Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕྱི་ལོ་༢༠༧༠ ལོའི་ཆུ།

Posted on 2014-12-212014-12-21 By ཁ་བརྡ་ 5 Comments on ཕྱི་ལོ་༢༠༧༠ ལོའི་ཆུ།

གཅན བཟོད་རྒྱམ།

འདི་ནི་སྤྱི་ལོ་༢༠༧༠ ལོ་རེད། བདག་ལོ་ན་ལྔ་བཅུར་སོན་ཡང་ལོ་ན་གྱ་ལྔའི་མི་ཞིག་དང་འདྲ། བདག་ལ་མཆིན་ནད་ཀྱི་སྡུག་གིས་མནར་བ་དང་དེ་ནི་བདག་ལ་བཏུང་ཆུ་འབེལ་པོ་མེད་པས་ཡིན། ང་ནི་གྲོང་པའི་ནང་གི་ལོ་ན་བགྲེས་ཤོས་དེ་ཡིན་ལ། ངས་རང་ཉིད་ཡུན་རིང་ལ་འཚོ་མི་ཐུབ་པའི་སེམས་ཁྲལ་བྱེད་ཀྱི་ཡོད།
བདག་ལོ་ན་ལྔ་ཡིན་དུས་བྱ་དངོས་ཐམས་ཅད་གཞན་དང་མི་འདྲ་བ་བདག་གིས་གསལ་བོ་དྲན་གྱི་འདུག གཙང་འགྲམ་ཏུ་ལྗོན་ཤིང་མང་ལ་ཁང་ཁྱིམ་རེ་ལ་ཡིད་དུ་འོང་བའི་ལྡུམ་རྭ་ཡོད།

དེ་ལས་མང་བ་། “ཕྱི་ལོ་༢༠༧༠ ལོའི་ཆུ།” »

སྣ་ཚོགས།

ངའི་བུ་མོ་མཱ་ལཱ་ལཱ།

Posted on 2014-12-212014-12-21 By ཁ་བརྡ་ 4 Comments on ངའི་བུ་མོ་མཱ་ལཱ་ལཱ།

རྐ་འོད་ཟེར་གྱིས་བསྒྱུར།

 

རྫོས་ཌན་ཡོས་སཱ་ཧྥེ་ཡི་གཏམ་བཤད། ༼ངའི་བུ་མོ་མཱ་ལཱ་ལཱ།༽

སྤྱིར་ཕ་རྒྱུད་གཙོ་བའི་སྤྱི་ཚོཊ་དང་རིགས་རྒྱུད་མང་པོའི་ཁྲོད་ཕ་ནི་བུས་གསལ་པོ་ཤེས་ཤིང་རྒྱུས་མངའ་ཆེ་བ་ཡིན། འོན་ཀྱང་ཕྲན་ནི་བུ་མོས་རྒྱུས་མངའ་ཆེ་བའི་ཕ་ཉུང་ཤས་གྲས་ཀྱི་གཅིག་ཡིན། དེ་ནི་བདག་གི་གཟི་བརྗིད་དང་སྤོབས་པ་ཞིག་དུའང་འཁུམས།
(ཉན་མཁན་གྱི་ཐལ་མོ་རྡེབ་སྒྲ)

༢༠༠༧ ལོར་མཱ་ལཱ་ལཱ་ཤེས་ཡོན་དང་རང་ཉིད་ཀྱི་ཐོབ་ཐང་ཆེད་ལངས་བའི་ལས་འགུལ་འདི་འགོ་བཙུགས་པ་དང་།

དེ་ལས་མང་བ་། “ངའི་བུ་མོ་མཱ་ལཱ་ལཱ།” »

འགྱུར་རྩོམ།

བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱིས་དུས་རབས་གསར་བའི་ནང་ཐོན་པའི་ནུས་པ།

