བོད། ལྷ་ཀླུ་གཉན་གསུམ།
ང་གཉིས།
ཁ་སང་རི་ལ་ཡར་འཛེགས་མར་འཛེགས་ཆེས་མང་བོ་ཞིག་བྱས་སྟབས། ད་ནི་དངོས་ནས་རྐང་ལག་ཚང་མ་རང་རང་གི་སར་འཇོག་ས་ཞིག་ཡོད་ན་ཅི་མ་རུང་སྙམ་པའི་སྣང་བ་ཞིག་སྟེར་གྱི་འདུག་པས་ཞོགས་པ་ཆུ་ཚོད་བཅུ་བ་ཡོལ་རེག་བར་དུ་ཉལ། ཡར་བླངས་པ་དང་མོ་རང་གི་གྲོགས་མོ་ཝན་གྱིས་ངེད་གཉིས་མཚོ་འགྲམ་དུ་མོ་རང་གི་རླངས་འཁོར་གྱིས་བསྐྱལ་སོང་། ཁོ་མོའི་སྒྲུང་གཏམ་ཞིག་གི་འཕྲོར་ཀློག་བཞིན་འདུག ངས་མཚོ་དམར་པོའི་འགྲམ་གྱི་བུད་མེད་གཅེར་བུ་དག་གི་སྒེག་པའི་ཉམས་དང་མཛེས་པའི་གཟུགས།


