Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་ཚོགས་ཀླུ་མཁར་བྱམས་དང་འབྲེལ་བའི་དོགས་སློང་།

Posted on 2014-02-132014-02-13 By ཁ་བརྡ་ 35 Comments on ཨ་ཚོགས་ཀླུ་མཁར་བྱམས་དང་འབྲེལ་བའི་དོགས་སློང་།

དུར་བྱང་།

གཏམ་གྱི་འགོ་མ་གསལ་འདེབས་ཤིག་བྱ་དགོས་ཡོད། ཁོ་བོར་ནམ་ནམ་ཞར་ཞར་ལ་ཨ་ཚོགས་ཀླུ་མཁར་བྱམས་ནི་ཆབ་སྲིད་སྨྲ་བའི་མཁས་ཆེན་ཞིག་ཡིན་པའི་ལྟ་ཚུལ་མེད་ལ། འུ་ཚང་གི་འཁོས་ཆུང་བའི་ཆབ་སྲིད་པ་དེ་དག་གི་གོ་རྟོགས་ལ་འགྲན་མི་བཟོད་པའི་བླུན་པོ་ཞིག་ཡིན་པའི་འདོད་ཚུལ་དེ་བས་ཀྱང་མེད། ལྟོས་འཇོག་གིས་བཤད་ན་ཁོང་ནི་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་ལ་དགག་སྒྲུབ་ཀྱི་སྙིང་སྟོབས་མངའ་བའི་གསར་བུ་སྣང་མཐོ་ཞིག་ཡིན་པ་རེད། དེའི་སྟབས་ཀྱིས། འཛམ་གླིང་རང་བཞིན་གྱི་མཁས་གྲལ་དུ་བཞུགས་པའི་སློབ་དཔོན་ཆེན་མོ་ཡན་ཧོང་པེན་གྱིས་ཀྱང་ཨ་ཚོགས་ཀླུ་མཁར་བྱམས་ལ་«ཁ་གཏད་ཚོགས་པའི་ན་གཞོན་དབུ་ཁྲིད་པ»དང་«ཆབ་སྲིད་དགག་སྒྲུབ་སྨྲ་བ»ཞེས་པའི་མཚན་གསོལ་གནང་དགོས་བྱུང་བ་མ་ཡིན་ནམ།

དེ་ལས་མང་བ་། “ཨ་ཚོགས་ཀླུ་མཁར་བྱམས་དང་འབྲེལ་བའི་དོགས་སློང་།” »

སྣ་ཚོགས།

དགེ་འདུན་རབ་གསལ་ལགས། ཐུགས་རྗེ་ཆེ།

Posted on 2014-02-132014-02-13 By ཁ་བརྡ་ 18 Comments on དགེ་འདུན་རབ་གསལ་ལགས། ཐུགས་རྗེ་ཆེ།

འབའ་སྲས།

མཚན་དང་སྙན་གྲགས་སྔོན་ན་ཐོས་མྱོང་ཡོད།།
མཛད་རྗེས་རླབས་ཆེན་དེ་དག་གོ་མྱོང་ཡོད།།
འོན་ཀྱང་མཇལ་ནས་ཁ་བརྡ་བྱས་པ་མེད།།
དེ་རིང་ལེགས་བཤད་ཐོས་པས་ཤིན་ཏུ་དགའ།།

ཁ་སྔོན་དང་ཐོག་རེ་སྐུལ་ཞུས་པའི་དུས།།
སྙན་ངག་ཕ་ཁྱིམ་ཞེས་པའི་ཚོམས་སྡེ་འདིར།།

དེ་ལས་མང་བ་། “དགེ་འདུན་རབ་གསལ་ལགས། ཐུགས་རྗེ་ཆེ།” »

སྙན་ངག

སྙན་ངག་གི་བླ་མ་རྣམས་ལ་ཕྱག་འཚལ་ལོ།

Posted on 2014-02-132014-02-13 By ཁ་བརྡ་ 27 Comments on སྙན་ངག་གི་བླ་མ་རྣམས་ལ་ཕྱག་འཚལ་ལོ།

འབའ་སྲས།

ཞལ་རས་ཉམས་ཀྱི་མེ་ཏོག་མཛེས།།
ཕྱག་ན་སྒྲ་ཡི་པི་ཝང་སྙན།།
ཐུགས་ན་འགྱུར་གྱི་ཟེགས་མ་འཕྱོ།།
མཚོ་བྱུང་མ་ལ་ཕྱག་འཚལ་ལོ།།

ལྷོ་ཤར་སྙན་ངག་ཚིགས་བཅད་འབུམ།།
རི་མོ་བཞིན་དུ་གཟུགས་གཅིག་ཏུ།།

དེ་ལས་མང་བ་། “སྙན་ངག་གི་བླ་མ་རྣམས་ལ་ཕྱག་འཚལ་ལོ།” »

སྙན་ངག

ཁོ་བོས་སྤྱི་འཐུས་འོས་མི་བསྡུར་ཏེ་གདམ་རྒྱུ་ཡིན།

Posted on 2014-02-132014-02-13 By ཁ་བརྡ་ 9 Comments on ཁོ་བོས་སྤྱི་འཐུས་འོས་མི་བསྡུར་ཏེ་གདམ་རྒྱུ་ཡིན།

འགར་ཚེ་རྒྱལ།

ཁོ་བོར་མཚོན་ན་གཞན་གྱི་ལུང་པ་ན་འཚོ་བའི་འུ་ཅག་ཚང་མ་གཅིག་མཚུངས་ཀྱི་བཙན་བྱོལ་བ་ཡིན་པའི་ངོས་འཛིན་བྱེད་ཀྱིན་ཡོད་ལ། བཙན་བྱོལ་བའི་གནས་བབ་འདི་ནས་འུ་ཅག་ཚང་མ་གནམ་འོག་འདིའི་དམིགས་ཡུལ་གཅིག་པའི་ཡུལ་གྱར་བ་རྐྱང་རྐྱང་ཡིན་པའི་ཆ་ནས། ང་ཚོ་དང་ཁོ་ཚོ་ཞེས་ཆོལ་ཁ་དང་ལུང་ཚན་གྱི་ཕྱོགས་གཏོགས་རིས་བཅད་ཀྱིས་ཕ་ཡུལ་གཅིག་པ་ཡིན་ཟེར་ནས་ཁྱུ་སྐོར་བྱས་ཏེ་འགྲོ་བ་དང༌། ལུང་ཚན་གཅིག་པ་ཡིན་ཟེར་ནས་སྐོར་ཚོགས་བྱས་ཏེ་ཟ་འཐུང་སྤྲོ་སྐྱིད་ལ་རོལ་བའི་བྱེད་སྟངས་དེ་ལ་ཆེས་མི་དགའ་མཁན་ཞིག་ཡིན།

དེ་ལས་མང་བ་། “ཁོ་བོས་སྤྱི་འཐུས་འོས་མི་བསྡུར་ཏེ་གདམ་རྒྱུ་ཡིན།” »

སྣ་ཚོགས།

སྐབས་དོན་གསར་འགྱུར།

Posted on 2014-02-132014-02-14 By ཁ་བརྡ་ 14 Comments on སྐབས་དོན་གསར་འགྱུར།

གནས་ཚུལ་མཁོ་གཏོང་བ། སྦྲ་དཔལ་ལྡན།༼ལྡི་ལི།༽

བོད་ནས་གནས་ཚུལ་ཐོན་པ་ལྟར་ན། དེ་རིང་སྤྱི་ཚེས་བཅུ་གསུམ་ཉིན་མདོ་སྨད་རྔ་བ་རྗོང་དཔའ་བོའི་སྲང་ལམ་དུ་བོད་མི་ཞིག་གིས་རང་ལུས་མེར་སྲེག་གནང་འདུག་པའི་གནས་ཚུལ་ཐོན་འདུག་པ་མ་ཟད། མེར་སྲེག་གཏོང་མཁན་ཁོང་ནི་མི་སྐྱ་ཞིག་ལས་གྲོང་པ་གང་ཡིན་དང་མི་སུ་ཡིན་ཁ་གསལ་མི་འདུག

ད་ལྟའི་མེར་སྲེག་རྗེས་སུ་རྒྱ་དམར་གྱིས་དམ་དྲག་བྱེད་བཞིན་པའི་སྒང་རེད་ལ་ད་ལྟ་ས་གནས་ཀྱི་དྲ་རྒྱ་སོགས་བཀག་འགོག་བྱས་འདུག

དེ་ལས་མང་བ་། “སྐབས་དོན་གསར་འགྱུར།” »

གསར་འགྱུར།

བར་མའི་འོས་བསྡུའི་ནང་གི་ཤར་ཕྱོགས་ཁུག་རྟ། ད་དུང་བློ་བཟང་སེང་གེ

Posted on 2014-02-132014-02-13 By ཁ་བརྡ་ 16 Comments on བར་མའི་འོས་བསྡུའི་ནང་གི་ཤར་ཕྱོགས་ཁུག་རྟ། ད་དུང་བློ་བཟང་སེང་གེ

ལ་སྟོད་འབྲོང་ཆུང་།

དབུ་མའི་ལམ་ནི་༧གོང་ས་མཆོག་གིས་གཏན་ལ་ཕབ་ཞིང་བོད་མི་རིགས་ཀྱི་ཤི་གསོན་གནས་སྟངས་དངོས་དེར་གཟིགས་པ་དང་། ཁ་ཞེ་གཉིས་མེད་ནས་བོད་མི་རིགས་འདི་ཉིད་ཀྱི་བདེ་ཐབས་ཁོ་ན་རྩལ་དུ་བཏོན་པའི་མི་རིགས་རང་བཞིན་གྱི་ལམ་ཁ་ཆེས་ཤིན་ཏུ་བཀུར་འོས་པ་དེ་ཡིན་པར་བོད་མི་ཤེས་ལྡན་པ་སུ་ཡང་བློ་དྭོགས་མེད། ཁ་སང་དེ་རིང་བརྡ་འཕྲིན་གྱི་དབང་གིས་འཛམ་གླིང་ཧྲིལ་བོ་གཅིག་གྱུར་ཡོང་བཞིན་པའི་གནས་སྟངས་འདི་དང་། ལྷག་པར་དུ་དམངས་གཙོའི་ལྟ་གྲུབ་ཀྱིས་འཛམ་གླིང་གི་ས་ཁུལ་ཡོངས་རྫོགས་གཅིག་གྱུར་བྱེད་བཞིན་པའི་སྐབས་འདིར།

དེ་ལས་མང་བ་། “བར་མའི་འོས་བསྡུའི་ནང་གི་ཤར་ཕྱོགས་ཁུག་རྟ། ད་དུང་བློ་བཟང་སེང་གེ” »

སྣ་ཚོགས།

མགུར་གླུ་གཏན་གྱི་མདུན་མ།

Posted on 2014-02-132014-02-13 By ཁ་བརྡ་ 1 Comment on མགུར་གླུ་གཏན་གྱི་མདུན་མ།

ལོག་སྨྲ་ཚར་གཅོད།

unnamed-1ང་འདུག་ས་མི་མེད་མཐའ་འཁོབ་ཡིན།།
གནས་བཅའ་ས་རང་བྱུང་ཁོར་ཡུག་ཡིན།།
གྲོགས་འགྲོགས་ས་རི་དྭགས་གཅན་ཟན་ཡིན།།
བློ་སྨོན་ས་སེམས་ཀྱི་ཞི་བདེ་ཡིན།།
འདང་རྒྱག་ས་གཏན་གྱི་མདུན་མ་ཡིན།།
ཡིད་སྐྱོ་ས་འཇིག་རྟེན་འཁོར་བ་ཡིན།།
སྙིང་རྗེ་ས་འགྲོ་དྲུག་སེམས་ཅན་ཡིན།།
སྐྱབས་བཅའ་ས་བསླུ་མེད་དཀོན་མཆོག་ཡིན།།

དེ་ལས་མང་བ་། “མགུར་གླུ་གཏན་གྱི་མདུན་མ།” »

རྩོམ་རིག

ཉེ་རབས་བོད་ཀྱི་རྒྱལ་རབས་སྐོར་གསུང་བཤད།

Posted on 2014-02-12 By ཁ་བརྡ་ 22 Comments on ཉེ་རབས་བོད་ཀྱི་རྒྱལ་རབས་སྐོར་གསུང་བཤད།

གློག་བརྙན་།, ལོ་རྒྱུས།

ཕ་ཡུལ་ལ་སྤྲིངས་པའི་གཏམ་ལྷག་བསམ་དཀར་བོའི་རང་མདངས།

Posted on 2014-02-122014-02-12 By ཁ་བརྡ་ 2 Comments on ཕ་ཡུལ་ལ་སྤྲིངས་པའི་གཏམ་ལྷག་བསམ་དཀར་བོའི་རང་མདངས།

གཉན་ཆེན།

བཙན་པོའི་དམག་རྟའི་རྨིག་རྗེས་ཤུལ་ལ་བཞག །
ཐང་དམག་ཁྲི་ཡི་ཁྲག་དམར་ས་ལ་འཁྱིལ། །
ཐང་སིན་བླ་མའི་ཡི་གེ་ཐང་ལ་སྟོར། །
ཁ་བའི་བུ་རྒྱུད་དམག་གི་འཐབ་ར་ཅན། །

མི་ཉག་རྒྱལ་རྒོད་བཙན་པོའི་གཉའ་གནོན་མྱངས། །
འཇིང་གར་བུ་རྒྱུད་དཔུང་གིས་འཇིགས་སྣང་བསྐུར། །

དེ་ལས་མང་བ་། “ཕ་ཡུལ་ལ་སྤྲིངས་པའི་གཏམ་ལྷག་བསམ་དཀར་བོའི་རང་མདངས།” »

སྙན་ངག

ངས་བསྒྲུབ་མི་འདོད་པ།

Posted on 2014-02-122014-02-12 By ཁ་བརྡ་ 6 Comments on ངས་བསྒྲུབ་མི་འདོད་པ།

འབའ་སྲས།

མི་ཚེའི་རིན་ཐང་སྒོར་གྱི་རྒྱ་མ་ལ་མི་འཇལ།།
སྦྱངས་པའི་ཡོན་ཏན་ཆུ་ཡི་རླབས་རིས་སུ་མི་འབྲི།།
དལ་འབྱོར་རྟེན་བཟང་བུད་ཤིང་ཐལ་སྐྱ་དང་མི་བསྡེབ།།
ཕ་མའི་བཀའ་དྲིན་བྲག་ཐོ་སྐམ་པོ་ལ་མི་བཤད།།

མཁས་པའི་ལེགས་བཤད་སྟོན་མཇུག་སྡོང་ལོ་ལ་མི་བསྐུར།།
བླ་མའི་བཀའ་གསུང་མཚན་གུང་རྨི་ལམ་དུ་མི་བསྒོམ།།

དེ་ལས་མང་བ་། “ངས་བསྒྲུབ་མི་འདོད་པ།” »

སྙན་ངག

བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བརྒྱད་པ།

Posted on 2014-02-122014-02-12 By ཁ་བརྡ་ 3 Comments on བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བརྒྱད་པ།

གནས་ཚུལ་གཏོང་མཁན། ཚོགས་འདུ་གོ་སྒྲིག་ཚོགས་ཆུང་།

image_(1)1ཕྱི་ལོ་༢༠༡༤ ཟླ་༢ ཚེས་༡༡ ནས་ཚེས་༡༤ བར་ཉིན་བཞིའི་རིང་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བརྒྱད་པ། རྒྱ་གར་མངའ་སྡེ་གྷོ་ཇཱ་རཱ་ཏ་ས་གནས་བྷ་རོ་ཌར་བོད་རིགས་མཐོ་རིམ་སློབ་གཉེར་བ་རྣམས་ཀྱིས་གོ་སྒྲིག་ཞུས་པ་ལྟར། དིང་རིང་ཞོགས་པ་ཕྱག་ཚོད་༡༠ པའི་ཐོག་བྷ་རོ་ཌ་གཙུག་ལག་སློབ་གྲྭར་དབུ་འབྱེད་མཛད་སྒོ་བསྐྱངས་ཤིང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་མངའ་སྡེ་གཞུང་གི་དཔའ་འབྱོར་བཀའ་བློན་ཟུར་པ་དཔལ་ལྡན་སཱནཱཏ་མེཧཏཱ་མཆོག་དང་།

དེ་ལས་མང་བ་། “བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བརྒྱད་པ།” »

གསར་འགྱུར།

བོད་བཙན་པོའི་རྒྱལ་ཁབ་ཀྱི་ཤུལ་བཞག་མཚན་སྙན་དྲན་གསོའི་ལས་འགུལ།

Posted on 2014-02-122014-02-12 By ཁ་བརྡ་ 5 Comments on བོད་བཙན་པོའི་རྒྱལ་ཁབ་ཀྱི་ཤུལ་བཞག་མཚན་སྙན་དྲན་གསོའི་ལས་འགུལ།

བོད་རང་བཙན་སློབ་ཕྲུག་ཚོགས་པ།

unnamedསྔ་ལོའི་ཟླ་༢ པའི་ཚེས་༡༣ ཉིན། འཛམ་གླིང་གི་གྲོང་ཁྱེར་ཆེ་ཁག་༣༠་ལྷག་གི་ནང་དུ་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཉིན་གཅིག་དུས་གཅིག་ལ་བོད་ཀྱི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེགས་འཛུགས་བྱེད་པ་དང་། བོད་ཀྱི་ལོ་རྒྱུས་ཐོག་གི་ཡིག་ཆ་གལ་ཆེན་འགྲེམས་སྟོན། ད་དུང་། རྒྱལ་ཁབ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་ཁག་ལ་ཞུ་གཏུགས་བྱེད་པ་སོགས་རྣམ་པ་མི་འདྲ་བའི་ལས་འགུལ་སྣ་མང་ཞིག་སྤེལ་ཏེ།

དེ་ལས་མང་བ་། “བོད་བཙན་པོའི་རྒྱལ་ཁབ་ཀྱི་ཤུལ་བཞག་མཚན་སྙན་དྲན་གསོའི་ལས་འགུལ།” »

གསལ་བསྒྲགས།

གསུང་རབ་ཀྱི་དགོངས་པ་དོན་དངོས།

Posted on 2014-02-122014-02-12 By ཁ་བརྡ་ 5 Comments on གསུང་རབ་ཀྱི་དགོངས་པ་དོན་དངོས།

ལོག་སྨྲ་ཚར་གཅོད།

མཁྱེན་ཡངས་དཔྱོད་ལྡན་ཀུན་ལ་འབུལ་རྒྱུའི་དྲི་བ་ཁག་གསུམ། ༡༽ ནང་པའི་ཆོས་གཞུང་ནས་བཤད་པའི་བརྗོད་བྱ་སྤྱི་དང་ལྷག་པར་དངོས་ཁམས་རིག་པའི་སྐོར་རྡུལ་རིགས་ཕྲ་རགས་དང་འཇིག་རྟེན་ཁམས་ཀྱི་རྣམ་བཞག་སོགས་མདོར་ན་གཟུགས་ཅན་ཕྲ་རགས་ཀྱི་གནས་ལུགས་ཤིག་བཤད་ཁུལ་མཛད་པ་དེ་དག་ཆ་འཇོག་འཕེར་བ་ཞིག་གཟིགས་ཀྱི་ཡོད་དམ།

༢༽ ནང་པའི་རབ་བྱུང་བ་ཞིག་གིས་དངོས་ཁམས་ཚན་རིག་ཐོག་ནས་བེམ་གཟུགས་རྣམས་ལ་རྟོག་ཞིབ་བྱེད་སྐབས་གསུང་རབ་དེ་དག་གི་དགོངས་པའི་རྒྱ་ལས་མ་འདས་པ་ཞིག་བྱེད་དགོས་པ་དང་།

དེ་ལས་མང་བ་། “གསུང་རབ་ཀྱི་དགོངས་པ་དོན་དངོས།” »

བགྲོ་གླེང་།

བདག་ཅག་གི་སྟོན་པ་འཁྲུངས་སྟངས་ལ་ཅུང་ཟད་དཔྱད་པ།

Posted on 2014-02-112014-02-11 By ཁ་བརྡ་ 50 Comments on བདག་ཅག་གི་སྟོན་པ་འཁྲུངས་སྟངས་ལ་ཅུང་ཟད་དཔྱད་པ།

ནམ་མཁའ།

ལུས་རྟེན་གཅིག་ལ་སྒྲིབ་གཉིས་སྤངས་བའི་ཐབས།།
ཐབས་ཤེས་ཟུང་གིས་འཐབ་མོ་བྱས་བའི་འབྲས།།
འབྲས་བུ་མངོན་གྱུར་སྐུ་བཞི་ཐོབ་པའི་རྟགས།།
ཕྱག་ཞབས་འཁོར་ལོའི་རི་མོ་ཅན་དེར་འདུད།།

བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་འཇིག་རྟེན་འདིར་འགྲོ་བའི་དོན་དུ་བྱོན་ཚུལ་ལ། ཐུན་མོང་བའི་སྣང་ངོར་བཤད་ཚུལ་ཞིག་དང་། ཐུན་མོང་མ་ཡིན་སྣང་ངོར་བཤད་ཚུལ་གཉིས་ཡོད་པ་བཞིན།

དེ་ལས་མང་བ་། “བདག་ཅག་གི་སྟོན་པ་འཁྲུངས་སྟངས་ལ་ཅུང་ཟད་དཔྱད་པ།” »

དཔྱད་རྩོམ།

ཆོས་བྱེད་པའི་གཡོ་འགུག་དང་དེའི་མཇུག་འབྲས།

Posted on 2014-02-112014-02-11 By ཁ་བརྡ་ 170 Comments on ཆོས་བྱེད་པའི་གཡོ་འགུག་དང་དེའི་མཇུག་འབྲས།

ཨ་ནུ་ཐང་བསོད་ནམས།

དང་པོ།

སངས་རྒྱས་ཆོས་ལུགས་ཀྱང་ཆོས་ལུགས་གཞན་དང་མཚུངས་པར་གཡོ་ཐབས་སྣ་ཚོགས་བརྒྱུད་ནས་མི་སེམས་ལ་དབང་སྒྱུར་བྱེད་མཁན་ཞིག་དང་། རང་ཉིད་རྒྱ་སྐྱེད་གཏོང་མཁན་ཞིག་རེད། རྒྱ་སྐྱེད་ཀྱི་ཆེད་དུ་མི་རིགས་ཤིག་གམ་རྒྱལ་ཁབ་ཅིག མི་སྒེར་བ་ཞིག་གི་ཁེ་ཕན་ཆེད་དུ་བསམ་བློ་གཏན་ནས་མི་གཏོང་ཞིང་། དད་པ་ཅན་ལ་དད་པ་དང་། ཆགས་སྤྱོད་ཅན་ལ་ཆགས་སྤྱོད། རང་དབང་ཅན་ལ་རང་དབང་གླེང་ནས་སེམས་ཁམས་སྒྱུར་ལ། ལུང་རིགས་སྣ་ཚོགས་དང་གཏམ་རྒྱུད་སྣ་ཚོགས་ཀྱིས་བསྒྲུབ་ཅིང་།

དེ་ལས་མང་བ་། “ཆོས་བྱེད་པའི་གཡོ་འགུག་དང་དེའི་མཇུག་འབྲས།” »

སྣ་ཚོགས།

ཨེ་མ་ཧོའི་གླིང་ཁ་ལ་ཕུལ་བ་དྲང་སྲོང་བདེན་ཚིག་ཅེས་བྱ་བ།

Posted on 2014-02-112014-02-11 By ཁ་བརྡ་ 3 Comments on ཨེ་མ་ཧོའི་གླིང་ཁ་ལ་ཕུལ་བ་དྲང་སྲོང་བདེན་ཚིག་ཅེས་བྱ་བ།

ཨེ་མ་ཧོ།

ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ།
འཕགས་པའི་ཡུལ་དུ་འཇམ་དཔལ་བཤེས་གཉེན་རྗེ།།
ཞིང་འདིར་གནུབས་ཆེན་སངས་རྒྱས་ཡེ་ཤེས་རྩལ།།
པདྨ་དྲག་སྔགས་གླིང་པའི་ཕྲིན་ལས་གར།།
བཀའ་གཏེར་དུས་ཀྱི་འཁོར་ལོ་རྒྱལ་གྱུར་ཅིག།

འཛམ་གླིང་གོ་ལ་ཟླུམ་པོའི་འཁོར་ཡུག་གི།
ཞི་བདེའི་གཏམ་གླིང་འདྲ་མཉམ་དོ་ར་རུ།།

དེ་ལས་མང་བ་། “ཨེ་མ་ཧོའི་གླིང་ཁ་ལ་ཕུལ་བ་དྲང་སྲོང་བདེན་ཚིག་ཅེས་བྱ་བ།” »

སྙན་ངག

ལུགས་རྙིང་ལོ་གསར་དེ་རྒྱའི་ལོ་གསར་ཙམ་མ་རེད།

Posted on 2014-02-112014-02-11 By ཁ་བརྡ་ 13 Comments on ལུགས་རྙིང་ལོ་གསར་དེ་རྒྱའི་ལོ་གསར་ཙམ་མ་རེད།

རྔ་བ་ཤེས་རབ།

རྒྱུ་མཚན་མི་ཤེས་པ་ཁ་ཤས་གཡམ་རྒྱུགས་བྱས་ཏེ་ལུགས་རྙིང་ལོ་གསར་འདི་རྒྱའི་ལོ་གསར་ཡིན་ཚུལ་བཤད་པ་དེ་ནི་ཞིབ་འཇུག་ཡག་པོ་མ་བྱས་པའི་སྐད་ཆ་རེད། རྩིས་སྔ་ཕྱི་གཉིས་ཀ་བོད་ཀྱི་སྐར་རྩིས་ཀྱི་ལུགས་ལས་ཕྱི་རོལ་ཏུ་གྱུར་པ་གང་ཡང་མ་རེད། ཟླ་ལྷག་འདོན་སྟངས་ལ་ཁྱད་པར་ཤོར་བ་ཙམ་རེད། ཟླ་ལྷག་འདོན་སྟངས་མི་འདྲ་བ་སྐྱོན་ཡིན་ན་བྱེད་རྩིས་དང་གྲུབ་རྩིས་གཉིས་ཀྱང་མི་འདྲ་བས་དེ་གཉིས་གང་རུང་སྐྱོན་ཅན་དུ་ཐལ་ལོ།། བསྟུན་དགོས་ན་ཉུང་བས་མང་པ་ལ་བསྟུན་དགོས་པས་ལྷ་སའི་ལོ་གསར་དེ་མར་བསྟུན་དགོས་ཀྱི་རེད།

དེ་ལས་མང་བ་། “ལུགས་རྙིང་ལོ་གསར་དེ་རྒྱའི་ལོ་གསར་ཙམ་མ་རེད།” »

རྩོམ་རིག

མི་ཚེའི་འགྲོ་ལམ།

Posted on 2014-02-112014-02-11 By ཁ་བརྡ་ 2 Comments on མི་ཚེའི་འགྲོ་ལམ།

འབའ་སྲས།

མཚམས་སྤྲིན་དམར་པོ་དེ་ཁྱེད་ཀྱི་གཟི་བརྗིད་ཡིན་ངེས།།
རི་རྩེ་མཐོན་པོ་དེ་ང་ཡི་རླུང་རྟ་ཡིན་ཆོག །
གནམ་ས་གཉིས་སྦྲེལ་གྱི་ལམ་ཁ་འདི་ལས་གཞན་ཞིག།
འཇིག་རྟེན་ཕ་རོལ་ལས་གོ་ལ་འདི་ན་མེད་དོ།།

གཙང་མོ་ཤག་ཤག་དེ་ཁྱེད་ཀྱི་མདུན་ལམ་ཡིན་ངེས།།
ཕ་བོང་ནག་རོག་དེ་བདག་གི་བར་ཆད་ཡིན་ཆོག །

དེ་ལས་མང་བ་། “མི་ཚེའི་འགྲོ་ལམ།” »

སྙན་ངག

བོད་མདོ་སྨད་པའི་སྤྱི་འཐུས་འོས་མི་ངོ་སྤྲོད།

Posted on 2014-02-102014-02-10 By ཁ་བརྡ་ 42 Comments on བོད་མདོ་སྨད་པའི་སྤྱི་འཐུས་འོས་མི་ངོ་སྤྲོད།

བཀྲ་ཤིས་དོན་འགྲུབ།

unnamedསྐུ་ཞབས་མགུར་འབུམ་རྒྱལ་ལགས་ནི་བོད་མདོ་སྨད་མཚོ་སྔོན་ས་ཁུལ་དུ་སྐྱེས་ཤིང་། ཆུང་དུས་ནས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སྒོ་ཐེམ་རིམ་པར་འགྲིམས་མྱོང་། མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས། གཞུང་གི་ལས་བགོས་ལྟར་གཞུང་ཞབས་དགེ་རྒན་དང་ས་གནས་སློབ་ཁུལ་གྱི་སློབ་གསོ་ལྟ་སྐུལ་བའི་ཕྱག་ལས་གནང་བ་དང་། ༢༠༠༠ ལོར་རྒྱ་ནག་ཧུའུ་པའེ་ཞིང་ཆེན་གྱི་ཧྲ་ཡཱང་དགེ་ཐོན་སློབ་ཆེན་དུ་འཛུལ་ཞུགས་ཀྱིས་རྒྱའི་སྐད་ཡིག་གཙོས་རྒྱ་ནག་གི་ཆབ་སྲིད་དང་ལོ་རྒྱུས་སོགས་ལ་སློབ་གཉེར་གནང་།

དེ་ལས་མང་བ་། “བོད་མདོ་སྨད་པའི་སྤྱི་འཐུས་འོས་མི་ངོ་སྤྲོད།” »

སྣ་ཚོགས།

ང་ཡི་རང་གཤིས།

Posted on 2014-02-102014-02-10 By ཁ་བརྡ་ 5 Comments on ང་ཡི་རང་གཤིས།

འབའ་སྲས།

དགའ་བའི་དུས་སུ་འཛུམ་གྱིས་མི་འཕུར་ཞིང་།།
སྡུག་པའི་དུས་ན་ངུ་བཞིན་མི་འདུག་པ།།
དགའ་སྡུག་གང་དང་འཕྲད་ཚེ་ལྕགས་འདྲ་བ།།
སྐྱེ་བ་འདི་ཡི་ང་ཡི་རང་གཤིས་ཡིན།།

འཛུམ་དཀར་བསྟན་ན་རྗེས་སུ་མི་རྒྱུགས་ཤིང་།།
མིག་ལོག་བགྲད་ཀྱང་ཕྱི་ནུར་མི་བྱེད་པ།།

དེ་ལས་མང་བ་། “ང་ཡི་རང་གཤིས།” »

སྙན་ངག

Posts pagination

Previous 1 … 115 116 117 … 423 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (29)
  • ན་ཟུག (12)
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན། (7)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme