ལྷ་སྡེ་གནམ་ལོ་ཡག
____ གསུམ་ཅུའི་དུས་དྲན་ཐེངས ༥༥ལ་བྲིས།
མི་རྣམས་བཤར་བཞིན་པའི་རྒྱབ་གཟུགས་ལ་ཅེར་ཐེངས་རེར
དུས་མིན་འཆི་བར་ཚུད་འདྲའི་མགོ་ཡོམ་ཡང་ཡང་འཁོར
ད་དུང་དབྱིངས་དཔྱད་ལའང་ངེས་གཏན་ཞིག་མི་འདུག
ལོ་རྒྱུས་ནི་ནུ་ཆུས་དབུལ་བའི་དྭ་ཕྲུག་ཅིག་དང་འདྲ་བར
དུས་ཀྱི་ལྡོག་འགྲོས་ཀློང་བཤུམས་ཀྱིན་པའི་ངུ་སྐད་ཕྲ་མོར
ནུས་མེད་ཤུགས་ཟད་ཀྱི་བཟོ་ལྟས་ཀུན་ནས་བཅངས
ཆེན་པོས་ཁྱོད་ལ་དོ་སྣང་མེད་ནས་སྐྱུར།།
སྲིད་སྐྱོང་མཆོག་ཆིབས་ཞབས་སུ་ཕེབས་དགོས་དང་མི་དགོས་དེ་ད་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ནས་ཀྱང་དགོངས་བཞེས་ཤིག་གནང་དགོས་པ་འདྲ། སྲིད་སྐྱོང་གི་ལས་ཡུན་ཆ་ཚང་༸གོང་ས་ཆེན་པོའི་ཆིབས་ཞབས་སུ་འབྲངས་ནས་ངོ་སྤྲད་དེ་འདུག་དགོས་ཤར་ཚེ། མི་མང་ལ་སྲིད་འགན་རྩིས་སྤྲོད་གནང་བ་དེ་ཏག་ཏག་ཅིག་འཁྱོག་གི་མེད་པའི་རྟགས་རེད།
ན་མོ་གུ་རུ་ཨརྱ་ཏཱ་ར་ཡེ།
༸གོང་ས་མཆོག་གིས་མཚན་མཐུན་གཉེན་སྒྲིག་ལ་རྒྱབ་སྐྱོར་དང་། བཙན་དབང་གི་མཚན་མཐུན་ཆགས་སྤྱོད་ལ་སྐྱོན་བརྗོད་གནང་བ་རེད། ད་དུང་། ཕན་ཚུན་འདོད་མོས་ཡོད་པའི་ཆགས་སྤྱོད་ནི་འོས་ཤིང་འཚམས་པ་ཞིག་ཡིན་པར་གསུངས་ཡོད།
བཀའ་ཤག་གི་སྲིད་སྐྱོང་ད་དུང་༸གོང་ས་ཆེན་པོའི་ཆིབས་ཞབས་སུ་མ་བོས་མགྲོན་པོའི་ཚུལ་གྱིས་བཅར། ངྷ་རམ་ས་ལའི་འཛིན་སྐྱོང་མུ་མཐུད་ནས་འགྲོ་ཐུབ་དང་མི་ཐུབ་ཀྱི་གནས་བབ་དེའང་བཤད་མ་བདེ་བ་ཞིག་ཆགས། དེ་ལྟ་དེ་ལྟར་བཀའ་ཤག་སྐབས་༡༤ པའི་ལས་ཡུན་ཕྱེད་ལྷག་རྫོགས། འཛིན་སྐྱོང་གི་ལས་དོན་ཕལ་མོ་ཆེ་བཀའ་བློན་བྱེ་བྲག་པ་རེ་གཉིས་ཀྱི་དབུ་ལ་ཟགས། རྒྱ་ཆེའི་མི་མང་གི་འདུ་འཛོམས་ཆེ་ས་ཐམས་ཅད་དུ་སྲིད་སྐྱོང་མཆོག་གིས་བོད་དོན”ལྷིང་འཇགས་པོ་”བྱུང་ཡོད་ཅེས་གསུངས།