Posted on 2014-12-212014-12-21 By ཁ་བརྡ་ 1 Comment on བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱིས་དུས་རབས་གསར་བའི་ནང་ཐོན་པའི་ནུས་པ།

སྡེ་རོང་ཚེ་རིང་དོན་གྲུབ་ཀྱིས་བརྩམས། ཨ་སྐྱབས་རྒྱལ་སྲས་ཚང་གིས་བསྒྱུར།

 
བོད་རིགས་མི་དམངས་ཀྱིས་ལོ་ངོ་སྟོང་ཕྲག་མང་བོའི་རིང་གི་སྤྱི་ཚོགས་ཀྱི་ལག་ལེན་ཁྲོད་དུ་ལོ་རྒྱུས་རིང་བ་དང་། ཁྱད་ཆོས་གསལ་བ། ནང་དོན་འཐུས་ཚང་བ། རྣམ་མང་འོད་སྟོང་འབར་བའི་རིག་གནས་གསར་སྐྲུན་བྱས་ཤིང་། དེའི་ནང་དུ་སྐད་དང་ཡི་གེ ཆོས་ལུགས་ཀྱི་གསུང་རབ། ལོ་རྒྱུས་ཡིག་ཆ། མཚན་ཉིད་རིག་པ། གཏན་ཚིགས་རིག་པ། གནམ་དཔྱད་དང་སྐར་རྩིས། རིག་གནས་སློབ་གསོ། གསོ་རིག་ལག་རྩལ། རྩོམ་རིག་སྒྱུ་རྩལ། མི་ཆོས་ཀུན་སྤྱོད་སོགས་འདུས་ཡོད། འདི་རྣམས་བོད་ཀྱི་སྲོལ་རྒྱུན་གྱི་དབྱེ་ཚུལ་ལྟར་ན། རིག་གནས་ཆེ་ཆུང་བཅུ་སྟེ།

དེ་ལས་མང་བ་། “བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱིས་དུས་རབས་གསར་བའི་ནང་ཐོན་པའི་ནུས་པ།” »

དཔྱད་རྩོམ།

དད་པའི་མེ་ལོང་།

Posted on 2014-12-212014-12-21 By ཁ་བརྡ་ No Comments on དད་པའི་མེ་ལོང་།

གཞུང་པ་ཚེ་དབང་བསོད་ནམས།

མི་མངོན་དབྱིངས་ནས་ཆོས་སྐུ་དྲི་མེད་རང་གི་སེམས་ཀྱི་ངོ་བོར་བལྟམས།།
དད་པའི་མེ་ལོང་གཡོ་བ་མེད་པ་གཟུགས་ཀྱི་འཇའ་ཚོན་ནམ་མཁར་ཡལ།།
ལྷན་དུ་བགྲོད་པས་མཁའ་དབྱིངས་ཡངས་པོར་འཇའ་ཚོན་སོ་སོ་རང་སར་འཐིམ།།
མ་དད་ལོག་རྟོག་སེམས་ཀྱི་རང་བཞིན་འཆར་བ་ཙམ་གྱིས་བློ་ལ་ངེས།།

རྟ་བདུན་དབང་པོ་མཁའ་ལ་རྒྱུགས་ནས་སྦྲང་ཆར་སིལ་མ་ས་ལ་འཕེན།།
ས་གཞི་ཡོངས་རྫོགས་ལོ་ཏོག་རྒྱས་ནས་རྐང་གཉིས་མི་རྣམས་ཟས་ཀྱིས་ངོམ།།

དེ་ལས་མང་བ་། “དད་པའི་མེ་ལོང་།” »

སྙན་ངག

སེམས་ཀྱི་རྟོག་འགྱུ།

Posted on 2014-12-212014-12-21 By ཁ་བརྡ་ No Comments on སེམས་ཀྱི་རྟོག་འགྱུ།

ཨེ་ཝྃ་རིག་པ།

 
སེམས་ཀྱི་རྟོག་འགྱུ།
བཞུར་མི་ཚར་བའི་དལ་འབབ་ཀྱི་ཆུ་བོ་བཞིན།
སེམས་ཀྱི་རྟོག་ཚོགས།
བརྗོད་མི་ཚར་བའི་སྲིད་པའི་མགུར་གླུ་ཇི་བཞིན།
ཚེ་རབས་ཀྱི་ལོ་རྒྱུས།
ངའི་སེམས་ནང་ན་རེ་བའི་རྨི་ལམ་སྟེ།

དེ་ལས་མང་བ་། “སེམས་ཀྱི་རྟོག་འགྱུ།” »

སྙན་ངག

<< དགུན་ཁའི་སྙན་ངག >>

Posted on 2014-12-182014-12-19 By ཁ་བརྡ་ 2 Comments on << དགུན་ཁའི་སྙན་ངག >>

བྱ་མདོ་སྐལ་རྒྱམ།

unnamedདགུན་ཁ་སླེབས་བྱུང དུས་ཚིགས་ལྟར་ན
དུས་འདི་ནི་ཁ་བ་འབབ་པའི་དུས་ཚིགས་ཤིག་ཡིན
ཁ་བ་ལབ་མོ་ལབ་མོས་གྲང་ངར་གྱི་ཁྲོད་ནས
མིའི་སེམས་ལ་དྲོད་ཁོལ་སྟེར་བའི་དུས་ཚིགས་ཤིག་ཡིན
དེའི་ཕྱིར ཁ་བའི་ཁྲོད་ནས་སྐྱེས་པའི་མི་ཞིག་ལ་མཚོན་ན

དེ་ལས་མང་བ་། “<>” »

སྙན་ངག

ངའི་གྲོགས་པོ་གསེར་གྱི་མི་ཞིག་ཡིན།

Posted on 2014-12-182014-12-18 By ཁ་བརྡ་ 3 Comments on ངའི་གྲོགས་པོ་གསེར་གྱི་མི་ཞིག་ཡིན།

མྱི་ལྟིག
______ཚེ་འདིའི་བློས་ཐུབ་ཀྱི་གྲོགས་པོ་ཞིག་གཤེགས་པར་ཕྱིར་དྲན་བྱས་པ།
 

ཆོས་ཉིད་ལས་ཀྱིས་མཐའ་མར་འབྲལ་དགོས་པར།།
བདེན་པར་བཟུང་སྟེ་མགོ་བོ་དུད་དགོས་ཀྱང་།།
ན་སོ་སུམ་ཅུར་མ་བུད་ཐེམ་སྐས་ནས།།
འཆི་བདག་ནག་པོས་བདག་གི་ཚེ་གྲོགས་དྲུད།།
སྐྱོ་བའི་གཏམ་དུ་ཚིགས་བཅད་འགའ་འབྲིའོ།།

དེ་ལས་མང་བ་། “ངའི་གྲོགས་པོ་གསེར་གྱི་མི་ཞིག་ཡིན།” »

སྙན་ངག

རྗེས་དྲན་པདྨའི་རང་མདངས།

Posted on 2014-12-182014-12-18 By ཁ་བརྡ་ 1 Comment on རྗེས་དྲན་པདྨའི་རང་མདངས།

ཆབ་མདོ་ངག་ཕུན།
—-བོད་ཀྱི་རླབས་ཆེན་གྱི་སློབ་གསོ་བ་བཀྲ་ཤིས་ཚེ་རིང་རྗེས་དྲན་དུ།

བོད་ཀྱི་ཆབ་སྲིད་འཕོ་འགྱུར་སྐབས།།
ཚབ་མཚོན་མི་སྣ་གལ་ཆེན་་ཞིག །
གཤེགས་པ་ཐོས་པའི་བློ་ཕམ་བྱུང་།།
སློབ་གསོའི་བྱ་གཞག་རླབས་ཆེན་མཛད།།

གཙང་ཕྱོགས་རྣམ་གླིང་རྫོང་ཁོངས་ཀྱི།།
དབུལ་པོའི་ཁྱིམ་རྒྱུད་ཅིག་ལ་འཁྲུངས།།

དེ་ལས་མང་བ་། “རྗེས་དྲན་པདྨའི་རང་མདངས།” »

སྙན་ངག

སེར་ཤུལ་རིན་ཆེན་དོན་གྲུབ་ཀྱི་དེབ་གསར། 《ཤེས་རབ་ཀྱི་བདག་པོ།》

Posted on 2014-12-182014-12-18 By ཁ་བརྡ་ 6 Comments on སེར་ཤུལ་རིན་ཆེན་དོན་གྲུབ་ཀྱི་དེབ་གསར། 《ཤེས་རབ་ཀྱི་བདག་པོ།》

སེར་ཤུལ་རིན་ཆེན་དོན་གྲུབ།

 

རྩོམ་པ་པོ་སེར་ཤུལ་རིན་ཆེན་དོན་གྲུབ་ཀྱི་རྩོམ་ཡིག་དེབ་ཕྲེང་བཞི་བ། 《ཤེས་རབ་ཀྱི་བདག་པོ།》 གསར་དུ་ཐོན་པ།

རྩོམ་པ་པོ་སེར་ཤུལ་རིན་ཆེན་དོན་གྲུབ་ཀྱི་རྩོམ་ཡིག་དེབ་ཕྲེང་བཞི་བ་《ཤེས་རབ་ཀྱི་བདག་པོ།》འདི་ལོའི་ཟླ་བཅུ་གཉིས་པའི་ནང་མོན་གྷོ་འདོད་དགུ་གླིང་དུ་༸གོང་ས་མཆོག་གི་ལམ་རིམ་གསུང་ཆོས་སྐབས་༸གོང་ས་ཆེན་པོར་དངོས་སུ་སྤྱན་འབུལ་དང་འབྲེལ་འགྲེམ་སྤེལ་བྱེད་རྒྱུ་ཡིན།

དེ་ལས་མང་བ་། “སེར་ཤུལ་རིན་ཆེན་དོན་གྲུབ་ཀྱི་དེབ་གསར། 《ཤེས་རབ་ཀྱི་བདག་པོ།》” »

ངོ་སྤྲོད།

བོད་པ་ཕལ་མོ་ཆེ་ནེ་ཙོ་དང་ཤིན་ཏུ་ཆ་འདྲ།

Posted on 2014-12-172014-12-17 By ཁ་བརྡ་ 13 Comments on བོད་པ་ཕལ་མོ་ཆེ་ནེ་ཙོ་དང་ཤིན་ཏུ་ཆ་འདྲ།

དུར་བྱང་།

 
(ནེ་ཙོ་ཟེར་བ་ནི་བྱ་བྱེ་བྲག་པ་ཞིག་གི་མིང་རེད། ལད་ཟློས་ཞེས་པའི་དཔེ་རུ་བགྲང་བའི་བྱ་ཞིག་རེད། མི་ཚེ་གང་བོ་ལད་མོ་རྐྱང་རྐྱང་གིས་འཚོ་ཞིང་གནས་པའི་བྱ་ཞིག་རེད། ཁ་ཆོས་ཙམ་གྱི་དཔེ་རུ་ནེ་ཙོ་ཡོང་བ་རེད།)
གུང་ཐང་རིན་པོ་ཆེས། “ནེ་ཙོ་འདོན་པ་ལྟ་བུ་བརྒྱ་ཚར་གྱིས།། བརྗོད་བྱའི་གནད་ལ་སྒྲོ་འདོགས་མི་ཆོད་པས།།” ཞེས་བཀའ་མཆིད་སྩལ་གནང་བ་རེད།

དིང་སང་། འོ་ཅག་གི་གཙོ་རྒྱུགས་སུ་གྱུར་པའི་ཐ་སྙད་གལ་ཆེན་ཞིག་ཡོད་པ་ནི་ལྷག་དཀར་ཞེས་པ་འདི་རེད།

དེ་ལས་མང་བ་། “བོད་པ་ཕལ་མོ་ཆེ་ནེ་ཙོ་དང་ཤིན་ཏུ་ཆ་འདྲ།” »

བསམ་ཚུལ།

ཁྱོད་སུ་ཡིན།

Posted on 2014-12-172014-12-17 By ཁ་བརྡ་ No Comments on ཁྱོད་སུ་ཡིན།

མྱི་ལྟིག
__________ནམ་ཐུག་མི་ངེས་པའི་མི་ཞིག་ལ།

 
མེ་ཏོག་ཆ་གཅིག་རྣ་ལ་མ་བཏགས་ཁྱོད་ཉིད་བདག་གི་ཆུང་འདྲིས་མ་རེད།།
གློ་དང་མཆིན་པ་མཚན་གླན་བྱས་པའི་དགའ་མ་དེ་ལའང་ཁྱོད་རང་མ་རེད།།
ཉིན་མོ་འཛུམ་པ་མཚན་མོ་རུམ་པ་འུ་གཉིས་དབར་ལ་ཅི་ཡང་མེད་པ།།
ཇི་ལྟར་བསམས་ན་དེ་ལྟར་འཐོམས་པས་བུ་མོ་ཁྱོད་རང་དོན་དམ་སུ་ཡིན།།

ལབ་ཀྱིན་ལབ་ཀྱིན་བདག་བཅས་ནང་སེམས་སྐད་ཅིག་ཉིད་ལ་འཕྲོག་པ་འདྲའོ།།
བསམས་ཀྱིན་བསམས་ཀྱིན་བདག་གི་ཀུན་པོ་བུ་མོ་ཁྱོད་ཀྱིས་བརྐུས་པ་འདྲའོ།།

དེ་ལས་མང་བ་། “ཁྱོད་སུ་ཡིན།” »

སྙན་ངག

གནས་ལུགས་ལ་རྒྱབ་མ་ཕྱོགས།

Posted on 2014-12-172014-12-17 By ཁ་བརྡ་ 1 Comment on གནས་ལུགས་ལ་རྒྱབ་མ་ཕྱོགས།

འཇམ་གཅེས།

 
མི་ཡུལ་ས་མཐར་འགྲིམ་དགོས་བསྐོས་པའི་ལས།།
རང་ཡུལ་བདེ་སྡུག་བསམ་ཤེས་རིགས་ཀྱི་འགན།།
རང་གཞན་གང་གི་ཡུལ་དུ་གནས་བཅས་རུང་།།
གཞན་དབང་སྟབས་བསྟུན་ཡིན་པར་ཀུན་ནས་མཚུངས།།

དགྲ་གཉེན་མ་ནོར་དགོས་པ་གནས་ལུགས་ཞིག །
ཀུན་ལ་མཉམ་པར་འཛིན་དགོས་སྟོན་པའི་བཀའ།།

དེ་ལས་མང་བ་། “གནས་ལུགས་ལ་རྒྱབ་མ་ཕྱོགས།” »

སྙན་ངག

གཉའ་བསྟོད་མཐོང་བ་གཅིན་ཤོར།

Posted on 2014-12-172014-12-17 By ཁ་བརྡ་ 5 Comments on གཉའ་བསྟོད་མཐོང་བ་གཅིན་ཤོར།

འབའ་སྲས།

སྨན་ཤར་བུ་མོའི་ལྟེ་བའི་གཡུང་དྲུང་གཡས་སུ་འཁྱིལ་བའི་འདབས་རོལ་ན།།
ཙོང་སྐམ་འདྲ་བའི་བརླ་ཡི་ཕུག་ན་བྱུ་རུ་དམར་བོའི་ཁ་སྒོ་ཅན།།
དཀྱིལ་ན་བྱ་ཡི་ལྕེ་ཡིས་མཛེས་ཤིང་མཐའ་རུ་འདོད་སྤུ་ནགས་ཀྱིས་བརྒྱན།།
རིན་ཆེན་སྟོང་གིས་བསྒྲུན་དུ་མེད་པའི་གཉའ་མ་འབོད་པའི་ཁ་འདི་གནས།།

སོར་མོའི་ཆར་གྱིས་བརླན་པར་བྱས་ན་བྱ་ལི་ལྕེ་ཡི་ཟེའུ་འབྲུ་དགོད།།
ལིང་གའི་རྩེ་མོའི་འོད་ཀྱིས་རེག་ན་ཁ་ཤའི་འདབ་མ་ཡངས་པོར་ཕྱེས།།

དེ་ལས་མང་བ་། “གཉའ་བསྟོད་མཐོང་བ་གཅིན་ཤོར།” »

སྙན་ངག

དགེ་ལྡན་ལྔ་མཆོད་ལ་ཕུལ་བའི་སྤྲིན་གྱི་སྒྲ་དབྱངས།

Posted on 2014-12-152014-12-15 By ཁ་བརྡ་ 24 Comments on དགེ་ལྡན་ལྔ་མཆོད་ལ་ཕུལ་བའི་སྤྲིན་གྱི་སྒྲ་དབྱངས།

ཨེ་མ་ཧོ།

unnamedན་མོ་གུ་རུ་མ་ཏི་བྷ་དྲ་ཡེ།
ཀ་མ་ལ་ལྟར་ཕྱི་ནང་ཀུན་གཙང་བའི།།
ཁ་བའི་ལྗོངས་ཀྱི་བློ་བཟང་གྲགས་པ་ཞེས།།
ག་ས་གང་ན་སྙན་གྲགས་ཀུན་ཁྱབ་པའི།།
ང་ཡི་གུ་རུའི་རྣམ་སྤྲུལ་རྒྱལ་གྱུར་ཅིག།
ཅ་ར་མ་ར་ལབ་པའི་དོལ་ཚོགས་ཀྱིས།།
ཆ་མེད་ཡུལ་ནས་རྒྱུས་མེད་ལོག་བཤད་ཀྱིས།།
ཇ་ལན་ཆུ་ཡིས་འཇལ་བའི་ཚུལ་མཐོང་ཚེ།།
ཉ་སུག་གོག་ལྟར་ཕྱུགས་རྣམས་སྙིང་རྗེའི་ཡུལ།།

དེ་ལས་མང་བ་། “དགེ་ལྡན་ལྔ་མཆོད་ལ་ཕུལ་བའི་སྤྲིན་གྱི་སྒྲ་དབྱངས།” »

སྙན་ངག

ཕག་གྲུའི་ལྔ་མཆོད་ཆེན་མོ།

Posted on 2014-12-152014-12-15 By ཁ་བརྡ་ 2 Comments on ཕག་གྲུའི་ལྔ་མཆོད་ཆེན་མོ།

ཧི་མ་ལ་ཡའི་འཕྲུལ་སྨྱུག

 
རྗེ་སྒམ་པོ་པ་ཆེན་པོའི་སྐུ་ཚེའི་མཐར་ཞབས་ལ་གཏུགས་ནས། རྟོགས་པ་ནམ་མཁའ་དང་མཉམ་པར་གྱུར་པ་ནི། དེ་བཞིན་གཤེགས་པ་འཁོར་བ་འཇིག་གི་རྣམ་སྤྲུལ་དཔལ་ཕག་མོ་གྲུ་པ་ཡིན་ཅིང༌། རྗེ་འདི་དགེ་འདུན་ཐམས་ཅད་ཀྱི་གྲལ་གྱི་ཐོག་མར་བཞུགས་སུ་གསོལ་ཏེ། གཏམ་གསུང་ན་ཡང་དགེ་བཤེས་ཁམས་པ་ཆེན་པོ་གྲལ་གྱི་གུང་ལ་བཞུགས་ཞེས་བསྟོད་པར་མཛད་པའི་རྒྱུ་མཚན་ཡང༌། དོན་གྱིས་ན་བཀའ་བརྒྱུད་རིན་པོ་ཆེའི་བསྟན་པའི་མངའ་བདག་ཏུ་བཀུར་བར་འོས་པ་དེ་ཉིད་ནི། མདོ་ཁམས་སྡེ་དགེ་རྨེ་ཤོད་དུ་ཡབ་ཝེ་ན་ཨ་ཐར་དང༌། ཡུམ་བཙུན་ནེ་གཉིས་ཀྱི་སྲས་སུ་ལྕགས་སྟག་སྤྱི་ལོ་༡༡༡༠ ལོར་འཁྲུངས།

དེ་ལས་མང་བ་། “ཕག་གྲུའི་ལྔ་མཆོད་ཆེན་མོ།” »

ངོ་སྤྲོད།

རིན་ཆེན་མི་ལུས་ཀ་བཤད་བཅོ་ལྔ་པ།

Posted on 2014-12-152014-12-15 By ཁ་བརྡ་ No Comments on རིན་ཆེན་མི་ལུས་ཀ་བཤད་བཅོ་ལྔ་པ།

ཀོ་ལི་གྷ་གཞུང་པ་ཚེ་དབང་བསོད་ནམས།

 
ཀ་ཡེ་གསོན་དང་རིན་ཆེན་མི་ལུས་ཅན།།
ཁ་དང་སེམས་ལ་རྒྱུན་དུ་དོ་སྣང་དགོས།།
ག་དུས་ཡིན་ཀྱང་ཕྱག་འཚལ་སྐོར་སྦྱོང་རེམས།།
ང་ཡི་ཁ་བརྡ་ཀ་བཤད་ལམ་སྟོན་ཡིན།།
ཅ་ཅོ་མང་ན་རྣམ་གཡེང་བསླུ་བའི་རྒྱུ།།
ཆ་མེད་ཡུལ་དུ་གྲོགས་མེད་ཏིང་འཛིན་གྲུབ།།

དེ་ལས་མང་བ་། “རིན་ཆེན་མི་ལུས་ཀ་བཤད་བཅོ་ལྔ་པ།” »

སྣ་ཚོགས།

བསྟོད་པ་འདོད་པའི་ཟུར་མིག་མ།

Posted on 2014-12-152014-12-15 By ཁ་བརྡ་ 7 Comments on བསྟོད་པ་འདོད་པའི་ཟུར་མིག་མ།

ཕོ་རོག་དཀར་པོས།

 

རྒྱ་གར་ཤར་ཕྱོགས་རྡོ་རྗེ་གླིང་གི་གཞོན་ནུ་མ་ཉེར་གཅིག་གི་བསྟོད་པ་འདོད་པའི་ཟུར་མིག་མ་བཞུགས་སོ།།

༡༽ ཨོཾ་གཞོན་ནུ་མ་བུ་མོ་མཛངས་མ་ལ་ཕྱག་འཚལ་ལོ། །
ཕྱག་འཚལ་བུ་མོ་མཛེས་མ་དཔལ་མོ། །
མིག་ནི་ཆགས་པའི་ཟུར་མིག་གཡོ་མ། །
འཇིག་རྟེན་གསུམ་གྱི་མཛེས་མའི་ཞལ་ལས། །
ཁྱོད་ཉིད་གཅིག་པུ་རྣམ་པར་མཛེས་མ། །

དེ་ལས་མང་བ་། “བསྟོད་པ་འདོད་པའི་ཟུར་མིག་མ།” »

སྙན་ངག

བརྩེ་དུང་གཙོ་བའི་ལམ་བུ།

Posted on 2014-12-142014-12-14 By ཁ་བརྡ་ 5 Comments on བརྩེ་དུང་གཙོ་བའི་ལམ་བུ།

ཕོ་རོག་དཀར་པོ།

 
རང་བྱུང་བརྩེ་བའི་ལྷ་ལ་ཕྱག་འཚལ་ལོ།

༡༽ མི་ཚེའི་འཚོ་གནས་འདི་ཡི་སྙིང་པོའི་དོན།།
མྱོང་ཅན་རྒན་རབས་ཀུན་གྱིས་བསྔགས་པའི་ལམ།།
ན་གཞོན་ཕོ་མོ་རྣམས་ཀྱི་འཇུག་ངོགས་དེ།།
ཅི་ཙམ་རྟོགས་པ་བདག་གིས་བཤད་པར་བྱ།།

དེ་ལས་མང་བ་། “བརྩེ་དུང་གཙོ་བའི་ལམ་བུ།” »

སྙན་ངག

ཡེ་ཤུའི་དུས་ཆེན་གྱི་བརྡ་དོན་ཨཱ་ལི་ཀཱ་ལིའི་སྒྲ་དབྱངས།

Posted on 2014-12-142014-12-14 By ཁ་བརྡ་ No Comments on ཡེ་ཤུའི་དུས་ཆེན་གྱི་བརྡ་དོན་ཨཱ་ལི་ཀཱ་ལིའི་སྒྲ་དབྱངས།

ཨེ་མ་ཧོ།

 
ན་མོ་གུ་རུ་བྷོ་དྷི་ཙིཏྟ་ཡེ།
ཨ་ཏིའི་དགོངས་པ་རྟོགས་པའི་རྣལ་འབྱོར་གྱི་སྣང་ངོར།།
ཧ་ཅང་བཟང་ངན་དབྱེ་བའི་རྣམ་རྟོག་ཅིག་མི་འདུག །
ས་ཐོབ་སེམས་དཔའི་དཔའ་སྐད་སྒྲག་པ་ཞིག་མིན་ཀྱང་།།
ཤ་ཞེན་སྙིང་གི་གྲོགས་ལ་རྟོགས་འབུལ་ཞིག་ཞུའོ།།
ལ་རྒྱའི་ཚུལ་འཆོས་བཟུང་བ་དངོས་ཞེན་གྱི་འཛིན་ཆགས།།

དེ་ལས་མང་བ་། “ཡེ་ཤུའི་དུས་ཆེན་གྱི་བརྡ་དོན་ཨཱ་ལི་ཀཱ་ལིའི་སྒྲ་དབྱངས།” »

སྙན་ངག

བདག་གི་ཆགས་རྩོམ་མཐའ་མ།

Posted on 2014-12-142014-12-14 By ཁ་བརྡ་ 2 Comments on བདག་གི་ཆགས་རྩོམ་མཐའ་མ།

འབའ་སྲས།

རོང་བ་བོང་བུར་ཞོན་པའི་ཁ་གྲངས་ལས།།
བདག་གིས་རོང་མོར་སྤྱད་པའི་གྲངས་ཀ་མང་།།
འབྲོག་པ་གཡག་ལ་ཞོན་པའི་སྐད་ཆ་ལས།།
ཁོ་བོས་འབྲོག་མོར་གཡབ་པའི་གཏམ་རྒྱུད་མང་།།

ཁམས་པའི་རལ་གྲི་རྣོ་བའི་སོ་ཁ་ལས།།
བཞུར་བའི་ཁྲག་ལས་བདག་གི་ཁུ་བ་མང་།།

དེ་ལས་མང་བ་། “བདག་གི་ཆགས་རྩོམ་མཐའ་མ།” »

སྙན་ངག

Posts pagination

Previous 1 … 63 64 65 … 423 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (23)
  • ན་ཟུག (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme