Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཞི་གཉིས་གཉིས་བཞི།

Posted on 2016-02-042016-02-04 By ཁ་བརྡ No Comments on བཞི་གཉིས་གཉིས་བཞི།

སྤྱན་ཆེན་པོ།

 
མིག་གིས་བལྟ་ས་དང་རྣ་བས་ཉན་ས་ནི་བར་ཐག་འདིས་བསྐྱེད་པའི་དྲོད་ཐིག་དེ་ཡིན་པས་འདི་ནི་ང་ལ་དཀོན་མཆོག་གིས་གནང་བའི་བརྩམས་ཆོས་དེའོ།།

___ཁ་བྱང་གི་འགྲེལ།

གྲུ་ཟུར་ཞིག་ཏུ་འགྲེང་ནས་ཉི་འོད་ཅིག་ཞེ་ལ་བཏབ་དུས
སྤྲིན་པ་ཐེད་པོ་ཞིག་དང་འདྲ་བའི་མི་ཚོགས་ཀྱི་ངོ་གདོང་དག་གིས
ས་གཞི་ཞིག་བྲིས་ནས་ནམ་མཁའ་ཞིག་བཟོས
ངའི་འཆར་ཡན་གྱི་རྨི་ལམ་རུམ་པའི་དྲན་པ་ནི

དེ་ལས་མང་བ་། “བཞི་གཉིས་གཉིས་བཞི།” »

སྙན་ངག

ང་ལ་འགྱུར་བ་ཐེེབས་ཡོད། ངའི་སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་མཆོག་ཡིན།

Posted on 2016-02-032016-02-04 By ཁ་བརྡ 34 Comments on ང་ལ་འགྱུར་བ་ཐེེབས་ཡོད། ངའི་སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་མཆོག་ཡིན།

image—-ལྷག་པ་དོན་འགྲུབ།

 
ཏག་ཏག་ལོ་བཞིའི་གོང་ལ་རེད། སྐབས་དེར་ངས་བཀའ་ཁྲི་འོས་འདདེམས་ཀྱི་ཆ་ཤས་བླངས། ད་ལྟའི་སྲིད་སྐྱོང་བློ་བཟང་སེང་གེས་ལས་ཀ་བྱེད་ཀི་རེད་བསམ་པའི་སྟེང་ནས། ཁོང་ལ་འོས་བླུག་པ་ཡིན། དེ་ནི་སྐབས་དེར་ཁོང་མི་མང་གི་མདུན་ལ་ག་ས་གང་ལ་སོང་ནས་གཏམ་བཤད་རྫིག་པོ་བྱས་པ་དེ་ལ་བརྟེན་ནས་བླུག་པ་ཡིན། ང་གཅིག་པོ་མ་རེད། མི་མང་པོ་ཞིག་གིས་ཁོང་གིས་བཤད་པ་ལ་ཡིད་ཆེས་བྱས་ནས་བླུག་ཡོད།

དེ་ལས་མང་བ་། “ང་ལ་འགྱུར་བ་ཐེེབས་ཡོད། ངའི་སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་མཆོག་ཡིན།” »

བསམ་ཚུལ།

ཉིས་སྟོང་བཅོ་ལྔར་ཧོབ་ཀྱིས་བལྟས་པ།

Posted on 2016-02-032016-02-03 By ཁ་བརྡ 1 Comment on ཉིས་སྟོང་བཅོ་ལྔར་ཧོབ་ཀྱིས་བལྟས་པ།

ལྗགས་མདའ།
 
ཉིས་སྟོང་བཅོ་ལྔ་ལོ་ནི་རང་རེའི་བོད་ལ་མཚོན་ན། དམིགས་བཀར་གྱིས་གླེང་དགོས་པའི་ལོ་ཟླ་ཞིག་དང་། ཡང་ན་མི་གླེང་ཐུ་མེད་དུ་ཆགས་པའི་ལོ་ངོ་ཞིག་ཏུ་སེམས། ངས་འདི་ལྟར་གླེང་དོན་ཡང་གཞན་མ་ཡིན་ཏེ། ཉིས་སྟོང་བཅོ་ལྔ་ལོ་ནི་སྤྱི་བོ་གནམ་བསྟན་གྱི་མགོ་ནག་བོད་པ་ཐུན་མོང་གི་བགོ་སྐལ་དུ་བྱོན་པའི་སྐྱེས་ཆེན་གསེར་གྱི་ཉི་མ་འདྲ་བ་ཞིག་ལོ་རྒན་ཧྲིལ་བོ་བརྒྱད་ཅུར་སོན་པའི་དུས་སྟོན་དུ་ཆགས་པ་དང་། ཡང་། བོད་པའི་སྤྱི་ཚོགས་རང་ལྡོག་ནས་བལྟས་ན་ཚོགས་འདུ་དང་ཚོགས་འདུ་སྐོང་བ། བྱ་དགའ་དང་བྱ་དགའ་སྩོལ་བ་སོགས་བཟང་ལད་ངན་ཆགས་ཀྱི་ཆོ་ལོ་ཤིན་ཏུ་མང་བའི་ལོ་ཞིག་ཡིན་པར་མ་ཟད།

དེ་ལས་མང་བ་། “ཉིས་སྟོང་བཅོ་ལྔར་ཧོབ་ཀྱིས་བལྟས་པ།” »

དྲན་ཐོ།

ཁེར་རྐྱང་གི་ཕ་ཡུལ།༼གླུ་གཞས།༽

Posted on 2016-02-032016-02-03 By ཁ་བརྡ 3 Comments on ཁེར་རྐྱང་གི་ཕ་ཡུལ།༼གླུ་གཞས།༽

གླུ་གཞས།

འགལ་འདུའི་ཀློང་གི་བོད།

Posted on 2016-02-032016-02-03 By ཁ་བརྡ No Comments on འགལ་འདུའི་ཀློང་གི་བོད།

གོ་འཇོ་བསོད་ནམས་ནོར་བུ།

 
གཞིས་ལ་རང་བཙན་རྩོད་ན་རྒྱ་ཡིས་ཟིན་ཞིང་།།
བྱེས་ལ་རང་བཙན་འབོད་ན་བོད་ཀྱིས་ཕུད་པས།།
ད་ནི་རང་བཙན་ཞེས་པའི་ཚིག་དོན་གཉིས་ཀ །
བོད་མིའི་འཇིག་རྟེན་ཁྲོད་ནས་ཤི་ལ་ཉེ་འདུག །

མི་ཚེ་མེས་རྒྱལ་རང་གི་སྲོག་བཞིན་བསྲུང་བའི།།

དེ་ལས་མང་བ་། “འགལ་འདུའི་ཀློང་གི་བོད།” »

སྙན་ངག

བསྡུས་གྲྭ་དགོས་མིན་ལས་བརྩམས་པའི་གླེང་ཐུང་།

Posted on 2016-02-032016-02-03 By ཁ་བརྡ 11 Comments on བསྡུས་གྲྭ་དགོས་མིན་ལས་བརྩམས་པའི་གླེང་ཐུང་།

ཐེ་བོ་བ་དབྱངས་ཅན་རིག་པའི་འདོད་འཇོ།

 
དེ་རིང་གློ་བུར་དུ་དྲ་གྲོགས་ཤིག་གིས་གསེར་རྟ་བླ་རུང་གི་མཁན་ཆེན་ཚུལ་བློ་ཚང་གི་གསུང་ཡིན་ཟེར་བའི་དུམ་བུ་ཞིག་བསྐུར་བྱུང་། གསུང་དུམ་བུ་དེའི་ནང་དོན་ནི་བསྡུས་གྲྭ་དགོས་མཁོ་མེད་པའི་སྐོར་རེད་འདུག དེ་ལ་ང་ཧང་སངས་མ་བྱུང་། རྒྱུ་མཚན་ནི་ཁོང་བསྡུས་གྲྭའི་རིགས་ལམ་ལ་ཆ་རྒྱུས་མེད་པས་ཁག་མེད་སྙམ། སྤྱིར་ཁོང་ཚང་གི་རྩོམ་ཡིག་མང་བོ་ཞིག་མཇལ་མྱོང་ཞིང་མཁས་མཐོང་ཡོད་མོད། འོན་ཀྱང་ཁོང་གི་གསུང་མང་བོ་ཞིག་ལ་རིགས་ལམ་གྱི་འགྲོས་ཅི་ཡང་མེད་ཅིང་། དཔྱད་པ་ཞུགས་ཙམ་ནས་བྱེ་མའི་ཕུང་བོ་ལྟར་འགྱུར་བ་མང་།

དེ་ལས་མང་བ་། “བསྡུས་གྲྭ་དགོས་མིན་ལས་བརྩམས་པའི་གླེང་ཐུང་།” »

དཔྱད་རྩོམ།

དགའ་ལྡན་ཕོ་བྲང་སུའི་རྒྱབ་ལ་ཡོད།

Posted on 2016-02-032016-02-03 By ཁ་བརྡ 14 Comments on དགའ་ལྡན་ཕོ་བྲང་སུའི་རྒྱབ་ལ་ཡོད།

སྲོང་བཙན།

 
གཟིམ་ཤག་དགའ་ལྡན་ཕོ་བྲང་ནས་གཞུང་ས་དགའ་ཕོ་བྲང་དུ་འགྱུར་མྱོང་ཞིང་། གཞུང་ས་དགའ་ལྡན་ཕོ་བྲང་ནས་དགའ་ལྡན་ཕོ་བྲང་དུ་བསྒྱུར་བའི་བླ་བྲང་འདི་ལོ་རྒྱུས་ཡུན་རིང་ལྡན་པ་ཙམ་མ་ཟད། ཆོས་ཕྱོགས་ཀྱི་ནུས་ཤུགས་ཅན་དང་། ཆབ་སྲིད་ཀྱི་ཆེས་མཐོའི་འགན་དབང་ཡོད་པའི་དུས་སྐབས་རང་བཞིན་ལ་སླེབས་པ་ཞིག་ནས། འགན་དབང་ཆ་ཚང་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་དབུ་ཁྲིད་ལ་རྩིས་སྤྲོད་བྱས་ཏེ། བླ་བྲང་ཞིག་གིས་ཆེས་མཐོའི་ཆབ་སྲིད་ཀྱི་འགན་དབང་ལེན་རྒྱུ་མཚམས་འཇོག་བྱེད་པ་ཞིག་དེབ་ཐེར་ན་འཁོད་ཡོད་ཅིང་བཀོད་རིན་ཡོད་པ་ཞིག་ཀྱང་ཡིན།

དེ་ལས་མང་བ་། “དགའ་ལྡན་ཕོ་བྲང་སུའི་རྒྱབ་ལ་ཡོད།” »

བསམ་ཚུལ།

སྒེའུ་ཁུང་ཆུང་ཆུང་ནང་གི་བུ་མོ་ཆུང་ཆུང་།

Posted on 2016-02-022016-02-02 By ཁ་བརྡ No Comments on སྒེའུ་ཁུང་ཆུང་ཆུང་ནང་གི་བུ་མོ་ཆུང་ཆུང་།

རྨ་དུང་ཟླ།

 
ཕ་ཡུལ་ནས་ཕྱིར་ལོག་ཏེ་
སློབ་གྲྭ་རུ་ཕྱིར་ཐོན་དུས་
སེམས་ཀྱི་སྐུད་པ་དེ་སྒེའུ་ཁུང་ཞིག་ལ་ཐོགས་

སྒེའུ་ཁུང་དེ་སྒེའུ་ཁུང་མང་པོའི་བར་ན་ཡོད་
སྒེའུ་ཁུང་དེ་ཁང་རྩེགས་གསུམ་པའི་ཟུར་ན་ཡོད་

དེ་ལས་མང་བ་། “སྒེའུ་ཁུང་ཆུང་ཆུང་ནང་གི་བུ་མོ་ཆུང་ཆུང་།” »

སྙན་ངག

ཨ་མའི་བུ་ལ་རིན་ཐང་གཞལ་ཐབས་དབེན།།

Posted on 2016-02-022016-02-02 By ཁ་བརྡ 4 Comments on ཨ་མའི་བུ་ལ་རིན་ཐང་གཞལ་ཐབས་དབེན།།

unnamed-2—-དཔའ་རྟུལ་ནག་པོ།
 
རེ་བའི་མི་བུ་ངུར་སྨྲིག་རྣམ་རོལ་བ།།
གསེར་གྱི་གཟེངས་རྟགས་བཞེས་པ་ངོ་སོ་བསྟོད།།
འཇིགས་པ་མེད་པའི་གསེར་གྱི་རྒྱལ་མཚན་ལ།།
དགའ་བ་འབུམ་གྱི་སྒོ་གསུམ་གུས་པས་འདུད།།
ཀ་ཁའི་ང་རོ་བགྲང་བྱ་ཉེར་གཅིག་ལ།།
ངལ་མེད་སྤོབས་པ་ཆེན་པོས་ལ་སྲོག་བཞེངས།།
གོམ་གསུམ་ཁྲོད་ནས་གསེར་གྱི་ཚོམ་བུ་བཞད།།
ཨ་མའི་བུ་ལ་རིན་ཐང་གཞལ་ཐབས་དབེན།།

དེ་ལས་མང་བ་། “ཨ་མའི་བུ་ལ་རིན་ཐང་གཞལ་ཐབས་དབེན།།” »

སྙན་ངག

སྲིད་སྐྱོང་གི་འོས་བསྡུ་ཐོག་མ། མི་མང་གི་འགུལ་སྟངས་གསར་པ།

Posted on 2016-02-022016-02-02 By ཁ་བརྡ 5 Comments on སྲིད་སྐྱོང་གི་འོས་བསྡུ་ཐོག་མ། མི་མང་གི་འགུལ་སྟངས་གསར་པ།

image—ཚེ་དབང་ནོར་བུ།
 
བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་ཐེངས་གསུམ་བྱས་པ་རེད། ཐེངས་དང་པོ་དང་གཉིས་པ་ལ་ཟམ་གདོང་རིན་པོ་ཆེ་འདམས་པ་རེེད། ལོ་བཅུ་དེ་ནི། སྤྱི་ཚོགས་ཡོངས་ཀྱིས་གྲུབ་འབྲས་བྱུང་བའི་ལོ་ངོ་བཅུ་ཆགས་ཡོད་པར་ངོས་འཛིན་བྱེད་ཀྱིན་ཡོད་པ་རེད། ཐེངས་གསུམ་པར་ད་ལྟའི་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་འདམས་ནས་ལོ་བཞི་དང་ཕྱེད་ཀ་ཕྱིན་ཡོད།

དེ་ལས་མང་བ་། “སྲིད་སྐྱོང་གི་འོས་བསྡུ་ཐོག་མ། མི་མང་གི་འགུལ་སྟངས་གསར་པ།” »

བསམ་ཚུལ།

ངའི་མི་མང་། ངའི་དབུས་གཙང་མི་མང་གི་གཉིད་ལ་འཐབ་པ། ༼༢༽

Posted on 2016-02-022016-02-02 By ཁ་བརྡ 18 Comments on ངའི་མི་མང་། ངའི་དབུས་གཙང་མི་མང་གི་གཉིད་ལ་འཐབ་པ། ༼༢༽

མི་ལ་རང་བཙན་གྱིས་བརྩམས།
སྐལ་བཟང་ཟླ་བས་བསྒྱུར།
 

དབུས་གཙང་གི་སྤོབས་པ།

ང་བྱེས་པ་རྫོང་གི་རིན་ཆེན་གཏེར་གྱིས་ཕྱུག་པའི་རི་ཚོགས་དང་རྩི་བཅུད་འཛོམས་པའི་ལུག་གཤོང་གི་དབུས་གཙང་པ་ཞིག་ཡིན་པར་སྤོབས་པ་ཡོད། ང་ཚོའི་ཡབ་མེས་ཚོས་བདག་སྐྱོང་དང་གཡེལ་འགྱེད། ཆོས། ཤེས་ཡོན། དཔལ་འབྱོར། ཡུལ་བབ་སྲིད་དོན་བཅས་ཀྱི་ལོ་རྒྱུས་བསྐྲུན་པ་རེད་ལ། འདི་ནི་ལོ་རྒྱུས་རེད། བོད་ནང་གི་བོད་པ་ཕྱུག་ཤོས་ཆོས་འཕེལ་ཚེ་རིང་ནི་བོད་ནུབ་ཕྱོགས་ཀྱི་དབུས་གཙང་པ་ཞིག་ཡིན་ལ། སྒྲོ་ལོར་ཐེར་འབུམ་གཅིག་གི་མ་རྩའི་བདག་པོ་ཡིན།

དེ་ལས་མང་བ་། “ངའི་མི་མང་། ངའི་དབུས་གཙང་མི་མང་གི་གཉིད་ལ་འཐབ་པ། ༼༢༽” »

འགྱུར་རྩོམ།

གསལ་བཤད།—ང་ནི་མི་ཧ་ཅང་དཀྱུས་མ་ཞིག་ཡིན།

Posted on 2016-02-022016-02-02 By ཁ་བརྡ 2 Comments on གསལ་བཤད།—ང་ནི་མི་ཧ་ཅང་དཀྱུས་མ་ཞིག་ཡིན།

unnamed-1—-རྫ་ཚེ་རིང་བཀྲ་ཤིས།
 
དེ་རིང་ཉིན་གུང་གུས་པའི་སྐད་འཕྲིན་རྒྱབ་ལོགས་སུ་བོད་ཀྱི་རིག་གནས་ལ་བྱས་པ་ཅན་གྱི་སློབ་གསོ་བ་ར་རྒྱ་འཇིགས་མེད་རྒྱལ་མཚན་ལ་རེ་བའི་གསེར་གྱི་གཟེངས་རྟགས་ཐོབ་པར་འཚམས་འདྲི་ཞིག་ཞུས་པར། ངོ་མི་ཤེས་པའི་དྲ་གྲོགས་ཤིག་གིས། ༼གོ་ཚད་རིག་ཚད་དྲྭ་རྒྱབ་ལ་འཇོག་ན་གླེན་རྟགས་ཡིན།༽ཞེས་པའི་བསམ་ཚུལ་ཞིག་བྲིས་གནང་འདུག་པའི་ལན་དུ།

དེ་ལས་མང་བ་། “གསལ་བཤད།—ང་ནི་མི་ཧ་ཅང་དཀྱུས་མ་ཞིག་ཡིན།” »

གསལ་བཤད།

ཚོར་བ་འགག་གི་མ་འཇུག

Posted on 2016-02-022016-02-02 By ཁ་བརྡ No Comments on ཚོར་བ་འགག་གི་མ་འཇུག

ཁྲོ་གཏུམ།

— ན་གཞོན་སྙན་ངག་པ་སྦྲ་སྲས་གངས་བུ་འཛུམ་གྲོལ་ལགས་ཀྱི་སྙན་དེབ་ལ་སེམས་པ་འཁོར་བ།

 

སྙན་ངག་པའི་སེམས་ཁམས་ནི་ཚོར་བའི་ལྕགས་ཀྱུས་བཟུང་ཡོད་པས། འཇིག་རྟེན་གྱི་བདེན་དངོས་མཛེས་གསུམ་ལ་རོལ་མྱོང་བྱེད་པའི་གོ་སྐབས་ཧ་ཅང་གིས་མང་། རྒྱལ་དབང་ལྔ་པ་ཆེན་པོའི་སྙན་འགྲེལ་མཆོད་བརྗོད་འགྲེལ་བ་ལས། “སྙན་ངག་མཁན་ཆེ་རྣམས་ཀྱི་ངག་རྣམས་ལས་སླར་ཡང་དངོས་པོ་གཞན་ཉིད་རྟོགས་པ་ཡོད་།   སྙན་ངག་མཁན་གྱི་དགོངས་པ་སྟེ་ཤུགས་ལས་རྟོགས་པར་བྱའོ།།

དེ་ལས་མང་བ་། “ཚོར་བ་འགག་གི་མ་འཇུག” »

ལྷུག་རྩོམ།

ངའི་མིག་ལམ་ནས་མཐོང་བཞིན་པའི་༢༠༡༦ ལོའི་སྲིད་སྐྱོང་འོས་བསྡུ།

Posted on 2016-02-022016-02-02 By ཁ་བརྡ 13 Comments on ངའི་མིག་ལམ་ནས་མཐོང་བཞིན་པའི་༢༠༡༦ ལོའི་སྲིད་སྐྱོང་འོས་བསྡུ།

སྐལ་བཟང་སྤེན་པ།

 
འདི་ལོའི་སྲིད་སྐྱོང་གི་འོས་བསྡུའི་སྐོར་ལ་བརྒྱུད་ལམ་འདྲ་མིན་ཐོག་བགྲོ་གླེང་དང་གླེང་སློང་སྣ་ཚོགས་བྱས་པས། མི་མང་ལ་གོ་རྟོགས་ངེས་ཅན་ཐེབས་ཡོད་པ་སྨོས་མེད་རེད། སྐབས་རེ་བརྒྱུད་ལམ་དེ་དག་གི་ཐོག་རྩོད་གླེང་ཡང་མི་ཉུང་བ་ཞིག་བྱུང་བ་དེ་ཡང་དོན་དངོས་རེད།
ཕྱོགས་གཞན་ཞིག་ནས་བསམ་ན། གཞི་མེད་སྐྱོན་འཛུགས་ལ་སོགས་པའི་གནད་དོན་ཅི་འདྲ་ཞིག་ཡིན་ཀྱང་མི་མང་ཁྲོད་གླེང་སློང་བྱས་ཚེ། གཞི་ནས་གསལ་ཁ་ཞིག་རང་བཞིན་གྱིས་ཡོང་གི་ཡོད། དེ་ནི་དགེ་མཚན་གྱི་རང་བཞིན་ཞིག་ཀྱང་ཡིན་པར་འདོད།

དེ་ལས་མང་བ་། “ངའི་མིག་ལམ་ནས་མཐོང་བཞིན་པའི་༢༠༡༦ ལོའི་སྲིད་སྐྱོང་འོས་བསྡུ།” »

བསམ་ཚུལ།

གཡུ་འབྲུག་སྔོན་མོ་དང་གངས་སེང་དཀར་པོ།

Posted on 2016-02-022016-02-02 By ཁ་བརྡ 3 Comments on གཡུ་འབྲུག་སྔོན་མོ་དང་གངས་སེང་དཀར་པོ།

དཔལ་དགྱེས་པ་རྡོ་རྗེ།

 
བོད་གངས་ཅན་པའི་བསྟན་སྲིད་ཡོངས་ཀྱི་བདག་པོ་ཆོས་ཀྱི་རྒྱལ་པོ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་བསྟན་འཛིན་རྒྱ་མཚོ་འམ་ཏཱ་ལའི་བླ་མ་རེད། འཛམ་གླིང་སྤྱི་འགྲོས་ལྟར་འགྲོ་བ་མི་མང་དམངས་གཙོ་གཞིར་བཟུང་ནས་ཆོས་སྲིད་བསྟན་སྐྱོང་གི་འདེམས་སྒྲིག་ད་ལྟ་གནང་བཞིན་པའོ།།

དང་པོ་ནི་སྔོན་འགྲོའི་ཆ་རྐྱེན་གྱི་མེ་ལོང་རབ་གསལ་དགོས། སྲིད་སྐྱོང་ཞིག་ལ་དགོས་ངེས་དེ་དྲང་བདེན་དང་ལྷག་བསམ་ཤེས་ཡོན་གྱི་ཕྱུག་པའི་མི་གཤིས་

དེ་ལས་མང་བ་། “གཡུ་འབྲུག་སྔོན་མོ་དང་གངས་སེང་དཀར་པོ།” »

སྣ་ཚོགས།

ཡིད་ཆེས་ནི། ཆིག་སྒྲིལ་གྱི་རྨང་གཞི་ཡིན།

Posted on 2016-02-012016-02-01 By ཁ་བརྡ 5 Comments on ཡིད་ཆེས་ནི། ཆིག་སྒྲིལ་གྱི་རྨང་གཞི་ཡིན།

རྫ་ཆུ་སྔོན་མོ།

 
འདིར་ཆབ་སྲིད་དང་། འཛིན་སྐྱོང་གི་དབུ་ཁྲིད་མི་མང་གིས་ཐད་གར་འོས་འདེམས་བྱེད་པའི་ལམ་སྲོལ་དར་བ་ནས་བཟུང་། ངས་བཀའ་སྤྱི་གཉིས་ཀྱི་སྔ་ཕྱིའི་འོས་བསྡུའི་ཆ་ཤས་མ་བླངས་དུས་གཅིག་ཀྱང་མེད།
འོན་ཀྱང་། ཕ་ཡུལ་གཅིག་པ་ཟེར་ན་འདྲ། ཆོལ་ཁ་གཅིག་པའི་མི་ཞིག་ལ་ངས་སྲིད་སྐྱོང་གི་འོས་བླུག་པ་ད་རེས་ཐོག་དང་པོ་ཡིན་ལ། སྐབས་བཅུ་བཞི་བའི་སྲིད་སྐྱོང་ལ་སྔོན་འགྲོ་དང་དངོས་གཞི་གཉི་གར་བློ་བཟང་སེང་གེ་བདམས་ཡོད། དེ་ནི་དབུས་གཙང་དང་ཨ་མདོའི་ཁྲོད་དུ་མི་འཇོན་ཐང་ལྡན་པ་དང་རྣམ་དཔྱོད་ཅན་མེད་སོང་བས་རྩ་བ་ནས་མ་རེད།

དེ་ལས་མང་བ་། “ཡིད་ཆེས་ནི། ཆིག་སྒྲིལ་གྱི་རྨང་གཞི་ཡིན།” »

བསམ་ཚུལ།

ངའི་མི་མང་། ངའི་དབུས་གཙང་མི་མང་གི་གཉིད་ལ་འཐབ་པ། ༼༡༽

Posted on 2016-02-012016-02-02 By ཁ་བརྡ 13 Comments on ངའི་མི་མང་། ངའི་དབུས་གཙང་མི་མང་གི་གཉིད་ལ་འཐབ་པ། ༼༡༽

མི་ལ་རང་བཙན་གྱིས་བརྩམས།
སྐལ་བཟང་ཟླ་བས་བསྒྱུར།

 
རྩོམ་ཡིག་འདི་ནི་བོད་དང་རྒྱ་ཡི་སྐོར་མིན་ལ། རང་བཙན་དང་དབུ་མའི་ལམ་གྱི་སྐོར་མིན་པ་མ་ཟད། བཙན་བྱོལ་ནང་གི་མང་གཙོའམ་སྨྲ་བརྗོད་རང་དབང་གི་རྒྱུ་བ་འགོག་པའི་བྱ་སྤྱོད་གྱི་སྐོར་ཡང་མིན། ཀློག་པ་པོ་ཚོར་བརྗོད་བྱ་འདི་དག་དང་འབྲེལ་བའི་དྲི་བ་མང་པོ་ཡོད་སྲིད་ཀྱང་ད་རེས་ཟུར་དུ་བཞག་ཆོག འདི་ནི་སྤྱི་ལོ་༢༠༡༦ ལོའི་སྲིད་སྐྱོང་འོས་འདེམས་ཀྱིས་ང་ཚོའི་སྒོ་གླེགས་རྡུང་བཞིན་ཡོད་པས། དབུས་གཙང་མི་མང་གཉིད་ལས་སད་དགོས་པའི་འབོད་སྐུལ་ཞིག་ཡིན།།

དེ་ལས་མང་བ་། “ངའི་མི་མང་། ངའི་དབུས་གཙང་མི་མང་གི་གཉིད་ལ་འཐབ་པ། ༼༡༽” »

འགྱུར་རྩོམ།

འདྲ་པར་ཞིག་ལས་བདུད་བྷེ་གླེང་བ།—རྙིང་རྒྱུ་མེད་པའི་མི།

Posted on 2016-02-012016-02-01 By ཁ་བརྡ 4 Comments on འདྲ་པར་ཞིག་ལས་བདུད་བྷེ་གླེང་བ།—རྙིང་རྒྱུ་མེད་པའི་མི།

རྫ་ཚེ་རིང་བཀྲ་ཤིས།

 
ཉེ་ཆར་ནས་བོད་ཀྱི་སྒྱུ་རྩལ་གྱི་ཡབ་ཆེན། རྒན་བདུད་བྷེ་ལགས་སྨན་ཁང་དུ་ཡོད་པའི་གནས་ཚུལ་དང་། གནས་ཚུལ་ལས་འཕྲོས་པའི་གནས་ཚུལ་མང་པོ་ཞིག་དྲ་ལམ་དུ་ཁྱབ། ཡང་ཁར་རྩང་ཞིག་ལ། ངས་ཁོང་གིས་གླང་པོའི་ཚོགས་ཀྱི་སྣ་གླང་པོ་ཆེ་ཆེན་པོ་ཞིག་གིས་དྲངས་ཏེ་གཤར་བ་བཞིན། ཁོང་གིས་སྣེ་དྲངས་པའི་གླུ་པ་གླུ་མ་མང་པོ་ཞིག་གར་སྟེགས་ཞིག་གི་ཟུར་ངོས་ནས་འབབ་བཞིན་པ་དང་། ལོ་ན་ཁོང་ལས་གཞོན་པའི་གཞས་པ་གཞས་མ་མང་པོ་ཞིག་དཔལ་དུ་འབར་བའི་ལང་ཚོའི་ཟིལ་ཤུགས་ཀྱིས་མྱོས་ཏེ་བག་ཕེབས་བརྗིད་ཆགས་ཀྱི་རྣམ་པས་ཁོང་གི་རྗེས་སུ་སྐྱོད་བཞིན་པའི་འདྲ་པར་ཞིག་དྲ་ལམ་ནས་མཐོང་ཞིང་།

དེ་ལས་མང་བ་། “འདྲ་པར་ཞིག་ལས་བདུད་བྷེ་གླེང་བ།—རྙིང་རྒྱུ་མེད་པའི་མི།” »

ངོ་སྤྲོད།

ཨ་ལེ་Ali ཡི་སྙན་ངག་ཚན་པ་གཅིག

Posted on 2016-02-012016-02-01 By ཁ་བརྡ 4 Comments on ཨ་ལེ་Ali ཡི་སྙན་ངག་ཚན་པ་གཅིག

གཅན་བཟོད་རྒྱམ།

 
Ali ibn Abi Talib ནི་ཁ་ཆེའི་སྟོན་པ་མོ་ཧམ་མ་དེའི་ཁྲི་འཛིན་བཞི་པ་དེ་ཡིན་ལ། ཁོང་ནི་སྤྱི་ལོ་༥༩༩ ལོའི་ཟླ་༣ པའི་ཚེས་༡༧ ཉིན་ལྷོ་ཨ་རབ་བྷེའི་མ་ཁཱ་ཞེས་པའི་གྲོང་དུ་སྐུ་འཁྲུངས།
སྤྱི་ལོ་༦༦༡ ལོའི་ཟླ་༡ པོའི་ཚེས་༢༧ སྟེ་དགུང་ལོ་༦༢ ཐོག་གཞན་གྱིས་ལྐོག་གསོད་ཐེབས། ཁོང་ནི་ཁ་ཆེའི་སྟོན་པ་མོ་ཧད་མ་དྷེའི་བུ་མོའི་ཁྱོ་ག་ཡིན་ལ། གཞན་ཁོང་ལ་ད་དུང་ཆུང་མ་དང་བུ་བུ་མོ་དུ་ཡོད་སོགས་འབྲེལ་ཡོད་ཡག་ཆ་གཞན་དུ་གསལ། ཁོང་གི་སྙན་ངག་ཚན་པ་གཅིག

དེ་ལས་མང་བ་། “ཨ་ལེ་Ali ཡི་སྙན་ངག་ཚན་པ་གཅིག” »

འགྱུར་རྩོམ།

མི་ཚེ་ཟད་བྱེད་ཀྱི་བསྡུས་གྲྭའི་སྐོར།

Posted on 2016-02-012016-02-01 By ཁ་བརྡ 3 Comments on མི་ཚེ་ཟད་བྱེད་ཀྱི་བསྡུས་གྲྭའི་སྐོར།

འདབ་པ་ཚེ་དབང་མགོན་པོ།

 
དེང་སང་བོད་ཕྱི་ནང་གཉིས་ཀྱི་མཁས་དབང་རྣམས་ཀྱིས་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་བསྡུས་གྲྭའི་རིག་ལམ་དེ་དག་མི་དགོས་པ་དང་། གལ་ཏེ་སྦྱངས་ནའང་ཕན་ཐོགས་ཡེ་ནས་མེད་པའི་གཏམ་བཤད་པའི་ཐད་ལ། མཁས་པ་སོ་སོས་ཆུ་ཆར་གྱི་རྗེས་སུ་ཤ་མོ་བརྡོལ་བ་ལྟར། ང་ཡིན་ཁོ་ཡིན་ཟེར་ནས་དཔྱད་བརྗོད་དང་། སོ་སོའི་ལྟ་ཚུལ་དང་བསམ་ཚུལ་དང་འབྲེལ་བའི་བརྩམས་ཆོས་མང་པོ་ཞིག་སྤེལ་བ་རྣམས་ལས། འགའ་ཞིག་གིས་བསྡུས་གྲྭ་མ་སྦྱངས་ན་མདོ་རྒྱུད་བསྟན་བཅོས་ཀྱི་གཞུང་ཐམས་ཅད་མུ་གེར་ལྷག་འགྲོ་བར་དོགས་པ་ཡོད་ཚུལ་དང་།

དེ་ལས་མང་བ་། “མི་ཚེ་ཟད་བྱེད་ཀྱི་བསྡུས་གྲྭའི་སྐོར།” »

དཔྱད་རྩོམ།

Posts pagination

Previous 1 … 84 85 86 … 157 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (28)
  • ན་ཟུག (9)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme