Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འོས་ཤོག་མི་ལྡུག་པ་ཡང་དམངས་གཙོ་ལག་བསྟར་བྱ་སྟངས་ཤིག་ཡིན།

Posted on 2016-02-142016-02-15 By ཁ་བརྡ 6 Comments on འོས་ཤོག་མི་ལྡུག་པ་ཡང་དམངས་གཙོ་ལག་བསྟར་བྱ་སྟངས་ཤིག་ཡིན།

སྤྱི་དམངས་རང་དབང་།
 
དམངས་གཙོའི་གསེར་མདོག་གི་རླབས་རྒྱུན་ཁྲོད་ནས་འོས་ཤོག་ནི་དམངས་གཙོའི་ཁྱད་རྟགས་ཤིག་ཏུ་གྲུབ་ཡོད། དམངས་གཙོའི་རྒྱལ་ཁབ་དག་ཏུ་ཡང་འོས་ཤོག་གི་དུས་རིམ་ནི་དམངས་གཙོའི་དྲན་པ་སློང་བའི་དུས་སྐབས་གལ་ཆེན་ཞིག་རེད་ལ། མི་སྒེར་གྱི་ཐོང་ཐང་མངོན་གསལ་གྱིས་ལག་བསྟར་བྱ་བའི་དུས་བབ་ཅིག་ཀྱང་རེད། དེ་བས་འོས་ཤོག་ལྡུག་པ་ནི་དམངས་གཙོའི་ཁྱད་རྟགས་ཤིག་ཏུ་གྲུབ་པ་རེད་ལ། འོས་ཤོག་མི་ལྡུག་པ་ཡང་དམངས་གཙོའི་ཁྱད་རྟགས་ཤིག་ཏུ་རང་བཞིན་གྱིས་གྲུབ་ཡོད་པ་རེད།

རང་རེའི་བཙན་བྱོལ་དམངས་གཙོ་ནི།

དེ་ལས་མང་བ་། “འོས་ཤོག་མི་ལྡུག་པ་ཡང་དམངས་གཙོ་ལག་བསྟར་བྱ་སྟངས་ཤིག་ཡིན།” »

བསམ་ཚུལ།

བཙན་བྱོལ་བོད་མིས་སྔོན་འགྲོའི་འོས་བསྡུའི་སྐབས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་ཤོག་འཕེན་པ།

Posted on 2016-02-142016-02-14 By ཁ་བརྡ 3 Comments on བཙན་བྱོལ་བོད་མིས་སྔོན་འགྲོའི་འོས་བསྡུའི་སྐབས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་ཤོག་འཕེན་པ།

ཚེ་དབང་ནོར་བུ།

 
ཕྱི་ཟླ་༡༠ ཚེས་༡༨ ཉིན་འོས་བསྡུའི་མིང་གཞུང་ལ་འཁོད་པ་བཙན་བྱོལ་བོད་མི་ཁྲི་༩ མ་ཟིན་ཙམ་ལས་བརྒྱ་ཆ་༥༤ ལ་ཉེ་བས་སྲིད་སྐྱོང་དང་སྤྱི་འཐུས་༤༥ སྔོན་འགྲོའི་འོས་བསྡུར་དངོས་སུ་ཞུགས་འདུག། དེ་ནི་འོས་བསྡུའི་ནང་ཆ་ཤས་བླང་མཁན་ཡག་ཐག་ཆོད་བྱུང་ཤག་སྙམ། གང་ལགས་ཞུས་ན། གཅིག་ནས་ཚང་མས་མཁྱེན་གསལ་ལྟར། བོད་མི་རྣམས་འཛམ་གླིང་ཡུལ་གྲུ་འདྲ་མིན་ནང་ཁ་འཐོར་སྟེ་གནས་པའི་སྟེང་འོས་བསྡུའི་ས་ཁུལ་ངེས་ཅན་ཞིག་ལ་རང་ཉིད་ཀྱི་འོས་ཤོག་འཕེན་དགོས་ཀྱི་ཡོད། འཇར་མན་ལ་མཚོན་ན་ཧམ་སྦོག་དང་། སྦར་ལིན། སྦོན།

དེ་ལས་མང་བ་། “བཙན་བྱོལ་བོད་མིས་སྔོན་འགྲོའི་འོས་བསྡུའི་སྐབས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་ཤོག་འཕེན་པ།” »

དཔྱད་རྩོམ།

རྡོ་ཐབ་གསུམ་གྱི་བར་དུ་འོས་ཤོག་མེ་ལ་བསྲེག་རྒྱུ་ཡིན།

Posted on 2016-02-142016-02-14 By ཁ་བརྡ 4 Comments on རྡོ་ཐབ་གསུམ་གྱི་བར་དུ་འོས་ཤོག་མེ་ལ་བསྲེག་རྒྱུ་ཡིན།

གཙང་མེ་ལྕེ།

 
འུར་ཤོབ་ཆེན་པོའི་སྐད་ཆ་ཞིག་གིས་འགྲམ་ལྕག་གཞུས་པའི་ཉམས་མྱོང་ང་ཚོར་ཡོད་པ་རེད། ངས་ནི་མི་ལོ་བཞིའི་ཡར་སྔོན་ཞིག་ཏུ་དམངས་གཙོའི་འོས་བསྡུ་བྱས་པའི་བརྒྱུད་རིམ་ཆ་ཚང་མཐོང་ཡོད། འོས་ཤོག་ཡོད་ཚད་ཧུབ་ཀྱིས་མིད་པའི་ཁ་སྟབས་ཤིག་ལ་དམ་བཅའ་གསུམ་གྱིས་ལྷན་པ་བརྒྱབ་ཀྱང་མ་འཁེབ་པའི་འདི་ལོ་ཟེར་ན་ངས་ནི་འོས་མི་ལྡུད་པའི་ལོ་ནག་སྣ་ནག་ཅིག་ཡིན།

ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་ཞེན་བར་དུ་ང་ལ་དངོས་གཞིའི་འོས་མི་འོས་པ་ཞིག་མ་རྙེད་ཅིང་འོས་བསྡུ་འགན་འཛིན་འོས་པ་ཞིག་

དེ་ལས་མང་བ་། “རྡོ་ཐབ་གསུམ་གྱི་བར་དུ་འོས་ཤོག་མེ་ལ་བསྲེག་རྒྱུ་ཡིན།” »

གསལ་བཤད།

ངའི་ཕྱི་ལོ་༢༠༡༦ སྲིད་སྐྱོང་གི་འོས་ཤོག་དེ་ཚོགས་གཙོ་སྤེན་པ་ཚེ་རིང་ལ་འཕེན་རྒྱུ་ཡིན།

Posted on 2016-02-142016-02-14 By ཁ་བརྡ 20 Comments on ངའི་ཕྱི་ལོ་༢༠༡༦ སྲིད་སྐྱོང་གི་འོས་ཤོག་དེ་ཚོགས་གཙོ་སྤེན་པ་ཚེ་རིང་ལ་འཕེན་རྒྱུ་ཡིན།

མི་ལ་རང་བཙན་གྱིས་བརྩམས།
བསྟན་འཛིན་པདྨས་བོད་སྒྱུར་ཞུས།
 
ངའི་སྲིད་སྐྱོང་གི་འོས་མི་ཀླུ་མཁར་འབྱམས་ནི་དཔའ་ངར་དང་ལོ་རྒྱུས་རང་བཞིན་ཅན་གྱི་འགྲན་རྩོད་ཞིག་གི་རྗེས་སུ་(ཕྱི་ལོ་༢༠༡༦ ལོའི་)སྲིད་སྐྱོང་གི་འགྲན་རྩོད་འོས་མི་ཁོངས་ནས་འབུད་ཚར་སོང། ད་ནི་ང་ཚོར་ཕྱི་ལོ་༢༠༡༦ ལོའི་སྲིད་སྐྱོང་གི་འོས་བསྡུ་ཆེན་མོའི་ནང་དུ་གདམ་ཀ་གཉིས་ལས་ལྷག་མེད། གཅིག་ནི་(སྤྱི་འཐུས་ཚོགས་གཙོ་ལས་ཐོག་) སྤེན་པ་ཚེ་རིང་དང་(ད་ལྟའི་སྲིད་སྐྱོང་ལས་ཐོག་) བློ་བཟང་སེང་གེ་གཉིས་རེད། དེ་གཉིས་ལས་ངོས་རང་གིས་(ཚོགས་གཙོ་ལས་ཐོག་)སྤེན་པ་ཚེ་རིང་འདེམ་རྒྱུ་ཡིན།

དེ་ལས་མང་བ་། “ངའི་ཕྱི་ལོ་༢༠༡༦ སྲིད་སྐྱོང་གི་འོས་ཤོག་དེ་ཚོགས་གཙོ་སྤེན་པ་ཚེ་རིང་ལ་འཕེན་རྒྱུ་ཡིན།” »

གསལ་བཤད།

འདི་ལོ་ངས་འོས་མི་ལྡུག

Posted on 2016-02-142016-02-14 By ཁ་བརྡ 6 Comments on འདི་ལོ་ངས་འོས་མི་ལྡུག

unnamed—-གླིང་གཅེར་བུ།
 
མང་གཙོའི་ལམ་ལུགས་ནང་འོས་ཤོག་ནི་མི་མང་གི་འབོད་སྒྲ་ཡིན། རང་ཉིད་ཀྱི་འོས་ཤོག་ནི་རང་ཉིད་ཀྱི་འབོད་སྒྲ་མཚོན་བྱེད་ཡིན། འདི་ལོ་ང་ལ་རང་ཉིད་ཀྱི་འབོད་སྒྲ་ཡོད་ཀྱང་། འོས་ཤོག་གིས་མཚོན་ཐབས་མི་འདུག རང་ཉིད་ཀྱི་འབོད་སྒྲ་མེད་པའི་འོས་ཤོག་ཅིག་ངས་ལྡུག་སྤོབས་མ་མཆིས་པས། ངས་འདི་ལོ་འོས་མི་ལྡུག་རྒྱུའི་བློ་ཐག་བཅད་ཟིན།

དེ་ལས་མང་བ་། “འདི་ལོ་ངས་འོས་མི་ལྡུག” »

བསམ་ཚུལ།

བློ་བཟང་སེང་གེ་ལགས་སྲིད་སྐྱོང་ལ་མི་འོས་པའི་རྒྱུ་མཚན་ཆེན་པོ་བཅུ།

Posted on 2016-02-142016-02-14 By ཁ་བརྡ 15 Comments on བློ་བཟང་སེང་གེ་ལགས་སྲིད་སྐྱོང་ལ་མི་འོས་པའི་རྒྱུ་མཚན་ཆེན་པོ་བཅུ།

གཟུར་གནས་བློ་ལྡན།

 
༡༽ སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཞིབ་ཚགས་མཁྱེན་གྱི་མེད། དེ་མེད་པའི་གནས་སྟངས་ལོ་བཞི་དང་ཕྱེད་ཀའི་ནང་གསལ་བོ་ཆགས་ཟིན། སྲིད་སྐྱོང་གི་འགན་བབ་ལྟར་ན་འབུར་དུ་ཐོན་པའི་རྣམ་དཔྱོད་སྟོན་དགོས་ས་ཆབ་སྲིད་སྐོར་ཡིན་ཡང་། ད་བར་ཕྱི་ནང་གི་སྡིངས་ཆ་ཁག་དང་། གསར་ཤོག་ཁག གཞུང་འབྲེལ་གྲོས་ཚོགས་ནང་བཀའ་ཤག་གི་གསལ་བཤད་ཀྱིས་མཚོན་པའི་ཆབ་སྲིད་ཐད་ཀྱི་གཏམ་བཤད་ཁག་རང་གཞན་དོ་སྣང་འདྲེན་པ་གཅིག་ཀྱང་གསུང་ཐུབ་མེད། དེ་ནི་སྦས་པ་མིན་ལ། ཡོད་པ་དང་མཁྱེན་ནུས་འཛོམས་ཚེ་སྒྲོག་པ་ལ་ཅི་མི་སྙམ་པ་ནི་ཁོང་གི་ད་བར་གྱི་གཤིས་ཀ་ལ་བལྟས་ན་ར་སྤྲོད་ཐུབ་པས།

དེ་ལས་མང་བ་། “བློ་བཟང་སེང་གེ་ལགས་སྲིད་སྐྱོང་ལ་མི་འོས་པའི་རྒྱུ་མཚན་ཆེན་པོ་བཅུ།” »

བསམ་ཚུལ།

ད་ལོ་ང་ལ་འོས་མི་དང་འོས་ཤོག་མེད།

Posted on 2016-02-142016-02-14 By ཁ་བརྡ 1 Comment on ད་ལོ་ང་ལ་འོས་མི་དང་འོས་ཤོག་མེད།

གླིང་གཅེར་བུ།

 
དབྱིན་ཇིའི་གཏམ་དཔེ་ཞིག་ན་འདི་ལྟར་བཤད་ཡོད། སྲིད་གཞུང་གིས་ཁྱེད་ཀྱི་མགོ་ལ་བརྫུ་བྱེད་ཀྱི་ལྷམ་དེ་གཡས་ལྷམ་དང་གཡོན་ལྷམ་གང་ཡིན་ཀྱང་ཁྱད་པར་ཡོད་པ་མ་རེད་ཟེར་བ་ལྟར། སྲིད་གཞུང་གང་ཞིག་གིས་སྒེར་གཅོད་འཁྲབ་དུས་དངོས་སུ་འཁྲབ་པ་དང་ལྐོག་ནས་འཁྲབ་པ་གང་ཡིན་ཡང་དམིགས་ཡུལ་གཅིག་པ་ཡིན་པ་རེད།

ངས་བཤད་འདོད་པ་དེ་ད་ལོའི་བཙན་བྱོལ་སྒྲིག་འཛུགས་དང་འོས་བསྡུ་ལྷན་ཁང་སོགས་ཀྱིས་ལྐོག་ཇུས་སྒེར་གཅོད་འཁྲབ་སྟངས་དང་མི་སྒེར་ལ་གཟས་ཏེ་

དེ་ལས་མང་བ་། “ད་ལོ་ང་ལ་འོས་མི་དང་འོས་ཤོག་མེད།” »

གསལ་བཤད།

དུས་དབང་ཕྱིར་འགྱངས་སྐོར་ལ་དྲི་བ་གསུམ་ཡོད།

Posted on 2016-02-132016-02-13 By ཁ་བརྡ 29 Comments on དུས་དབང་ཕྱིར་འགྱངས་སྐོར་ལ་དྲི་བ་གསུམ་ཡོད།

image—-ཀརྨ་དཔལ་ལྡན།
 
བཀའ་ཤག་གིས་གོང་ས་མཆོག་ལ་དུས་དབང་ཐེངས་ 34 ཞུས་པ་ཞལ་བཞེས་ཐོབ་ཡོད་ཅེས་གསལ་བསྒྲགས་ཐོག་མ་དེ་ 2014 ཟླ་ 9 ཚེས་ 24 ཉིན་བྱས་ཡོད། དེ་ནི་བོད་ནང་ནས་རང་ལུས་མེར་སྲེག་གནང་མཁན་ལྷ་མོ་བཀྲ་ཤིས་འདས་གྲོངས་ཕྱིན་པར་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་མཆོད་འབུལ་ཉིན་ཡིན། སྐབས་དེར་སྲིད་སྐྱོང་གིས་འགྲེལ་བཤད་ནང་། ཟླ་བ་དགུའི་སྔོན་ནས་གསོལ་བ་བཏབས་ཚུལ་འགྲེལ་བརྗོད་བྱས་ཡོད།

དེ་ལས་མང་བ་། “དུས་དབང་ཕྱིར་འགྱངས་སྐོར་ལ་དྲི་བ་གསུམ་ཡོད།” »

བསམ་ཚུལ།

མོག་མོག་སྣ་འཛོམས་ཀྱི་སྟོན་མོ།

Posted on 2016-02-122016-02-13 By ཁ་བརྡ 8 Comments on མོག་མོག་སྣ་འཛོམས་ཀྱི་སྟོན་མོ།

ཀུན་ཕན་ཚང་།

 
ཟླ་གཉིས་པའི་ཚེས་ཉེར་དྲུག་གི་དགོང་མོ་དུས་ཚོད་དྲུག་པ་ནས་དགུ་བ་བར། ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་དུ་མདོ་དབུས་ཁམས་གསུམ་གྱི་མོ་མོ་ཟས་སྦྱོར་བ་མཁས་པ་དུ་མས་མོག་མོག་སྣ་འཛོམས་ཀྱི་སྟོན་མོ་ཞིག་བཤམ་གྱི་ཡོད། དེའི་ནང་དུ་དབུས་གཙང་གི་ཤ་མོག་དང་། ཨ་མདོ་ཡི་ཀྱོའུ་ཚའེ་ཡི་མོག་མོག ཆུ་ར་དང་པ་ལག་གི་མོག་མོག མར་ཆུར་བསྲེས་མའི་མོག་མོག་སོགས་བོད་ཀྱི་ཡུལ་ཁམས་མང་པོའི་མོག་མོག་སྣ་ཚོགས་ཀྱི་ཟས་སྟོན་བཤམ་གྱི་ཡོད། དུས་གཅིག་ལ་བོད་གྱི་ཡུལ་ཁམས་མང་པོའི་མོག་མོག་གི་བྲོ་བ་མྱོང་ཐུབ་པའི་

དེ་ལས་མང་བ་། “མོག་མོག་སྣ་འཛོམས་ཀྱི་སྟོན་མོ།” »

གསལ་བསྒྲགས།

བགྲེས་པོའི་སྔོན་གླེང་གནའ་གཏམ་རིང་མོ།

Posted on 2016-02-122016-02-12 By ཁ་བརྡ 22 Comments on བགྲེས་པོའི་སྔོན་གླེང་གནའ་གཏམ་རིང་མོ།

ཆོས་འཁོར་ཚང་དགེ་བཤེས་གཡུང་དྲུང་རྒྱ་མཚོས།
 
བགྲེས་པོའི་འབེལ་གཏམ་ཞེས་པའི་སྐབས་འདིའི་བགྲེས་པོ་ནི། ཡ་གླིང་ཨེ་ཤ་ཡའི་དབུ་རྒྱན་དུ་འགྱིང་བའི་སྲིད་པ་ཞང་བོད་མེས་པོའི་ཡང་མེས་སམ། གངས་རིའི་ལྗོངས་ཀྱི་ཕྱི་ནང་ཤེས་རིག་གི་སྣང་གསལ་ཐོག་མར་སྒྲོན་མཁན་ཏེ་སྤངས་རྟོགས་ཕུལ་ཕྱིན་གྱི་སྟོན་པ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོ་མཆོག་མཚོན་ལ། འབེལ་གཏམ་ནི་བདག་རྐྱེན་གྱི་སྟོན་པ་སངས་རྒྱས་དེ་ཉིད་ཀྱིས་གདུལ་བྱའི་བློ་རབ་འབྲིང་ཐ་གསུམ་ལ་ལྟོས་ཏེ་བོན་ཕྱི་ནང་གསང་གསུམ་དང་། བློ་རིམ་པ་དགུ་ལ་ལྟོས་ཏེ་བོན་ཐེག་པ་རིམ་པ་དགུ་སོགས་མདོ་སྔགས་རྫོགས་གསུམ་གྱིས་བརྗོད་བྱར་བརྒྱན་པའི་རྒྱལ་བའི་བཀའ་སྟེ་འཁོར་གྱི་སློབ་མ་དག་གིས་ཕྱོགས་སུ་བསྡེབས་ཤིང་།

དེ་ལས་མང་བ་། “བགྲེས་པོའི་སྔོན་གླེང་གནའ་གཏམ་རིང་མོ།” »

ངོ་སྤྲོད།

བར་ཐག་གི་དངན་པ།

Posted on 2016-02-122016-02-12 By ཁ་བརྡ 5 Comments on བར་ཐག་གི་དངན་པ།

འདྲེ་གླེན་པ།

 
སྲིད་པའི་མགོ་བོ་ལས་ཀྱི་པང་ལ་བཞག །
ལས་ཀྱི་རི་མོ་འཁོར་བའི་གྲོང་ལ་འཐེན།།
འཁོར་བའི་ཟོར་ཁ་ཚེར་མའི་སྣེ་ལ་ཟུག །
འགྲེལ་མེད་འཁོར་བའི་མདོ་ལ་སུན་པ་སྐྱེས།།

རོ་དེ་མེ་ཏོག་ཅིག་གི་ཟོལ་དུ་སྐྱེས།།

དེ་ལས་མང་བ་། “བར་ཐག་གི་དངན་པ།” »

སྙན་ངག

ཨ་མདོར་ཚོགས་པའི་མེ་སྤྲེལ་བོད་ཀྱི་ལོ་གསར་དགོང་ཚོགས།

Posted on 2016-02-122016-02-12 By ཁ་བརྡ 7 Comments on ཨ་མདོར་ཚོགས་པའི་མེ་སྤྲེལ་བོད་ཀྱི་ལོ་གསར་དགོང་ཚོགས།

གློག་བརྙན་།

ང་ཚོ་ཐུན་མོང་གི་དཀའ་ངལ།

Posted on 2016-02-112016-02-11 By ཁ་བརྡ 15 Comments on ང་ཚོ་ཐུན་མོང་གི་དཀའ་ངལ།

_____རྭ་འཕྲིན ༼ཨ་རི༽
 
འཕགས་པ་སྤྱན་རས་གཟིགས་མིའི་རྣམ་པར་རོལ་བ། ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་བཀའ་དྲིན་དང་ཐུགས་རྗེ་ཉག་གཅིག་ལ་བརྟེན་ནས། རྒྱལ་ཕྱི་ནང་ཀུན་ཏུ་གནས་བའི་བོད་མི་ཐམས་ཅད་ཀྱིས་རང་ཉིད་བོད་པ་ཞིག་ཡིན་ཞེས་དེང་སྐབས་འཛམ་གླིང་གོ་ལ་ཟླུམ་པོའི་ཐོག་ངོམ་ཆོག་ཆོག་ཅིག་དང་། མི་རིགས་གཞན་དག་གི་མདུན་ནས་ཡང་རང་ཉིད་ཡིག་རྨོངས་པ་ཞིག་ཡིན་ནའང་། ངོ་གནོང་མི་དགོས་བའི་གདེང་སྤོབས་ཤིག་བསྐྲུན་ཡོད་པ་རེད། བོད་གངས་ཅན་པའི་ལོ་རྒྱུས་དང་། ལྷག་པར་དུ་འདས་བའི་བགྲང་བྱ་དྲུག་བཅུ་ལྷག་གི་ནང་དུ་བོད་མི་རིགས་ཀྱི་ཁོག་པའི་སྙིང་དང་དཔྲལ་བའི་མིག་ལྟ་བུར་གྱུར་ཡོད་པ་སྨྲོས་མ་དགོས་པ་རེད།

དེ་ལས་མང་བ་། “ང་ཚོ་ཐུན་མོང་གི་དཀའ་ངལ།” »

བསམ་ཚུལ།

ཞུ་སྐུལ་ཡི་གེ

Posted on 2016-02-112016-02-11 By ཁ་བརྡ 5 Comments on ཞུ་སྐུལ་ཡི་གེ

ཐོས་དགའ་རྒྱལ་མོ།
 
༄༅། །དཔལ་ལྡན་༸མི་རྗེ་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་གི་ཞབས་དྲུང་དུ།

གུས་པ་ཆེན་པོས་ཞུ་གསོལ། ཁ་སང་དཔལ་ལྡན་བཀའ་ཤག་གིས་དུས་འཁོར་དབང་ཆེན་ལོ་གཅིག་རིང་ཕྱིར་འགྱང་གནང་བའི་སྐོར་དང་། སྐུ་དོན་གཅོད་རྣམ་པའི་མཚན་གནས་སྐོར་ཡོངས་ཁྱབ་གསལ་བསྒྲགས་གནང་སྟེ་སྤྱི་འཐུས་ཚོགས་གཙོ་མཆོག་གི་གསུང་གླེང་ལ་ཐེར་འདོན་གནང་འདུག་པར་ཚད་མཐོའི་ཡི་རང་བསྔགས་བརྗོད་ཞུ་བ་ལགས།
ཡིན་ནའང་། དཔལ་ལྡན་བཀའ་ཤག་དང་། དཔལ་ལྡན་དགའ་ལྡན་ཕོ་བྲང་ནས་ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༣༡ ཉིན་གསལ་བསྒྲགས་བསྐྱངས་པ་དང་།

དེ་ལས་མང་བ་། “ཞུ་སྐུལ་ཡི་གེ” »

འཕྲིན་ཡིག

གངས་ཅན་བོད་པའི་སྲིད་རྒྱལ་བློ་བཟང་སེངྒེ་རྒྱལ་གླུ་གངས་སེངྒི་ང་སྒྲ

Posted on 2016-02-112016-02-11 By ཁ་བརྡ 17 Comments on གངས་ཅན་བོད་པའི་སྲིད་རྒྱལ་བློ་བཟང་སེངྒེ་རྒྱལ་གླུ་གངས་སེངྒི་ང་སྒྲ

unnamed-10—–ཨེ་མ་ཧོ།
 
ན་མོ་གུ་རུ་སེངྷ་ར་ཛ་ཡེ།
མགོན་རྒྱལ་ཀུན་འདུས་ཞལ་པདྨ་འབྱུང་།།
ལྷ་རིགས་རྒྱའི་ཁྱབ་བདག་རྡོ་རྗེ་སེམས།།
གྲོགས་མཁའ་འགྲོ་རྗེ་བཙུན་སྒྲོལ་མ་དང་།།
དཔུང་ཆོས་སྐྱོང་གེ་སར་རྒྱལ་པོས་སྲུང་།།

དེ་ལས་མང་བ་། “གངས་ཅན་བོད་པའི་སྲིད་རྒྱལ་བློ་བཟང་སེངྒེ་རྒྱལ་གླུ་གངས་སེངྒི་ང་སྒྲ” »

སྙན་ངག

སྲིད་སྐྱོང་འོས་མི་བློ་བཟང་སེངྒེ་ལགས་ལ་བཅར་འདྲི།

Posted on 2016-02-102016-02-10 By ཁ་བརྡ 33 Comments on སྲིད་སྐྱོང་འོས་མི་བློ་བཟང་སེངྒེ་ལགས་ལ་བཅར་འདྲི།

བཅར་འདྲི།

དམ་བཅའ་གཅིག་དང་འཕྲལ་སེལ་དགོས་འདུན་གསུམ།

Posted on 2016-02-092016-02-09 By ཁ་བརྡ 4 Comments on དམ་བཅའ་གཅིག་དང་འཕྲལ་སེལ་དགོས་འདུན་གསུམ།

unnamed-8—-བསྟན་པ་དར་རྒྱས

 
ཚེ་འབར།
བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་སྐུ་གཤེགས་པ་དང་། ཁྲི་མུན་བཙོན་ཁང་ནས་དམྱལ་བ་མི་ཡུལ་དུ་བསླེབས་པ་ལྟ་བུའི་མནར་གཅོད་མྱངས་དང་མྱོང་བཞིན་པའི་རླབས་ཆེ་བའི་སྤུན་ཟླ་ཚོ་དང་། ལྷག་ཏུ་ད་སྔ་བྱུང་མ་མྱོང་བའི་འཛམ་གླིང་གི་ཆེས་ཚད་མཐོ་བའི་ལས་འགུལ་

དེ་ལས་མང་བ་། “དམ་བཅའ་གཅིག་དང་འཕྲལ་སེལ་དགོས་འདུན་གསུམ།” »

གསལ་བཤད།

བལ་ཡུལ་གྱི་སྙན་ངག

Posted on 2016-02-092016-02-09 By ཁ་བརྡ No Comments on བལ་ཡུལ་གྱི་སྙན་ངག

གོ་འཇོ་བསོད་ནམས་ནོར་བུ།
 
སྔ་ཚན།
མི་འཁྱམ་རྐང་པ་ཡ་གིའི་རི་ལ་སྤོས་ན།།
རི་རྩེའི་ལམ་བུ་ཕྲ་མོ་ཀྱག་གེ་ཀྱོག་གེ།།
རི་སྐེད་ཕར་ཚུར་གྲོང་སྡེ་ཐར་རེ་ཐོར་རེ།།
རི་འདབས་ལྗང་མདོག་ཞིང་ཁ་ཐམ་མེ་ཐེམ་མེ།།

ཡུན་རིང་ངལ་ཞིང་དུབ་པའི་སེམས་པ་ཉོབ་ཏོ།།

དེ་ལས་མང་བ་། “བལ་ཡུལ་གྱི་སྙན་ངག” »

སྙན་ངག

༄༅།།སྤྲེལ་ལོ་ལ་བཀྲ་ཤིས་བདེ་ལེགས།

Posted on 2016-02-092016-02-09 By ཁ་བརྡ 4 Comments on ༄༅།།སྤྲེལ་ལོ་ལ་བཀྲ་ཤིས་བདེ་ལེགས།

unnamed-6—སྤྲུལ་སྐུ་པདྨ་རིག་འཛིན།
 
སེམས་ཀྱི་ངོ་བོ་སྟོང་པ་ཉིད། སྟོང་པ་ཉིད་ལ་ཅི་ཡང་རུང་། དེ་ཡི་རང་བཞིན་འོད་གསལ་བ། མེ་ལོང་ཇི་བཞིན་ཅི་ཡང་འཆར། ཅི་ཡང་རུང་དང་ཅི་ཡང་གསལ། དེ་ཡི་དབང་ལས་འགྲོ་བའི་སེམས། གཡོ་བ་སྤྲེལ་གྱི་ངང་ཚུལ་འཛིན། འཁྲུལ་དང་གྲོལ་བའི་ལས་ཀུན་བྱེད། དེ་ཕྱིར་སྤྲེལ་ལོ་གསར་ཚེས་ལ། སྤྲེལ་རྒན་བཀྲ་ཤིས་བདེ་ལེགས་ཞུ།

དེ་ལས་མང་བ་། “༄༅།།སྤྲེལ་ལོ་ལ་བཀྲ་ཤིས་བདེ་ལེགས།” »

སྙན་ངག

༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེས་མེ་སྤྲེལ་ལོ་སར་ལ་གནང་བའི་ཞལ་གདམས།

Posted on 2016-02-092016-02-09 By ཁ་བརྡ 34 Comments on ༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེས་མེ་སྤྲེལ་ལོ་སར་ལ་གནང་བའི་ཞལ་གདམས།

unnamed-5–ཆོས་དབྱིངས་རྡོ་རྗེས་བསྒྱུར།
 
མེ་སྤྲེལ་གྱི་གནམ་ལོ་གསར་དུ་བཞད་པའི་དུས་སྟོན་སྲུང་རྩི་གནང་མཁན་ཡོངས་ལ་མཛའ་བརྩེ་དང་འབྲེལ་བའི་སྒོ་ནས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། ང་ཚོར་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་དང་འདོད་ཡིད་ཆེས་ཀྱི་དད་པ་དང་།

དེ་ལས་མང་བ་། “༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེས་མེ་སྤྲེལ་ལོ་སར་ལ་གནང་བའི་ཞལ་གདམས།” »

འགྱུར་རྩོམ།

Posts pagination

Previous 1 … 82 83 84 … 157 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (28)
  • ན་ཟུག (9)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme