Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཤིང་རྟ་ལོའི་ལོ་གསར་བརྙན་འཕྲིན་དགོང་ཚོགས་དང་འབྲེལ་བའི་བསམ་གཞིགས།

Posted on 2014-03-062014-03-06 By ཁ་བརྡ་ 6 Comments on བོད་ཤིང་རྟ་ལོའི་ལོ་གསར་བརྙན་འཕྲིན་དགོང་ཚོགས་དང་འབྲེལ་བའི་བསམ་གཞིགས།

ལྷུག་བཞུར།

ང་རང་བོད་རིགས་གཟིགས་མོ་བ་ཞིག་གི་ངོས་ཐད་ནས། ད་ལོའི་ལོ་གསར་གྱི་བརྙན་འཕྲིན་དགོང་ཚོགས་གཉེར་ཕྱོགས་ཐད་རང་གི་བསམ་ཚུལ་རེ་གླེང་ན། ཐོག་མར་དགོང་ཚོགས་ཧྲིལ་པོའི་སྤྱིའི་འཆར་འགོད་ལེགས་ཉེས་དང། ནང་དོན་དང་རྣམ་པ་ཕུན་སུམ་ཚོགས་མིན། དེ་བཞིན་སྒྱུ་རྩལ་གྱི་རིན་ཐང་སོགས་རེ་ཞིག་མ་གླེང་བར། དེ་དག་ཕྱིར་མཚོན་བྱེད་ཀྱི་ལག་ཆ་སྟེ། སྐད་བརྡ་ཁོ་ན་ལ་ཅུང་ཟད་གླེང་ཚེ།

༡༽གཞས་དང་ཞབས་བྲོ། གཏམ་བརྗོད་སོགས་ལེ་ཚན་མང་པོ་ཞིག་རྒྱ་ཡིག་དང་རྒྱ་སྐད་རེད་འདུག་པས། གྲོང་ཁྱེར་བ་རྒྱ་སྐད་ཚིག་རེ་གཉིས་ཤེས་མཁན་ཚོ་དང་ཡ་མ་རླ་བའི་མི་འགའ་ཞིག་ལས།

དེ་ལས་མང་བ་། “བོད་ཤིང་རྟ་ལོའི་ལོ་གསར་བརྙན་འཕྲིན་དགོང་ཚོགས་དང་འབྲེལ་བའི་བསམ་གཞིགས།” »

རྩོམ་རིག

རིགས་པ་སྟོང་གི་དགག་སྒྲུབ་དང་ཆོས་ཁྲིམས་དང་སྲིད་ཁྲིམས་ཀྱི་མདུན་བདེན་པ་བདར་དགོས་རྒྱུ་གལ་ཆེ།

Posted on 2014-03-062014-03-06 By ཁ་བརྡ་ 28 Comments on རིགས་པ་སྟོང་གི་དགག་སྒྲུབ་དང་ཆོས་ཁྲིམས་དང་སྲིད་ཁྲིམས་ཀྱི་མདུན་བདེན་པ་བདར་དགོས་རྒྱུ་གལ་ཆེ།

རྟེན་འབྱུང་།

བོད་མི་རིགས་ཀྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བླ་ན་མ་མཆིས་པ༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དོལ་རྒྱལ་བ་ཚོས་སྡིག་པ་མིག་བཙུམ་གྱིས་སྒྲོ་འདོགས་བསྐུར་འདེབས་བྱེད་པ་ནི་སྤུ་གྲི་སྟོང་གིས་སྙིང་ཁར་བསྣུན་པ་ལས་ཀྱང་བཟོད་ཐབས་བྲལ་བ་ཞིག་རེད། དེར་བརྟེན་ཁྱི་སྤྱང་ལག་སྦྲེལ་གྱི་བྱ་སྤྱོད་དེ་རིགས་ལ་བོད་མི་སྤྱི་སྒེར་ཡོངས་ནས་གདོང་ལེན་གནང་དགོས། དེ་ཡང་དོལ་རྒྱལ་བ་ཚོས་༧གོང་ས་མཆོག་ལ་ངོ་རྒོལ་བྱེད་པ་ནི་སྲིང་ལམ་གྱི་ཁྱིས་འོད་སྟོང་འཕྲོ་བའི་ཉི་མར་ཟུག་པ་དང་གཉིས་སུ་མ་མཆིས་མོད།

དེ་ལས་མང་བ་། “རིགས་པ་སྟོང་གི་དགག་སྒྲུབ་དང་ཆོས་ཁྲིམས་དང་སྲིད་ཁྲིམས་ཀྱི་མདུན་བདེན་པ་བདར་དགོས་རྒྱུ་གལ་ཆེ།” »

རྩོམ་རིག

དགྲ་བོར་བཟོད་སྒོམ་བྱེད་ཐུབ་ན་ནང་ཁུལ་ལ་བསམ་ཤེས་མི་ཐུབ་པ་ཅི་ཡིན་ནམ།

Posted on 2014-03-062014-03-06 By ཁ་བརྡ་ 40 Comments on དགྲ་བོར་བཟོད་སྒོམ་བྱེད་ཐུབ་ན་ནང་ཁུལ་ལ་བསམ་ཤེས་མི་ཐུབ་པ་ཅི་ཡིན་ནམ།

རིག་པའི་རྡོ་རྗེ།

ང་ཚོས་དགྲ་བོ་རྒྱ་ནག་ལ་བཟོད་སྒོམ་བྱས་ཏེ་ཡོད་ཚད་བློས་གཏོང་ཐུབ་ན། བོད་མི་ནང་ཁུལ་ལ་ལྷ་འདྲེ་གསོལ་མཆོད་ཙམ་གྱི་ཆེད་བསམ་ཤེས་མི་ཐུབ་པ་ཅི་ཡིན་ནམ།
སྤྱིར་བཏང་བཤད་ན། ཉེས་ན་ནང་དང་། ཆད་ན་ཐུར་ཟེར་སྲོལ་ཡོད་མོད། དོན་ལ་དེ་ལྟར་མ་ཡིན་པར་ནང་ཁུལ་གྱི་རྙོག་འཛིང་ནང་ནས་བཤད་ན་སྟབས་བདེ་ལ། འདུམ་འགྲིག་མི་ཐུབ་པ་གང་ཡང་མེད།

དེར་བརྟེན་ང་ཚོས་ངོས་ནས་༧གོང་ས་མཆོག་གིས་རྒྱལ་ཆེན་ཤུགས་ལྡན་སྐོར་ལ་བཀའ་སློབ་ལམ་སྟོན་ཅི་གནང་གསལ་བོར་བཟོ་དགོས།

དེ་ལས་མང་བ་། “དགྲ་བོར་བཟོད་སྒོམ་བྱེད་ཐུབ་ན་ནང་ཁུལ་ལ་བསམ་ཤེས་མི་ཐུབ་པ་ཅི་ཡིན་ནམ།” »

རྩོམ་རིག

སྤོབས་པ་མཐའ་ཡས་སོགས་ལ་གྲོས་མོལ་སླད་ཕུལ་བ།

Posted on 2014-03-062014-03-06 By ཁ་བརྡ་ 98 Comments on སྤོབས་པ་མཐའ་ཡས་སོགས་ལ་གྲོས་མོལ་སླད་ཕུལ་བ།

ལྷ་སྡེ་གནམ་ལོ་ཡག

བོད་བཙན་པོའི་རྒྱལ་རབས་བགྲོ་གླེང་མཇུག་ཏུ་མཆན་ཞིག་བྲིས་པ་ཡིན་མོད། རིང་དྲགས་ནས་འགོད་ཐུབ་མ་སོང་བས། ཐད་ཀར་རྩོམ་སྒྲིག་པར་སྐྱབས་འཇུག་ཞུ་དགོས་ཐུག་པ་རེད། ཚང་མས་འདི་ལྟར་ཆ་ཤས་བླངས་ཡོང་ན་གཞི་ནས་ལོ་རྒྱུས་ངོ་མ་དེ་བརྙེད་ཀྱི་རེད། རེ་བ་ཡིན་ན་སྤོབས་པ་ལགས་ཀྱིས་བཙན་པོའི་སྐབས་ཀྱི་སངས་རྒྱས་ཆོས་ལུགས་པའི་སྐོར་ལ་དཔྱད་རྩོམ་ཞིག་འབྲི་གནང་ཡོད་པ་ཞུ།

དེ་མིན་བོན་གྱི་སྐོར་ནས་སླར་ཡང་ངས་ཀློག་མྱོང་བའི་ལོ་རྒྱུས་ཁག་རོབ་ཙམ་ཞུ་གི་ཡིན། ལྷན་རྒྱས་ནས་དག་སེལ་དང་ལམ་སྟོན་གནང་རོགས།

དེ་ལས་མང་བ་། “སྤོབས་པ་མཐའ་ཡས་སོགས་ལ་གྲོས་མོལ་སླད་ཕུལ་བ།” »

བགྲོ་གླེང་།

དོ་ནུབ་ངས་ཁྱེད་ལ་སྙན་ངག་འབྲི་བཞིན་ཡོད།

Posted on 2014-03-062014-03-06 By ཁ་བརྡ་ 3 Comments on དོ་ནུབ་ངས་ཁྱེད་ལ་སྙན་ངག་འབྲི་བཞིན་ཡོད།

འབའ་སྲས།

སེམས་ཀྱི་གཏིང་ན་བཞད་པའི་རྒྱང་རིང་གི་མེ་ཏོག །
སྙིང་གི་ངོས་སུ་ཤར་བའི་དཀར་གསལ་གྱི་ཟླ་བ།།
ཉིན་དང་ཟླ་བ་འདས་ནས་ལོ་འཁོར་ཡང་རྫོགས་ཀྱང་།།
དྲན་པའི་སེམས་ངོགས་འདི་ནས་ཡལ་ཐབས་ཤིག་མ་བྱུང་།།

སྐར་མ་རེ་རེར་བསྐུར་བའི་སྙིང་གཏམ་གྱི་ཟེགས་མ།།
རྐང་དྲུག་ཅན་ལ་སྤྲིངས་པའི་དྲན་གདུང་གི་ཟིལ་མངར།།

དེ་ལས་མང་བ་། “དོ་ནུབ་ངས་ཁྱེད་ལ་སྙན་ངག་འབྲི་བཞིན་ཡོད།” »

སྙན་ངག

རྒྱ་གར་གྱི་གྲགས་ཅན་བརྙན་འཕྲིན་ལེ་ཚན་༼བདེན་པ་ཉིད་རྒྱལ་གྱུར་ཅིག༽

Posted on 2014-03-052014-03-05 By ཁ་བརྡ་ 9 Comments on རྒྱ་གར་གྱི་གྲགས་ཅན་བརྙན་འཕྲིན་ལེ་ཚན་༼བདེན་པ་ཉིད་རྒྱལ་གྱུར་ཅིག༽

རིག་འཛིན་ལྷུན་གྲུབ།

སྤྱི་༢༠༡༤ ཟླ་༣ ཚེས་༢ ཉིན་རྒྱ་གར་ནང་གྲགས་ཅན་གློག་བརྙན་ཁྲབ་མཁན་ཨཱ་མིར་ཁཱན་གྱིས་རྒྱ་གར་གྱི་སྤྱི་ཚོགས་ནང་གི་དངོས་ཡོད་ཡ་ང་བའི་གནད་དོན་ཁག་ལ་ཞིབ་འཇུག་མཐར་ཕྱིན་གནང་སྟེ། དེ་དག་བསྒྱུར་བཅོས་ཡོང་སླད་སྤྱི་ཚོགས་ཀྱི་དངོས་ཡོད་གནས་ཚུལ་བརྙན་འཕྲིན་ལེ་ཚན་༼བདེན་པ་ཉིད་རྒྱལ་གྱུར་ཅིག༽་ཅེས་པ་རྒྱ་གར་རྒྱལ་ཡོངས་བརྙན་འཕྲིན་ཁག་དང་གསར་འགྱུར་བརྒྱུད་ལམ་བརྒྱུད་དེ། འདི་ཟླའི་རེས་གཟའ་ཉི་མ་ནམ་ཡིན་ལ་ཞོགས་པ་ཕྱག་ཚོད་༡༡ ནས་༡༢ བར་རྒྱང་སྒྲོག་བྱེད་བཞིན་ཡོད། ཁ་སྔོན་ཚེས་༢ ཉིན་གྱི་ལེ་ཚན་དང་པོ་དེ་ནི་ལོག་གཡེམ་མམ་བཙན་གཡེམ་གྱི་སྐོར་རེད།

དེ་ལས་མང་བ་། “རྒྱ་གར་གྱི་གྲགས་ཅན་བརྙན་འཕྲིན་ལེ་ཚན་༼བདེན་པ་ཉིད་རྒྱལ་གྱུར་ཅིག༽” »

སྣ་ཚོགས།

ཐོལ་གླུ་ཡིད་ཀྱི་མེ་ལོང་།

Posted on 2014-03-052014-03-05 By ཁ་བརྡ་ 2 Comments on ཐོལ་གླུ་ཡིད་ཀྱི་མེ་ལོང་།

ཨེ་མ་ཧོ།

བདེན་གཏམ་བཅོས་མིན་གཡོ་སྒྱུ་མཐོང་བ་འདི།།
ངེས་དོན་སྙིང་པོ་ཁོག་ནས་རུལ་བའི་བརྡ།།
ཆོས་ལོངས་སྤྲུལ་གསུམ་མེད་པར་མོས་པ་འདི།།
ཐེག་གསུམ་ཆོས་ལ་སྦྱང་མཐར་མ་ཕྱིན་དོན།།
ལུས་ངག་ཡིག་གསུམ་གཞན་དབང་གྱུར་པ་དེ།།
དོན་དམ་ཆོས་ཉིད་དགོངས་པར་མ་རྟོགས་རྟགས།།

དེ་ལས་མང་བ་། “ཐོལ་གླུ་ཡིད་ཀྱི་མེ་ལོང་།” »

སྙན་ངག

བགྲེས་པོའི་འབེལ་གཏམ།

Posted on 2014-03-052014-03-05 By ཁ་བརྡ་ 6 Comments on བགྲེས་པོའི་འབེལ་གཏམ།

ཆོས་འཁོར་ཚང་དགེ་བཤེས་གཡུང་དྲུང་རྒྱ་མཚོ།

unnamed-2

བགྲེས་པོའི་སྔོན་གླེང་མཐུན་འབྲེལ་དྲུང་མུའི་དགའ་འཁྱིལ།

སྲིད་པ་ས་ཆགས་ཀྱི་དུས་ནས་བཟུང་འགྲོ་བ་མི་ཡི་ཁྱིམ་ཚང་ཆེན་པོ་འདིར་གྲགས་པའི་ཐ་ཚིག་གཅིག་ནི། སྤྱི་ཚོགས་ཕན་བདེའི་གཞི་རྩ་སྟེ། མཐུན་འབྲེལ་དང་ཞི་བདེ་ཞེས་སུ་སྨོས་པར་ཟློས་ཅི་དགོས། ཇི་ལྟར་འགྲོ་བ་མི་ཡི་འདུ་ཤེས་གྲུབ་པ་དང་ལྷན་དུ་བཟང་ངན་གྱི་ཚོར་འདུ་སྣ་ཚོགས་ཤིག་ཀྱང་ཆགས་ཡོད་སྟབས། དེས་ན་བྱམས་སྙིང་རྗེས་གཙོས་ཡ་རབས་ཀྱི་ཀུན་སྤྱོད་ཀྱང་རང་བཞིན་གྱིས་སྐྱེ་བོ་སོ་སོའི་རྒྱུད་ལ་ལྷན་སྐྱེས་སུ་ཡོད་པ་ནི་སུས་ཀྱང་འགོག་ཏུ་མེད་པ་ཞིག་རེད།

དེ་ལས་མང་བ་། “བགྲེས་པོའི་འབེལ་གཏམ།” »

རྩོམ་རིག

བལ་ཡུལ་ནང་རྒྱ་ནག་གཞུང་ཚབ་ཁང་གི་ལོ་སར་དགོང་ཚོགས།

Posted on 2014-03-042014-03-04 By ཁ་བརྡ་ 149 Comments on བལ་ཡུལ་ནང་རྒྱ་ནག་གཞུང་ཚབ་ཁང་གི་ལོ་སར་དགོང་ཚོགས།

དགྲ་འདུལ།

ཉེ་ཆར་སྤྱི་ཟླ་༢ ཚེས་༡༧ དགོང་མོ་རྒྱལ་ས་ཀ་ཐ་མན་གྲུའི་ཡག་ཁི་ནེ་ཞེས་པའི་མགྲོན་ཁང་གི་ཐོག་རྩེག་གཉིས་པའི་ནང་ནས་བལ་ཡུལ་ནང་གི་རྒྱ་ནག་གཞུང་ཚབ་ཁང་གིས་ད་ལོ་ཡང་ལོ་སར་གོ་སྒྲིག་བྱས་འདུག ལོ་ལྟར་བལ་ཡུལ་ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གིས་གོ་སྒྲིག་བྱས་ཏེ་བོད་ཀྱི་ལོ་སར་ཞེས་པ་ཞིག་གཏོང་གི་ཡོད་ཅིང་། དང་ཐོག་ཕྱི་ལོ་༢༠༠༧ དང་༢༠༠༨ བར་ལོ་སར་དེ་གོ་སྒྲིག་བྱེད་མཁན་གངས་བླ་མ་ཟེར་པའི་དོལ་རྒྱལ་རྗེས་འབྲང་བ་ཁོས་བལ་ཡུལ་མཚོན་པའི་རྒྱལ་ཁབ་ཁ་ཤས་ནང་རྒྱ་ནག་གཞུང་ཚབ་དང་འབྲེལ་ནས་བོད་ཀྱི་ལོ་སར་ཟེར་བ་ཞིག་བོད་རང་གི་ལོ་སར་གྱི་དུས་ཚུགས་དང་མ་བསྟུན་པ་ཞིག་གོ་སྒྲིག་བྱས་ཡོད།

དེ་ལས་མང་བ་། “བལ་ཡུལ་ནང་རྒྱ་ནག་གཞུང་ཚབ་ཁང་གི་ལོ་སར་དགོང་ཚོགས།” »

སྣ་ཚོགས།

ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་འཁྲུངས་སྐར་དུས་ཆེན་ལ་ཕུལ་བ་ཕྱག་གདུབ་རིན་པོ་ཆེ།

Posted on 2014-03-042014-03-04 By ཁ་བརྡ་ 2 Comments on ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་འཁྲུངས་སྐར་དུས་ཆེན་ལ་ཕུལ་བ་ཕྱག་གདུབ་རིན་པོ་ཆེ།

ཨེ་མ་ཧོ།

_ན་མོ་གུ་རུ་ཨ་བྷྱ་ལཀྵཾ་ཀ་ར་ཡེ།
ཀ༵་དག་གཞི་གནས་ཚུལ་བཞིན་མཇལ་མཁས་ཁ༵་བའི་ལྗོངས་ཀྱི་དེད་དཔོན་མཆོག།།
ག༵་བུར་ལམ་སྟོན་ཆོས་བཞིན་ལེགས་བཙུན་ང༵་ཚོའི་ཡིད་བཞིན་ནོར་བུ་དངོས།།
ཅ༵་ལག་དཔེ་ཆ་གང་ཡོད་མཆོད་འབུལ་ཆ༵་ཚང་ཀུན་སྤང་དམ་པར་མངོན།།
ཇ༵་ཆང་ཆོས་བརྒྱད་ཞགས་པས་མ་འཆང་ཉ་གང་ཟླ་བཞིན་བཤེས་གཉེན་རྒྱལ།།

དེ་ལས་མང་བ་། “ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་འཁྲུངས་སྐར་དུས་ཆེན་ལ་ཕུལ་བ་ཕྱག་གདུབ་རིན་པོ་ཆེ།” »

རྩོམ་རིག

སྙན་ངག་པ་གྲགས་ཅན་ཧོར་གཙང་འཇིགས་མེད་མཆོག་གིས་སྙན་ངག་གི་ཕ་ཁྱིམ་ནང་སྤེལ་བའི་གཏམ་བཤད།

Posted on 2014-03-032014-03-03 By ཁ་བརྡ་ 12 Comments on སྙན་ངག་པ་གྲགས་ཅན་ཧོར་གཙང་འཇིགས་མེད་མཆོག་གིས་སྙན་ངག་གི་ཕ་ཁྱིམ་ནང་སྤེལ་བའི་གཏམ་བཤད།

སྙན་ངག་པ་གྲགས་ཅན་ཧོར་གཙང་འཇིགས་མེད་མཆོག་གིས་སྙན་ངག་གི་ཕ་ཁྱིམ་ནང་སྤེལ་བའི་གཏམ་བཤད། དང་པོ། http://voxer.com/v/8f107a2474 གཉིས་པ། http://voxer.com/v/9601699e3f གསུམ་པ། http://voxer.com/v/4602230e11 བཞི་པ། http://voxer.com/v/8a2ad7e802 ལྔ་པ། http://voxer.com/v/1643c03c51 དྲུག་པ། http://voxer.com/v/d7032c768c བདུན་པ། http://voxer.com/v/fe8bcaa580…

དེ་ལས་མང་བ་། “སྙན་ངག་པ་གྲགས་ཅན་ཧོར་གཙང་འཇིགས་མེད་མཆོག་གིས་སྙན་ངག་གི་ཕ་ཁྱིམ་ནང་སྤེལ་བའི་གཏམ་བཤད།” »

སྙན་ངག

གསུམ་བཅུའི་དུས་དྲན།

Posted on 2014-03-032014-03-03 By ཁ་བརྡ་ 5 Comments on གསུམ་བཅུའི་དུས་དྲན།

གནས་ཚུལ་གཏོང་མཁན། དམ་ཆོས་བསམ་འཕེལ།

ཤ་ཁྲག་གཅིག་པའི་ཕྱི་སྡོད་བོད་རིགས་སྤུན་ཟླ་ཚོ།
ཕྱི་ཟླ་གསུམ་པའི་ཚེས་བཅུ་ཉིན་བསླེབ་ལ་ཉེ་ཕྱིར། ང་ཚོས་མི་ལོ་ལྔ་བཅུ་ལྷག་གི་རིང་མུན་ནག་གི་ཉིན་མོ་འདི་སྲུང་བརྩི་བྱས་ཏེ་ཡོང་བར་ཚང་མས་མཁྱེན་གསལ་ལགས་ན། ད་ལོ་ཡང་དེ་ལྟར་སྲུང་བརྩི་བྱ་རྒྱུ་སྨྲ་མི་དགོས་མོད། འོན་ཀྱང་། ད་ལོར་ཕྱི་རྒྱལ་དུ་ཡོད་པའི་བོད་མི་འདུས་སྡོད་ཀྱི་ས་གནས་ཁག་ཚང་མས་གསུམ་བཅུའི་དུས་དྲན་གྱི་ཉིན་མོར་ངོ་རྒོལ་འཕྲེད་དར་དང་ཤོག་བྱང་། བཀྲམ་ཡིག་སོགས་ཀྱི་སྟེང་དུ་བོད་ཡིག་གང་མང་མང་ཞིག་བྲིས་ནས་སྔར་དང་མི་འདྲ་ བའི་རྣམ་པ་གསར་བའི་ཐོག་སྲུང་བརྩི་གནང་པའི་རྟིང་སྐུལ་ཞུ།
ང་ཚོ་བོད་པ་ཚང་གི་སྐད་ཡིག་ཀྱང་རྒྱལ་ཁབ་གཞན་གྱི་སྐད་ཡིག་དང་འདྲ་མཉམ་གྱིས་མདུན་སྐྱོད་བྱེད་ཐུབ་ཆེད་ངོ་རྒོལ་གྱི་འབོད་ཚིག་ཁག་གི་ནང་དོན་དེའང་བོད་ཡིག་དང་དབྱིན་ཡིག

དེ་ལས་མང་བ་། “གསུམ་བཅུའི་དུས་དྲན།” »

གསལ་བསྒྲགས།

༄༅།།འཛམ་གླིང་རྒྱལ་སྤྱིའི་ཨེ་ཝྃ་དཔེ་མཛོད་ཁང་གི་གཟི་དཔལ།།

Posted on 2014-03-032014-03-03 By ཁ་བརྡ་ 3 Comments on ༄༅།།འཛམ་གླིང་རྒྱལ་སྤྱིའི་ཨེ་ཝྃ་དཔེ་མཛོད་ཁང་གི་གཟི་དཔལ།།

ཨེ་མ་ཧོ།

skyན་མོ་གུ་རུ་ཨཱ་ལི་ཀཱ་ལི་ཡེ།
ཀ་དག་ཕྱོགས་མཚམས་མཛེས་པའི་ཁམས་སྟོད་དུ།།
ཁ་བའི་རི་བོ་བརྗིད་པའི་གསེར་གཤིས་ཁོག།
ག་ས་གང་དུ་སྨན་ཚལ་ལེགས་གཏམས་གནས།།
ང་ཚོའི་གངས་ལྗོངས་ཇོ་བོ་ཞལ་དཀར་རྒྱལ།།

ཅ་ཅོའི་འདུ་འཛིས་དབེན་པར་དགོན་གནས་འདྲ།།
ཆ་ལུགས་གངས་ཅན་མཚོན་པའི་གངས་ཕྲུག་རྣམས།།

དེ་ལས་མང་བ་། “༄༅།།འཛམ་གླིང་རྒྱལ་སྤྱིའི་ཨེ་ཝྃ་དཔེ་མཛོད་ཁང་གི་གཟི་དཔལ།།” »

རྩོམ་རིག

བདེན་པ་ནི་ལམ་བུ་དང་བྲལ་བའི་གནས་དེའོ།

Posted on 2014-03-032014-03-03 By ཁ་བརྡ་ 11 Comments on བདེན་པ་ནི་ལམ་བུ་དང་བྲལ་བའི་གནས་དེའོ།

(༧གོང་ས་མཆོག་གིས་དབུས་པའི་བོད་རིགས་སྤུན་ཟླ་ཡོངས་ལ་ལོ་གསར་བའི་ལེགས་སྐྱེས་ཤིག་གི་ཚུལ་དུ་ཕུལ་བ་ལགས།)

རྗེ། ཀིར་ཤུ་ན་མུར་ཏེ། ལོ་མ་རྒྱལ་གྱིས་བསྒྱུར།

unnamed-2༼ཤར་ཕྱོགས་སྐར་ཆེན་ཚོགས་པ་དེ་ནི་ཡོང་འགྱུར་གྱི་འཛམ་བུ་གླིང་གི་སློབ་དཔོན་དེ་ཁྱབ་བསྒྲགས་བྱེད་པར། སྤྱི་ལོ་༡༩༡༡ ལོར་གསར་འཛུགས་བྱས་པ་ཞིག་ཡིན། ཀིར་ཤུ་ན་མུར་ཏེ་ནི་ཚོགས་པ་དེ་ཡི་མགོ་གཙོ་ཡིན། དེ་ནས། སྤྱི་ལོ་༡༩༢༩ ཟླ་༨ པའི་ཚེས་༢ ཉིན་མོར་ཧོ་ལན་གྱི་གྲོང་ཁྱེར་ཨོ་མན་ནས་སྐར་ཆེན་ཚོགས་པའི་ལོ་འཁོར་ཚོགས་ཆེན་ཞིག་འཚོགས།

དེ་ལས་མང་བ་། “བདེན་པ་ནི་ལམ་བུ་དང་བྲལ་བའི་གནས་དེའོ།” »

འགྱུར་རྩོམ།

སྨོན་འདུན།

Posted on 2014-03-032014-03-03 By ཁ་བརྡ་ 2 Comments on སྨོན་འདུན།

རིགས་གྲོལ།

གནམ་ལོ་གསར་པ་བཞད་བྱུང་།།
སྨོན་ལམ་གསར་པ་བཏབ་ཡོད།།
རྒྱལ་ཀུན་ཐུགས་རྗེ་ཅན་པོས།།
སྐྱབས་དང་མགོན་ཞིག་མཛོད་དང་།།

ཚེས་གཅིག་བླ་མའི་ལོ་གསར།།
བླ་མའི་ཞབས་ལ་མཆོད་ཡོད།།

དེ་ལས་མང་བ་། “སྨོན་འདུན།” »

སྙན་ངག

བོད་བཙན་པོའི་རྒྱལ་རབས་ལ་བགྲོ་གླེང་།

Posted on 2014-03-022014-03-02 By ཁ་བརྡ་ 81 Comments on བོད་བཙན་པོའི་རྒྱལ་རབས་ལ་བགྲོ་གླེང་།

དེ་ལས་མང་བ་། “བོད་བཙན་པོའི་རྒྱལ་རབས་ལ་བགྲོ་གླེང་།” »

གློག་བརྙན་།, ལོ་རྒྱུས།

རབ་རྒྱན་ཤིང་རྟའི་ལོ་སར་ལ་སྨོན་ཚིག་གི་ལྷ་དར་དཀར་པོ།

Posted on 2014-03-022014-03-02 By ཁ་བརྡ་ 1 Comment on རབ་རྒྱན་ཤིང་རྟའི་ལོ་སར་ལ་སྨོན་ཚིག་གི་ལྷ་དར་དཀར་པོ།

ཨེ་མ་ཧོ།

losarབསླུ་མེད་གཏན་གྱི་སྐྱབས་གནས་ཡིད་བཞིན་གྱི་ནོར་བུ།།
སྙིང་དབུས་པད་ཟླའི་གདན་ལ་འབྲལ་མེད་དུ་བཞུགས་ནས།།
བསྟན་དང་འགྲོ་བའི་དོན་ཆེན་འབད་མེད་དུ་འགྲུབ་པའི།།
མཆོག་དང་ཐུན་མོང་བྱིན་རླབས་ལྷུན་གྲུབ་ཏུ་སྩོལ་ཅིག།
བསོད་ནམས་ཡེ་ཤེས་ཤིང་རྟའི་དཀྱིལ་འཁོར་གྱི་བཀོད་པ།།
གང་བསམ་ལྷུན་གྱིས་འགྲུབ་པའི་གནམ་ལོ་འདི་འཆར།།
རེ་སྒུག་གངས་རི་དཀར་པོའི་སྣོད་བཅུད་ཀྱི་དགེ་མཚན།།
ཕུན་ཚོགས་ཡོན་ཏན་བྱེ་བའི་གཏེར་མཛོད་དེ་མངོན་ཤོག།

དེ་ལས་མང་བ་། “རབ་རྒྱན་ཤིང་རྟའི་ལོ་སར་ལ་སྨོན་ཚིག་གི་ལྷ་དར་དཀར་པོ།” »

སྙན་ངག

གཞིས་བྱེས་ཞལ་འཛོམས་མ་བྱུང་བར་ངས་ལོ་སར་མི་གཏོང་།

Posted on 2014-03-012014-03-01 By ཁ་བརྡ་ 6 Comments on གཞིས་བྱེས་ཞལ་འཛོམས་མ་བྱུང་བར་ངས་ལོ་སར་མི་གཏོང་།

བསྟན་པ་དར་རྒྱས།

སྤྱིར་ལོ་སར་ཟེར་བ་དེ་འཛམ་གླིང་གི་མི་རིགས་སོ་སོས་ཡུལ་དུས་དང་གནས་བབ་ལ་གཞིགས་ནས་རྟེན་འབྲེལ་ལམ་དགའ་སྟོན་བྱེད་ས་ཞིག་ཡིན་མོད། ང་ཚོ་མཐོ་སྒང་བོད་པ་ཚང་ལ་མཚོན་ན་བཙན་པོའི་རྒྱལ་རབས་དགུ་པ་སྤུ་དེ་གུང་རྒྱལ་གྱི་དུས་སུ་ “རྒན་མོ་བལ་མའི་ཟླ་རྩིས་ཞེས་པ་སྟེ་ཟླ་བའི་དཀར་ཆའི་འཕེལ་འགྲིབ་དང་རྒྱུ་སྐར་གྱི་འཁོར་བགྲོད་ལ་བརྟེན་ནས། ལོ་འཁོར་མཚམས་ཀྱི་དུས་རྟགས་དེ་ལྷོ་ཤམ་པའི་ཁམ་སྡོང་ལ་མེ་ཏོག་ཤར་བ་དང་། དཔྱིད་ཀྱི་དུས་ཆེན་གཏོང་སྲོལ་བྱུང་”ཞེས་གསལ་བ་དེ་ནི་བོད་ཀྱི་ལོ་སར་གཏོང་སྲོལ་ཐོག་མ་དེ་ཡིན་པར་སྣང་།

དེ་ལས་མང་བ་། “གཞིས་བྱེས་ཞལ་འཛོམས་མ་བྱུང་བར་ངས་ལོ་སར་མི་གཏོང་།” »

རྩོམ་རིག

ཁྲི་ལོར་ཤོག

Posted on 2014-03-012014-03-01 By ཁ་བརྡ་ 1 Comment on ཁྲི་ལོར་ཤོག

སྐྲན།

བོད་ཀྱི་སྐད་དང་ཡི་གེ་ཁྲི་ལོར་ཤོག།
དགོས་སུ་བྱམས་དང་སྙིང་རྗེ་ཁྲི་ལོར་ཤོག།
མདོར་ན་ཐུན་མིན་ཡུལ་གོམས་ཁྲི་ལོར་ཤོག།
༧གོང་ས་ཡིད་བཞིན་ནོར་བུ་ཁྲི་ལོར་ཤོག།

ལྷོ་བ་འཛམ་བུ་གླིང་འདི་ཁྲི་ལོར་ཤོག།
དགོས་སུ་ས་དང་ནམ་མཁའ་ཁྲི་ལོར་ཤོག།

དེ་ལས་མང་བ་། “ཁྲི་ལོར་ཤོག” »

སྙན་ངག

བླ་མ་རྡུང་ལེན་པ་གུང་ཐང་རིན་པོ་ཆེ་རྗེས་དྲན་ཞུ།

Posted on 2014-03-012014-03-01 By ཁ་བརྡ་ 3 Comments on བླ་མ་རྡུང་ལེན་པ་གུང་ཐང་རིན་པོ་ཆེ་རྗེས་དྲན་ཞུ།

ཤར་ཕྱོགས་ཁུག་རྟ། བོད་ལ་བཀའ་དྲིན་ཆེ་བའི་གུང་ཐང་བ།། བསྟན་སྲིད་ལར་རྒྱ་མི་འདོར་གུང་ཐང་བ།། མཁས་པའི་མཁས་མཆོག་བླ་མ་གུང་ཐང་བ།། མཛད་འཕྲིན་བཟང་འཁྱོལ་བླ་མ་གུང་ཐང་བ།། དེ་རིང་རྒྱུས་མེད་མི་ཡི་རྒྱུས་གཏམ་ཙམ།། ཁྱེད་དང་གངས་ཅན་བོད་འདི་དགའ་ས་སྟེ།། ༸གོང་ས་ཆེན་པོའི་བཞུགས་སྒར་ངྷ་ས་ནས།། བྱས་པ་མ་བརྗེད་དྲན་པའི་རྟེན་དུ་འབུལ།། ༢༠༡༤། ༣། ༡། ཉིན།།

སྙན་ངག

Posts pagination

Previous 1 … 110 111 112 … 423 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (29)
  • ན་ཟུག (12)
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན། (4)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme