Posted on 2017-09-032017-09-03 By ཁ་བརྡ་ 2 Comments on མང་གཙོའི་དུས་ཆེན་ཐོག་གནང་བའི་གསུང་བཤད།

ཡོང་ཁུངས། བོད་མིའི་སྒྲིག་འཛུགས་དྲ་རྒྱ
 

བོད་མིའི་མང་གཙོ་དབུ་བརྙེས་ཏེ་མི་ལོ་ ༥༧ འཁོར་བའི་དུས་ཆེན་མཛད་སྒོའི་ཐོག་བཀའ་ཤག་གིས་གནང་བའི་གསུང་བཤད།

༄༅། །༸རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག ཁམས་གསུམ་ཆོས་ཀྱི་རྒྱལ་པོ། འཇིག་རྟེན་ཞི་བདེའི་དེད་དཔོན། བོད་ཀྱི་ལྷ་སྐལ་འཕགས་མཆོག་འཇིག་རྟེན་དབང་ཕྱུག་མིའི་རྣམ་པར་རོལ་བ། བོད་མི་ཡོངས་ཀྱི་མགོན་སྐྱབས་དང་དབུ་འཁྲིད་བླ་ན་མེད་པ། བོད་མིའི་མང་གཙོའི་ཤིང་རྟའི་སྲོལ་འབྱེད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་བཏང་སྟེ།

དེ་ལས་མང་བ་། “མང་གཙོའི་དུས་ཆེན་ཐོག་གནང་བའི་གསུང་བཤད།” »

གསུང་བཤད།

ཨ་ཧོ་ཞི་བ་དམ་ཆོས་དེ་ག་རང་།།

Posted on 2017-09-012017-09-01 By ཁ་བརྡ་ 14 Comments on ཨ་ཧོ་ཞི་བ་དམ་ཆོས་དེ་ག་རང་།།

ཨ་ཁུ་འབྲོག་པ།

 
ཀ་བཤད་མི་འབྲི་ཀ་མེད་ཁ་བརྡས་བསྐུལ།།
ཁ་ནས་གང་ཐོན་བྲིས་ན་དུས་ཚོད་གྲོན།།
ག་ཕྱི་ག་ལོག་སྙོན་ན་རང་ཚུགས་འཆོར།།
ང་མཁས་ངས་འཇོན་བྲིས་ན་རྒྱུས་ཡོད་ཁྲེལ།།

ཅ་ཅོ་འུར་ཤོབ་མིན་པའི་ཀ་བཤད་ཅིག །
ཆ་ལུགས་ཚུལ་ལྡན་ཀུན་ལ་སྙིང་གཏམ་ཞིག །

དེ་ལས་མང་བ་། “ཨ་ཧོ་ཞི་བ་དམ་ཆོས་དེ་ག་རང་།།” »

སྙན་ངག

Posts pagination

Previous 1 … 6 7 8 … 423 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme