Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ངའི་འཐུང་ཆུ།

Posted on 2016-12-282016-12-28 By ཁ་བརྡ་ 1 Comment on ངའི་འཐུང་ཆུ།

སྐྱོ་བྲག་དགའ་དབང་།

 
ང་ནི་བོད་ཆེན་པོའི་ལྗོངས་ཁམས་ནང་ཆེན་སྐྱོ་བྲག་ཏུ་འཚར་ལོང་བྱུང་བ་ཞིག་རེད། ངས་འཐུང་བའི་ཆུ་བོ་ནི། ཡ་གླིང་ཤར་ལྷོའི་རྒྱུད་ཀྱི་གཙང་ཆེན་ཨང་དང་པོ་མེའི་ཀོང་ཧྥུའི་ཆུ་མགོའི་ཉེ་ལོགས་རེད། གཙང་པོ་དེ་ནི།
རྣོན་པོའི་རྭ་དང་སྡེར་མོ་མཆུ་ཏོ་སོགས། །
འབིག་པར་ནུས་པའི་ཆ་ཤས་ཀུན་སྤངས་ཀྱང་། །
འཇམ་པོར་གསང་ལམ་འགྲིམ་པའི་ཐབས་མཁས་ཀྱིས། །
ནོར་འཛིན་བུ་མོའི་ཕང་བར་ལྷང་གིས་ཐོན། །

དེ་ལས་མང་བ་། “ངའི་འཐུང་ཆུ།” »

རྩོམ་རིག

བོན་གྱི་སྔ་རབས་གཏོ་གཞུང་དང་དེའི་མཚོན་པའི་རིག་གཞུང་ལྟ་བ་ལ་དཔྱད་པ།

Posted on 2016-12-282016-12-28 By ཁ་བརྡ་ 35 Comments on བོན་གྱི་སྔ་རབས་གཏོ་གཞུང་དང་དེའི་མཚོན་པའི་རིག་གཞུང་ལྟ་བ་ལ་དཔྱད་པ།

རྩོམ་པ་པོ། ཀུན་དགའ་ཡེ་ཤེས། (བོན་པོས་འོས་སྦྱོར་བྱས།)

 
དུས་རབས་བདུན་པ་ཡར་སྔོན་གྱི་བོད་ཀྱི་ལོ་རྒྱུས་དང་ཤེས་རིག་འཕེལ་རྒྱས་ཀྱི་སྐོར་གཙོ་བོ་ཞང་ཞུང་གི་རིག་གནས་ཞེས་པའི་མཚོན་ཡོད་ཅིང་། ཞང་ཞུང་གི་རིག་གནས་ཀྱི་བརྗོད་གཞི་ནི་ཆོས་ལུགས་ཀྱི་ངོ་བོར་ཆགས་པའི་བོན་གྱི་ཤེས་རིག་འདིས་གསལ་བཤད་བྱས་པ་ཡིན། དེའི་སྐོར་ནི་སྟོན་པ་གཤེན་རབ་ཀྱི་མཛད་མདོ་རྣམས་གཙོ་བོར་བྱས་པའི་བོན་གྱི་ལོ་རྒྱུས་དང་འབྲེལ་བའི་བསྟན་བཅོས་རྣམས་དང་། རྡོ་བརྐོས་དང་བྲག་བརྐོས་རི་མོ་ཁག བོན་གྱི་གཏོ་ཆོག་གི་གཞུང་ཅི་རིགས་ཡོད་པ་དེ་དག་གི་བརྗོད་གཞི་གཙོ་བོར་གྱུར་བའི་གཏོ་མདོས་གླུད་གཏོང་གི་ཆོ་ག་དང་། དེ་ལས་སྔ་བའི“བླ་གནས”ཡོད་པར་འདོད་པའི་མཚན་ཉིད་རིག་པའི་

དེ་ལས་མང་བ་། “བོན་གྱི་སྔ་རབས་གཏོ་གཞུང་དང་དེའི་མཚོན་པའི་རིག་གཞུང་ལྟ་བ་ལ་དཔྱད་པ།” »

དཔྱད་རྩོམ།

བུ་མོ་ཧེ་སྒྲིན། Heidi (བྱིས་སྒྲུང་།)

Posted on 2016-12-262016-12-26 By ཁ་བརྡ་ 7 Comments on བུ་མོ་ཧེ་སྒྲིན། Heidi (བྱིས་སྒྲུང་།)

ཨ དོན་ཉིས་བསྒྱུར།

 
བུ་མོ་ཧེ་སྒྲིན་(Heidi) མོའི་སྤོ་བོ་ལགས་དང་མཉམ་དུ་སིད་སི་(Swiss) རྒྱལ་ཁབ་ཀྱི་(Alps)ཨེལ་ཕོ་ཞེས་པའི་རི་རྩེ་ན་བསྡད་ཡོད།ཁོ་གཉིས་ཀྱི་ཤིང་ཁང་སྐྱ་བོ་དེ་རི་ཚོགས་མང་བོར་རྒྱང་ལྟ་བྱེད་ཐུབ་པའི་སྒང་ཐོག་ཅིག་ན་ཡོད་ལ། ཤིང་ཁང་གི་ལྟག་རྒྱབ་ན་ཧ་ཅང་རྙིང་སོང་ཡིན་པའི་གསོམ་སྡོང་རིང་བོ་གསུམ་ཡོད། བུ་མོ་ཧེ་སྒྲིན་ནི་རླུང་གཡུགས་པའི་སྒྲ་དབྱངས་ལ་ཉན་རྒྱུར་དགའ་ཞིང་གསོམ་སྡོང་གི་ཡལ་གའི་སྒྲ་ལའང་གསན་རྒྱུར་དགའ།

རི་སྒང་དེ་ན་བུ་མོ་ཧེ་སྒྲིན་གྱི་འཚོ་བ་ཧ་ཅང་སྐྱིད་པོ་ཡོད། དབྱར་དུས་ཀྱི་ཉི་མ་རེ་རེར་ཁོ་མོ་ཕེ་ཐིལ་(Peter) དང་མཉམ་དུ་རི་མགོར་ར་མ་འཚོ་རུ་སོང་བ་དང་།

དེ་ལས་མང་བ་། “བུ་མོ་ཧེ་སྒྲིན། Heidi (བྱིས་སྒྲུང་།)” »

འགྱུར་རྩོམ།

བླ་བྲང་ཨ་ཁུ་འཇིགས་མེད་སྨན་ཁང་ནང་ལྷུང་ཡོད་པ།

Posted on 2016-12-262016-12-26 By ཁ་བརྡ་ 5 Comments on བླ་བྲང་ཨ་ཁུ་འཇིགས་མེད་སྨན་ཁང་ནང་ལྷུང་ཡོད་པ།

unnamed—མཁོ་སྤྲོད་པ། འཇམ་དབྱངས་སྦྱིན་པ།
 
ཨ་ཁུ་འཇིགས་མེད་གློད་གྲོལ་བཏང་བའི་ཉིན་བཅུ་གྲངས་ཤིག་གི་རྗེས་ཏེ༢༠༡༦/༡༡/༡༡ཉིན་ཁོང་གཟུགས་གཞིར་བརྟག་དཔྱད་ཆེད་ལན་ཀྲུའུ་གྲོང་ཁྱེར་དུ་ཕྱིན་ཡོད་པ་དང་། དེ་གའི་བརྟག་དཔྱད་ཁང་ནས་རྗེས་སུ་ནད་རྟགས་ཐོན་གསལ་ལྟར་ན། ཟ་ཁུ་གཅིན་སྙི(糖尿病)དང་། སྙིང་ནད། མཆིན་ནད།

དེ་ལས་མང་བ་། “བླ་བྲང་ཨ་ཁུ་འཇིགས་མེད་སྨན་ཁང་ནང་ལྷུང་ཡོད་པ།” »

གསར་འགྱུར།

ཤ་ཚ་བའི་གཏམ་ལ་སྙན་མོ་མེད། ནད་སོས་པའི་སྨན་ལ་ཞིམ་པོ་མེད།

Posted on 2016-12-262016-12-26 By ཁ་བརྡ་ 29 Comments on ཤ་ཚ་བའི་གཏམ་ལ་སྙན་མོ་མེད། ནད་སོས་པའི་སྨན་ལ་ཞིམ་པོ་མེད།

ཡ་མ་ཚེ་རིང་།

 
དེ་ཡང་། རང་ཅག་གི་སྟོན་པ་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏེ། དུས་རིང་པོར་མ་ཐོགས་པ་ན། ཤེར་ཕྱིན་གྱི་མདོ་སྡེ་རྣམས་ལྷ་དང་ཀླུའི་ཡུལ་དག་ཏུ་གདན་དྲངས་ཤིང་། གོ་ལ་འདིར་ཐེག་དམན་ལ་འཆད་ཉན་གྱི་སྲོལ་དར་ཁྱབ་ཆེན་པོ་སོང་བའི་དབང་གིས། ཐེག་ཆེན་གྱི་སྡེ་སྣོད་ལ་ཐོས་བསམ་སློབ་གཉེར་བྱེད་པའི་དོན་གཉེར་ཅན་རྣམས་ནི་ག་ལེར་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་དུ་གྱུར་ཏེ། ཐེག་ཆེན་གྱི་བསྟན་པ་ཉམས་དམས་སུ་སོང་བར་བཤད།

ཡང་སྐབས་དེར། ཉན་ཐོས་ཀྱི་དགེ་འདུན་རྣམས་ནི་དབྱར་གྱི་མཚོ་མོ་བཞིན་འཕྱུར་ཞིང་། ཆར་ཤུལ་གྱི་ཤ་མོ་ལྟར་བརྡོལ་ཏེ།

དེ་ལས་མང་བ་། “ཤ་ཚ་བའི་གཏམ་ལ་སྙན་མོ་མེད། ནད་སོས་པའི་སྨན་ལ་ཞིམ་པོ་མེད།” »

རྩོམ་རིག

ནང་ཡེའི་ཁྱད་པར་གསལ་བའི་མེ་ལོང་།

Posted on 2016-12-262016-12-26 By ཁ་བརྡ་ 4 Comments on ནང་ཡེའི་ཁྱད་པར་གསལ་བའི་མེ་ལོང་།

ཨེ་མ་ཧོ།

 
ན་མོ་མ་ཧཱ་གུ་རུ་དྷེ་ཝ་ཡེ།
སྣོད་བཅུད་ཀུན་བྱེད་ཀྱི་རྒྱལ་པོ།།
སྙིང་བརྩེ་གཞན་ཕན་སྒྲུབ་པ་པོ།།
སྲུང་སྡོམ་བྱེད་པའི་དགེ་སློང་ཡང་།།
སོར་བྱང་སྔགས་དང་ཁྱད་པར་ཆེ།།
རང་བྱུང་མཚོ་སྐྱེས་རྡོ་རྗེ་དང་།།
ཡབ་མེད་དགའ་རབ་རྡོ་རྗེ་དང་།།

དེ་ལས་མང་བ་། “ནང་ཡེའི་ཁྱད་པར་གསལ་བའི་མེ་ལོང་།” »

སྙན་ངག

ཡེ་ཤུའི་དུས་ཆེན་ནི་གུས་ཞབས་ཀྱི་གནད་དོན་ཙམ་མིན།

Posted on 2016-12-252016-12-25 By ཁ་བརྡ་ 8 Comments on ཡེ་ཤུའི་དུས་ཆེན་ནི་གུས་ཞབས་ཀྱི་གནད་དོན་ཙམ་མིན།

རྫ་ཚེ་རིང་བཀྲ་ཤིས།
 

གཅིག༽

མཚན་ལ་ལེགས་མཐོང་ཞུ་བ་ཞིག་གིས་དུས་དྲན་བྱེད་དང་མི་བྱེད་གནས་ལུགས་ཤེས་མིན་ལ་ལྟ་བ་གལ་ཆེ། ཞེས་པ་ཞིག་བྲིས་ནས་བོད་པ་ཚོས་ཡེ་ཤུའི་འཁྲུངས་སྐར་ལ་སྲུང་བརྩི་མི་བྱེད་པ་ནི་གནས་ལུགས་དང་གནད་འགག་གང་རུང་ཞིག་མ་ཤེས་པ་ཡིན་པ་ལྟར་བཤད་འདུག དེ་ནི་ནོར་བ་རེད། མ་གཞི་བསམ་ཚུལ་གྱི་ཡིག་ཕྲན་འདིར་ནོར་བ་གཅིག་རྗེས་གཉིས་མཐུད་དུ་བྱུང་འདུག

དེ་ལས་མང་བ་། “ཡེ་ཤུའི་དུས་ཆེན་ནི་གུས་ཞབས་ཀྱི་གནད་དོན་ཙམ་མིན།” »

བསམ་ཚུལ།

སངས་རྒྱས་ཀྱི་འཁྲུངས་སྐར།

Posted on 2016-12-252016-12-25 By ཁ་བརྡ་ 3 Comments on སངས་རྒྱས་ཀྱི་འཁྲུངས་སྐར།

སྐྱོ་བྲག་དགའ་དབང་།

 
སྤྱིར་སྐྱེས་སྐར་གྱི་དུས་སྟོན་བྱེད་པའི་སྲོལ་ལུགས་གནའ་ནས་ཡོད་ནའང་། དིང་སང་ཡེ་ཤུས་པའི་ཤུགས་རྐྱེན་ལྟ་བུས་རྒྱ་ཁྱབ་ཏུ་འགྲོ་བཞིན་པའི་སྐབས་འདིར། ང་ཚོ་ནང་པ་སངས་རྒྱས་པ་རྣམས་ལའང་། སྟོན་པ་སངས་རྒྱས་ཀྱི་འཁྲུངས་སྐར་ནི། ངེས་པར་དུ་ཡོད་དགོས་པ་ཞིག་ཡིན་ནའང་། ད་བར་གཅིག་གྱུར་གྱི་དུས་སྟོན་ཞིག་མེད་པ་རེད།

མེད་པའི་རྒྱུ་མཚན་གང་ལ་ཐུག་པ་ནི། ནང་པ་སྤྱི་སྲོལ་གྱི་སངས་རྒྱས་ཀྱི་འཁྲུངས་ཚེས་གཅིག་གྱུར་ཞིག་མེད་པ་འདི་རེད།

དེ་ལས་མང་བ་། “སངས་རྒྱས་ཀྱི་འཁྲུངས་སྐར།” »

བསམ་ཚུལ།

ཉི་མའི་གོ་ལ་དང་འབར་གས་ཆེན་མོ།

Posted on 2016-12-252016-12-25 By ཁ་བརྡ་ 59 Comments on ཉི་མའི་གོ་ལ་དང་འབར་གས་ཆེན་མོ།

unnamed-1—-ནམ་མཁའ།
 

དང་པོ། གླེང་གཞི།

དེ་རིང་འདིར་ཕྲན་གྱིས་དོགས་སློང་ཕྲན་བུ་ཞིག་བྱེད་འདོད་པ་ནི། ཚན་རིག་པ་ཚོས་བཤད་པ་ལྟར་འཇིག་རྟེན་ཐོག་མའི་འབྱུང་རྐྱེན་འབར་གས་ཆེན་མོ་རེད་ཟེར་བ་ལྟར། འབར་གས་ཆེན་མོ་ནི་ཅི་ཞིག་ཡིན་མིན་སྐོར་ལ། ཕྲན་གྱིས་བསམ་ཚུལ་ལྟར་དོགས་སློང་ཕྲན་བུ་ཞིག་བྱེད་འདོད་པ་དེ་ཡིན།

དེ་ལས་མང་བ་། “ཉི་མའི་གོ་ལ་དང་འབར་གས་ཆེན་མོ།” »

དཔྱད་རྩོམ།

མཁའ་འགྲོ་མ།

Posted on 2016-12-252016-12-25 By ཁ་བརྡ་ 5 Comments on མཁའ་འགྲོ་མ།

གངས་ལྷ་མོ།
 

དང་པོ། གྲུབ་རྟགས་ངོམས་པ།

བོད་རྒྱལ་ལོ་༢༠༡༤ ཧོར་ཟླ་༦ པའི་ཚེས་༤ ཉིན། ཤར་གླིང་ཡུལ་གྲུ་ཁག་གི་ནང་པའི་དད་ལྡན་མང་ཆེར་དང་། ནུབ་གླིང་དུ་རྟོགས་པའི་ཨཱ་རི། ཨཱིན་ཇི་གཙོས་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཁག་གི་གསར་འགོད་པའམ་པར་ལེན་མཁན་རྣམས། གྲགས་ཅན་གསར་ཁང་ BBC དང་། ཨ་རི་རླུང་འཕྲིན། CNN གསར་ཁང་སོགས་ཀྱི་གསར་འགོད་པ་ཚུད་འབྲེལ་ཡོད་ཡོངས་བལ་བོད་ས་མཚམས་སུ་གྲགས་པ་འབར་བའི་གནས་ཆེན་གངས་དཀར་ལྷུན་པོར་འདུས་བཞིན་ཡོད། དེ་རིང་ནི་འཛམ་གླིང་སའི་གོ་ལ་ཡོངས་སུ་བོད་ཁ་བའི་ལྗོངས་ཀྱི་མཁའ་འགྲོ་མའམ་ཆོས་མིང་ལ་དཀར་མོ་སྒྲོལ་མ་ཞུ་བ་ཁོང་མོས་འཛམ་གླིང་གི་མི་ཚོའི་མིག་མདུན་དུ་

དེ་ལས་མང་བ་། “མཁའ་འགྲོ་མ།” »

བརྩམས་སྒྲུང་།

བྱིས་པ་ལད་ཟློས་ལ་དགའ། ལད་ཟློས་བྱེད་ཡུལ་གཙོ་བོ་དེ་ཕ་མ་གཉིས་རེད།

Posted on 2016-12-232016-12-23 By ཁ་བརྡ་ 9 Comments on བྱིས་པ་ལད་ཟློས་ལ་དགའ། ལད་ཟློས་བྱེད་ཡུལ་གཙོ་བོ་དེ་ཕ་མ་གཉིས་རེད།

གཡག་རྒོད་རྩོམ་སྒྲིག་ཚོགས་ཆུང་།

 
ངའི་མིང་ལ་དབྱངས་ཅན་མཚོ་ཟེར། ངའི་ཕ་ཡུལ་ཁམས་བྲག་མགོ་རེད། ང་ད་ལྟ་དབྱིན་ཇིའི་རྒྱལ་ས་ལོན་ཏྲོན་ལ་བསྡད་ཡོད། ངའི་བཟའ་ཟླ་ཨ་མདོ་ནས་རེད། ངེད་གཉིས་ལ་བུ་མོ་ལོ་བཞི་ལོན་པ་ཞིག་དང་བུ་ལོ་གཅིག་ལོན་པ་ཞིག་ཡོད། ཕྱི་བཞུགས་བོད་པའི་ཕ་མ་མང་པོས་ནང་ཁུལ་ལ་ཁ་བརྡ་བྱེད་སྐབས་ཧིན་སྐད་དང་བོད་སྐད་སྦྲགས། དབྱིན་སྐད་དང་བོད་སྐད་སྦྲགས་ནས་བོད་སྐད་གཙང་མ་བཤད་མཁན་ཉུང་ཉུང་ཡིན་པའི་སྣང་ཚུལ་འདི་སྔོན་མ་ཞིག་ནས་ཡོད། དེར་བརྟེན་ངའི་སེམས་ལ་རང་གི་མ་འོངས་པའི་ཁྱོ་ག་དང་བྱིས་པ་ལ་བོད་སྐད་གཙང་མ་བཤད་དགོས་པར་དྲན་མྱོང་།

དེ་ལས་མང་བ་། “བྱིས་པ་ལད་ཟློས་ལ་དགའ། ལད་ཟློས་བྱེད་ཡུལ་གཙོ་བོ་དེ་ཕ་མ་གཉིས་རེད།” »

གསལ་བཤད།

མི་ཚུལ་རིག་གནས་ཀྱིས་སྟོང་བའི་ང་ཚོ།

Posted on 2016-12-232016-12-23 By ཁ་བརྡ་ 7 Comments on མི་ཚུལ་རིག་གནས་ཀྱིས་སྟོང་བའི་ང་ཚོ།

མདོ་བ་བློ་བཟང་བསྟན་པ། (འོས་སྦྱོར།)

 
སྤྱིར་བཏང་ང་ཚོའི་དཔལ་ཡོན་ཡར་ཐོན་ཚད་ངེས་ཅན་ལ་སོན་པའི་མི་རིགས་དང་རྒྱལ་ཁབ་གང་རུང་ལ་མཚོན་ན། མི་ཚུལ་རིག་པ་ཞེས་པ་ནི་མི་བུའི་སོ་སོའི་རྒྱུན་ཤེས་སུ་ཆགས་ཟིན་པ་ཞིག་ཡིན་ཅིང་། སྤྱིར་ན་མི་ཚུལ་རིག་པ་ཞེས་པར་རིག་གནས་ཕྱོགས་གཅིག་གིས་སྡོམ་བརྒྱབ་ན་ཆོག་པ་ཞིག་མིན་ཞིང་། དཔེར་ན། མི་ཚུལ་ཀུན་སྤྱོད་རིག་པ་དང་། མི་ཚུལ་དཔལ་འབྱོར་རིག་པ། མི་ཚུལ་དམག་དོན་རིག་པ་སོགས་ཧ་ཅང་མང་བས་རེ་རེ་ནས་བགྲང་བར་མི་བྱ་འོ། ཡིན་ནའང་མི་ཚུལ་རིག་པར་རྒྱས་མངའ་མེད་པའི་མི་རིགས་ཤིག་ལ་མཚོན་ན་འདི་ནི་རྣ་བའི་ལམ་དུ་ཐོས་མྱོང་མེད་པའི་ཚོད་དུ་འདུག།

དེ་ལས་མང་བ་། “མི་ཚུལ་རིག་གནས་ཀྱིས་སྟོང་བའི་ང་ཚོ།” »

རྩོམ་རིག

རིག་གསར་དང་རྒྱུན་སྲོལ་དབར་གྱི་གྲོས་མོལ།

Posted on 2016-12-222016-12-23 By ཁ་བརྡ་ 23 Comments on རིག་གསར་དང་རྒྱུན་སྲོལ་དབར་གྱི་གྲོས་མོལ།

ཡ་མ་ཚེ་རིང་གིས།

 
ཕྱི་ལོ་༡༦ ཟླ་ ༡༢ ཚེས་ ༡༨ ནས་ཉིན་གསུམ་རིང་། ༸སྤྱི་ནོར་༸གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་དབུ་བཞུགས་ཀྱིས། འབྲས་སྤུངས་བློ་གླིང་གྲྭ་ཚང་གི་སྤྲུལ་བའི་གཙུག་ལག་ཁང་དུ། ནང་ཆོས་དང་ཚན་རིག་དབར་ཕན་ཚུན་ལེགས་སྤེལ་དང་འདྲ་མཉམ་ཐོག་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་ཚོགས་འདུ་ཞིག་སྐོང་ཚོགས་གནང་ཡོད།

ཚོགས་འདུ་དེ་ནི་དངོས་ཁམས་རིག་པ་དང་། སྐྱེ་དངོས་རིག་པ། དབང་རྩ་རིག་པ་སོཊ་ཀྱི་སྐོར་ལ་མགོན་པོ་གང་ཉིད་ཀྱིས་དབུས་པའི་ཚན་རིག་པ་དང་།

དེ་ལས་མང་བ་། “རིག་གསར་དང་རྒྱུན་སྲོལ་དབར་གྱི་གྲོས་མོལ།” »

ངོ་སྤྲོད།

བཙན་པོ་རྒྱལ་རབས་སྐབས་ཀྱི་ལོ་རྒྱུས་དོན་གནད་འགའ་ཞིག་གི་བསྐྱར་ཞིབ།

Posted on 2016-12-222016-12-22 By ཁ་བརྡ་ No Comments on བཙན་པོ་རྒྱལ་རབས་སྐབས་ཀྱི་ལོ་རྒྱུས་དོན་གནད་འགའ་ཞིག་གི་བསྐྱར་ཞིབ།

གཅན་བཟོད་རྒྱམ་གྱིས་འོས་སྦྱོར་བྱས།   འབུམ་རམས་པ་དང་སློབ་དཔོན་ཆེན་མོ་རྨེ་རུ་ཡུལ་ལྷ་ཐར་ལགས་ཀྱི་འཆད་ཁྲིད་(བཙན་པོ་རྒྱལ་རབས་སྐབས་ཀྱི་ལོ་རྒྱུས་དོན་གནད་འགའ་ཞིག་གི་བསྐྱར་ཞིབ།) ཅེས་པའི་འཆད་ཁྲིད་འདི་ལ་བདག་གིས་ཐེངས་གཉིས་ཉན་པ་ཡིན། བོད་ཀྱི་ལོ་རྒྱུས་སྟེང་གི་ནོར་འཛོལ་དང་གལ་ཆེའི་གནད་དོན་མང་པོར་བགྲོ་གླེང་གནང་འདུག་པས། ཁ་བརྡ་དྲ་གྲོགས་དོ་སྣང་ཅན་མང་པོར་ཕན་ན་བསམ་ནས་འདིར་འོས་སྦྱོར་བྱས་ཡོད། ཐུགས་སྣང་ཅན་ཚོས་གསན་རོགས་མཛོད། http://mp.weixin.qq.com/s/LOYwCM0LP9duyktUSXeyXQ

ངོ་སྤྲོད།

ད་ཚང་མས་རྩེད་མོ་འདི་མཚམས་འཇོག་པྭ།

Posted on 2016-12-222016-12-22 By ཁ་བརྡ་ 26 Comments on ད་ཚང་མས་རྩེད་མོ་འདི་མཚམས་འཇོག་པྭ།

གསལ་ལེ་རྒྱལ།

 
སྤྲུལ་སྐུའི་ལམ་ལུགས་ཀྱིས་ང་ཚོར་ཕན་ཐོགས་བསྒྲུབས་པ་ལས་གནོད་སྐྱོན་བཟོས་བ་མང་བས་ན། ལམ་ལུགས་འདི་མེད་པར་གཏོང་དགོས་ཞེས་བཤད་མཁན་ཇེ་མང་རེད། དེའང་ལམ་ལུགས་འདི་མེད་པར་གཏོང་དགོས་བའི་རྒྱུ་མཚན་ནི་སྤྲུལ་སྐུ་རྫུན་མ་ཚོས་ལམ་ལུགས་འདི་དཔལ་འབྱོར་འཚོལ་སྒྲུབ་ཀྱི་ལམ་ལུགས་སུ་བསྒྱུར་ཏེ། རང་རང་གི་བླ་བྲང་ཇེ་ཕྱུག་དང་གཉེན་ཉེ་དང་གྲོགས་པོ་གྲོགས་མོ་རྣམས་ལས་མི་གཞན་པར་སེམས་ཅན་གྱི་འདུ་ཤེས་མེད་པར་ལོག་ཆོས་སྤེལ་ཡུལ་འབའ་ཞིག་ཏུ་བསམ་ནས་ལོག་ཆོས་སྤེལ་གྱིན་འདུག་ཟེར་བ་དེ་རེད། སྤྲུལ་སྐུ་དངོས་མ་རྣམས་མེད་པར་གཏོང་དགོས་མིན་མི་ཤེས་ལ། མེད་པར་གཏོང་ཐུབ་མིན་ཡང་མི་ཤེས།

དེ་ལས་མང་བ་། “ད་ཚང་མས་རྩེད་མོ་འདི་མཚམས་འཇོག་པྭ།” »

བསམ་ཚུལ།

བོད་ཐོག་འཛིན་བཞིན་པའི་རྒྱ་གར་གཞུང་གི་ཕྱི་འབྲེལ་སྲིད་བྱུས་དེར་བསྐྱར་ཞིབ་གནང་རྒྱུའི་དུས་ལ་བབས་འདུག

Posted on 2016-12-212016-12-21 By ཁ་བརྡ་ 10 Comments on བོད་ཐོག་འཛིན་བཞིན་པའི་རྒྱ་གར་གཞུང་གི་ཕྱི་འབྲེལ་སྲིད་བྱུས་དེར་བསྐྱར་ཞིབ་གནང་རྒྱུའི་དུས་ལ་བབས་འདུག

ཡོང་ཁུངས། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ

 
ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒིག་འོག་ཕྱི་ལོ་༢༠༡༦ ཟླ་༡༢ ཚེས་༡༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་རྒྱ་ནག་གཞུང་གི་དབང་སྒྱུར་འོག་བོད་ནང་གི་ད་ལྟའི་གནས་སྟངས་སྐོར་དང་ལོ་རྒྱུས་ཐོག་ནས་བོད་རང་བཙན་གྱི་གནས་བབ་དང་། འབྱུང་འགྱུར་བོད་ཀྱི་གནད་དོན་གསལ་ཆེད་དབུ་མའི་ལམ་གྱི་ཐབས་ལམ་གཞི་རྩར་བཟུང་བའི་སྲིད་བྱུས་རྒྱུན་སྐྱོང་དགོས་པའི་སྐོར་གྱི་དཔེ་དེབ་ཕྱི་དྲིལ་ལས་ཁུངས་ནས་འགྲེམས་སྤེལ་ཞུས་པ་མཚན་བྱང་དུ། བོད་རྒྱ་ནག་གི་ཆ་ཤས་མིན། འོན་ཀྱང་བོད་ཀྱི་གནད་དོན་གསལ་ཐུབ་པའི་ཐབས་ལམ་ཉག་གཅིག་ནི་དབུ་མའི་ལམ་གྱི་སྲིད་བྱུས་འདི་ཉིད་ཡིན། ཞེས་པ་དབུ་འབྱེད་གནང་།

དེ་ལས་མང་བ་། “བོད་ཐོག་འཛིན་བཞིན་པའི་རྒྱ་གར་གཞུང་གི་ཕྱི་འབྲེལ་སྲིད་བྱུས་དེར་བསྐྱར་ཞིབ་གནང་རྒྱུའི་དུས་ལ་བབས་འདུག” »

གསར་འགྱུར།

ཨ་རིའི་བོད་རྒྱ་མཉམ་འཛོམས་ཐད་ཀྱི་བསམ་ཚུལ་ཉུང་ངུ་།

Posted on 2016-12-212016-12-21 By ཁ་བརྡ་ 12 Comments on ཨ་རིའི་བོད་རྒྱ་མཉམ་འཛོམས་ཐད་ཀྱི་བསམ་ཚུལ་ཉུང་ངུ་།

རྫ་ཚེ་རིང་བཀྲ་ཤིས།

 
སྐད་ཆ་དྲང་མོ་བཤད་ན། ནམ་རྒྱུན་རྒྱ་ནག་གི་གཞུང་ཚབ་ཚོས་འཆར་གཞི་བཞག འགྲོ་སོང་བཏང་ནས་ཕྱི་སྡོད་བོད་པ་ཚོ་ཁོང་ཚོའི་མཛད་སྒོར་སྐད་གཏོང་གི་ཡོད་པ་རེད། ཁོང་ཚོས་ཕྱིས་བཞུགས་བོད་པ་ཚང་མ་ཏཱ་ལའི་རུ་ཚོགས་ཀྱི་ཚོགས་མི་མིན་པའི་རྣམ་པ་ཞིག་མངོན་ཐབས་བྱེད་ཀྱི་ཡོད། དེ་གཅིག་རེད། དེ་ནས་ཁོང་ཚོས་ཏཱ་ལའི་རུ་ཚོགས་ནི་ཁ་བྲལ་རང་ལུགས་པ་རེད། ཁོང་ཚོའི་གཏམ་སྤྱོད་ཀྱིས་རྒྱ་ནག་མི་མང་དུང་ཕྱུར་བཅུ་གསུམ་གྱི་སེམས་ལ་རྨ་ཁ་བཟོ་གི་ཡོད་རེད་ཅེས་སྒྲོག་གིན་ཡོད། ཐ་ན་ནུབ་ཕྱོགས་པའི་མི་སྣ་གྲགས་ཅན་ཞིག་༧གོང་ས་མཆོག་དང་མཇལ་ན་ཡང་རྒྱ་ནག་མི་མང་གི་སེམས་ལ་རྨ་ཁ་བཟོས་སོང་ལབ་ཀྱི་ཡོད།

དེ་ལས་མང་བ་། “ཨ་རིའི་བོད་རྒྱ་མཉམ་འཛོམས་ཐད་ཀྱི་བསམ་ཚུལ་ཉུང་ངུ་།” »

བསམ་ཚུལ།

བསྟན་པ་ལགས་རྒྱ་གཞུང་གིས་འཛིན་བཟུང་བྱས་འདུག

Posted on 2016-12-202016-12-20 By ཁ་བརྡ་ 1 Comment on བསྟན་པ་ལགས་རྒྱ་གཞུང་གིས་འཛིན་བཟུང་བྱས་འདུག

གནས་ཚུལ་མཁོ་གཏོང་བ། རྨེའུ་དཀོན་རྒྱམ།

 
ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༡༦ ཉིན་གུང་རྒྱབ་ཏུ་རྔ་བ་རྫོང་གི་རྨེའུ་རུ་མའི་རུ་ཆེན་པོ་ནས་ཡིན་པའི་བློ་ཆོས་ཚང་གི་བསྟན་པ་ལགས་ཀྱིས་ལག་ཏུ་བོད་ཀྱི་རྒྱལ་དར་དཀྱིལ་དུ་༸གོང་ས་མཆོག་གི་སྐུ་པར་ཡོད་ས་ཞིག་བཟུང་ནས། རྔ་བ་རྫོང་གི་དཔའ་བོའི་སྲང་ལམ་ནས་“༸རྒྱལ་བ་རིན་པོ་ཆེ་ཕྱིར་ཕ་ཡུལ་དུ་ཕེབས་འཇུག་དགོས།„ ”བོད་ལ་རང་དབང་དགོས།„ ཟེར་བཞིན་ཞི་རྒོལ་སྐད་འབོད་བྱས་ཏེ་ཁྲོམ་གཞུང་ནས་གོམ་བགྲོད་སྐར་མ་ལྔ་ཙམ་མ་འགོར་བར་ཉེན་རྟོག་པ་བཅུ་གྲངས་ཤིག་གིས་གཅར་རྡུང་གཏོར་ཤོར་བཙན་ཁྲིད་བྱས་ཏེ་ད་ལྟ་ནང་མི་ཚོས་ཁོང་གང་དུ་བཙོན་འཇུག་བྱས་ཡོད་མེད་དང་ཁོང་གི་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་འདུག

དེ་ལས་མང་བ་། “བསྟན་པ་ལགས་རྒྱ་གཞུང་གིས་འཛིན་བཟུང་བྱས་འདུག” »

གསར་འགྱུར།

མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ་གསར་པ།

Posted on 2016-12-202016-12-20 By ཁ་བརྡ་ 8 Comments on མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ་གསར་པ།

ཟིན་བྲིས་པ། ཁྲོཾ་ནོར་བཟང་།

 
མ་གཞི་སྤྲུལ་སྐུ་ཟེར་བ་འདིའི་ནང་དུ་ལོ་རྒྱུས་ཀྱི་སྟེང་དུ་ཡིན་ན་འདྲ། མ་ཟད་དེང་སྐབས་སྙིགས་མའི་དུས་ཡིན་རུང་བསམ་གྱིས་མི་ཁྱབ་པ་མང་པོ་ཡོད་པས་ཚང་མ་སྡུག་པོ་མ་རེད། ང་སྒེར་ལ་མཚོན་ནའང་དད་པ་ཡོད། དེར་བརྟེན་ངས་སྤྲུལ་སྐུ་ཡོད་ཚད་པོ་སྡུག་པོ་རེད་ཟེར་བ་མིན། འོན་ཀྱང་ལམ་ལུགས་འདིས་ང་ཚོ་ཆེན་པོ་ཞིག་བརྫད་འདུག མ་ཟད་རྣམ་པ་ཚོས་གཟིགས་དང་མ་འོངས་པ་ནའང་ལམ་ལུགས་འདིས་དེ་ལས་ཀྱང་རྙོག་དྲ་མང་པོ་ཕུད་ངེས་པ་ཡིན། དེ་ཡང་དེང་སང་གི་དགོན་པ་དག་གི་ནང་དུ་མི་གཞན་ལ་བཤད་ནའང་ཁ་ལེན་དང་ཚིག་བརྩི་ཡོད་པ།

དེ་ལས་མང་བ་། “མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ་གསར་པ།” »

གསུང་བཤད།

དྷ་སའི་ཚོགས་པ་བདུན་གྱིས་མཚན་སྨོད་ཞུ་མཁན་ཐེར་འདོན་བྱེད་རྒྱུ།

Posted on 2016-12-192016-12-19 By ཁ་བརྡ་ 68 Comments on དྷ་སའི་ཚོགས་པ་བདུན་གྱིས་མཚན་སྨོད་ཞུ་མཁན་ཐེར་འདོན་བྱེད་རྒྱུ།

ཡོང་ཁུངས། བོད་ཀྱི་བང་ཆེན།
 
ཟླ་འདིའི་ཚེས་༡༩ ཉིན་གྱི་སྔ་དྲོར་དྷ་སར་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བདུན་མཉམ་འབྲེལ་གྱིས། ༧གོང་ས་མཆོག་ལ་མཚན་སྨོད་ཞུ་མཁན་ཚོ་ཐེར་འདོན་དང་། གནས་ཡུལ་སོ་སོའི་ས་གནས་ལ་ཁྲིམས་གཏུག་དགོས་པའི་གསར་འགོད་ལྷན་ཚོགས་ཤིག་བསྐོངས་སོང་།
གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། “རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་ལུགས་གཉིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པ་ནས་བཟུང་བོད་འབངས་བདེ་ཐབས་སུ་སྔ་ཕྱི་བར་གསུམ་དུ་བཀའ་དྲིན་ཇི་ལྟར་བསྐྱང་བར་རིག་འཚོ་མ་ཟིན་པ་དང་སྨོན་ལམ་ལོག་པའི་དམ་སྲིས་བརྒྱུད་བསྐུལ་བའི་མི་ངན་རིགས་ཕུད།

དེ་ལས་མང་བ་། “དྷ་སའི་ཚོགས་པ་བདུན་གྱིས་མཚན་སྨོད་ཞུ་མཁན་ཐེར་འདོན་བྱེད་རྒྱུ།” »

གསར་འགྱུར།

Posts pagination

Previous 1 … 21 22 23 … 423 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (65)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (54)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (36)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (29)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme