Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གདན་ས་གསུམ་དང་ལྷ་རམས་པ།

Posted on 2014-02-212014-02-21 By ཁ་བརྡ་ 25 Comments on གདན་ས་གསུམ་དང་ལྷ་རམས་པ།

ཚེ་རིང་།

སྟོད་འགག་སེར་བོ། ཞྭ་མོ་སེར་བོ། ད་དུང་ཆོས་གོས་སེར་བོ་བཅས་གྱོན་པའི་ལྷ་རམས་པའི་དགེ་བཤེས་ལྔ་བོ་འདིས་གྲྭ་སའི་དཀྱེལ་ཡངས་ཀྱི་རྣམ་པ་གསར་བའི་སློབ་གསོའི་ལམ་ལུགས་ཤིག་མཚོན་གྱི་ཡོད་ལ། འདིའི་ཁྲོད་དུ་ས་སྐྱ་དང་རྙིང་མ། བཀའ་བརྒྱུད་དང་དགེ་ལུགས། གཡུང་དྲུང་བོན་དང་བཅས་པ་འདུས་ཡོད། ཁོང་ཚོའི་ཐོད་པའི་རྒས་གཉེར་གྱི་ཁྲོད་དུ་དཀའ་སྡུག་གི་ལོ་ཟླ་རིང་མོ་ཞིག་གི་མི་ཚེའི་ལོ་རྒྱུས་སྦས་ཡོད་ལ། ཁོང་ཚོའི་འཛུམ་མདངས་ཀྱི་ངོས་སུ་ཕྲག་ལ་ལྕི་བའི་འགན་འཁྲི་ཅི་ཞིག་དང་དུ་ལེན་རྒྱུར་སྤྲོ་བས་བརྟས་ཡོད།

དེ་ལས་མང་བ་། “གདན་ས་གསུམ་དང་ལྷ་རམས་པ།” »

སྣ་ཚོགས།

༸གོང་ས་མཆོག་གིས་ཨ་རིའི་རྒྱལ་སར་བཀའ་སློབ་བསྩལ་བ།

Posted on 2014-02-212014-02-21 By ཁ་བརྡ་ No Comments on ༸གོང་ས་མཆོག་གིས་ཨ་རིའི་རྒྱལ་སར་བཀའ་སློབ་བསྩལ་བ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་རྒྱལ་སའི་མངའ་ཁུལ་དུ་གནས་སྡོད་བོད་མི་ཚོར་བཀའ་སློབ་སྩལ་བ།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་རྒྱལ་སའི་མངའ་ཁུལ་དུ་རྟེན་གཞི་བྱས་པའི་བོད་རིགས་སྤྱི་མཐུན་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་བཀའ་བཞེས་ཟབ་མོ་ཐོབ་སྟེ་མགོན་པོ་གང་ཉིད་མཆོག་གིས་ཕྱི་ལོ་༢༠༡༤ ཟླ་༢ ཚེས་༢༠ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་༣།༣༠ ཐོག་བཞུགས་གནས་མགྲོན་ཁང་གི་(Park hyatt)ཚོགས་ཁང་ནང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དང་གྲོང་ཁྱེར་ནིའུ་ཡོཀ་སོགས་ནས་ཆེད་བཅར་ཞུས་པའི་བོད་མི་༤༠༠ བརྒལ་བར་དམིགས་བསལ་མཇལ་ཁ་དང་བཀའ་སློབ་སྩལ་དོན།

དེ་ལས་མང་བ་། “༸གོང་ས་མཆོག་གིས་ཨ་རིའི་རྒྱལ་སར་བཀའ་སློབ་བསྩལ་བ།” »

གསར་འགྱུར།

མིག་གིས་འཁྱུད།

Posted on 2014-02-212014-02-21 By ཁ་བརྡ་ 1 Comment on མིག་གིས་འཁྱུད།

འབའ་སྲས།

ལང་ཚོའི་མྱོས་བུམ་དུད་པའི་ཁུར།།
ཆགས་རྒྱས་སྙིང་གི་ལུས་ཕྲ་མ།།
ཤར་ཕྱོགས་དུང་རིའི་ཟླ་བ་བཞིན།།
འཛུམ་དཀར་འོད་ཀྱིས་འཁྱུད་པ་མཐོང་།།

གཟུགས་ཀྱི་ཙན་དན་རྒྱས་པ་རུ།།
ཁྱབ་པའི་དྲི་བཟང་ལྡང་བ་ནི།།

དེ་ལས་མང་བ་། “མིག་གིས་འཁྱུད།” »

སྙན་ངག

བོད་དོན་རྒྱབ་སྐྱོར་ཚོགས་ཐེངས་བརྒྱ་ཐམ་པ།

Posted on 2014-02-202014-02-20 By ཁ་བརྡ་ 2 Comments on བོད་དོན་རྒྱབ་སྐྱོར་ཚོགས་ཐེངས་བརྒྱ་ཐམ་པ།

གནས་ཚུལ་མཁོ་གཏོང་བ། སྤེལ་ལྗམ་བོད་ཚོགས་དྲུང་གཞོན་ས་དཀར་བཀྲ་ཤིས།

unnamed-12ཕྱི་ཟླ་༢ ཚེས་༡༩ ཉིན། སྤེལ་ལྗམ་རྒྱལ་ས་སྦར་སིལ་དུ་ཡོད་པའི་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་ཁང་ནང་། ཡུ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ལྷན་ཚོགས་ཀྱི་(Tibet Intergroup)ཚོགས་འདུ་ཐེངས་བརྒྱ་ཐམ་པ་དེ་ཚོགས་སོང་ལ། ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་Thomas Mann ཐོ་མ་སི་མན་ལགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཁོང་གིས་ཐོག་མར་ཡུ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ལྷན་ཚོགས་ཀྱིས་

དེ་ལས་མང་བ་། “བོད་དོན་རྒྱབ་སྐྱོར་ཚོགས་ཐེངས་བརྒྱ་ཐམ་པ།” »

གསར་འགྱུར།

སི་ཏུའི་སུམ་རྟགས་འགྲེལ་ཆེན་གྱི་བདག་སྒྲའི་སྐབས་སུ་བྱུང་བའི་ནང་འགལ་ཁག་གསུམ་གླེང་བ།

Posted on 2014-02-202014-02-20 By ཁ་བརྡ་ 9 Comments on སི་ཏུའི་སུམ་རྟགས་འགྲེལ་ཆེན་གྱི་བདག་སྒྲའི་སྐབས་སུ་བྱུང་བའི་ནང་འགལ་ཁག་གསུམ་གླེང་བ།

སྤྲོ་ཚིགས་ཆོས་གྲགས།

སི་ཏུ་བསྟན་པའི་ཉིན་བྱེད་གཙུག་ལག་ཆོས་ཀྱི་འབྱུང་གནས་ཀྱིས་བརྩམས་པའི་སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས་སམ། ཡོངས་གྲགས་སི་ཏུའི་འགྲེལ་ཆེན་དུ་འབོད་པ་དེ་ནི། བོད་ཀྱི་བརྡ་སྤྲོད་རིག་པའི་ཕྱི་མོའི་གཞུང་སུམ་རྟགས་རྩ་གཞུང་ལ་དུས་རབས་རིམ་བྱུང་གི་རིས་མེད་མཁས་པའི་མཛད་པའི་འགྲེལ་པའི་ཁྲོད། རྩ་ཚིག་གི་འབྲུ་གནོན་བྱེད་སྟངས་དང། དཀའ་གནད་ལ་མཐའ་དཔྱོད་སྟངས། གཞུང་དོན་མང་པོའི་ཐད་དཔྱད་གསུམ་དག་པའི་རང་ལུགས་བཞག་སྟེ་སློབ་དཔོན་ཐུ་མིའི་དགོངས་པ་རབ་ཏུ་གསལ་བར་མཛད་པ་སོགས་ཁྱད་ཆོས་ཐུན་མོང་མ་ཡིན་པ་དུ་མས་ཕྱུག་པས།

དེ་ལས་མང་བ་། “སི་ཏུའི་སུམ་རྟགས་འགྲེལ་ཆེན་གྱི་བདག་སྒྲའི་སྐབས་སུ་བྱུང་བའི་ནང་འགལ་ཁག་གསུམ་གླེང་བ།” »

དཔྱད་རྩོམ།

ཐའེ་ཝན་དུ༼སངས་རྒྱས་བཀྲོངས་པ༽ཞེས་པའི་དཔེ་དེབ་ཆོས་སྡེ་འདྲ་མིན་ཆིག་ཁྲི་སུམ་སྟོང་ལྷག་ལ་བཀྲམས་པ།

Posted on 2014-02-202014-02-20 By ཁ་བརྡ་ 10 Comments on ཐའེ་ཝན་དུ༼སངས་རྒྱས་བཀྲོངས་པ༽ཞེས་པའི་དཔེ་དེབ་ཆོས་སྡེ་འདྲ་མིན་ཆིག་ཁྲི་སུམ་སྟོང་ལྷག་ལ་བཀྲམས་པ།

བོད་བསྒྱུར་བ་ལྡོང་སྲས།

unnamed-7རྒྱ་ནག་བཙན་བྱོལ་རྩོམ་པ་པོ་ཡན་ཧོང་པེན་དང་བོད་རྒྱ་སྐད་གཉིས་སྙན་ངག་པ་གནམ་ལོ་ཡག་གཉིས་ཀྱི་མཉམ་རུབ་བརྩམས་ཆོས་སམ། ༼སངས་རྒྱས་བཀྲོངས་པ། སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་གྲོངས་རྐྱེན་ངོ་མ༽ཞེས་པའི་དཔེ་དེབ་ན་ནིང་པར་བསྐྲུན་གྱིས་ཚོང་རར་བཤམས་སྐབས། གེགས་རྐྱེན་ཁ་ཤས་ཤིག་ལ་འཕྲད་ཡོད་ནའང་། ཚགས་པར་སོགས་ཀྱིས་རྗེས་འདེད་གསར་འགོད་གནང་བར་བརྟེན་ཏེ་མཚོ་ངོགས་ཕར་ཚུར་གཉིས་ཀྱི་ཀློག་པ་པོའི་ཁྲོད་དུ་དོ་སྣང་མི་ཆུང་བ་ཞིག་བྱུང་འདུག

དེ་ལས་མང་བ་། “ཐའེ་ཝན་དུ༼སངས་རྒྱས་བཀྲོངས་པ༽ཞེས་པའི་དཔེ་དེབ་ཆོས་སྡེ་འདྲ་མིན་ཆིག་ཁྲི་སུམ་སྟོང་ལྷག་ལ་བཀྲམས་པ།” »

གསར་འགྱུར།

ཧོ་ལིས་ཝོའུ་ཌི་གློག་བརྙན་བཟོ་ཚོང་ཁང་།

Posted on 2014-02-202014-02-20 By ཁ་བརྡ་ 1 Comment on ཧོ་ལིས་ཝོའུ་ཌི་གློག་བརྙན་བཟོ་ཚོང་ཁང་།

ཐེ་བོ་སངས་རྒྱས།

unnamed-4ཧོ་ལིས་ཝོའུ་ཌི་ Hollywood, ནི་འཛམ་གླིང་ན་སྐད་གྲགས་འབྲུག་ལྟར་ལྡིར་བའི་གློག་བརྙན་བཟོ་ཚོང་ལྟེ་གནས་དྲག་ཤོས་དེ་རེད། དེར་བརྟེན་ཧ་ལམ་གོ་མ་མྱོང་མཁན་མེད་ཚོད་ཀྱང་ད་སྔ་བོད་ཡིག་ནང་དེའི་སྐོར་བྲིས་པ་ཞིག་མེད་པ་འདྲ། དེ་ནི་ཨ་རིའི་ཁཱ་ལི་ཧྥོར་ནི་ཡའི་མངའ་སྡེའི་ལཱོ་སི་ཨན་ཇེ་སི་ Los Angeles, California.ས་གནས་སུ་ཡོད། དུས་རབས་བཅུ་དགུ་བའི་ནང་ཧོ་ལིས་ཝོའུ་ཌི་ཐོག་མར་རྨང་གཞི་འདིང་བ་བོ་སྐུ་ཞབས་ཝེ་ཐྲི་ལིས་ J.H. Whitley,ཡིན་ཞིང་།

དེ་ལས་མང་བ་། “ཧོ་ལིས་ཝོའུ་ཌི་གློག་བརྙན་བཟོ་ཚོང་ཁང་།” »

ལོ་རྒྱུས།

ཆང་དང་ཡིད་འོང་མ།

Posted on 2014-02-202014-02-20 By ཁ་བརྡ་ 3 Comments on ཆང་དང་ཡིད་འོང་མ།

འབའ་སྲས།

ཁྱེད་ལ་དགའ་བའི་དབང་གིས་དེ་རིང་ཆང་གིས་བཟི་ཡོད།།
ཆང་འདི་ཁྱེད་རང་མིན་ཡང་ཆང་གིས་དྲན་སྐུལ་གནང་སོང་།།
ཤེལ་གྱི་ཆང་ཕོར་ཁ་ནས་ཁྱེད་ཀྱི་ལང་ཚོ་མཐོང་ཡོང་།།
མངར་མོ་ཆང་གི་བྲོ་བས་ཁྱེད་ཀྱི་སྙིང་ཁ་རྙེད་སྲིད།།

ཁྱེད་ལ་མཇལ་ཐབས་དཀའ་དུས་ཆང་རེ་ཉོས་ནས་སོང་ཡོད།།
དྲན་པ་སྙིང་ལ་འཚང་དུས་དེམ་བུ་རེ་རེ་ཕྱེས་ཡོད།།

དེ་ལས་མང་བ་། “ཆང་དང་ཡིད་འོང་མ།” »

སྙན་ངག

མི་མངོན་དབྱིངས་ལ་བསྟབས་པ།

Posted on 2014-02-202014-02-20 By ཁ་བརྡ་ 1 Comment on མི་མངོན་དབྱིངས་ལ་བསྟབས་པ།

ཁ་བའི་འབྲོག་མོ།

ང་ཡི་མིག་ཟུང་ལྷོ་བྱ་དཀར་བོར་གཏད།།
ལྷོ་བྱའི་ཟུར་མིག་ང་ཡི་སྙིང་ལ་ཐོགས།།
གཅིག་སེམས་གཅིག་ལ་ཆགས་པའི་ཞིང་ཁམས་ན།།
རྣམ་ཤེས་ཆ་གཅིག་གཤོག་ཟུང་མཉེན་མོར་འཁྲིལ།།

ང་དང་ལྷོ་བྱའི་འཛུམ་མདངས་རེ་རེ་ན།།
མི་མངོན་བདེན་པའི་ལྐོག་གྱུར་ཡིད་དུ་འོང་།།

དེ་ལས་མང་བ་། “མི་མངོན་དབྱིངས་ལ་བསྟབས་པ།” »

སྙན་ངག

རྨ་ཁུག་གྱི་ལིང་དང་མདོ་འཛིན་པ་སྒྲོལ་མ།

Posted on 2014-02-202014-02-20 By ཁ་བརྡ་ 11 Comments on རྨ་ཁུག་གྱི་ལིང་དང་མདོ་འཛིན་པ་སྒྲོལ་མ།

ཤར་ཕྱོགས་ཁུག་རྟ།

unnamedམི་མང་པོ་ཞིག་གིས་ཁོ་མོའི་མིང་ལ་སྒྲོལ་མ་ཟེར་ཞིང་། དེ་ལྟར་འབོད་མཁན་རྣམས་ནི་ཁོ་མོར་རྒྱུས་མེད་ཀྱང་མོའི་མདོ་འཛིན་སྒྱུ་རྩལ་དང་། སྐྱེས་གཟུགས། ལང་ཚོའི་མཚར་སྡུག་ལ་དོ་སྣང་ཡོད་མཁན་བོད་ཕྱི་ནང་གི་རང་རིགས་སེར་སྐྱ་རྒན་བྱིས་མང་པོ་ཞིག་ཡིན། ཉེ་བའི་ལོ་འགའི་རིང་མཚོ་སྔོན་རླུང་འཕྲིན་ཁང་དུ་སྒྲོལ་མ་འདྲ་བའི་མདོ་འཛིན་ལས་བྱེད་མང་དག་ཅིག་བསྡུས་ཤིང་།

དེ་ལས་མང་བ་། “རྨ་ཁུག་གྱི་ལིང་དང་མདོ་འཛིན་པ་སྒྲོལ་མ།” »

སྣ་ཚོགས།

འདོད་པས་སྨྱོ་བ།

Posted on 2014-02-202014-02-20 By ཁ་བརྡ་ No Comments on འདོད་པས་སྨྱོ་བ།

སྐྱོ་བྲག་དགའ་དབང་།
 
ཐུན་མོང་།

ཅི་ཡང་སྲིད་པ་འཁོར་བའི་འཇིག་རྟེན་དུ། །
འགྲོ་བ་མི་ཡི་གཟུགས་བྱད་མི་འདྲ་ཡང་། །
རང་གི་ཡིད་ལ་བབས་པའི་ལས་ཀའི་ཆེད། །
ཡོད་དགུའི་འབད་པས་ཞུགས་པ་ཐུན་མོང་ཆོས། །
 
གངས་ལྷ།
དུད་འགྲོ་ལྟ་བུར་གཞན་པས་མ་བཀོལ་ཀྱང་ ། །
རང་འདོད་དབང་གིས་སྣ་མང་ལས་ལ་ཞུགས། །

དེ་ལས་མང་བ་། “འདོད་པས་སྨྱོ་བ།” »

སྙན་ངག

ལོ་གསར་པར་འཚམས་འདྲི་གནང་བ།

Posted on 2014-02-192014-02-19 By ཁ་བརྡ་ 14 Comments on ལོ་གསར་པར་འཚམས་འདྲི་གནང་བ།

བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ནས་དྲངས།   དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཞིས་བྱེས་བོད་མི་ཡོངས་ལ་ལོ་གསར་པར་འཚམས་འདྲི་གནང་བ། ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༡༩ བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་འཆར་ལ་ཉེ་བའི་བོད་ཀྱི་ལོ་གསར་ལ་གཞིས་བྱེས་བོད་མི་ཡོངས་ལ་འཚམས་འདྲི་གནང་བའི་ནང་འཁོད་དོན། བོད་རྒྱལ་ལོ་ ༢༡༤༡ རབ་གནས་ཤིང་རྟ་ལོའི་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་ལ། གཞིས་བྱེས་བོད་རིགས་སྤུན་ཟླ་ཡོངས་ལ་བཀའ་ཤག་གིས་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། ད་རེས་ཚང་མས་སྲོལ་རྒྱུན་ལྟར་ལོ་གསར་སྲུང་བརྩི་ཞུ་གི་ཡོད།…

དེ་ལས་མང་བ་། “ལོ་གསར་པར་འཚམས་འདྲི་གནང་བ།” »

གསར་འགྱུར།

གཅེན་པོ།

Posted on 2014-02-192014-02-19 By ཁ་བརྡ་ No Comments on གཅེན་པོ།

བར་ཕུ་ཕུན་ཚོགས།

ཕ་སེམས་རྒྱུད་དྲང་པོས་གསོས་དང་གཅིག།
མ་བྱང་སེམས་ཅན་གྱིས་བརྐྱངས་དང་གཉིས།།
ནང་མཐུན་སྒྲིལ་ཆེ་བས་སྐྱིད་དང་གསུམ།།
དེ་ཞི་བདེ་ཡོད་པའི་ཁྱིམ་ཚང་ཡིན།།

ལོ་ཆུང་དུས་ངན་ཡང་རྒྱབ་ཏུ་འཁྱེར།།
བུ་ངུ་ལ་དགའ་ཡང་བསུན་སྣང་མེད།།

དེ་ལས་མང་བ་། “གཅེན་པོ།” »

སྙན་ངག

སྤྲིན་གྱི་ཕོ་ཉ་ཞེས་བྱ་བའི་སྙན་ངག་བཞུགས་སོ།།

Posted on 2014-02-192014-02-19 By ཁ་བརྡ་ 121 Comments on སྤྲིན་གྱི་ཕོ་ཉ་ཞེས་བྱ་བའི་སྙན་ངག་བཞུགས་སོ།།

ནག་མོའི་ཁོལ།

ཟླ་བ་གཞོན་ནུས་ཞུས་ཏེ་ཕབ།

རྒྱ་གར་སྐད་དུ། མེགྷདཱུཏནཱམ། བོད་སྐད་དུ་སྤྲིན་གྱི་ཕོ་ཉ་ཞེས་བྱ་བ།
ཡང་དག་པར་རྫོགས་པའི་སངས་རྒྱས་གསུང་གི་དབང་ཕྱུག་ལ་ཕྱག་འཚལ་ལོ།།

༡
རྗེ་བོ་ཁྲོས་པའི་ཤིན་ཏུ་ལྕི་བའི་བཀའ་ལུང་དག་གིས་གཟི་བརྗིད་ཉམས་པར་བྱས་གྱུརད་ཅིང་།།
གནོད་སྦྱིན་འགའ་ཞིག་ལ་ནི་རང་ཉིད་བག་མེད་དབང་གྱུར་མཛེས་མ་སྤང་ལ་ལོ་ཡི་བར།།
ཡིད་འོང་སྐྱེད་བྱེད་བུ་མོས་ཁྲུས་བྱས་བསོད་ནམས་ཆུ་བོ་རྣམས་དང་ཤིན་ཏུ་རབ་མཛེས་པའི།།
རབ་བཟང་ལྗོན་ཤིང་གྲིབ་མ་དང་ལྡན་རཱ་མའི་རི་བོར་སོང་ལ་སྤྱོད་པས་གནས་པར་གྱིས།།

དེ་ལས་མང་བ་། “སྤྲིན་གྱི་ཕོ་ཉ་ཞེས་བྱ་བའི་སྙན་ངག་བཞུགས་སོ།།” »

འགྱུར་རྩོམ།

གངས་རིའི་མཆོད་པ།

Posted on 2014-02-192014-02-19 By ཁ་བརྡ་ 4 Comments on གངས་རིའི་མཆོད་པ།

འབའ་སྲས།

སུས་ཀྱང་མ་བརྩིགས་གངས་རི་མཐའ་ན་བརྗིད།།
བཏབ་པ་མ་ཡིན་མེ་ཏོག་ཕྲེང་བ་དགོད།།
དྲངས་མིན་གཙང་བོའི་འབབ་པ་ལྷང་ལྷིང་བཞུར།།
གངས་རིའི་ལྗོངས་འདི་ཨེ་མ་ངོ་མཚར་ཆེ།།

སྟོད་ན་འབྲོག་པའི་ཕྱུགས་ཀྱི་འཕེལ་ཁ་རྒྱས།།
སྨད་ན་རོང་བའི་ཞིང་གི་སྙེ་མ་མཐོ།།

དེ་ལས་མང་བ་། “གངས་རིའི་མཆོད་པ།” »

སྙན་ངག

རྩོམ་པ་པོ་དང་དཔྱད་བརྗོད་པའི་ངག་ལ་རྒྱུན་འབྱམས་ཀྱི་རྩོམ་རིག་གི་ལྟ་བ།

Posted on 2014-02-182014-02-19 By ཁ་བརྡ་ 10 Comments on རྩོམ་པ་པོ་དང་དཔྱད་བརྗོད་པའི་ངག་ལ་རྒྱུན་འབྱམས་ཀྱི་རྩོམ་རིག་གི་ལྟ་བ།

___________མཁས་དབང་པདྨ་འབུམ་གྱིས་སྙན་ངག་གི་ཕ་ཁྱིམ་ནང་གླེང་མོལ་བྱས་པ།

ཟིན་བྲིས་པ། ཕ་ཡུལ།

 One of Tso Kyaring Ngoring Golok 7ང་པད་མ་འབུམ་ཡིན། ནེའུ་ཡོག་ལ་ཡོད་པའི་ལ་རྩེ་དཔེ་མཚོད་ཁང་ནང་ལས་ཀ་ལས་ཀི་ཡོད། དེ་རིང་གཙོ་བོ་དེང་སང་གི་བོད་ཀྱི་རྩོམ་པ་པོ་དང་རྩོམ་རིག་དཔྱད་བརྗོད་པ་ཚོའི་ངག་ལ་རྒྱུན་འབྱམས་སུ་གནས་ཡོད་པའི་རྩོམ་རིག་གི་ལྟ་བའི་སྐོར་ལ་སྐད་ཆ་ཁ་ཤས་བཤད་དགོས་སྙམ་གྱིན་ཡོད། དང་བོ་རྩོམ་རིག་གི་གཞུང་ལུགས་སྐོར་འོངས་སྟངས་བཤད་དགོས་པ་རེད། བོད་ལ་རྩོམ་རིག་གི་གཞུང་ལུགས་ཐོན་པ་འཕྱི་བོ་རེད། དེང་སང་གི་གོ་དོན་ཡོད་པའི་རྩོམ་རིག་གི་གཞུང་ལུགས་ཡོང་འཕྱི་བོ་རེད། <<སྙན་ངག་མེ་ལོང་མ་>>ནི་སྙན་ངག་རྩོམ་སྟངས་ཤིག་རེད་མ་གཏོགས།

དེ་ལས་མང་བ་། “རྩོམ་པ་པོ་དང་དཔྱད་བརྗོད་པའི་ངག་ལ་རྒྱུན་འབྱམས་ཀྱི་རྩོམ་རིག་གི་ལྟ་བ།” »

སྣ་ཚོགས།

ཀླུ་མཁར་བྱམས་ཀྱི་གཏམ་བཤད་ལ་དཔྱད་པ།

Posted on 2014-02-182014-02-18 By ཁ་བརྡ་ 31 Comments on ཀླུ་མཁར་བྱམས་ཀྱི་གཏམ་བཤད་ལ་དཔྱད་པ།

དོན་འགྲུབ་བཀྲ་ཤིས།

ནེའོ་ཡོག་ས་གཞོན་གྱིས་གོ་སྒྲིག་འོག་ཀླུ་བྱམས་ནས་གཏམ་བཤད་སྤེལ་ཞིང་། ཁོ་པས་བཤད་དོན། ༼ང་ཚོས་རང་བཙན་རྩོད་དགོས་པ་ལས་དབུ་མའི་ལམ་ནས་རང་སྐྱོང་རྩོད་པ་ནི་དགོས་མེད་དང་། དབུ་མའི་ལམ་ནི་རྒྱ་ནག་གི་རྩ་ཁྲིམས་འོག་རང་སྐྱོང་རྩོད་ཀྱིན་ཡོད་པས་རྒྱ་ནག་གི་རྩ་ཁྲིམས་འོག་རང་སྐྱོང་ནམ་ཡང་རག་མི་སྲིད་པ་དང་། རྒྱ་ནག་མང་གཙོར་འགྱུར་ན་རང་སྐྱོང་རྩོད་མི་དགོས་པར་རག་རྒྱུ་ཡིན་པ་དང་། རྒྱ་ནག་མང་གཙོར་འགྱུར་རྗེས་བོད་མི་ཚོས་བོད་མི་གདམས་པ་ལས་རྒྱ་མི་གདམས་མི་སྲིད་པ་དང་། ཁོ་རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་དོལ་རྒྱལ་བསྟེན་མི་བསྟེན་གྱི་བོད་མི་གཉིས་ལ་ཁྱད་པར་གང་ཡང་མེད་༽ཅེས་སོགས་ཟེར།

དེ་ལས་མང་བ་། “ཀླུ་མཁར་བྱམས་ཀྱི་གཏམ་བཤད་ལ་དཔྱད་པ།” »

རྩོམ་རིག

ཟླ་བ་ཚེས་རིས།

Posted on 2014-02-182014-02-18 By ཁ་བརྡ་ No Comments on ཟླ་བ་ཚེས་རིས།

ཚེ་རིང་།

སྨུག་ཧ་ཅང་གནག་པའི་མཚན་མོ་དེ་ལ
ཅི་ཡང་མེད་པར
ཁྱེད་རང་ལམ་དུ་ཆས
ནམ་མཁའ་ཅི་འདྲའི་རྒྱ་ཆེ་ཡང
ཁྱོད་འགྲོ་སའི་ཕྱོགས་དེ
ནམ་ཡང་སྟོང་སངས་སངས

དེ་ལས་མང་བ་། “ཟླ་བ་ཚེས་རིས།” »

སྙན་ངག

ན་ནིང་གི་དབུས་མཇལ། དང་པོ། ༼མུ་འགོད།༽

Posted on 2014-02-182014-02-19 By ཁ་བརྡ་ 43 Comments on ན་ནིང་གི་དབུས་མཇལ། དང་པོ། ༼མུ་འགོད།༽

པད་མ་འབུམ།
——————–
(ཁ་རྩང་ངས་རང་གི་གློག་ཀླད་ཀྱི་ནང་ནས་འདྲ་པར་ཁ་ཤས་བཙལ་དགོས་བྱུང་། སྟེས་དབང་གིས་ན་ནིང་དབྱར་ཀར་ལྷ་སར་བསྐྱོད་པའི་འདྲ་པར་རྣམས་ཤར་ཡོང་། དེ་དག་ལ་ལྟ་གིན་ལྟ་གིན་ལྟ་མཚམས་འཇོག་མ་ཐུབ། འདྲ་པར་དེ་དག་གིས་ལྷ་སའི་མཐོང་སྣང་གང་མང་ཞིག་དྲན་གསོ་བཏང་། མཐོང་སྣང་དེ་དག་བརྗེད་དུ་ཕངས་ནས་ཡིག་ཐོག་ལ་ཕབ་མགོ་བརྩམས་པ་ཡིན།)

IMG_4207ང་ན་ནིང་ནས་བརྩིས་པའི་ལོ་ཉེར་དྲུག་གི་སྔོན་ཏེ། ༡༩༨༧ ལོར་ལྷ་སར་སླེབས། ཕར་ལྷ་སར་འགྲོ་དུས་ན་གོར་མོ་བར་དུ་མེ་འཁོར་ལ་བསྡད་ཅིང་། ན་གོར་མོ་ནས་འགྲུལ་འཁོར་ལ་བསྡད་ནས་སོང་། ཚུར་ཡོང་དུས་གནམ་གྲུར་བསྡད་ནས་ཁྲིན་ཏུ་བརྒྱུད་ནས་ཡོང་། དེ་དུས་གནམ་ཐང་དུ་ཅུང་ཙམ་སྒུག་ནས་བསྡད་ཅིང་། གནམ་ཐང་གི་གཡས་གཡོན་ཚང་མ་ཞིང་ཁ་རེད།

དེ་ལས་མང་བ་། “ན་ནིང་གི་དབུས་མཇལ། དང་པོ། ༼མུ་འགོད།༽” »

དྲན་ཐོ།

གདན་ཞུ་སྐུ་མགྲོན་སེང་རྡོར་ལགས་ཀྱི་གཏམ་བཤད།

Posted on 2014-02-182014-02-18 By ཁ་བརྡ་ 13 Comments on གདན་ཞུ་སྐུ་མགྲོན་སེང་རྡོར་ལགས་ཀྱི་གཏམ་བཤད།

འོས་སྦྱོར་བ། འབའ་སྲས། སྙན་ངག་གི་ཕ་ཁྱིམ་གྱིས་གདན་ཞུ་སྐུ་མགྲོན་སེང་རྡོར་ལགས་ཀྱི་གཏམ་བཤད་འོག་ནས་རིམ་བཞིན་གསན་རོགས། http://voxer.com/v/4131c22c54 http://voxer.com/v/d56dd21bbf http://voxer.com/v/7701be94b0 http://voxer.com/v/b9f7e07212 http://voxer.com/v/467d7ec248 ༡༧/༠༢/༡༤ ཉིན། འབའ་སྲས་ཀྱིས་སྒྲ་འཇུག་བྱས།

སྣ་ཚོགས།

Posts pagination

Previous 1 … 113 114 115 … 423 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (29)
  • ན་ཟུག (12)
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན། (4)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme