Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༧རྒྱལ་དབང་ཀརྨ་པའི་སྒྱུར་རྩོམ་གསར་པ། (སྐྱི་སེར་རླུང་གིས་ཁྱེར།)

Posted on 2016-10-272016-10-27 By ཁ་བརྡ་ 15 Comments on ༧རྒྱལ་དབང་ཀརྨ་པའི་སྒྱུར་རྩོམ་གསར་པ། (སྐྱི་སེར་རླུང་གིས་ཁྱེར།)

རྩོམ་པ་པོ། བྷོབ་ཌི་ལན།
སྒྱུར་པ་པོ། ༧རྒྱལ་དབང་ཀརྨ་པ།

 
དཀའ་སྡུག་གི་ལམ་བུ་ཇི་ཙམ་ཞིག་བགྲོད་ནས།
ད་གཟོད་ཁྱོད་ལ་སྐྱེས་པ་ཕོ་ཞེས་འབོད་དམ།
ཕུག་རོན་དཀར་མོས་རྒྱ་མཚོ་ཇི་ཙམ་ཞིག་བརྒལ་ནས།
ད་གཟོད་བྱེ་མའི་ཁྲོད་དུ་བདེ་མོར་ཉལ་ཆོག་གམ།
རེད་ཡ། སྒྱོགས་མདེལ་གྱི་འཕུར་ལྡིང་ཇི་ཙམ་ཞིག་བྱས་ནས།

དེ་ལས་མང་བ་། “༧རྒྱལ་དབང་ཀརྨ་པའི་སྒྱུར་རྩོམ་གསར་པ། (སྐྱི་སེར་རླུང་གིས་ཁྱེར།)” »

འགྱུར་རྩོམ།, སྙན་ངག

ཉིན་མཚན་ཀུན་ཏུ་རང་གི་སྐད་ཡིག་གསོན་ལ་བརྩོན།

Posted on 2016-10-262016-10-26 By ཁ་བརྡ་ 34 Comments on ཉིན་མཚན་ཀུན་ཏུ་རང་གི་སྐད་ཡིག་གསོན་ལ་བརྩོན།

ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས།

 
སྐད་ཡིག་མེད་པའི་གདོད་མའི་སྤྱི་ཚོགས་དུས་འདིར་དཀོན།།
ཁ་བཤད་གཏམ་དང་ལག་གིས་བྲིས་པའི་ཡི་གེ་གཉིས།།
གང་དུ་ཕྱིན་ཀྱང་ཡུལ་ལུང་སོ་སོར་མ་འདྲ་འདུག །
ང་ཚོ་བོད་མིའི་སྐད་ཡིག་རིག་གཞུང་མེས་དབོན་དྲིན།།

ཅིས་ཀྱང་གཟབ་གཟབ་མི་ཉམས་རྒྱུད་འཛིན་ང་ཚོའི་འགན།།

དེ་ལས་མང་བ་། “ཉིན་མཚན་ཀུན་ཏུ་རང་གི་སྐད་ཡིག་གསོན་ལ་བརྩོན།” »

སྣ་ཚོགས།

ཆབ་སྲིད་བཙོན་པ་གྲགས་ཅན་བླ་བྲང་འཇིགས་མེད་རྒྱ་མཚོ་བཙོན་གྲོལ་བཏང་བ།

Posted on 2016-10-262016-10-26 By ཁ་བརྡ་ 5 Comments on ཆབ་སྲིད་བཙོན་པ་གྲགས་ཅན་བླ་བྲང་འཇིགས་མེད་རྒྱ་མཚོ་བཙོན་གྲོལ་བཏང་བ།

དགེ་འདུན་ཕུན་ཚོགས་། (བོད་ནས་འབྱོར་བའི་ཁུངས་ལྡན་གནས་ཚུལ།)

 
དེ་རིང་མཚན་མོ་བླ་བྲང་ཨ་ཁུ་འཇིགས་མེད་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་གྱི་ཅན་ཡཱས་(兰州大厦平监狱) ཁྲིམས་ཁང་ནས་དམ་དྲགས་ཆེན་པོའི་འོག་བཙོན་གྲོལ་བྱས་འདུག སྤྱིར་བཏང་ཁོང་ལ་བཅད་པའི་ལོ་ལྔའི་ཁྲིམས་ཆད་དེ་ནི་༢༠༡༦ ཕྱི་ཟླ་༨ ཚེས་༢༠ ཉིན་ཚང་ཡོད་ནའང་དུས་ལྟར་གློད་གྲོལ་བྱས་མེད་པ་མ་ཟད། ཁྲིམས་ཁང་གིས་བཤད་པ་ལྟར་ན་དེ་རིང་(༢༠༡༦/༡༠/༢༦)ཡང་སྔ་དྲོ་ཆུ་ཚོད་༨:༣༠སྟེང་བཙོན་ནས་གློད་རྒྱུ་ཡིན་པས་ནང་མི་ཁྲིམས་ཁང་སྒོར་ལེན་དུ་ཡོང་དགོས་ཚུལ་བཤད་ཀྱང་། རྗེས་ནས་གནས་ཚུལ་ལ་འགྱུར་བ་བཏང་སྟེ་རྒྱ་གཞུང་གིས་ཁོང་གི་ནང་མི་སྤུན་མཆེད་སོགས་ལན་ཀྲོའུ་ལ་ཕེབས་བསུར་བཅར་བ་བཀག་སྡོམ་བྱས་པ་དང་།

དེ་ལས་མང་བ་། “ཆབ་སྲིད་བཙོན་པ་གྲགས་ཅན་བླ་བྲང་འཇིགས་མེད་རྒྱ་མཚོ་བཙོན་གྲོལ་བཏང་བ།” »

གསར་འགྱུར།

བདེ་སྲུང་ལས་ཁུངས་ནས་ཐབས་ཤེས་གནང་རོགས།

Posted on 2016-10-262016-10-26 By ཁ་བརྡ་ 13 Comments on བདེ་སྲུང་ལས་ཁུངས་ནས་ཐབས་ཤེས་གནང་རོགས།

རིགས་ཀྱི་བུ།

 
བདེ་སྲུང་འབྲོང་ཆུང་བདེ་སྲུང་ལས་ཁུངས་དང་བྲལ་མགོ་བརྩམས་པ་ནས། ཕྱོགས་སྣ་སྒོར་མོར་ཉམས་རྒུད་ཐེབས་གཞིའི་རྟགས་མཚན་ཁ་ཤས་ཐོན་པའི་ནང་ནས། མི་དམངས་རང་བཞིན་གྱི་ངོས་འཛིན་བྱུང་བའི་དཀའ་ངལ་གཅིག་གི་ RSསྐྱབས་བཅོལ་ལག་དེབ་དུས་འགྱངས་ཞུ་ཕྱོགས་དང་། དེའི་སྐོར་ས་གནས་སོ་སོའི་སྐོར་སྲུང་པས་བཏང་བའི་གནས་ཚུལ་ཡ་ང་བ་དེ་རེད།
སྔོན་སྐལ་བཟང་མི་བཟང་གི་དུས་ལ་སྐྱབས་བཅོལ་ལག་དེབ་བཟོ་བའི་ཆ་རྐྱེན་སྐྱེས་ཚེས་ལག་ཁྱེར་རྫུན་མ་བཟོ་མ་དགོས་པར།

དེ་ལས་མང་བ་། “བདེ་སྲུང་ལས་ཁུངས་ནས་ཐབས་ཤེས་གནང་རོགས།” »

བསམ་ཚུལ།

གངས་སྐྱིད་དུ་ཧིན་སྒོར་འབུམ་བདུན་བརྒྱའི་ལས་ཁུངས་གསར་རྒྱག

Posted on 2016-10-252016-10-25 By ཁ་བརྡ་ 10 Comments on གངས་སྐྱིད་དུ་ཧིན་སྒོར་འབུམ་བདུན་བརྒྱའི་ལས་ཁུངས་གསར་རྒྱག

ཡོང་ཁུངས། བོད་ཀྱི་དུས་བབ།

 
གངས་ཅན་སྐྱིད་གཤོངས་ལ་ལས་ཁུངས་ཆེན་པོ་ཞིག་རྒྱག་གི་ཡོད་པ་དང་། ལས་ཁུངས་དེའི་ཐོག་བརྩེགས་བཞི་པར་བོད་མིའི་སྒྲིག་འཛུགས་དང་བོད་དོན་ངོ་སྤྲོད་བྱེད་སའི་འགྲེམ་སྟོན་ཁང་། ལྔ་པར་མི་དྲུག་བརྒྱ་ལྷག་ཤོང་བའི་ཚོགས་ཁང་བཅས་འཆར་འགོད་བྱས་ཡོད་འདུག
ད་ལོའི་ཕྱི་ཟླ་ ༥ ཚེས་ ༡ ཉིན་ནས་བཟུང་དྷ་རམ་ས་ལའི་གངས་ཅན་སྐྱིད་གཤོངས་ལ། ལས་ཁུངས་གསར་རྒྱག་གི་ལས་གཞི་ཞིག་འགྲོ་བཞིན་ཡོད་པ་དང་། འདས་པའི་ཟླ་ངོ་དྲུག་ལ་ཉེ་བའི་རིང་འཛུགས་སྐྲུན་ལས་གཞི་དེ་གང་འཚམས་གྲུབ་ཡོད་སྟབས། འདི་གའི་གསར་འགོད་པས་ལས་གཞི་དེར་འགན་འཁུར་མཁན་ནང་སྲིད་དྲུང་འཕར་ཀརྨ་ཆོས་དབྱངས་ལགས་སུ་བཅར་འདྲི་ཞུས་པ་ལྟར་ན།

དེ་ལས་མང་བ་། “གངས་སྐྱིད་དུ་ཧིན་སྒོར་འབུམ་བདུན་བརྒྱའི་ལས་ཁུངས་གསར་རྒྱག” »

གསར་འགྱུར།

ཀརྨ་པ་མཆོག་གིས་དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་རུ་སྩལ་བའི་བཀའ་སློབ།

Posted on 2016-10-252016-10-25 By ཁ་བརྡ་ 44 Comments on ཀརྨ་པ་མཆོག་གིས་དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་རུ་སྩལ་བའི་བཀའ་སློབ།

unnamed

དཔལ་༸རྒྱལ་དབང་༸ཀརྨ་པ་མཆོག་དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ཏེ་ལོ་ངོ་ཧྲིལ་པོ་༥༦འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆིབས་སྒྱུར་དང་དགེ་ལས་སློབ་ཕྲུག་ཡོངས་ལ་སྩལ་བའི་བཀའ་སློབ།

“དེ་རིང་འདིར་དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་ཧྲིལ་པོ་༥༦འཁོར་བའི་དུས་དྲན་གྱི་མཛད་སྒོ་འདིའི་ཐོག་ཏུ་ཕེབས་པའི་

དེ་ལས་མང་བ་། “ཀརྨ་པ་མཆོག་གིས་དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་རུ་སྩལ་བའི་བཀའ་སློབ།” »

གསུང་བཤད།

འཕྲིན་ཕྲན་གྱི་ཁྱད་ཆོས་བཅུ་བ།

Posted on 2016-10-242016-10-24 By ཁ་བརྡ་ 3 Comments on འཕྲིན་ཕྲན་གྱི་ཁྱད་ཆོས་བཅུ་བ།

ཨེ་མ་ཧོ།

 
དྲིན་ཆེན་བླ་མའི་ཞལ་མཇལ་གསུང་ཡང་ཐོས།།
དྲིན་ཆེན་ཨ་མར་རྒྱུན་དུ་སྐད་བརྡ་བྱེད།།
འཛམ་གླིང་ཕྱི་ནང་གཉེན་བཤེས་མཉམ་དུ་འཛོམས།།
རིགས་རུས་གཅིག་པ་ཁྱིམ་ཚང་གཅིག་ཏུ་འཚོགས།།
བདེན་དྲང་གཡོ་སྒྱུ་མེད་པའི་འདྲ་གཟུགས་ཤིག།
བདེ་མྱུར་གོ་ལ་བསྐོར་བའི་མགྱོགས་འཕྲུལ་ཞིག།

དེ་ལས་མང་བ་། “འཕྲིན་ཕྲན་གྱི་ཁྱད་ཆོས་བཅུ་བ།” »

སྙན་ངག

ཕོ་རྒོད་ཁྲོམ་ཕི།

Posted on 2016-10-242016-10-24 By ཁ་བརྡ་ 50 Comments on ཕོ་རྒོད་ཁྲོམ་ཕི།

ཅོ་རི་ཉི་མ།

 
ནགས་ཙན་དན་སྟུག་པའི་ཚང་ཚིང་ན།།
སྟག་དམར་ཡག་འཚོ་སའི་སྐྱིད་ཅིག་རེད།།
འབངས་འཇོན་པོ་ཡོད་པའི་ཡུལ་ལུང་ནང་།།
ཕོ་རྒོད་པོ་ལངས་སའི་སྐྱིད་ཅིག་རེད།།

ནགས་ཙན་དན་མེད་པའི་བྱེ་ཐང་དུ།།

དེ་ལས་མང་བ་། “ཕོ་རྒོད་ཁྲོམ་ཕི།” »

སྙན་ངག

རྔ་པ་ཀིརྟིའི་དགོན་དུ་ཚོགས་པའི་ཚད་མའི་དགུན་ཆོས་སྐོར་གྱི་གནས་ཚུལ།

Posted on 2016-10-242016-10-24 By ཁ་བརྡ་ 1 Comment on རྔ་པ་ཀིརྟིའི་དགོན་དུ་ཚོགས་པའི་ཚད་མའི་དགུན་ཆོས་སྐོར་གྱི་གནས་ཚུལ།

གནས་ཚུལ་གཏོང་མཁན། ཀ་ཉག་ཚེ་རིང་།

 
ཕྱི་ལོ་༢༠༡༦ ལོའི་༡༠ ཚེས་༢ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་༥ པའི་ཐོག་བོད་མདོ་སྨད་རྔ་པ་ཀིརྟིའི་དགོན་དུ་”ཀིརྟི་ཚང་གི་གདན་ས་གོང་འོག་གིས་གཙོས་ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་ཚད་མའི་དགུན་ཆོས་ཆེན་མོ་”ཐེངས་བཅུ་བ་དབུ་འཛུགས་ཀྱིས་ཟླ་འདིའི་ཚེས་༢༣ བར་ཉིན་ཉི་ཤུའི་རིང་ཚོགས་འདུག་པ་ཡོངས་སུ་ལེགས་པར་གྲུབ།
དེ་ཡང་ཕྱི་ལོ་༢༠༠༧ ལོར་གསར་དུ་ཚུགས་པའི་ཚད་མའི་དགུན་ཆོས་ཆེན་མོ་འདི་ནི་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་བཀའ་དགོངས་ལམ་སྟོན་བཞིན་

དེ་ལས་མང་བ་། “རྔ་པ་ཀིརྟིའི་དགོན་དུ་ཚོགས་པའི་ཚད་མའི་དགུན་ཆོས་སྐོར་གྱི་གནས་ཚུལ།” »

ངོ་སྤྲོད།

ཨོ་གླིང་སིད་ནི་བོད་ཡིག་སློབ་གྲྭ་གླེང་བའི་གཏམ་རེ་བའི་མེ་སོན་ཞེས་བྱ་བ།

Posted on 2016-10-242016-10-24 By ཁ་བརྡ་ 14 Comments on ཨོ་གླིང་སིད་ནི་བོད་ཡིག་སློབ་གྲྭ་གླེང་བའི་གཏམ་རེ་བའི་མེ་སོན་ཞེས་བྱ་བ།

རྫ་ཚེ་རིང་བཀྲ་ཤིས།
 

འཛམ་གླིང་རྒྱལ་ཁབ་ཨང་ལྔ་བ།

སངས་རྒྱས་ལ་ཕྱག་འཚལ་ལོ།། དེ་ཡང་། ཨོ་སི་ཐྲི་ལི་ཡ་ནི་ལུང་པ་ཡག་པོ་ཞིག་རེད། འཛམ་གླིང་ཚང་མས་ཡིན་སྨོན་བྱེད་ས་ཞིག་ཡིན། ས་ཆ་འདིར་འབགས་བཙོག་གི་ཚད་གཞི་ཧ་ཅང་དམའ། འགྲོ་བ་མི་དང་རང་བྱུང་སྐྱེ་ཁམས་འཆམ་མཐུན་ངང་གནས་ཡོད། མི་རྣམས་ལ་བག་ཕེབས་དང་ཞི་བདེ་ཡག་ཐག་ཆོད་འདུག རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤུས་ཚད་འཛམ་བུ་གླིང་གི་ཨང་ལྔ་པའི་གོ་གནས་ཟིན། གསལ་ལ་མཚེར་བའི་ཉི་འོད་དང་། མཛེས་སྡུག་ལྡན་པའི་ཁོར་ཡུག་གིས་མི་ཚོའི་ཡིད་དབང་འཕྲོག

དེ་ལས་མང་བ་། “ཨོ་གླིང་སིད་ནི་བོད་ཡིག་སློབ་གྲྭ་གླེང་བའི་གཏམ་རེ་བའི་མེ་སོན་ཞེས་བྱ་བ།” »

རྩོམ་རིག

ཉེའུ་ཞིག་གི་ལས་དབང་།

Posted on 2016-10-232016-10-23 By ཁ་བརྡ་ No Comments on ཉེའུ་ཞིག་གི་ལས་དབང་།

ཚེ་རིང་ལེགས་བཤད།
_______________

ཉེའུ་ཞིག་གཙང་པོ་ཞིག་ཏུ་འཚོ་བ་རོལ་བཞིན་ཡོད། གཙང་པོ་ཞིག་འཁྱིལ་ཏེ་བསྐོར་བའི་གྲུ་ཞིག་ཏུ་འཚོ་བ་རོལ་བཞིན་ཡོད། ཁོ་ལ་གསེར་མདོག་གི་མདངས་ལྡན་ཞིང་། རྐྱལ་རྩལ་རིམ་གྱིས་རྒྱས་པར་གྱུར། ང་ཚོས་ཁོང་གི་མིང་ལ་ཉེའུ་བཀྲ་ཤིས་ཟེར། ཉེའུ་བཀྲ་ཤིས་ལ་གྲོགས་པོ་གསེར་ཉ་གཞན་ཞིག་དང་དངུལ་ཉ་ཞིག་ཡོད། ཁོང་ཚོ་ལྷན་དུ་ཡང་ཡང་ཆུའི་བཞུར་རྒྱུན་མི་བཙན་པའི་ཁུག་དེར་རྩེད་འཇོ་ལ་རོལ། སྐབས་རེར་ཁོང་ཚོ་མཉམ་དུ་མཆོངས་རྩལ་ངོམ་ཞིང་། ཁོང་ཚོ་སྐར་ཆའི་འགའི་ཡུན་ལ་མཐོ་ཚད་འདོམ་གང་ཙམ་རེ་མཆོངས་ནུས།

དེ་ལས་མང་བ་། “ཉེའུ་ཞིག་གི་ལས་དབང་།” »

བརྩམས་སྒྲུང་།

ཀིརྟིའི་དགེ་རྩ་ཚོགས་པ་ནི་ཆོས་ཕྱོགས་ཁོ་ནའི་སྒྲིག་འཛུགས་ཤིག་ཡིན།

Posted on 2016-10-23 By ཁ་བརྡ་ No Comments on ཀིརྟིའི་དགེ་རྩ་ཚོགས་པ་ནི་ཆོས་ཕྱོགས་ཁོ་ནའི་སྒྲིག་འཛུགས་ཤིག་ཡིན།

འབྲིང་བ་འཇིགས་མེད།

 

དང་པོ། བྱུང་རིམ།

༄༅།། ཀིརྟིའི་དགེ་རྩ་ཚོགས་པ་ནི་སྔོན་གྱི་ཀིརྟིའི་བླ་བྲང་གི་རྒྱུན་ལས་བྱུང་བ་ཡིན་ཞིང་། ཀིརྟིའི་བླ་བྲང་ཁམས་གསུམ་ཟིལ་གནོན་ནི་དུས་རབས་བཅོ་བརྒྱད་པའི་དུས་དཀྱིལ་ལ་བྱུང་ནས་དུས་རབས་ཉི་ཤུ་པའི་དུས་དཀྱིལ་བར་ལོ་ངོ་ཉིས་བརྒྱའི་རིང་གནས། གནས་ཡུལ་ནི་སྟག་ཚང་ལྷ་མོ་ལྷ་མོ་ཀིརྟི་དགོན་ཡིན།

དེ་ལས་མང་བ་། “ཀིརྟིའི་དགེ་རྩ་ཚོགས་པ་ནི་ཆོས་ཕྱོགས་ཁོ་ནའི་སྒྲིག་འཛུགས་ཤིག་ཡིན།” »

ངོ་སྤྲོད།

སྔགས་པའི་བྱུང་རིམ་དང་འབྲེལ་བའི་གཏམ། ༼བཞི་པ༽

Posted on 2016-10-232016-10-23 By ཁ་བརྡ་ 3 Comments on སྔགས་པའི་བྱུང་རིམ་དང་འབྲེལ་བའི་གཏམ། ༼བཞི་པ༽

རླངས་སྔགས་སྐལ་བཟང་རྡོ་རྗེ།

དགུ སྔགས་པའི་བརྟུལ་ཞུགས།

 

ད་ནི་སྔགས་པའི་བརྟུལ་ཞུགས་ནི། བྲ་ཏཾ་ཞེས་བྱ་བ་བསྒྱུར་བའི་དོན་ཡིན་ཏེ། ཡོན་ཏན་འབྲས་བུ་འདོད་པའི་ཕྱིར། ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་ཐ་མལ་པའི་གནས་ལས་གཞན་དུ་བསྒྱུར་བའི་མཚན་ཉིད་དོ། ། སྒྱུ་འཕྲུལ་ཐལ་བ་[72]ལས། “གང་དུ་རྣལ་འབྱོར་སྐལ་ལྡན་པས། །ཐབས་བྲལ་རྣམས་ཀྱིས་གང་སྤངས་པ། །དུག་ལྔ་འདོད་ཡོན་ལ་སོགས་པས། །སྐྱེས་བུ་ཐབས་ཀྱི་ཕ་རོལ་ཕྱིན། །མི་མཐུན་ཐབས་ཀྱིས་མཐུན་འགྱུར་བཞིན། །

དེ་ལས་མང་བ་། “སྔགས་པའི་བྱུང་རིམ་དང་འབྲེལ་བའི་གཏམ། ༼བཞི་པ༽” »

དཔྱད་རྩོམ།

སྔགས་པའི་བྱུང་རིམ་དང་འབྲེལ་བའི་གཏམ༼གསུམ་པ༽

Posted on 2016-10-232016-10-24 By ཁ་བརྡ་ 2 Comments on སྔགས་པའི་བྱུང་རིམ་དང་འབྲེལ་བའི་གཏམ༼གསུམ་པ༽

རླངས་སྔགས་སྐལ་བཟང་རྡོ་རྗེ།
 

བདུན། ཁྱད་པར་གྱི་དམ་ཚིག

སྒྲུབ་པ་པོ་གང་ཟག་གི་ཁྱད་པར་གྱི་དམ་ཚིག་ནི། སྔགས་པ་རབ་བྱུང་ཡིན་ན་སོ་སོར་ཐར་བའི་སྡོམ་པ་ཇི་སྐད་དུ་གསུངས་པ་དེ་བཞིན་དུ་བསྲུང་པར་བྱའོ། ། སྔགས་པ་ཁྱིམ་པའི་ཁྱད་པར་གྱི་དམ་ཚིག་ནི། རབ་བྱུང་ལ་གནང་བ་ཁ་ཅིག་བསྲུང་བར་ནུས་ཀྱང་ཁྱིམ་པ་ལ་མ་གནང་བ་ཡང་ཡོད་དེ། རྟགས་དང་ཆོ་ག་ལྟ་བུ་དང་། རབ་ཏུ་བྱུང་བའི་གོས་ཁྱིམ་པས་མི་རྫི་བ་ལྟ་བུ་ནི་ཁྱད་པར་གྱི་དམ་ཚིག་སྟེ། མདོར་ན་སྤྱོད་ལམ་ཐུན་མོང་དུ་ཡང་བསྲེར་མི་གནང་བ་རྣམས་ཏེ། འདི་དག་གང་ཟག་གི་ཁྱད་པར་གྱི་དམ་ཚིག་མདོ་ཙམ་བསྟན་པའོ། ། རྟེན་གཉིས་ཀའི་ཐུན་མོང་དུ་སྒྲུབ་དགོས་པ་ནི་སྒོ་གསུམ་ཐ་མལ་པ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་སྡོམ་ཚུལ་ནི་གཅིག་མཚུངས་ཡིན།

དེ་ལས་མང་བ་། “སྔགས་པའི་བྱུང་རིམ་དང་འབྲེལ་བའི་གཏམ༼གསུམ་པ༽” »

དཔྱད་རྩོམ།

སྔགས་པའི་བྱུང་རིམ་དང་འབྲེལ་བའི་གཏམ།༼གཉིས་པ༽

Posted on 2016-10-232016-10-23 By ཁ་བརྡ་ 7 Comments on སྔགས་པའི་བྱུང་རིམ་དང་འབྲེལ་བའི་གཏམ།༼གཉིས་པ༽

 

རླངས་སྔགས་སྐལ་བཟང་རྡོ་རྗེ།

ལྔ། སྔགས་པའི་འདུལ་བ།

དེ་བས་ན་གསང་སྔགས་ལམ་གྱི་སྒོ་རུ་ཞུགས་པའི་སྔགས་པའི་འདུལ་བ་ནི། རྡོ་རྗེ་རྩེ་མོ་[41]ལས། ”རབ་ཏུ་བྱུང་དང་ཁྱིམ་པ་ཡི། །ཕྱོགས་གཉིས་པོ་འདིས་བསྒྲུབ་པར་བྱ།”ཞེས་དང་། ཡང་དེ་ལས། “ཁྱིམ་པའི་ཚུལ་དུ་གནས་ནས་ནི། །རིག་སྔགས་རྒྱལ་པོ་རྟག་ཏུ་བསྒྲུབ། །གལ་ཏེ་དེ་ནི་རབ་བྱུང་ན། །སྡོམ་པ་གསུམ་པ་གནས་པར་བྱ། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་རང་གི་སྡོམ་པའོ། །” ཞེས་ཕྱི་སོ་ཐར་གྱི་སྡོམ་པ་དང་། ནང་བྱང་སེམས་ཀྱི་བསླབ་པ། གསང་བ་ཡེ་ཤེས་ཀྱི་དམ་ཚིག་གསུམ་པོ་རང་ས་ནས་ཐུན་མོང་དུ་སྲུང་རྒྱུ་ལས་སྒྲུབ་པོའི་རྟེན་གཉིས་ལ་ཁྱད་པར་མེད།

དེ་ལས་མང་བ་། “སྔགས་པའི་བྱུང་རིམ་དང་འབྲེལ་བའི་གཏམ།༼གཉིས་པ༽” »

དཔྱད་རྩོམ།

སྔགས་པའི་བྱུང་རིམ་དང་འབྲེལ་བའི་གཏམ།༼དང་པོ༽

Posted on 2016-10-232016-10-23 By ཁ་བརྡ་ 7 Comments on སྔགས་པའི་བྱུང་རིམ་དང་འབྲེལ་བའི་གཏམ།༼དང་པོ༽

རླངས་སྔགས་སྐལ་བཟང་རྡོ་རྗེ།

གཅིག གླེང་སློང་བའི་ཆིངས།

འཕགས་པ་སངས་རྒྱས་སྙིང་པོའི་མདོ་[1]ན། “ང་ཡོངས་སུ་མྱ་ངན་ལས་འདས་ནས་ཕྱི་མའི་དུས་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་འཁོར་རྣམ་བཞི་རྣམས་ལ་སྟོན་ཅིག ཤོད་ཅིག ཡལ་བར་མི་དོར་བར་ངེས་པར་བསྟན་པར་བྱ། བསྒྲག་པར་བྱའོ།། ཇི་ཙམ་དུ་ཕོངས་པར་གྱུར་པ་རྣམས་དང་། སྒྲིབ་པ་དང་ལྡན་པ་རྣམས་ལ་དེ་བཞིན་གཤེགས་པའི་གསུང་བསྐྱང་ཞིང་ངེས་པར་བསྟན་པར་བྱ། བསྒྲག་པར་བྱའོ།།” ཞེས་གསུངས་ཡོད། ཡིན་ནའང་། སྐྱེ་བོ་འགའ་རེས་དེའི་དོན་ཡང་དག་པར་བློ་ངོར་མ་ངེས་པའི་དབང་གིས།

དེ་ལས་མང་བ་། “སྔགས་པའི་བྱུང་རིམ་དང་འབྲེལ་བའི་གཏམ།༼དང་པོ༽” »

དཔྱད་རྩོམ།

༄༅།། སྦྲ་རིགས་ཡོངས་ལ་གདམས་པའི་སྙིང་གཏམ་མ་ཎི་ཀ།

Posted on 2016-10-222016-10-22 By ཁ་བརྡ་ 4 Comments on ༄༅།། སྦྲ་རིགས་ཡོངས་ལ་གདམས་པའི་སྙིང་གཏམ་མ་ཎི་ཀ།

དཔལ་དགྱེས་པ་རྡོ་རྗེ

 
ན་མོ་གུ་རུ་བུདྡྷ་ཛྙཱ་ན་པདྨ་ཀ་ར་ཡེ།།

སྙིང་དབུས་གཉུག་མའི་དོན་གྱི་དཀྱིལ་འཁོར་གྱི་དབུས་ནས།།
ངེས་དོན་འཇམ་དཔལ་དཔའ་བོའི་ཡེ་ཤེས་ཀྱི་རང་གཟུགས།།
བརྒྱུད་གསུམ་གསང་ཆེན་བསྟན་པའི་ཁྱབ་བདག་རྗེ་མཁྱེན་ནོ།།
སྒོ་གསུམ་མི་ཕྱེད་དད་པས་བླ་མ་ལ་ཕྱག་འཚལ།།

དེ་ལས་མང་བ་། “༄༅།། སྦྲ་རིགས་ཡོངས་ལ་གདམས་པའི་སྙིང་གཏམ་མ་ཎི་ཀ།” »

སྙན་ངག

«རྒྱལ་སྲས་ཆུང་ཆུང»ཞེས་པ་བོད་ཡིག་ཏུ་བསྒྱུར་མཁན་ལ་རྒྱང་འདྲི།

Posted on 2016-10-212016-10-23 By ཁ་བརྡ་ 8 Comments on «རྒྱལ་སྲས་ཆུང་ཆུང»ཞེས་པ་བོད་ཡིག་ཏུ་བསྒྱུར་མཁན་ལ་རྒྱང་འདྲི།

unnamed–བཅར་འདྲི་མཁན། ཁྲོ་གཏུམ།

 
ཁྲོ་གཏུམ། ཐོག་མར་ཁྱེད་རང་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།

སྙན་བཟང་། ཐོག་མར་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ། ངའི་མིང་ལ་སྙན་བཟང་གཡུང་དྲུང་ཚེ་རིང་ཟེར། ང་སྐྱེས་ས་ནི་ཨ་མདོ་རེབ་གོང་གི་ཧོར་སྙན་བཟང་ཞེས་པའི་ཞིང་གྲོང་ཞིག་ཡིན། བོད་དང་རྒྱ་གར་དུ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་རིམ་གྱིས་འགྲིམས་པ་ཡིན།

དེ་ལས་མང་བ་། “«རྒྱལ་སྲས་ཆུང་ཆུང»ཞེས་པ་བོད་ཡིག་ཏུ་བསྒྱུར་མཁན་ལ་རྒྱང་འདྲི།” »

བཅར་འདྲི།

ཡིག་རྙིང་ཁྲོད་ཀྱི་གི་གུ་ཕྱིར་ལྡོག་( ཨྀ )གི་སྐོར་རགས་ཙམ་གླེང་བ།

Posted on 2016-10-212016-10-21 By ཁ་བརྡ་ 3 Comments on ཡིག་རྙིང་ཁྲོད་ཀྱི་གི་གུ་ཕྱིར་ལྡོག་( ཨྀ )གི་སྐོར་རགས་ཙམ་གླེང་བ།

ཚེ་མཆོག་སྐྱབས།

 
བོད་བཙན་པོའི་སྐབས་ཀྱི་ཡིག་རྙིང་ཁག་དང་རྡོ་རིང་ཡི་གེ ཏུན་ཧོང་རིག་པའི་དགའ་ཚལ་ལས་ཐོན་པའི་ཡིག་རྙིང་ཁག་དང་། བྲག་ངོས་ཡི་གེ་སོགས་སུ་ཐུན་མོང་དུ་བརྡ་རྙིང་གི་ཡི་གེའི་ཁྱད་ཆོས་སུ་ཡོད་པ་ནི་གི་གུ་ཕྱིར་ལྡོག་ཡིན་ལ། གི་གུ་ཕྱིར་ལྡོག་ནི་བརྡ་གསར་རྙིང་(བརྡ་གསལ་རྙིང་ནི་བཙན་པོ་ཁྲི་རལ་ཅན་གྱི་སྔ་གཞུག་གི་ཡི་གེ་ལ་ཟེར་བ་ཡིན། བཙན་པོ་རལ་བ་ཅན་གྱི་སྐབས་དང་དེའི་གོང་གི་ཡི་གེ་ལ་བརྡ་རྙིང་དང་། སྐད་བཅད་གསུམ་པའི་གཞུག་གི་ཡི་གེ་ནི་བརྡ་གསལ་བར་བཞག་པའོ།།) གི་ཁྱད་པར་འབྱེད་བྱེད་ཀྱི་ཁྱད་རྟགས་མངོན་གསལ་ཞིག་ཀྱང་ཡིན། ཡིན་ནའང་། གི་གུ་ཕྱིར་ལྡོག་གིས་དོན་གང་ཞིག་སྟོན་པའམ།

དེ་ལས་མང་བ་། “ཡིག་རྙིང་ཁྲོད་ཀྱི་གི་གུ་ཕྱིར་ལྡོག་( ཨྀ )གི་སྐོར་རགས་ཙམ་གླེང་བ།” »

དཔྱད་རྩོམ།

མ་བཅོས་སྒེར་གྱི་རང་གཤིས།

Posted on 2016-10-192016-10-19 By ཁ་བརྡ་ 23 Comments on མ་བཅོས་སྒེར་གྱི་རང་གཤིས།

རྩོམ་པ་པོ། བླ་མ་བསྟན་འཛིན་དབང་རྒྱལ།

 
མ་བཅོས་རྣལ་མའི་སེམས་ཀྱི་རང་གཤིས་དེ་ནི་རང་རྒྱུད་ཡར་རྒྱས་འགྲོ་བའི་རྨང་གཞི་ཞིག་ཡིན་པས་དེ་ལ་སྣང་མེད་དང་མཐོང་ཆུང་ནམ་ཡང་བྱེད་མི་རུང་བ་ཡིན། འགྲོ་བ་མི་ཡི་ལུས་སེམས་ཀྱི་བདེ་ཐང་དང་ཡར་རྒྱས་ཀྱི་རྩ་བ་ཙམ་དུ་མ་ཟད། ཆོས་ཕྱོགས་ནས་གསུངས་པའི་རང་རྒྱུད་འདུལ་བ་དང་སྨིན་པ་དང་གྲོལ་བ་གསུམ་ཡང་དེར་ཐུག་ཡོད། གང་ཟག་སོ་སོའི་རྣལ་མའི་སེམས་ཀྱི་རང་གཤིས་ལ་བརྩི་བཀུར་མ་བྱས་པར་གཞན་དབང་སྟབས་བསྟུན་གྱི་མི་ཚེ་སྡུག་གིས་བཙོན་པ་བཞིན་བསྐྱལ་བའི་སྐྱེས་བུ་མང་པོ་ཡོད་པ་ནི་ཤིན་ཏུ་ཡིད་སྐྱོ་བའི་གནས་ཞིག་ཡིན།

དེ་ལས་མང་བ་། “མ་བཅོས་སྒེར་གྱི་རང་གཤིས།” »

གསུང་བཤད།

Posts pagination

Previous 1 … 28 29 30 … 423 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (21)
  • ན་ཟུག (7)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme