Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༼དྲན་ངོས་ཀྱི་སྤུན་མཆེད་ཅིག་ལ་ཟློ་བ།༽

Posted on 2017-06-172017-06-17 By ཁ་བརྡ་ 1 Comment on ༼དྲན་ངོས་ཀྱི་སྤུན་མཆེད་ཅིག་ལ་ཟློ་བ།༽

གནས་མེད།
——ཕ་བུ་གཉིས་ཀྱི་འཕྲིན་ཡིག་བཀླགས་རྗེས།

 
མཚང་ལ་ཕོག་པ་གདམས་ངག་ཡིན་ནོ་ཞེས།།
མཁས་པའི་ཞལ་ནས་ལན་མང་ཐོས་མྱོང་ཡོད།།
དེ་བཞིན་རིག་བཟང་བུ་ཡིས་ཆང་སྐྱོན་སྐོར།།
ཡི་གེར་བཀོད་པར་བདག་ནི་མོས་ཤིང་འཐད།།

སྤྱིར་ན་དྲིན་ཆེན་ཕ་མར་དགག་རྩོད་རིགས།།
བརྗོད་མཁན་ལ་ནི་མོས་མཐུན་ཡེ་མེད་ཀྱང་།།

དེ་ལས་མང་བ་། “༼དྲན་ངོས་ཀྱི་སྤུན་མཆེད་ཅིག་ལ་ཟློ་བ།༽” »

སྙན་ངག

ཆར་བའི་ཁྲོད་ཀྱི་བདེ་སྐྱིད།

Posted on 2017-06-172017-06-17 By ཁ་བརྡ་ No Comments on ཆར་བའི་ཁྲོད་ཀྱི་བདེ་སྐྱིད།

མཇེ་ཕྲུག
 

ཁ་རྩང་ཆར་བ་བབས་སོང་།།
མདང་དགོང་ལས་ཀ་གྲུབ་སོང་།།
ད་དུང་ཉི་མ་ཡ་བཟུང་།།
ཆར་བ་འབབ་ན་སྐྱིད་འགྲོ །

ཆར་པ་དལ་གྱི་བབས་སོང་།།
རླུང་བུ་བསིལ་བསིལ་ལྡང་བྱུང་།།

དེ་ལས་མང་བ་། “ཆར་བའི་ཁྲོད་ཀྱི་བདེ་སྐྱིད།” »

སྙན་ངག

ྋསྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་མདོ་སྨད་དབྱར་སྐྱིད་ཐོག་བསྩལ་པའི་གསུང་བཤད།

Posted on 2017-06-132017-06-13 By ཁ་བརྡ་ 10 Comments on ྋསྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་མདོ་སྨད་དབྱར་སྐྱིད་ཐོག་བསྩལ་པའི་གསུང་བཤད།

གསུང་བཤད་ཡིག་འབེབས་པ། རེ་མདོ་སེངྒེ་།

 

༄༅།། ྋསྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་རྡ་སར་གནས་སྡོད་མདོ་སྨད་མི་མང་གི་དབྱར་སྐྱིད་ཆེན་མོའི་ཐོག་བསྩལ་པའི་གསུང་བཤད།

༄༅།། སྐུ་ངོ་བཀའ་བློན་མཆོག་དང་བཀའ་ཟུར་རྣམ་པ། སྤྱི་འཐུས་ལས་ཟུར་རྣམ་པ། དྲུང་ཆེ་ཆུང་རྣམ་པ། སྐྱབས་གནས་དགེ་འདུན་པ་རྣམ་པ། ས་གནས་མདོ་སྨད་མང་ཚོགས་བཅས་དེ་རིང་ང་ཚོ་འདིར་མང་པོ་ཞིག་ལྷན་དུ་འཛོམས་ཐུབ་པར་དགའ་པོ་བྱུང་བས་རྣམ་པ་ལྷན་རྒྱས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྤྱིར་རྡ་རམ་ས་ལའི་ཁུལ་ལ་མདོ་སྨད་པ་མང་པོ་ཡོད་ཀྱང་ང་ཚོ་མཉམ་དུ་འཛོམས་རྒྱུའི་དུས་ཚོད་དང་གོ་སྐབས་ཤིན་ཏུ་དཀོན་པོ་དང་ཉུང་ཉུང་རེད།

དེ་ལས་མང་བ་། “ྋསྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་མདོ་སྨད་དབྱར་སྐྱིད་ཐོག་བསྩལ་པའི་གསུང་བཤད།” »

གསུང་བཤད།

ཁ་ན་ཊའི་ཝན་ཁོ་ཝར་གྲོང་ཁྱེར་དུ་ནང་པའི་དུས་སྟོན་ཐེངས་གསུམ་པ་ཚུགས་པ།

Posted on 2017-06-112017-06-12 By ཁ་བརྡ་ 2 Comments on ཁ་ན་ཊའི་ཝན་ཁོ་ཝར་གྲོང་ཁྱེར་དུ་ནང་པའི་དུས་སྟོན་ཐེངས་གསུམ་པ་ཚུགས་པ།

Tsendok 2

འདི་ལོའི་ས་ག་ཟླ་བའི་ཚེས་ ༤  ཉིན་དང་། སྤྱི་ཟླ་ ༥ ཚེས་ ༢༨ ཉིན་ཁེ་ན་ཊའི་ནུབ་ཕྱོགས་མཚོ་རྒྱུད་ཀྱི་མངའ་སྡེ་ British Columbia ཡི་ཝན་ཁོ་ཝར་ Vancauver གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ནང་པ་ཐུན་མོང་གི་ངོས་ནས་སངས་རྒྱས་རྗེས་དྲན་གྱི་དུས་སྟོན་ཐེངས་གསུམ་པ་ཚུགས་ཡོད་པ་རེད།

ད་ལོའི་ནང་པའི་དུས་སྟོན་འདིར།

དེ་ལས་མང་བ་། “ཁ་ན་ཊའི་ཝན་ཁོ་ཝར་གྲོང་ཁྱེར་དུ་ནང་པའི་དུས་སྟོན་ཐེངས་གསུམ་པ་ཚུགས་པ།” »

གསར་འགྱུར།

བོད་པའི་སློབ་ཕྲུག་གི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་༡༢པའི་རྒྱུགས་འབྲས།

Posted on 2017-06-112017-06-11 By ཁ་བརྡ་ No Comments on བོད་པའི་སློབ་ཕྲུག་གི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་༡༢པའི་རྒྱུགས་འབྲས།

བཅར་འདྲི།

བོད་ལ་གཉེན་འཕྲད་དུ་བསྐྱོད་ན་་་་་་།

Posted on 2017-06-102017-06-10 By ཁ་བརྡ་ 2 Comments on བོད་ལ་གཉེན་འཕྲད་དུ་བསྐྱོད་ན་་་་་་།

བསྟན་འཛིན།

 
ཁྱེད་རང་རྒྱ་མིའི་གཞུང་ཚབ་ཁང་གིས་སྤྲད་པའི་སྤ་སེ་འཁྱེར་ནས་བོད་ལ་གཉེན་འཕྲད་དུ་འགྲོ་མཁན་ཡིན་པ་དང་། དེ་ཡང་ཁྱོད་ཀྱི་སྤ་སེ་དེ་བལ་ཡུལ་རྒྱལ་སའི་རྒྱ་མིའི་གཞུང་ཚབ་ནས་རག་པ་ཡིན་ན། ངེས་པར་དུ་ས་ཐོག་ནས་འགྲོ་དགོས་པ་ལས། གནམ་གྲུར་བསྡད་ནས་འགྲོ་མི་ཐུབ། དེ་སྔ་འགྲམ་འགག་སྒོ་ཡིན་ན་ཏོག་ཙམ་གུ་ཡངས་ཡིན་མོད། ད་ལྟ་འགྲམ་འགག་སྒོ་བཀག་ཟིན་པས། ཁྱེད་རང་ངེས་པར་དུ་སྐྱིད་གྲོང་གི་ར་སོག་ཟམ་པ་བརྒྱུད་ནས་འགྲོ་དགོས་ལ། དེ་ནི་ཧ་ཅང་དམ་པོ་ཡིན།

དེ་ལས་མང་བ་། “བོད་ལ་གཉེན་འཕྲད་དུ་བསྐྱོད་ན་་་་་་།” »

ངོ་སྤྲོད།

ཁྲིམས་མེད་ལུགས་མེད་ཀྱི་སྲིད་འཛིན་ལས་འཁུར།

Posted on 2017-06-092017-06-09 By ཁ་བརྡ་ 3 Comments on ཁྲིམས་མེད་ལུགས་མེད་ཀྱི་སྲིད་འཛིན་ལས་འཁུར།

unnamedརྩོམ་པ་པོ། David Leonhardt
སྒྱུར་སྒྲིག་པ། གཅན་སྣང་བ་ཚེ་རིང་བཀྲ་ཤིས།

ཡོང་ཁུངས། ནེག་ཡོག་དུས་བབ།
*གསལ་བཤད། མ་རྩོམ་ཇི་མ་ཇི་བཞིན་དུ་བསྒྱུར་མེད། ཀློག་སླ་བ་དང་གོ་བདེ་བའི་ཆེད་དུ་ནང་དོན་གཙོ་བོ་ཕྱོགས་བསྡུས་བྱས་ཡོད།

འགྲོ་བ་མིའི་སྤྱི་ཚོགས་ནི་རྒྱལ་ཁབ་ཀྱི་རྩ་འཛིན་ཁག་གཞིར་བཟུང་ནས་སྟངས་འཛིན་བྱེད་ཀྱི་ཡོད་པ་མ་གཏོགས།

དེ་ལས་མང་བ་། “ཁྲིམས་མེད་ལུགས་མེད་ཀྱི་སྲིད་འཛིན་ལས་འཁུར།” »

འགྱུར་རྩོམ།

རྩེད་མཚར་དམར་རྗེན་མ།

Posted on 2017-06-092017-06-09 By ཁ་བརྡ་ No Comments on རྩེད་མཚར་དམར་རྗེན་མ།

ཆང་སྐྱེས།

 
ནུ་མ་ཕྱེད་ཙམ་གོས་ཀྱི་ཕྱི་རུ་བཏོན་ཏེ།།
ཟུར་མིག་འཇམ་པོ་ཞིག་གི་མདའ་མོ་འཕངས་ཚེ།།
འདོད་པའི་དབང་རྩ་འཁྲུག་པའི་མི་རྐྱང་མང་བོ།།
ཝ་གཤེད་མཛེས་མའི་དྲུང་ན་ཟ་ངེ་ཟིང་ངེ་།།

འཇབ་འཁོར་བདེ་མོ་ཞིག་གིས་ཕེབས་ལམ་བསུས་ཏེ།།
བརྒྱ་ཤོག་བརྩེགས་མ་རེ་ཡིས་རྔན་པ་སྤྲད་ན།།

དེ་ལས་མང་བ་། “རྩེད་མཚར་དམར་རྗེན་མ།” »

སྙན་ངག

དེང་སང་གི་གྲྭ་བཙུན་སྔགས་གསུམ་གྱིས་སྤང་དགོས་པའི་སྐྱོན་ཆེ་ཤོས་ཤིག

Posted on 2017-06-082017-06-09 By ཁ་བརྡ་ 9 Comments on དེང་སང་གི་གྲྭ་བཙུན་སྔགས་གསུམ་གྱིས་སྤང་དགོས་པའི་སྐྱོན་ཆེ་ཤོས་ཤིག

ཨོ་རྒྱན་ཉི་མ།

 
དེང་སང་གི་དུས་ཚོད་འདིར་རང་ཕར་བརྩིས་རོགས་ཚུར་བརྩིས་མང་ཆེ་བ་སྨྱོན་པ་ཁྱུ་གཅིག་ཏུ་འགྱུར་བཞིན་པ་རེད། དེ་ཕྱིར་དུས་རབས་ཉེར་གཅིག་པའི་མིའི་སྤྱོད་ལམ་དང་། བསམ་བློ་སོགས་ནི་བྱ་སྒྲོ་རླུང་གིས་འཁྱེར་བ་བཞིན་གཏད་སོ་གང་ཡང་མེད་པ་ཞིག་ཏུ་འགྱུར་བཞིན་པ་རེད། དེ་ལ་བརྟེན་ནས་སྔོན་གྱི་རིན་ཐང་ལྡན་པའི་ལྟ་གྲུབ་དང་། དངོས་པོ། རིག་གཞུང་མང་པོ་ཞིག་འཇིག་རྟེན་འདི་ནས་གྱེས་ཕྱག་ཞུ་བཞིན་པ་དང་། ཞུ་བར་འགྱུར་ངེས་རེད། དེ་ནི་གསར་ངས་ཆེ་བའི་གང་ཟག་ཕལ་གྱིས་རིན་ཐང་མེད་པ་ལ་རིན་ཐང་དུ་ལྟ་བ་དང་། རིན་ཐང་ཅན་ལ་རིན་ཐང་དུ་མི་མཐོང་བའི་དབང་གིས་འཇིག་རྟེན་འདི་ཆ་མེད་ཆོ་མེད། ར་མིན་ལུག་མིན་ཞིག་ཏུ་གྱུར་སོང་བ་རེད།

དེ་ལས་མང་བ་། “དེང་སང་གི་གྲྭ་བཙུན་སྔགས་གསུམ་གྱིས་སྤང་དགོས་པའི་སྐྱོན་ཆེ་ཤོས་ཤིག” »

བསམ་ཚུལ།

ཞབས་བྲོ་ཁང་དུ་འཕྲད་པའི་སྙིང་སྡུག

Posted on 2017-06-082017-06-08 By ཁ་བརྡ་ 3 Comments on ཞབས་བྲོ་ཁང་དུ་འཕྲད་པའི་སྙིང་སྡུག

unnamed—-པད་མ་རྣམ་རྒྱལ་རྒྱ་མཚོ།

 
སྔོན་ཆད་ང་ལ་ཞབས་བྲོའི་ཁང་ལ་འགྲོ་འདོད་ལྟ་འདོད་དེ་ཙམ་མེད།།
ཁ་རྩང་ཁ་ཉིན་གྲོགས་རྙིང་འགའ་དང་མཉམ་དུ་མ་འགྲོ་ཀ་མེད་བྱུང་།།
ཕྱི་གླིང་ཡུལ་གྱི་ཞབས་བྲོ་ཁང་དེ་སྐྱིད་པོ་ཡོད་ཅེས་ཐོས་པ་ལས།།
མིག་གིས་མཐོང་བ་ཁ་སང་མ་གཏོགས་དངོས་སུ་མྱོང་བ་ང་ལ་མེད།།

དེ་ལས་མང་བ་། “ཞབས་བྲོ་ཁང་དུ་འཕྲད་པའི་སྙིང་སྡུག” »

སྙན་ངག

སྣང་མེད་ཀྱི་འདུ་ཤེས་ལས་བྱུང་བའི་གནོད་སྐྱོན་དང་དེའི་ཉེན་ཁ།

Posted on 2017-06-082017-06-08 By ཁ་བརྡ་ 1 Comment on སྣང་མེད་ཀྱི་འདུ་ཤེས་ལས་བྱུང་བའི་གནོད་སྐྱོན་དང་དེའི་ཉེན་ཁ།

རོང་བོ་ཀླུ་རྒྱལ་གྱིས་བསྒྱུར།

 
tibet04120145___ཨེས་ལཱིས ཝིའེ་སཱེལ་1གྱི་གཏམ་བཤད།

སྲིད་འཛིན་མཆོག་དང་། ལྕམ་ཆེན་ཁི་ལིན་ཀྲོན། གྲོས་ཚོགས་ཀྱི་འཐུས་མི་དང་། གཞུང་ཚབ་ཆེན་མོ། ཆེད་མངགས་སྐུ་ཚབ་ཧོལ་བྷི་རུབ་ཁི། གཞན་འདིར་ཕེབས་པའི་གྲོགས་པོ་རྣམ་པ། དེ་རིང་ནས་བརྩིས་ཏེ་ཏག་ཏག་ལོ་ངོ་ལྔ་བཅུ་ལྔ་བཞིའི་ཡར་སྔོན་ལ། ཁཱར་ཕཱ་ཐིན་རི་རྒྱུད་ཀྱི་གྲོང་ཁྱེར་ཆུང་ཆུང་ཞིག་ནས་ཡིན་པའི་ཡ་ཧུ་དཱ་པའི་ན་གཞོན་བྱིས་པ་ཞིག་མིང་ངན་ཀུན་ཏུ་ཁྱབ་པའི་བྷུབ་ཁིན་ཝ་ལི་ཀྲི་2ས་ཆ་རུ་གཉིད་ལས་སད།

དེ་ལས་མང་བ་། “སྣང་མེད་ཀྱི་འདུ་ཤེས་ལས་བྱུང་བའི་གནོད་སྐྱོན་དང་དེའི་ཉེན་ཁ།” »

འགྱུར་རྩོམ།

རིས་མེད་བསྟན་པའི་ཁྱབ་བདག་ཀུན་ཏུ་བཟང་།།

Posted on 2017-06-072017-06-07 By ཁ་བརྡ་ 2 Comments on རིས་མེད་བསྟན་པའི་ཁྱབ་བདག་ཀུན་ཏུ་བཟང་།།

ཨེ་མ་ཧོ།

 
ན་མོ་གུ་རུ་བུདྡྷ་ཛྙཱ་ན་ཡེ།
དུས་གསུམ་སངས་རྒྱས་ཀུན་དངོས་པདྨ་འབྱུང་།།
སྐུ་གསུམ་སངས་རྒྱས་ཀུན་གྱི་ཐུགས་སྲས་རྗེ།།
ཁམས་གསུམ་འགྲོ་བའི་དེད་དཔོན་སྐྱབས་གནས་མཆོག།
བརྒྱུད་གསུམ་ཀུན་འདུས་ཞེ་ཆེན་རབ་འབྱམས་རྒྱལ།།
སྔ་འགྱུར་སྤྱི་དང་ས་དགེ་བཀའ་ཇོ་སོགས།།
གངས་ལྗོངས་རྒྱལ་བསྟན་དབང་ལུང་གདམས་པའི་མཛོད།།

དེ་ལས་མང་བ་། “རིས་མེད་བསྟན་པའི་ཁྱབ་བདག་ཀུན་ཏུ་བཟང་།།” »

སྙན་ངག

སྙན་ངག་གྱེར་འདོན་དགོང་ཚོགས་གསལ་བསྒྲགས།

Posted on 2017-05-112017-05-12 By ཁ་བརྡ་ 2 Comments on སྙན་ངག་གྱེར་འདོན་དགོང་ཚོགས་གསལ་བསྒྲགས།

  སྤྱི་ཟླ་ལྔ་བའི་ཚེས་ ༡༢ ནས་ ༡༤ ཉིན་གསུམ་གྱི་རིང་ལ་ཀུན་ཕན་ཐེབས་རྩ་ཚོགས་པའི་རྒྱབ་སྐྱོར་ལ་བརྟེན་ནས་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ལ་རྟེན་གཞི་བྱས་པའི་ལ་རྩེ་དཔེ་མཛོད་ཁང་དུ་སྙན་ངག་མེ་ལོང་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཞིག་འཚོགས་རྒྱུ་ཡིན་པ་དེའི་ཟུར་རྒྱན་ལྟ་བུར། ཚེས་༡༢ ཏེ། གཟའ་པ་སངས་ཀྱི་དགོང་མོ་དུས་ཚོད་བདུན་པ་དང་ཕྱེད་ཀ་ནས་སྙན་ངག་གྱེར་འདོན་ཞིག་བཀོད་སྒྲིག་བྱས་ཡོད། བགྲོ་གླེང་ཚོགས་འདུ་ནི་ནང་ཚོགས་ལྟ་བུ་ཞིག་ཡིན་མོད། སྙན་ངག་གྱེར་འདོན་ལ་སུ་ཡང་ཕེབས་པར་དགའ་བསུ་ཞུ། རྒུན་ཆང་དང་བོད་ཆང་ཡང་རིན་མེད་དུ་ཡོད། སྙན་རྩོམ་གྱེར་འདོན་གནང་མཁན་ནི། དགེ་འདུན་རབ་གསལ་དང་། སྐལ་བཟང་ལྷ་མོ།…

དེ་ལས་མང་བ་། “སྙན་ངག་གྱེར་འདོན་དགོང་ཚོགས་གསལ་བསྒྲགས།” »

གསལ་བསྒྲགས།

ཆང་རག་མ་མཆོད་རོགས།

Posted on 2017-04-142017-04-14 By ཁ་བརྡ་ 5 Comments on ཆང་རག་མ་མཆོད་རོགས།

མི་ཉག་ཀུན་དགའ་བཀྲ་ཤིས།

 
གྲོགས་པོ་ཚོ།
ཆང་རག་མ་མཆོད་རོགས།
དེ་ལ་བཟང་དྲི་གཏན་ནས་མི་བྲོ།
ཆང་རག་མཆོད་ན།
གསོན་ཡང་ལག་ལེན་གྱི་ཐོག་ནས་གཤིན་པོ་རེད།
གཤིན་པོ་ལས་ཀྱང་ལས་ངན་པའི་གསོན་པོ་རེད།
གསོན་པོའི་སྐབས་ཀྱི་གཤིན་པོ་འདི།

དེ་ལས་མང་བ་། “ཆང་རག་མ་མཆོད་རོགས།” »

སྙན་ངག

དོར་ཞི་ཚང་གི་སྐད་གཉིས་སློབ་གསོའི་སྐོར་གྱི་གསུང་རྩོམ་བོད་འགྱུར་མ།

Posted on 2017-04-122017-04-12 By ཁ་བརྡ་ 7 Comments on དོར་ཞི་ཚང་གི་སྐད་གཉིས་སློབ་གསོའི་སྐོར་གྱི་གསུང་རྩོམ་བོད་འགྱུར་མ།

རྩོམ་པ་པོ། ཨ་ལགས་དོར་ཞི།
བོད་འགྱུར་ལོ་ཙཱ་བ། ཐེ་བྲག་བསྟན་པ།
 

ངས་ཀྱང་སློབ་གསོའི་སྐོར་གླེང་།

ཉེ་བའི་ཆར་དྲ་ཐོག་ཁག་ཏུ། “མཚོ་སྔོན་མཚོ་ལྷོའི་ཁུལ་ཨུའི་ཧྲུའུ་ཅི་ལ་སྤྲིངས་པའི་འཕྲིན་ཡིག་༣༠” ཟེར་བ་དང་། “ནད་ཁྲིའི་སྟེང་གི་དགག་ལན།” ཟེར་བ་སོགས་རྩོམ་ཡིག་མང་བོ་ཞིག་མཐོང་རྒྱུ་བྱུང་། མི་རིགས་ཆེད་མཁས་དང་སློབ་དཔོན། སློབ་མ་དང་མི་རིགས་ལས་བྱེད་སོགས། འདི་ལྟ་བུའི་མི་མང་བོ་ཞིག་གིས་མི་རིགས་སློབ་གསོར་ཐུགས་ཁུར་གནང་ནས། འཕྲིན་ཡིག་འབྲི་བ་དང་། དྲ་ཐོག་ནས་མི་རིགས་སློབ་གསོ་དང་འབྲེལ་བའི་གནད་དོན་གྱི་བགྲོ་གླེང་

དེ་ལས་མང་བ་། “དོར་ཞི་ཚང་གི་སྐད་གཉིས་སློབ་གསོའི་སྐོར་གྱི་གསུང་རྩོམ་བོད་འགྱུར་མ།” »

འགྱུར་རྩོམ།

དུས་རབས་ཀྱི་སྟོན་པ།

Posted on 2017-04-102017-04-10 By ཁ་བརྡ་ 4 Comments on དུས་རབས་ཀྱི་སྟོན་པ།

ཨཱོྃ༔འབར།

 
ཕྱིན་དྲུག་ཉམས་ལེན་གྲོགས་སུ་བརྟེན་པའི་འཇིག་རྟེན་འདི་ཡི་མགོན་པོ་ཞིག །
བྱམས་དང་སྙིང་རྗེས་གདུལ་བྱ་སྐྱོང་བའི་འགྲོ་དྲུག་འདྲེན་པའི་བླ་མ་ཞིག །
ས་ལའི་ལྗོངས་འདིར་གཟི་འོད་རྒྱས་བའི་དུས་རབས་འདི་ཡི་སྟོན་པ་ཞིག །
གངས་ཕྲུག་ང་ཡི་སེམས་ལ་འཕྲོས་བའི་འོད་སྟོང་འབར་བའི་ཉི་གཞོན་ཞིག །

མི་ཁའི་རླུང་འཚུབ་ཅི་ཙམ་རྒོད་རུང་གཡོ་འགུལ་མེད་པའི་རི་རྒྱལ་ཞིག །
བོད་པ་ཚང་གི་གནའ་བོའི་རིག་གཞུང་སྲོག་ལྟར་གཅེས་བའི་སྐྱེས་ཆེན་ཞིག །

དེ་ལས་མང་བ་། “དུས་རབས་ཀྱི་སྟོན་པ།” »

སྙན་ངག

ཤེས་རིག་གཅིག་པོས་རང་ཁ་རང་གསོ་བྱེད་ཐུབ་བམ།

Posted on 2017-04-092017-04-09 By ཁ་བརྡ་ No Comments on ཤེས་རིག་གཅིག་པོས་རང་ཁ་རང་གསོ་བྱེད་ཐུབ་བམ།

ཁ་རྩུབ་སེམས་དཀར།

—(མི་སྐྱའི་སྡེ་ཡིས་ཤེས་ཡོན་གཅིག་པོས་རང་ཁ་རང་གསོ་མི་བྱེད་མི་ཐུབ་པ་བཞིན། གྲྭ་བཙུན་པའི་སྡེ་ཡིས་ཀྱང་ཤེས་རིག་གཅིག་པོས་རང་ཁ་རང་གསོ་བྱེད་མི་ཐུབ།)
 

—ཀླད་ཀྱི་གཏམ།

དེ་རིང་སྐད་འཕྲིན་ནང་རང་རེ་བོད་ཀྱི་མཁས་པ་ཆེན་པོ་ཞིག་གི་གསུང་བཤད་ཧ་ཅང་གལ་ཆེན་ཞིག་ལ་ཉན་པ་ཡིན། ཁོང་གི་གསུང་བཤད་དེའི་བརྗོད་བྱ་གཙོ་བོ་ནི་གྲྭ་བཙུན་གྱི་སྡེ་ཡིས་ཇི་ལྟར་རང་ཁ་རང་གསོ་བྱེད་ཐབས་སམ་བྱེད་སྟངས་སྐོར་རེད།

དེ་ལས་མང་བ་། “ཤེས་རིག་གཅིག་པོས་རང་ཁ་རང་གསོ་བྱེད་ཐུབ་བམ།” »

རྩོམ་རིག

དབྲ་རིགས་ཡོངས་ལ་བརྡ་འཕྲིན་དང་བོད་ཡིག་གི་ཞལ་འདེབས་ཞུ།

Posted on 2017-04-092017-04-09 By ཁ་བརྡ་ No Comments on དབྲ་རིགས་ཡོངས་ལ་བརྡ་འཕྲིན་དང་བོད་ཡིག་གི་ཞལ་འདེབས་ཞུ།

དབྲ་རྩོམ་སྤྱི་མགྲིན་ནས།

 
ཨོཾ་བདེན་པ་རིན་པོ་ཆེ་རྒྱལ་བར་གྱུར་ཅིག། དེ་ཡང་དེང་རབས་སྒྱུ་རྩལ་རིག་འཕྲུལ་ལ་བེད་སྤྱོད་ལེགས་པར་གཏོང་བའི་གངས་ཅན་བོད་པའི་ཕུ་ནུ་སྤུན་ཟླ་ཡོངས་ལ་ཞུ་འབྲས། ཕུག་རྒྱང་རིང་མོའི་མདུན་ལམ་ལ་བསམ་ཞིབ་བྱས་ནས་དབྲ་ཆེན་གྱི་རུས་མཛོད་བདེན་པ་རིན་པོ་ཆེ་ཞེས་སྒྲིག་བཞིན་ཡོད། སྤྱིར་ན་ཆོས་ཕྱོགས་ནས་བཤད་ན་རིགས་རུས་ལོངས་སྤྱོད་མི་གཙོ་ཞེས་པ་འདུལ་ལུང་སོགས་ལས་ཡོངས་གྲགས་ཡིན་ན་ཡང་འཇིག་རྟེན་པའི་ལོ་རྒྱུས་རང་བཞིན་ལྡན་པར་གཞིར་བཞག་ནས་བཤད་ན་ཕ་མེས་དང་རྒྱུད་པའི་རིགས་རུས་རྩ་ཆེན་ཡིན་པ་དང་། ཕ་མེས་བཟང་པོས་བཞག་པ་བཟང་པོ་རྣམས་བུ་ཚ་ངན་པས་ལོག་སྤྱོད་དུ་མི་གཏོང་བའི་ཆེད་དང་

དེ་ལས་མང་བ་། “དབྲ་རིགས་ཡོངས་ལ་བརྡ་འཕྲིན་དང་བོད་ཡིག་གི་ཞལ་འདེབས་ཞུ།” »

སྣ་ཚོགས།

སྤྲིངས་ལན་རྡོ་རྗེའི་མདུད་པ།

Posted on 2017-04-092017-04-09 By ཁ་བརྡ་ 2 Comments on སྤྲིངས་ལན་རྡོ་རྗེའི་མདུད་པ།

unnamed—-སྙན་བཟང་གཡུང་དྲུང་ཚེ་རིང་།

 
རིན་ཆེན་ནོར་བུ་གླིང་གི་ལྡིང་ཁང་དུ། །
ལས་ཅན་སྐལ་བཟང་ཚོགས་ཀྱི་རེ་བའི་སྒོ། །
ཡེ་ཤེས་འོད་ཀྱིས་འབྱེད་ལ་མཁས་གྱུར་པ། །
མི་ཡི་རྗེ་བོ་དམ་པ་གང་དེའི་དྲུང་། །
མ་མཇལ་ལོ་མང་འགོར་ཡང་བརྩེ་བའི་མདངས།།
མ་ཉམས་མངོན་པར་སྒེག་པའི་བརྡ་ཐབས་སུ། །
མ་བཅོས་སེམས་ཀྱི་བརྗོད་འདོད་ཞུ་ཚིག་དབྱངས།།
མ་གསང་དྲང་པོས་གྱེར་ཏེ་མཆིད་འདི་གསོལ། །

དེ་ལས་མང་བ་། “སྤྲིངས་ལན་རྡོ་རྗེའི་མདུད་པ།” »

འཕྲིན་ཡིག

དཔྱིད་དུས་ཀྱི་དགའ་སྤྲོ།

Posted on 2017-04-092017-04-09 By ཁ་བརྡ་ 4 Comments on དཔྱིད་དུས་ཀྱི་དགའ་སྤྲོ།

ཁ་བའི་འབྲོག་མོ།

 
གནམ་སྔོན་མོའི་རང་མདངས་རྒྱ་མཚོ་ལ་ཕོག་དུས།།
སྤྲིན་དཀར་པོའི་ཁང་བཟང་རླུང་བུ་ཡིས་གཏོར་བཞག།
ས་རི་ཐང་ཐམས་ཅད་གསེར་མདོག་གིས་ཁྱབ་སྟེ།།
དཔྱིད་མགོ་མའི་གནམ་གཤིས་མཛེས་སྡུག་གིས་བརྒྱན་སོང་།།

རི་མཐོན་པོའི་རྩེ་མོ་བར་སྣང་ལ་ཟུག་ཀྱང་།།
གངས་དབུ་ཞྭ་ལྷུང་ལྷུང་ཆུ་མོ་ལ་ལྷུང་ངོ་།།

དེ་ལས་མང་བ་། “དཔྱིད་དུས་ཀྱི་དགའ་སྤྲོ།” »

སྙན་ངག

Posts pagination

Previous 1 … 12 13 14 … 423 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (59)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (45)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (32)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme