Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་སྙན་ངག་པ་དེ་ཚོའི་ཤེས་ཚད་དང་བརྩོན་འགྲུས་གཉིས་ཐད་ནས་མ་འདང་བ་རེད།

Posted on 2015-12-212015-12-21 By ཁ་བརྡ 10 Comments on བོད་ཀྱི་སྙན་ངག་པ་དེ་ཚོའི་ཤེས་ཚད་དང་བརྩོན་འགྲུས་གཉིས་ཐད་ནས་མ་འདང་བ་རེད།

ཡོང་ཁུངས། བོད་ཀྱི་དུས་བབ།

 
ཉེ་ལམ་འདི་ག་བོད་ཀྱི་དུས་བབ་གསར་ཁང་གི་རྩོམ་སྒྲིག་པ་དོན་འགྲུབ་བཀྲ་ཤིས་ཡུ་རོབ་ནང་སྐོར་སྐྱོད་དང་བསྟུན་ཏེ། ཧྥ་རན་སིའི་རྒྱལ་ས་ཕ་རེ་སིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་སྐད་ཡིག་དང་སྤྱི་ཚོགས་དཔལ་ཡོན་སློབ་ཆེན་(Institut national des langues et civilisations orientales)ཞེས་པའི་བོད་སྐད་ཡིག་སྡེ་ཚན་ནང་༼བོད་ཀྱི་གསར་འགོད་ལས་རིགས་ཀྱི་བྱུང་རིམ།༽ཞེས་པ་ངོ་སྤྲོད་གཏམ་བཤད་དང་བསྟུན་ཏེ། སློབ་ཆེན་དེ་གའི་བོད་ཡིག་སྡེ་ཚན་གྱི་འགན་འཛིན་བོད་ཀྱི་དེང་རབས་རྩོམ་རིག་མཁས་པ་ཆོས་ཉིད་དབང་མོ་

དེ་ལས་མང་བ་། “བོད་ཀྱི་སྙན་ངག་པ་དེ་ཚོའི་ཤེས་ཚད་དང་བརྩོན་འགྲུས་གཉིས་ཐད་ནས་མ་འདང་བ་རེད།” »

བཅར་འདྲི།

བོད་ནས་འབྱོར་བའི་འཕྲིན་ཡིག་ཅེས་པའི་གཞས།

Posted on 2015-12-202015-12-22 By ཁ་བརྡ No Comments on བོད་ནས་འབྱོར་བའི་འཕྲིན་ཡིག་ཅེས་པའི་གཞས།

ཤར་ཕྱོགས་ཁུག་རྟ།

༄།། ཕ་ཡུལ་བོད་ནས་འབྱོར་བའི་འཕྲིན་ཡིག་ཅེས་པའི་གཞས་ཤིག་ལ་ཉན་པ།

དེ་རིང་གཟའ་ཉི་མར་༧གོང་ས་ཆེན་པོའི་ཞལ་སྔ་ནས་ཀྱི་ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ཀྱི་བཀའ་ཁྲིད་བསྩལ་བ་དྲྭ་ལམ་ནས་ཞུས་གྲུབ་རྗེས། འཆར་ཅན་ཆུ་ཚོད་ལྟར་གྱི་དཔེ་ཀློག་ལྷོད་ལྷོད་ཅིག་མགོ་འཛུགས་དགོས་བསམ་པའི་མུར། གྲོགས་པོ་ཞིག་གིས་ཁ་པར་སླེབས། ཁོང་གིས་ངེད་ལ་ངོ་དེབ་ཁ་ཕྱེས་དང་གཞས་ཤིག་གི་དྲྭ་སྐུད་བསྐུར་ཡོད། གཟིགས་རོགས་གནོང་ཟེར། ངས་ཅི་རེད། དམིགས་བསལ་ཞིག་ཡིན་ནམ་ཞེས་དྲིས། གྲོགས་པོས་མ་རེད་མ་རེད། དང་པོར་གཟིགས་དང་ཟེར། དཔེ་ཀློག་གི་ཆུ་ཚོད་རྫོགས་མཚམས་གླིང་བསྐོར་དུ་ཕྱིན།

དེ་ལས་མང་བ་། “བོད་ནས་འབྱོར་བའི་འཕྲིན་ཡིག་ཅེས་པའི་གཞས།” »

ངོ་སྤྲོད།

ཞོགས་དུང་གིས་བོད་ཀྱི་སློབ་ཆེན་པ་དག་ལ་གནང་བའི་སྐད་ཆ་ཞིག

Posted on 2015-12-202015-12-20 By ཁ་བརྡ 6 Comments on ཞོགས་དུང་གིས་བོད་ཀྱི་སློབ་ཆེན་པ་དག་ལ་གནང་བའི་སྐད་ཆ་ཞིག

རྩོམ་པ་པོ། ཞོགས་དུང་།

 

སྐུ་ཞབས་ཞོགས་དུང་གིས་བོད་ཀྱི་སློབ་ཆེན་པ་དག་ལ་གནང་བའི་སྐད་ཆ་ཞིག

སློབ་ཆེན་སློབ་མ་རྣམས་མཐར་ཕྱིན་ལ་ཉེ་བ་ན། ཁོ་ཚོས་འབྲེལ་ཡོད་ཀྱི་འགྲོ་ལུགས་མཐའ་དག་བསྒྲུབས་ཚར། ཁོ་ཚོར་མཚོན་ན་བྱ་བ་ཞིག་ཅི་ལྟར་རེག་གམ་སྙམ་པའི་སེམས་ཁུར་ལས་གཞན། མཇུག་མཐའི་དོན་བྱ་ཉག་གཅིག་ནི་མལ་ཐུལ་དང་མལ་སྟན་བསྒྲིལ་ཏེ་རང་རང་སོ་སོའི་གནས་སུ་བགྲོད་འགྲོ་བ་དེ་རེད།
གོ་ཐོས་ལྟར་ན། དུས་དེར་སློབ་མ་ལ་ལས་མི་ལོ་བཞི་ནས་ལྔའི་བར་

དེ་ལས་མང་བ་། “ཞོགས་དུང་གིས་བོད་ཀྱི་སློབ་ཆེན་པ་དག་ལ་གནང་བའི་སྐད་ཆ་ཞིག” »

གསར་འགྱུར།

ལབ་མ་རྒྱག་ལོབ་འགྲོ།

Posted on 2015-12-202015-12-20 By ཁ་བརྡ No Comments on ལབ་མ་རྒྱག་ལོབ་འགྲོ།

ཁྲོ་གཏུམ།
—རིག་པ་ཆེས་དྭངས་པའི་ཉིན་དེར་གཏམ་གྱི་ཕུ་ཐག་བལྡད་ཐུབ།

 
ཉི་འོད་ལ་རེ་བཞག་མེད་པའི་དུས་དེར
སུ་ཞིག་གི་མགོ་བོ་མུན་པས་བལྡད་ཀྱིན་འདུག

ཤོག་ངོས་རེ་ནས་མི་སེམས་ཀློག་ཞོར
གནའ་སྔ་མོ་དང་དུས་ད་ལྟ
ཡིག་འབྲུ་རེའི་རྒྱ་ཚད་དུ་བབས་ཤིང

དེ་ལས་མང་བ་། “ལབ་མ་རྒྱག་ལོབ་འགྲོ།” »

སྙན་ངག

ཡོད་དང་མེད་ཀྱི་གནས་ལུགས་རིག་པས་འཚོལ།།

Posted on 2015-12-202015-12-20 By ཁ་བརྡ 2 Comments on ཡོད་དང་མེད་ཀྱི་གནས་ལུགས་རིག་པས་འཚོལ།།

ཀོ་ལི་གྷལ་གཞུང་པ་ཚེ་དབང་བསོད་ནམས།

 
བསྐལ་བཟང་སྟོང་གི་སངས་རྒྱས་བྱང་སེམས་ཚོགས།།
ཁ་བའི་ལྗོངས་འདིར་ཐུགས་སྲས་སྤྱན་རས་གཟིགས།།
གང་གིས་སྐྱོང་ཡུལ་བོད་འབངས་སྐྱེ་འགྲོ་རྣམས།།
ངོ་མཚར་རྨད་བྱུང་བདེ་སྐྱིད་འཚོ་བས་བསྐྱངས།།

ཅ་ཅོ་དབེན་ཞིང་ཆོས་སྦྱིན་འབངས་རྣམས་བདེ།།

དེ་ལས་མང་བ་། “ཡོད་དང་མེད་ཀྱི་གནས་ལུགས་རིག་པས་འཚོལ།།” »

སྣ་ཚོགས།

རང་ཉིད་ཀྱི་ཤེས་བྱ་གླེང་བ།

Posted on 2015-12-202015-12-20 By ཁ་བརྡ 1 Comment on རང་ཉིད་ཀྱི་ཤེས་བྱ་གླེང་བ།

ཆབ་ཆ་བློ་བཟང་གིས་བསྒྱུར། (ཝཱར་ཎ་ཧིན་རྡུ་གཙུག་ལག་སློབ་གྲྭ་ཆེན་མོ།)

 

(ཇེ་ཀེར་ཤི་ནཱ་མོར་ཌེ་J.Krishnamurti ཡི་<<ཐོག་མ་དང་མཐའ་མའི་རང་དབང་>> The First and Last Freedom ཞེས་པའི་དབྱིན་ཡིག་བརྩམས་ཆོས་ལས།)

འཛམ་གླིང་འདིའི་ནང་གི་དཀའ་ངལ་ནི་ཧ་ཅང་རྒྱ་ཆེ་ལ་གཏིང་ཟབ་པའི་རྙོག་འཛིངས་ཞིག་རེད། ང་ཚོས་དཀའ་ངལ་དེའི་གནས་ལུགས་རྟོགས་པ་དང་དོགས་གནད་སེལ་བ་ལ་ངེས་པར་དུ་ང་ཚོའི་སྤྱོད་ཚུལ་གྱི་ཁ་ཕྱོགས་འཚོལ་བ་དང་ཉེ་བར་བསྐྱོད་དགོས། ཕྱི་ངོས་ཀྱི་གནས་ཚུལ་ལ་མ་བརྟེན་པར་ང་ཚོའི་ཕྱོགས་ལྷུང་དང་སེམས་ཀྱི་ཉམས་འགྱུར་རྟོགས་མི་ནུས།

དེ་ལས་མང་བ་། “རང་ཉིད་ཀྱི་ཤེས་བྱ་གླེང་བ།” »

འགྱུར་རྩོམ།

ཞབས་བརྟན་དུ་གསོལ་བ་རབ་འབྱམས་ཞིང་དུ་ཁྱབ་པའི་ཚངས་དབྱངས།

Posted on 2015-12-192015-12-19 By ཁ་བརྡ 2 Comments on ཞབས་བརྟན་དུ་གསོལ་བ་རབ་འབྱམས་ཞིང་དུ་ཁྱབ་པའི་ཚངས་དབྱངས།

དུག་ཚེར་མ།

འཛམ་གླིང་ཞི་བདེའི་དེད་དཔོན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་བརྟན་དུ་གསོལ་བ་རབ་འབྱམས་ཞིང་དུ་ཁྱབ་པའི་ཚངས་དབྱངས་ཞེས་བྱ་བ་བཞུགས་སོ།།

ཨོཾསྭསྟི།
ཚེ་དཔག་མེད་དང་གཙུག་གཏོར་རྣམ་རྒྱལ་དང་།།
སྒྲོལ་དཀར་ཡིད་བཞིན་སོགས་པའི་ཚེ་ལྷ་ཡིས།།
དཔལ་ལྡན་བླ་མ་དམ་པའི་ཚེ་བསྲིངས་ནས།།
འཆི་མེད་རྟག་པ་དམ་པའི་ཤིས་པར་སྩོལ།།

དེ་ལས་མང་བ་། “ཞབས་བརྟན་དུ་གསོལ་བ་རབ་འབྱམས་ཞིང་དུ་ཁྱབ་པའི་ཚངས་དབྱངས།” »

སྙན་ངག

༄།། གཞོན་ནུ་ལྷན་ཚོགས་ལ་ལྟ་ཞིབ་བྱས་པ།

Posted on 2015-12-192015-12-19 By ཁ་བརྡ 25 Comments on ༄།། གཞོན་ནུ་ལྷན་ཚོགས་ལ་ལྟ་ཞིབ་བྱས་པ།

གེ་སར་ནོར་བུ་དགྲ་འདུལ།

 
ང་ཚོས་རིག་པ་དྭངས་གསལ་གྱི་སྒོ་ནས་གཞོན་ནུ་ལྷན་ཚོགས་ཟེར་ན་ཅི་ཞིག་ཡིན་མིན་དང་། ཚོགས་པ་དེའི་ཚུགས་རིམ། ཤུལ་རྗེས། ད་ལྟའི་ཚོགས་པའི་གནས་བབ། ཚོགས་མིའི་གྲངས་འབོར། རྒྱུན་ལས་ཚོའི་ཤེས་ཚད་བཅས་ལ་གཞིགས་ན། གཞི་ནས་ད་ལྟའིགཞོན་ནུ་ལྷན་ཚོགས་ཟེར་བ་ནི་ཡོད་ན་གྲངས་ཀ་ལྷག་མ་ཅིག་དང་། མེད་ན་གྱོང་གུད་མེད་པའི་ཚོགས་པ་ཞིག་ཡིན་པའི་ར་སྤྲོད་རྙེད་ངེས།

ངས་སྐད་ཆའི་མགོ་བཙུགས་མ་ཐག་འདི་ལྟར་གླེང་ཡོང་དུས།

དེ་ལས་མང་བ་། “༄།། གཞོན་ནུ་ལྷན་ཚོགས་ལ་ལྟ་ཞིབ་བྱས་པ།” »

དཔྱད་རྩོམ།

“དབྱངས་”ལྔ།

Posted on 2015-12-192015-12-19 By ཁ་བརྡ 7 Comments on “དབྱངས་”ལྔ།

དོལ་སྨྱོན།

 
ཨ།
ཟུར་ཕུད་ལྔ་པའི་ཕྱག་གི་རལ་གྲིས་མགྲིན་པའི་རྩ་མདུད་མ་བཏུབ་ཅིང་།།
མཚོ་བྱུང་ལྷ་མོའི་སྙན་འཇེབས་རྒྱུད་མང་རྣ་བའི་བུ་གར་མ་དཀྲོལ་མོད།།
བརྡ་དང་ཐ་སྙད་ལྷས་མར་བསླས་པའི་རྨད་བྱུང་”དབྱངས་”ཀྱི་དོ་ཤལ་འདི།།
རང་སེམས་དམར་པོ་བཙོ་སྦྱང་བྱས་པའི་གསེར་གྱི་སྒྲོན་མེ་རྐང་གཅིག་ཡིན།།

དེ་ལས་མང་བ་། ““དབྱངས་”ལྔ།” »

སྙན་ངག

བོད་ཀྱི་གཞོན་ནུ་ལྷན་ཚོགས།

Posted on 2015-12-192015-12-19 By ཁ་བརྡ 8 Comments on བོད་ཀྱི་གཞོན་ནུ་ལྷན་ཚོགས།

གསལ་བཤད།

དབུ་མའི་ལྟ་མགུར་གངས་ཀྱི་སེངྒེའི་སྒྲ་དབྱངས།

Posted on 2015-12-182015-12-18 By ཁ་བརྡ 9 Comments on དབུ་མའི་ལྟ་མགུར་གངས་ཀྱི་སེངྒེའི་སྒྲ་དབྱངས།

ཨེ་མ་ཧོ།

 
ན་མོ་གུ་རུ་མ་དྷེ་མ་ཀ་ཡེ།
ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས།།
བདུད་རྩི་ལྟ་བུ་དབུ་མའི་ལྟ་སྒོམ་འབྲས།།
དུས་གསུམ་རྒྱལ་བའི་ཡིད་བཞིན་ནོར་བུ་ལ།།
ངེས་ཤེས་རིན་པོ་ཆེ་ཡིས་གུས་ཕྱག་འཚལ།།
བདག་ལས་མ་ཡིན་གཅིག་དང་དུ་མ་བྲལ།།
གཞན་ལས་མ་ཡིན་རྒྱུ་འབྲས་ཐུག་པ་མེད།།

དེ་ལས་མང་བ་། “དབུ་མའི་ལྟ་མགུར་གངས་ཀྱི་སེངྒེའི་སྒྲ་དབྱངས།” »

སྙན་ངག

ཁ་བ་ནག་པོ།

Posted on 2015-12-182015-12-18 By ཁ་བརྡ No Comments on ཁ་བ་ནག་པོ།

སྤྱན་ཆེན་པོ།

 
འཇིག་རྟེན་འདི་ཁེར་རྐྱང་གི་ལག་པ་ཞིག་དང་འདྲ་ལ
ལག་པའི་མཐིལ་ན་ཡོད་པའི་དུར་ཁྲོད་དེར
ཁ་བ་ནག་པོ་དག་ཞེ་སྡང་གིས་འབབ་བཞིན་འདུག

ཁ་བའི་ཁྲོད་ཀྱི་རྡོ་བ་དེའི་སྒང་ན་ཡོད་པའི་གཅེར་གཟུགས་པ་དེས
དུར་ཁྲོད་ན་ཡོད་པའི་མི་རོ་དེའི་མིག་ཤེལ་གྱོན་ནས
གློ་སྙིང་མཆིན་གསུམ་ལས་སྦར་བའི་མེ་འོད་ལ་བརྟེན་ནས

དེ་ལས་མང་བ་། “ཁ་བ་ནག་པོ།” »

སྙན་ངག

དཔལ་ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་གི་ཕྲིན་ལས།

Posted on 2015-12-172015-12-17 By ཁ་བརྡ 2 Comments on དཔལ་ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་གི་ཕྲིན་ལས།

ཐུབ་སྲས་གཞོན་ནུ།

 

གསང་སྔགས་སྔ་འགྱུར་བའི་ཆོས་སྡེ་ཆེན་པོ་གཉིས་ཀྱི་ཡ་གྱལ་སྒྲུབ་སྡེ་ཆེན་པོ་དཔལ་ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་གི་མུ་འབྲེལ་ཆོས་ཀྱི་རྣམ་གྲངས་ལོ་མའི་གཟི་ཐིག་ཕན་བདེའི་ལུགས་བཟང་ཞེས་བྱ་བ་བཞུགས་སོ།།

༄། །དཔལ་ཀུན་ཏུ་བཟང་པོ་དང་གཉིས་སུ་མེད་པའི་རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ།།

ཨོཾ་སྭ་སྟི། ཆོས་ཀྱི་བཀྲ་ཤིས་བཀྲ་ཤིས་བྱུང་།།

དེ་ལས་མང་བ་། “དཔལ་ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་གི་ཕྲིན་ལས།” »

ངོ་སྤྲོད།

དགུན་དུས་བལ་གོས་ཚོང་པའི་གནས་སྟངས།

Posted on 2015-12-172015-12-17 By ཁ་བརྡ 6 Comments on དགུན་དུས་བལ་གོས་ཚོང་པའི་གནས་སྟངས།

ཀོ་ལི་སྒལ་གཞུང་པ་ཚེ་དབང་བསོད་ནམས།

 
དཀའ་ཉེན་ཆེ་བའི་དགུན་དུས་བལ་གོས་ཚོང་།།
ཁེ་གྱོང་ཇི་ཆགས་རེ་བའི་ནང་དུ་སྒུགས།།
དགའ་སྒོམ་ཆོག་ཤེས་མ་ཐུབ་འདོད་རྔམས་འོག །
ངང་པ་ཆུ་འདམ་ལྷུང་འདྲའི་འདི་ལོའི་ཚོང་།།

ཅ་དངོས་བལ་གོས་མ་གནས་ཆེ་བ་དང་།།

དེ་ལས་མང་བ་། “དགུན་དུས་བལ་གོས་ཚོང་པའི་གནས་སྟངས།” »

སྣ་ཚོགས།

རྨོངས་པ་ཡུལ་བུད་ཀྱི་གཏམ་སེངྒེའི་ང་རོ་ཞེས་བྱ་བ།

Posted on 2015-12-172015-12-17 By ཁ་བརྡ 8 Comments on རྨོངས་པ་ཡུལ་བུད་ཀྱི་གཏམ་སེངྒེའི་ང་རོ་ཞེས་བྱ་བ།

དྲི་མེད་ལྷག་བསམ།

 
ན་མོ་གུ་ར་ཝེ། རྒྱལ་བའི་བསྟན་ལ་སྟོན་པ་གཉིས་པར་གྲུབ་པའི། །ཟུང་འཇུག་ཁྱབ་བདག་ཆེན་པོ་ཉི་མ་འོད་ཟེར། །
གསང་གསུམ་ཡེ་ཤེས་ཚ་ཟེར་ལྷང་རེར་ངོམ་ལ།།རྨོངས་པའི་མུན་པ་རང་སངས་ཡུལ་བུད་མཛོད་ཅིག།
ལྟ་ངན་མུ་སྟེགས་མཐར་བྱེད་སེངྒེ་སྒྲ་སྒྲོགས། །ངན་གསོའི་ཚོས་ཀྱིས་བསྒྱུར་བའི་གཡོ་ཅན་ཝ་མོ། །
གདོང་ལྔའི་གསོབ་ཏུ་ཞུགས་པའི་སྙིང་རྩ་འདར་བའི། །རྔམ་བརྗིད་འཇིགས་པའི་སྒྲ་དབྱངས་ཕྱོགས་བཅུར་སྒྲོགས་ཤིག །
ངན་གོམས་ཁྱི་རྒན་རྔ་མ་སིག་སིག་གཡོ་བ། །ལས་ངན་སྦྲང་ནག་འགུག་པའི་གཡབ་མོར་གྱུར་ཏེ། །

དེ་ལས་མང་བ་། “རྨོངས་པ་ཡུལ་བུད་ཀྱི་གཏམ་སེངྒེའི་ང་རོ་ཞེས་བྱ་བ།” »

སྙན་ངག

དཔལ་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ཆེན་མོའི་ཕྲིན་ལས།

Posted on 2015-12-172015-12-17 By ཁ་བརྡ 2 Comments on དཔལ་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ཆེན་མོའི་ཕྲིན་ལས།

ཨེ་མ་ཧོ།

 
དཔལ་གསང་ཆེན་སྔ་འགྱུར་བའི་མ་དགོན་དྲུག་དང་ཆོས་སྡེ་གཉིས་ཞེས་ཡོངས་སུ་གྲགས་པ་ལས། ཆོས་སྡེ་ཆེན་པོ་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ཆེན་མོ་ནི། རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་ 1745-1821 ལུང་བསྟན་ཚིག་རྐང་བདུན་གྱི་དོན་གསལ་བྱེད་སྒྲོན་མེའི་འོད་སྣང་།

ན་མོ་གུ་རུ་ཨ་བྷྱ་ལཀྵཾ་ཀ་ར་ཡེ།
གསེར་རྔ་དམ་ལྷ་ཡི་བླ་ལུང་དུ།།

དེ་ལས་མང་བ་། “དཔལ་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ཆེན་མོའི་ཕྲིན་ལས།” »

ངོ་སྤྲོད།

ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་གཞོན་ལྷན་གནས་སྐབས་སྒོ་རྒྱག་རྒྱུ་ཡིན།

Posted on 2015-12-172015-12-17 By ཁ་བརྡ 24 Comments on ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་གཞོན་ལྷན་གནས་སྐབས་སྒོ་རྒྱག་རྒྱུ་ཡིན།

ཡོང་ཁུངས། བོད་ཀྱི་བང་ཆེན།

 
ཟླ་འདིའི་ཚེས་༡༦ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། སྐབས་༡༣ པའི་ནིའུ་ཡོག་ས་གནས་བོད་ཀྱི་གཞོན་ནུའི་རྒྱུན་ལས་ཁང་དེ་བཞིན་བློ་ཕམ་ཆེན་པོའི་ངང་གནས་སྐབས་སྒོ་རྒྱག་རྒྱུ་དང་། སྤྱི་ལོ་༢༠༡༦ ཟླ་བ་༡ ཚེས་༢༠ གོང་དུ་ནིའུ་ཡོག་དང་ནིའུ་ཇར་སིའི་ས་གནས་གཞོན་ལྷན་གྱི་རྒྱུ་དབང་ཡོངས་རྫོགས་ཆད་ལུས་མེད་པར་བར་བརྒལ་འབྲེལ་མཐུད་པར་རྩིས་སྤྲོད་དགོས་ཞེས་བརྗོད་འདུག

བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་༡༩༧༠ ལོ་གསར་འཛུགས་བྱས་ཏེ།

དེ་ལས་མང་བ་། “ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་གཞོན་ལྷན་གནས་སྐབས་སྒོ་རྒྱག་རྒྱུ་ཡིན།” »

གསར་འགྱུར།

ཆོས་ལ་བསྐུལ་བའི་གཏམ་མྱོང་གྲོལ་བདུད་རྩིའི་ཐིག་ལེ་ཞེས་བྱ་བ།

Posted on 2015-12-162015-12-17 By ཁ་བརྡ 18 Comments on ཆོས་ལ་བསྐུལ་བའི་གཏམ་མྱོང་གྲོལ་བདུད་རྩིའི་ཐིག་ལེ་ཞེས་བྱ་བ།

དྲི་མེད་ལྷག་བསམ།

 
ན་མོ་གུ་ར་ཝེ།
ཀྱེ་ཧོ་གསོན་དང་ཀ་རྡོ་གཉེར་ཆེན། །སྒྲུབ་རྒྱུད་བྱིན་རླབས་སྙིང་ལ་འཕོས་པས། །
འཁོར་བར་སྐྱོ་བའི་ངེས་འབྱུང་གླུ་ཆུང་། །དྲ་བར་སྤེལ་ལ་ཐལ་མོ་སྦྱོར་རོ། །

སྐྲ་འདབས་དཀར་བ་གཤིན་རྗེའི་བསུ་མ། །བྲེལ་བ་ཆེ་བ་རྒན་པོ་འཆི་རྟགས། །
གཏད་སོ་མེད་པ་མི་ཚེ་སྟོང་ལོག །འཆི་ཀའི་ངང་ཚུལ་ཞིབ་ཏུ་སོམས་ཤིག །

མི་ལུས་ཐོབ་པ་ཕ་མའི་བཀའ་དྲིན། །ཆོས་དང་མཇལ་བ་རྒྱལ་བའི་བྱིན་རླབས། །

དེ་ལས་མང་བ་། “ཆོས་ལ་བསྐུལ་བའི་གཏམ་མྱོང་གྲོལ་བདུད་རྩིའི་ཐིག་ལེ་ཞེས་བྱ་བ།” »

སྙན་ངག

ང་ཚོར་སྲིད་སྐྱོང་གཞོན་པ་ཞིག་དགོས།

Posted on 2015-12-162015-12-16 By ཁ་བརྡ 9 Comments on ང་ཚོར་སྲིད་སྐྱོང་གཞོན་པ་ཞིག་དགོས།

རྩོམ་པ་པོ། སྒྲོལ་མ་སྐྱབས།

 
ཁོ་བོས་རྒྱལ་ཁབ་ཁ་ཤས་ཀྱི་སྲིད་འཛིན་ལམ་ལུགས་དང་རྒྱལ་ཁབ་སྒྲིག་གཞིའི་སྐོར་གྱི་རྩ་ཁྲིམས་དོན་ཚན་ལ་ཞིབ་འཇུག་བྱེད་སྐབས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་སྒྲིག་གཞི་དང་སྲིད་སྐྱོང་གི་ཆབ་སྲིད་གོ་གནས་སོགས་ཀྱི་རྩ་ཁྲིམས་ཀྱི་དོན་ཚན་ལའང་སློབ་སྦྱོང་དང་བསམ་མནོ་གཏོང་གིན་ཡོད་། འོ་སྐོལ་ཚོའི་༢༠༡༡ ལོར་བཟོ་བཅོས་བརྒྱབ་པའི་རྩ་ཁྲིམས་ཀྱི་ནང་དོན་ལྟར་ན། ང་ཚོའི་བོད་གཞུང་དང་དེང་གི་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ལམ་ལུགས་ཀྱི་ཁྱད་ཆོས་ནི། བཙན་པོའམ་བླ་དཔོན་གྱི་དབང་ཐང་རྩ་ཁྲིམས་ཀྱིས་ཚོད་འཛིན་བྱེད་པའི་

དེ་ལས་མང་བ་། “ང་ཚོར་སྲིད་སྐྱོང་གཞོན་པ་ཞིག་དགོས།” »

བསམ་ཚུལ།

འགྱོད་གཏམ་རྒྱ་མཚོའི་ཐིགས་པ།

Posted on 2015-12-162015-12-16 By ཁ་བརྡ 2 Comments on འགྱོད་གཏམ་རྒྱ་མཚོའི་ཐིགས་པ།

དུག་ཚེར་མ།

 
ཀ་དག་དབྱིངས་ཀྱི་ངོ་བོ་འཁོར་འདས་ཀྱི་ཆོས་ཀུན།།
ཁ་ནས་བཤད་ཚུལ་ཐ་དད་སྤྲོས་པ་དེ་མང་དུས།།
ག་ལེར་ཐོས་བསམ་བྱས་པའི་ངེས་ཤེས་དེ་མེད་པས། །
ང་ཁྱོད་ཕུང་བའི་ལོ་རྒྱུས་རི་བོ་བཞིན་བརྩིགས་སོང་། །
ཅ་ནོར་ག་ཚོད་ཡོད་ཀྱང་ཚིམ་མེད་ཀྱིས་བྱིས་པས།།
ཆ་ལུགས་གནས་ལུགས་གཉིས་ཀྱི་རིན་ཐང་དེ་མ་ཤེས།།

དེ་ལས་མང་བ་། “འགྱོད་གཏམ་རྒྱ་མཚོའི་ཐིགས་པ།” »

སྙན་ངག

Posts pagination

Previous 1 … 93 94 95 … 157 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (25)
  • ན་ཟུག (9)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme