Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་པ་ཚོ། གཟབ་གཟབ་གནང་ཨ།

Posted on 2015-03-112015-03-11 By ཁ་བརྡ་ 12 Comments on བོད་པ་ཚོ། གཟབ་གཟབ་གནང་ཨ།

ཚེ་རིང་བསམ་འགྲུབ། ཨ་རི།

 
ཉིན་ཤས་སྔོན་ངེད་ཀྱིས་ལོ་འདིའི་དྭང་བླང་དཔྱ་དངུལ་ཕུལ་ཚར། དེ་ནི་ཨ་སྒོར་ ༩༦ རེད། ཨ་སྒོར་གྱི་གྲངས་ཀ་འདི་ནི་ངའི་ཉིན་གཅིག་གི་ལས་ཀ་ཡིན། ངས་ཉིན་གང་ལ་ཆུ་ཚོད་བརྒྱད་རིང་རྐུབ་ས་ལ་འཛུགས་ལོང་མེད་པར་ལས་ཀ་བྱས་པའི་འབྲས་བུར་ཨ་སྒོར་ ༩༦ ཙམ་ཐོབ། དེ་ནི་བཙན་བྱོལ་བོད་གཞུང་ལ་ཕུལ་བ་ཡིན། འདི་ལ་དམིགས་ཡུལ་ཉག་གཅིག་ཡོད་པ་ནི་བཙན་བྱོལ་བོད་གཞུང་ཞེས་པའི་སྒྲིག་འཛུགས་འདི་བོད་མི་ས་ཡ་དྲུག་གི་བདེ་སྡུག་གི་ཆེད་དུ་གནས་ན་བསམས་པ་ཡིན།

དེ་ལས་མང་བ་། “བོད་པ་ཚོ། གཟབ་གཟབ་གནང་ཨ།” »

བསམ་ཚུལ།

རོང་བོ་དགོན་ཆེན་གྱི་སྨོན་ལམ་ཆེན་མོའི་སྐབས་ཀྱི་ནང་ཆོས་ངོ་སྤྲོད།

Posted on 2015-03-112015-03-12 By ཁ་བརྡ་ No Comments on རོང་བོ་དགོན་ཆེན་གྱི་སྨོན་ལམ་ཆེན་མོའི་སྐབས་ཀྱི་ནང་ཆོས་ངོ་སྤྲོད།

དགེ་བཤེས་འཇམ་དབྱངས་ཆོས་འཕེལ། (པུར་རྒྱལ་གྱིས་འོས་སྦྱོར་ཞུས།)
 

མདོ་སྨད་རེབ་གོང་རོང་བོ་དགོན་ཆེན་གྱི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས་ཀྱི་ནང་ཆོས་ངོ་སྤྲོད། ཐེངས་བཞི་པ།

《དལ་འབྱོར་གྱི་མི་ལུས་ངོ་སྤྲོད།》

 
ད་ཐེངས་རོང་བོ་དགོན་པའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཕྲན་ལ་ནང་ཆོས་སྐོར་ནས་དམངས་ཚོགས་ལ་ངོ་སྤྲོད་བྱེད་པའི་དུས་ཚོད་བཀོད་སྒྲིག་གནང་སོང་། ངེད་ནས་ཁོང་རྣམ་པའི་བཀའ་མ་ཟློག་ཙམ་དུ་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚེས་བཅུ་གསུམ་གྱི་ཉིན་འདིར་དལ་འབྱོར་གྱི་ཆོས་སྐོར་དང་མི་ཆོས་གཙང་མ་བཅུ་དྲུག་གི་ངོ་སྤྲོད་མདོར་བསྡུས་ཞིག་ཞུ་རྒྱུ་ཡིན།

དེ་ལས་མང་བ་། “རོང་བོ་དགོན་ཆེན་གྱི་སྨོན་ལམ་ཆེན་མོའི་སྐབས་ཀྱི་ནང་ཆོས་ངོ་སྤྲོད།” »

ངོ་སྤྲོད།

གསུམ་བཅུའི་དུས་དྲན་ཉིན་མོའི་ཚོར་བ་གཅེར་བུ་བ།

Posted on 2015-03-112015-03-11 By ཁ་བརྡ་ 4 Comments on གསུམ་བཅུའི་དུས་དྲན་ཉིན་མོའི་ཚོར་བ་གཅེར་བུ་བ།

ཨེ་མ་ཧོ།

 
ན་མོ་གུ་རུ་པདྨ་ཀ་ར་ཡེ།
སྐུ་གསུམ་རྒྱལ་ཀུན་འདུས་ཞལ་པདྨ་འབྱུང་།།
ཁམས་གསུམ་འགྲོ་བ་ཡོངས་ཀྱི་མགོན་གཅིག་པུ།།
དུས་གསུམ་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན།།
མཆོག་གསུམ་རྒྱལ་བའི་སྤྱི་གཟུགས་རྒྱལ་གྱུར་ཅིག།
ཞིང་འབྲོག་ཕལ་ཆེར་གྲོང་མཐའི་རྒུད་པར་སྐྱལ།།

དེ་ལས་མང་བ་། “གསུམ་བཅུའི་དུས་དྲན་ཉིན་མོའི་ཚོར་བ་གཅེར་བུ་བ།” »

སྙན་ངག

བྷོ་ངྷ་ཕེ་སི་གྲོང་ཁྱེར་ནང་གི་ངོ་རྒོལ་ལས་འགུལ།

Posted on 2015-03-102015-03-10 By ཁ་བརྡ་ No Comments on བྷོ་ངྷ་ཕེ་སི་གྲོང་ཁྱེར་ནང་གི་ངོ་རྒོལ་ལས་འགུལ།

གནས་ཚུལ་གཏོང་མཁན། བཀྲ་ཤིས།

 
དེ་ཡང་བོད་མི་གནས་སྡོད་བྱེད་སའི་རྒྱལ་ཁབ་མང་པོའི་ནང་དུ་བོད་པ་དང་བོད་དོན་རྒྱལ་སྐྱོར་བ་ཚོས་གསུམ་བཅུའི་དུས་དྲན་ཐེངས་༥༦པ་སྲུང་བརྩི་བྱས་ཡོད་ལ། འདིར་ཡོ་རོབ་རྒྱལ་ཁབ་ཧང་གི་རི་ལ་ཆ་མཚོན་ན། ལུང་པ་འདི་ཡི་ནང་དུ་གནས་སྡོད་བྱེད་མཁན་བོད་མི་བཅུ་གྲངས་ཤིག་ཀྱང་མེད་མོད། ཡིན་ཡང་དེ་རིང་རྒྱལ་ཁབ་འདིའི་་རྒྱལ་ས་བྷོ་ངྷ་ཕེ་སི་གྲོང་ཁྱེར་ནང་གི་དབུས་ཡོ་རོབ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ནང་ཞིབ་འཇུག་སློབ་མ་འདོན་བཞིན་བའི་སློབ་མ་ཚོ་དང་ས་གནས་བོད་མི་བཅས་ཀྱིས་མཉམ་རུབ་ཐོག་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག

དེ་ལས་མང་བ་། “བྷོ་ངྷ་ཕེ་སི་གྲོང་ཁྱེར་ནང་གི་ངོ་རྒོལ་ལས་འགུལ།” »

གསར་འགྱུར།

གསུམ་བཅུའི་དུས་དྲན་༥༦ པར་སྤྱི་ལྷན་གྱི་གསུང་བཤད།

Posted on 2015-03-102015-03-10 By ཁ་བརྡ་ 3 Comments on གསུམ་བཅུའི་དུས་དྲན་༥༦ པར་སྤྱི་ལྷན་གྱི་གསུང་བཤད།

 

བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༥༦ པའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།

དེ་རིང་ནི་ཕྱི་ལོ་༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་དམར་གྱིས་བཙན་གནོན་བྱས་པར་བོད་མི་མང་གིས་རང་དབང་སྒེར་ལངས་ཆེན་མོའི་ཞི་རྒོལ་བྱས་ཏེ་མི་ལོ་ཧྲིལ་པོ་ ༥༦ འཁོར་བའི་དུས་དྲན་དང༌། བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོའི་ཉིན་མོ་ཡང་ཡིན་པ་ལྟར། ཁོ་བོས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་ཡོངས་སུ་བློས་གཏོང་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྙིང་སྟོབས་དང་མཛད་བཟང་ལ་རྗེས་དྲན་དང༌།

དེ་ལས་མང་བ་། “གསུམ་བཅུའི་དུས་དྲན་༥༦ པར་སྤྱི་ལྷན་གྱི་གསུང་བཤད།” »

གསར་འགྱུར།

གསུམ་བཅུའི་དུས་དྲན་༥༦ པར་སྲིད་སྐྱོང་གི་གསུང་བཤད།

Posted on 2015-03-102015-03-10 By ཁ་བརྡ་ 5 Comments on གསུམ་བཅུའི་དུས་དྲན་༥༦ པར་སྲིད་སྐྱོང་གི་གསུང་བཤད།

 

ཕྱི་ལོ་ ༢༠༡༥ གསུམ་བཅུའི་དུས་དྲན་ཐེངས་ ༥༦ པའི་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྤེལ་བའི་ཡོངས་ཁྱབ་གསུང་བཤད།

ཕྱི་ལོ་༡༩༥༩ ཟླ་༣ ཚེས་༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཞི་བའི་རང་དབང་སྒེར་ལངས་བྱས་ཏེ་མི་ལོ་ ༥༦ འཁོར་བའི་ཉིན་མོ་འདིར་གཞིས་བྱེས་བོད་མི་ཡོངས་དང་འཛམ་གླིང་གང་སར་གནས་པའི་བོད་ཀྱི་གྲོགས་པོ་རྣམས་ལ་འཚམས་འདྲི་ཞུ་བ་དང་ཆབས་ཅིག ད་བར་བསྟན་སྲིད་མི་རིགས་ཀྱི་དོན་དུ་ལུས་སྲོག་ལོངས་སྤྱོད་བློས་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་དང་། ད་ལྟའི་ཆར་དཀའ་སྡུག་མྱོང་བཞིན་པ་རྣམས་ལ་རྗེས་དྲན་གུས་འདུད་ཞུ་རྒྱུ་ཡིན།

དེ་ལས་མང་བ་། “གསུམ་བཅུའི་དུས་དྲན་༥༦ པར་སྲིད་སྐྱོང་གི་གསུང་བཤད།” »

གསར་འགྱུར།

གཞུང་ཆེན་རིགས་གཅིག་རྐང་འཛིན་ཆེད་སྐོང་ཚོགས་གནང་བ།

Posted on 2015-03-082015-03-08 By ཁ་བརྡ་ 2 Comments on གཞུང་ཆེན་རིགས་གཅིག་རྐང་འཛིན་ཆེད་སྐོང་ཚོགས་གནང་བ།

ཡོང་ཁུངས། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ

 

གཞུང་ཆེན་རིགས་གཅིག་རྐང་འཛིན་མཁས་པའི་ཚོགས་ཆུང་གི་ལྷན་ཚོགས་ཐེངས་གཉིས་པ་སྐོང་ཚོགས་གནང་བ།

ཕྱི་ལོ་༢༠༡༥ ཟླ་༣ ཚེས་༦ ཉིན་གྱི་སྔ་དྲོ་ཆུ་ཚོད་༩།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་གཞུང་ཆེན་རིགས་གཅིག་རྐང་འཛིན་མཁས་པའི་ཚོགས་ཆུང་གི་ལྷན་ཚོགས་ཐེངས་གཉིས་པ་སྐོང་ཚོགས་གནང་སོང། དེ་ཡང་གོང་ཚེས་ཉིན་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་སློབ་དཔོན་དང་།

དེ་ལས་མང་བ་། “གཞུང་ཆེན་རིགས་གཅིག་རྐང་འཛིན་ཆེད་སྐོང་ཚོགས་གནང་བ།” »

གསར་འགྱུར།

རྒྱལ་ཡོངས་གངས་ཅན་བུ་མོ་རྣམས་ལ་བསྟོད་པ་མུ་ཏིག་དཀར་པོ།

Posted on 2015-03-082015-03-08 By ཁ་བརྡ་ 3 Comments on རྒྱལ་ཡོངས་གངས་ཅན་བུ་མོ་རྣམས་ལ་བསྟོད་པ་མུ་ཏིག་དཀར་པོ།

ཨེ་མ་ཧོ།

 
ན་མོ་གུ་རུ་ཌཱཀྐི་ནི་ཡེ།
གངས་དཀར་རི་བོས་བསྐོར་བའི་གནས་ན།།
གངས་རིའི་ལྷ་ལྕམ་བུ་མོའི་པང་ན།།
གངས་སེང་དཀར་པོའི་གདོང་རྒྱུད་ཡིན་ན།།
གངས་ཆབ་གཙང་མས་སྐྱེད་པར་ལགས་སོ།།

བྱམས་བཟང་གཡུ་ཡི་མེ་ཏོག་རྐང་གཅིག།

དེ་ལས་མང་བ་། “རྒྱལ་ཡོངས་གངས་ཅན་བུ་མོ་རྣམས་ལ་བསྟོད་པ་མུ་ཏིག་དཀར་པོ།” »

སྙན་ངག

ཨ་མདོ་རྔ་བ་ནས་དཔའ་བོ་ཁེར་རྒྱུག་བྱས་འདུག

Posted on 2015-03-082015-03-08 By ཁ་བརྡ་ 6 Comments on ཨ་མདོ་རྔ་བ་ནས་དཔའ་བོ་ཁེར་རྒྱུག་བྱས་འདུག

Ghedun Puntsok 01ཕྱི་ལོ་༢༠༡༥ ཟླ་༣ ཚེས་༨ ཉིན་གྱི་བོད་ནང་གི་ཕྱེད་ཡོལ་ཆུ་ཚོད་དང་པོ་དང་ཕྱེད་ཀའི་སྟེང་བོད་མདོ་སྨད་རྔ་བ་ཀིརྟི་དགོན་པའི་གྲྭ་དགེ་འདུན་ཕུན་ཚོགས། རང་ལོ་༡༨ ཡིན་པ་ཁོང་གིས་༸གོང་ས་མཆོག་གི་སྐུ་པར་ཆེན་པོ་ཞིག་ཁ་བཏགས་སེར་པོ་ཞིག་གིས་ལྕིབས་ཏེ་མགོ་ཐོག་ཏུ་འཕྱར་ནས་རྒྱལ་བ་རིན་པོ་ཆེ་”བོད་ལ་ཕེབས་འཇུག་དགོས། བོད་ལ་རང་དབང་དང་འདྲ་མཉམ་དགོས།“ ཞེས་སྐད་འབོད་གནང་བཞིན་རྔ་བ་རྫོང་མཁར་གྱི་གཞུང་ལམ་སྟེང་གོམ་བགྲོད་གནང་ཡོད་ཅིང་།

དེ་ལས་མང་བ་། “ཨ་མདོ་རྔ་བ་ནས་དཔའ་བོ་ཁེར་རྒྱུག་བྱས་འདུག” »

གསར་འགྱུར།

དུངས་པའི་རླབས་ཕྲེང་།

Posted on 2015-03-062015-03-06 By ཁ་བརྡ་ No Comments on དུངས་པའི་རླབས་ཕྲེང་།

ཟླ་བ་གཞོན་ནུ།

 
སེམས་ལ་ཁ་བ་བབས་སོང་།།
ཁ་བ་རི་དང་མཉམ་སོང་།།
ཁྱོད་ལ་འཁྲེང་བའི་སེམས་པ།།
ཇོ་མོ་གླིང་མའི་མཐོ་རེད།།

རྒྱ་མཚོར་རྦ་རླབས་ཆེ་བས།།
གྲུ་ཆུང་གཡང་ལ་བསྒྱུར་སོང་།།

དེ་ལས་མང་བ་། “དུངས་པའི་རླབས་ཕྲེང་།” »

སྙན་ངག

ཡིག་ནོར་གྱིས་ཁེངས་པའི་ཐང་སྟོང་མགྲོན་བརྡ།

Posted on 2015-03-052015-03-05 By ཁ་བརྡ་ 26 Comments on ཡིག་ནོར་གྱིས་ཁེངས་པའི་ཐང་སྟོང་མགྲོན་བརྡ།

ཁྲོ་གཏུམ།

 
ཡིག་ནོར་ཁྱོན་ནས་མེད་ཟེར་ན་དཀའ་ལས་ཁག་མོད། ཡིག་ནོར་རྦད་དེ་མང་དྲགས་ན་སྐད་ཡིག་དེར་མཐོང་ཆུང་བྱས་པ་དང་གཅིག་མཚུངས་རེད། བོད་ཀྱི་ལས་ཁུངས་ཤིག་གིས་བོད་ཡིག་སྣང་ཆུང་དུ་བཏང་ན་སུ་ཞིག་གིས་བོད་ཡིག་མཐོང་ཆེན་བརྩི་བ་རེད། ལས་ཤོག་འདི་ནི་ངའི་མིག་ལམ་དུ་ཐོན་མ་ཐག ངའི་མིག་ཟུང་རབ་རིབ་ཏུ་གྱུར་སོང་། ལས་ཤོག་འདིའི་མགོ་སྟོད་དུ་༼ཐང་སྟོང་བོད་ཀྱི་གླུ་གར་འཁྲབ་སྟོན་པ།༽ཞེས་པའི་ཡི་གེ་ལྗང་ཁུ་འགའ་བྲིས་འདུག་པར་བལྟས་ན།

དེ་ལས་མང་བ་། “ཡིག་ནོར་གྱིས་ཁེངས་པའི་ཐང་སྟོང་མགྲོན་བརྡ།” »

བསམ་ཚུལ།

ཀ་བཤད་ས་ཆའི་བདག་དབང་།

Posted on 2015-03-052015-03-05 By ཁ་བརྡ་ 1 Comment on ཀ་བཤད་ས་ཆའི་བདག་དབང་།

ཀོ་ལི་གྷལ་གཞུང་པ་ཚེ་དབང་བསོད་ནམས།

 
ཀ་ཡེ་གསོན་དང་གངས་ཅན་པ།།
ཁ་བ་ཅན་པའི་སྐྱེ་འགྲོ་རྣམས།།
ག་ས་གང་ལ་ཁ་འཐོར་ནས།།
ང་ཡིན་ཁོ་ཡིན་གླེང་གཞི་མང་།།

ཅ་ཅོ་ཉུང་ལ་ཆོད་སེམས་བརྟན།།

དེ་ལས་མང་བ་། “ཀ་བཤད་ས་ཆའི་བདག་དབང་།” »

སྙན་ངག

ཡིད་དང་ང་དང་དབང་པོ་ལྔ།

Posted on 2015-03-052015-03-05 By ཁ་བརྡ་ 2 Comments on ཡིད་དང་ང་དང་དབང་པོ་ལྔ།

གཙང་མེ་ལྕེ།

 
མིག་གི་མ་མཐོང་ཡིད་ཀྱིས་རིག་སྟེ་ཁང་ཆུང་ཕུགས་ཀྱི་ཁ་སྟབས་བྱས།།
མཛའ་མོས་མ་བཤད་འདྲེ་མོས་བསྟན་པས་མཛུབ་མོ་གཉིས་ཀྱིས་ཁྱུག་ཙམ་སྒུལ།།
གླང་ཤ་མ་བཟས་བྱ་ཤས་རྒྱགས་ཏེ་སྦི་རག་མངར་མོའི་རོ་ལ་གཡེང་།།
འདི་ཡང་མི་ལུགས་དངོས་མ་ཞིག་གིས་རྒྱུན་གཏན་འཚོ་བའི་ཟུར་དུ་ཕབ།།

རྣ་ལ་བཤད་པའི་གསང་གཏམ་དེ་ཡིས་ཡིད་ཀྱི་མཚོ་མོ་རབ་ཏུ་སྐྱོམ།།

དེ་ལས་མང་བ་། “ཡིད་དང་ང་དང་དབང་པོ་ལྔ།” »

སྙན་ངག

ཡར་ལངས་པ།

Posted on 2015-03-052015-03-05 By ཁ་བརྡ་ No Comments on ཡར་ལངས་པ།

གླིང་གཅེར་བུ།

 
མལ་ལས་ལངས་ཚུལ་གྱི་མེ་ཏོག་འཚིག་རོ་མ།།
སྒེའུ་ཁུང་ཕྱི་རོལ་གྱི་སྐད་ཆའི་གོ་བརྡ་མིན།།
སྨུག་རྒྱུའི་བར་གསེང་གི་མཛེས་པ་རབ་རིབ་མ།།
ད་ནངས་ཞོགས་པ་ཡི་དཔེ་ཀློག་ངོས་ན་ཡོད།།

ལྷམ་སྒྲོག་དྲུད་པ་ཡི་དབྱངས་ཡིག་མགོ་མེད་མ།།
གོམ་པའི་བར་གླགས་ན་ཇེ་གསལ་ཇེ་ཆུང་ཡིན།།

དེ་ལས་མང་བ་། “ཡར་ལངས་པ།” »

སྙན་ངག

ཁ་བ་དཀར་པོ།

Posted on 2015-03-052015-03-05 By ཁ་བརྡ་ No Comments on ཁ་བ་དཀར་པོ།

བསྟན་འཛིན་འོད་ཟེར།

 
ཁ་བ་དཀར་པོ།
གངས་ལྗོངས་ཀྱི་ཡུལ་ན།
རང་བྱུང་གི་ཁ་བཏག།།
ཁ་བ་དཀར་བོ།
ཁ་བ་རི་བའི་ལྷག་བསམ་མཚོན་པའི།

དེ་ལས་མང་བ་། “ཁ་བ་དཀར་པོ།” »

སྙན་ངག

བོད་ཕྱི་ནང་གཉིས་སུ་སྐུའི་གྱ་སྟོན་དང་བརྟན་བཞུགས།

Posted on 2015-03-052015-03-05 By ཁ་བརྡ་ No Comments on བོད་ཕྱི་ནང་གཉིས་སུ་སྐུའི་གྱ་སྟོན་དང་བརྟན་བཞུགས།

གློག་བརྙན་།

སྐད་འཕྲིན་དང་རྨི་ལམ།

Posted on 2015-03-032015-03-03 By ཁ་བརྡ་ 1 Comment on སྐད་འཕྲིན་དང་རྨི་ལམ།

འབའ་སྲས།

 
སྐད་འཕྲིན་ནང་ནས་བུ་མོ་ཞིག །
སྒེར་ལ་བླངས་ཏེ་དེ་མ་ཐག །
སྐྱིད་པོ་འདོད་གཏམ་གླེང་བ་ཞིག །
མཚན་གུང་རྨི་ལམ་ནང་དུ་རྨིས།།

གདོང་པར་བལྟས་ན་མཛེས་མ་ཞིག །
སྐད་ལ་ཉན་ན་ལོ་ཆུང་ཞིག །

དེ་ལས་མང་བ་། “སྐད་འཕྲིན་དང་རྨི་ལམ།” »

སྙན་ངག

རྩེད་མཚར་ནག་རིལ་མ།

Posted on 2015-03-032015-03-03 By ཁ་བརྡ་ 4 Comments on རྩེད་མཚར་ནག་རིལ་མ།

ཆང་སྐྱེས།

 
ཕྱུག་བདག་རྒྱ་མོ་ཚོའི་འཛུམ་ལ་ཆགས་ཏེ།།
སྐྱབས་འགྲོ་གདུགས་དཀར་གྱི་མགུར་དབྱངས་འཐེན་པའི།།
སྤྲུལ་བའི་སྐུ་ལོ་ཚོར་དད་པ་བྱོས་དང་།།
ལྷ་ཡུལ་དག་ཞིང་ནི་བདམ་ཀ་བྱས་ཆོག །

ཇ་ཆང་ཤ་མར་གྱི་ཚོགས་ལ་རོལ་ཏེ།།
ལྷ་མིན་མི་མིན་ལ་ཁ་ལོ་བསྒྱུར་བའི།།

དེ་ལས་མང་བ་། “རྩེད་མཚར་ནག་རིལ་མ།” »

སྙན་ངག

བོད་ཀྱི་དེང་རབས་རི་མོའི་སྒྱུ་རྩལ་འགྲེམས་སྟོན་གསལ་བསྒྲགས།

Posted on 2015-03-032015-03-04 By ཁ་བརྡ་ 1 Comment on བོད་ཀྱི་དེང་རབས་རི་མོའི་སྒྱུ་རྩལ་འགྲེམས་སྟོན་གསལ་བསྒྲགས།

གནས་ཚུལ་གཏོང་མཁན། བསྟན་འཛིན་དགེ་ལེགས།

ཀུན་ཕན་ཐེབས་རྩ་ཚོགས་པའི་བོད་ཀྱི་དེང་རབས་རི་མོའི་སྒྱུ་རྩལ་འགྲེམས་སྟོན་གསལ་བསྒྲགས།

སྒྱུ་རྩལ་བ་སུམ་ཅུས་དེང་གི་བོད་མིའི་ངོ་བོ་ལ་འཚོལ་ཞིབ་བྱེད་པ།

ཟླ་བ་༣ ཚེས་༡༤ ནས་བཞི་པའི་ཚེས་༡༢ བར།

འཛམ་གླིང་སྤྱི་དང་བོད་མཐོ་སྒང་ནས་ཕེབས་པའི་ད་ལྟ་མཚན་སྙན་གོང་འཕེལ་དུ་འགྲོ་བཞིན་པ་དང་། དེ་བཞིན་སྔར་ནས་མཚན་སྙན་ཡོངས་གྲགས་སུ་གྱུར་བའི་སྒྱུ་རྩལ་བ་སུམ་ཅུས་གྲུབ་པའི་ “ཐོད་རྒལ་གྱི་བོད།” ཅེས་པའི་བོད་ཀྱི་རི་མོའི་འགྲེམས་སྟོན་ཞིག་གོ་སྒྲིག་བྱས་ཡོད།

དེ་ལས་མང་བ་། “བོད་ཀྱི་དེང་རབས་རི་མོའི་སྒྱུ་རྩལ་འགྲེམས་སྟོན་གསལ་བསྒྲགས།” »

གསལ་བསྒྲགས།

ཡོངས་ཁྱབ་གསལ་བསྒྲགས།

Posted on 2015-03-032015-03-03 By ཁ་བརྡ་ 2 Comments on ཡོངས་ཁྱབ་གསལ་བསྒྲགས།

རྒྱང་མིག་གིས་འོས་སྦྱོར་ཞུས།

 
བྱང་ཨ་རིའི་བོད་མིའི་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༡༣ པ་ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༣༠ ནས་ཕྱི་ཟླ་ ༩ ཚེས་ ༡ བར་ཉིན་གསུམ་རིང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་རྡོར་དང་སྤྱི་འཐུས་བཀྲིས་རྣམ་རྒྱལ་དང་ནོར་བུ་ཚེ་རིང་རྣམ་གསུམ་དབུ་བཞུགས་ཐོག་ཚོགས་འདུ་བསྐྱངས་པར་སྤྱི་མཐུན་ཚོགས་པ་ངོ་གྲངས་༢༡ གི་འཐུས་མི་ ༣༣ མཉམ་བཞུགས་གནང་སྟེ་གྲོས་གཞི་དོན་ཚན་ ༣ པའི་གྲོས་ཆོད་ “ ༧ གོང་ས་མཆོག་དགུང་གྲངས་ ༨༠ ཕེབས་པའི་སྐུའི་ག་སྟོན་དང་བསྟུན་བཀའ་དྲིན་རྗེས་དྲན་ཞུ་སླད།

དེ་ལས་མང་བ་། “ཡོངས་ཁྱབ་གསལ་བསྒྲགས།” »

གསལ་བསྒྲགས།

Posts pagination

Previous 1 … 55 56 57 … 423 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (23)
  • ན་ཟུག (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme