Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དྲང་བདེན་དང་བྱམས་བརྩེའི་སྙིང་སྟོབས།

Posted on 2017-05-152017-05-15 By ཁ་བརྡ 5 Comments on དྲང་བདེན་དང་བྱམས་བརྩེའི་སྙིང་སྟོབས།

2017-05-10-US-delegates-G11_DSC8054ཡོང་ཁུངས། རྒྱལ་བ་རིན་པོ་ཆེ་བོད་ཡིག་དྲ་བ། 

 

(ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༡༠ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མི་ནེན་སི་པེ་ལོ་སི་ Nancy Pelosi མཆོག་གིས་དབུས་ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་བརྒྱད་ཀྱིས་གཙོས་པའི་ཨ་རིའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་རྡ་ས་བཞུགས་སྒར་དུ་ཆེད་ཕེབས་གནང་བར་བོད་མིའི་སྒྲིག་འཛུགས་ཀྱིས་དགའ་བསུའི་གཞུང་འབྲེལ་མཛད་སྒོའི་དབུ་བཞུགས་ཐོག་སྩལ་པའི་བཀའ་སློབ།)

དེ་ལས་མང་བ་། “དྲང་བདེན་དང་བྱམས་བརྩེའི་སྙིང་སྟོབས།” »

གསུང་བཤད།

ཨ་མའི་དུས་དྲན།

Posted on 2017-05-15 By ཁ་བརྡ 2 Comments on ཨ་མའི་དུས་དྲན།

ཨེ་མ་ཧོ།

 

ཨ་མ་གཡུགས་ནས་བླ་མ་གནང་འཁན་མོད།།
བུ་ངས་ཨ་མ་གཡོགས་ནས་བླ་མ་སྒྲུབ།།
དྲིན་ཆེན་དྲིན་ལན་བཟོ་མཁས་ཨེ་མ་ཧོ།།
འདི་ཕྱིའི་བདེ་སྐྱིད་འབྱུང་གནས་ང་མིན་སུ།།
འགའ་རེས་རབ་བྱུང་ཟེར་ནས་འཇིག་རྟེན་བརྩོན།།
བུ་ངས་ཁྱིམ་བདག་བྱས་ནས་ཨ་མ་གཡོགས།།

དེ་ལས་མང་བ་། “ཨ་མའི་དུས་དྲན།” »

སྙན་ངག

ཕོ་བྲང་དཀར་པོའི་ནང་ས་གཡོམ་ཐེངས་འགའ་བརྒྱབ་འདུག

Posted on 2017-05-142017-05-14 By ཁ་བརྡ 6 Comments on ཕོ་བྲང་དཀར་པོའི་ནང་ས་གཡོམ་ཐེངས་འགའ་བརྒྱབ་འདུག

ལྷ།བྱ་འཕུར་མ།

 

ད་ལོའི་ཟླ་༡ ཚེས་ ༢༠ ཉིན་ལོ་བདུན་བཅུ་ཡིན་པའི་ཨ་རིའི་ས་ཁང་འཛུགས་སྐྲུན་གྱི་ཕྱུག་དབང་ཆེན་པོ་སྐུ་ཞབས་ཁྲི་རོན་པུ་(Donald J Trump)ལགས་ཀྱིས་ཨ་རིའི་གྲོས་ཚོགས་ཀྱི་མདུན་ཐང་དུ་སྲིད་འཛིན་ ༤༥ ཡི་སྲིད་འཛིན་དམ་འབུལ་གནང་རྗེས། ཕོ་བྲང་དཀར་པོའི་ནང་ས་གཡོམ་རིམ་པ་འགའ་

དེ་ལས་མང་བ་། “ཕོ་བྲང་དཀར་པོའི་ནང་ས་གཡོམ་ཐེངས་འགའ་བརྒྱབ་འདུག” »

བསམ་ཚུལ།

ཉིས་སྟོང་བཅུ་བཞི་ཤིང་རྟ་ལོར་རྒྱ་གར་དབུས་དང་བྱང་ཤར་དུ་བསྐྱོད་པའི་ཟིན་ཐོ། (༧)

Posted on 2017-05-12 By ཁ་བརྡ 2 Comments on ཉིས་སྟོང་བཅུ་བཞི་ཤིང་རྟ་ལོར་རྒྱ་གར་དབུས་དང་བྱང་ཤར་དུ་བསྐྱོད་པའི་ཟིན་ཐོ། (༧)

སེར་བྱེས་དགེ་བཤེས་རྭ་རྒྱ་བློ་བཟང་དཔལ་ལྡན།

 

བདུན། རྡོ་རྗེ་གླིང་།

ཀ་ལི་སྦུག་ནས་རླངས་འཁོར་གྱིས་རི་གཤམ་དུ་ཆུ་ཚོད་ཕྱེད་ཙམ་བབས་རྗེས་བཀྲ་ཤིས་གྲགས་ཟེར་བའི་ཟམ་པ་བརྒལ་རྗེས་རི་སྒང་ཞིག་བརྒྱུད་ནས་འགྲོ་དགོས་ཀྱི་འདུག ལམ་བར་དུ་ཤིང་ཨ་གར་དང་། ཤུག་པའི་ཤིང་སྡོང་རྩེ་མཐོ་ལ་ཡལ་འདབ་རྒྱས་པ་ཧ་ཅང་མང་བ་དང་། ཇ་ཤིང་སོགས་

དེ་ལས་མང་བ་། “ཉིས་སྟོང་བཅུ་བཞི་ཤིང་རྟ་ལོར་རྒྱ་གར་དབུས་དང་བྱང་ཤར་དུ་བསྐྱོད་པའི་ཟིན་ཐོ། (༧)” »

ལྷུག་རྩོམ།

ཐའེ་ཝན་དུ་སྟོན་པའི་འཁྲུངས་སྐར་དུས་སྟོན་དང་བོད་བརྒྱུད་ནང་པ། 


Posted on 2017-05-12 By ཁ་བརྡ No Comments on ཐའེ་ཝན་དུ་སྟོན་པའི་འཁྲུངས་སྐར་དུས་སྟོན་དང་བོད་བརྒྱུད་ནང་པ། 


གནས་འཕྲིན་ཡོང་ཁུངས། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་ཚོགས་ཡིག་ཚང་།

 

ལོ་རེའི་སྤྱི་ཟླ་ལྔ་པའི་ཟླ་བ་ཉ་གང་བའི་ཉིན་མོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་ཁེལ་གནང་བའི་སངས་རྒྱས་ཀྱི་འཁྲུངས་སྐར་ཡིན་ཞིང་། ལྷོ་བརྒྱུད་ནང་པ་དང་རྒྱ་བརྒྱུད་ནང་པ་སོགས་ཀྱི་འཁྲུངས་སྐར་རྩི་སྟངས་ཡང་ཕལ་ཆེར་གཅིག་ཏུ་འབབ། 

དེ་ལས་མང་བ་། “ཐའེ་ཝན་དུ་སྟོན་པའི་འཁྲུངས་སྐར་དུས་སྟོན་དང་བོད་བརྒྱུད་ནང་པ། 
” »

གསར་འགྱུར།

ཉིས་སྟོང་བཅུ་བཞི་ཤིང་རྟ་ལོར་རྒྱ་གར་དབུས་དང་བྱང་ཤར་དུ་བསྐྱོད་པའི་ཟིན་ཐོ། (༦)

Posted on 2017-05-11 By ཁ་བརྡ No Comments on ཉིས་སྟོང་བཅུ་བཞི་ཤིང་རྟ་ལོར་རྒྱ་གར་དབུས་དང་བྱང་ཤར་དུ་བསྐྱོད་པའི་ཟིན་ཐོ། (༦)

སེར་བྱེས་དགེ་བཤེས་རྭ་རྒྱ་བློ་བཟང་དཔལ་ལྡན།

 

དྲུག ཀ་ལི་སྦུག

ཀ་ལི་སྦུག་ནི་འབྲས་ལྗོངས་ནས་རི་གཤམ་དུ་ཆུ་ཚོད་གཉིས་ཙམ་བབས་རྗེས་སླར་ཡང་གྱེན་དུ་ཕྱོགས་ཏེ་རླངས་འཁོར་ནང་ཆུ་ཚོད་ཕྱེད་ཙམ་ནས་སླེབས་ཀྱི་འདུག།གྲོང་ཁྱེར་དེ་ནི་ཅུང་མཐོ་བའི་རི་ཞིག་གི་ཁ་ཞེང་ཡངས་ས་ཞིག་ཏུ་ཡོད་ཅིང་། ཟུར་གཅིག་ནས་བལྟས་ན་རི་མཐོན་པོ་ཞིག་གི་རྩེར་ཡོད་པ་འདྲ་ནའང་། ཕྱོགས་གཞན་ནས་བལྟས་ན་རི་མཐོ་བའི་སྣང་བ་མི་སྟེར་བར་མ་ཟད། ལུང་ཁུག་གི་ཆུ་བཞུར་ས་ལའང་ཐག་མི་རིང་བས་རི་ཐེམ་ཅུང་བདེ་ས་ཞིག་ན་ཆགས་འདུག རླངས་འཁོར་མང་བ་དང་། ལམ་གྱི་ཞེང་ཚད་ཆུང་བས་གཟའ་འཁོར་གཅིག་ནང་གི་ཚོང་

དེ་ལས་མང་བ་། “ཉིས་སྟོང་བཅུ་བཞི་ཤིང་རྟ་ལོར་རྒྱ་གར་དབུས་དང་བྱང་ཤར་དུ་བསྐྱོད་པའི་ཟིན་ཐོ། (༦)” »

ལྷུག་རྩོམ།

བུ་མོའི་མཐོ་རྒྱུགས་ལ་གསོལ་འདེབས་དད་པ་རུས་འཇུ་མ།

Posted on 2017-05-10 By ཁ་བརྡ No Comments on བུ་མོའི་མཐོ་རྒྱུགས་ལ་གསོལ་འདེབས་དད་པ་རུས་འཇུ་མ།

ཨ་མདོའི་རྫས་ཚ༜རིག་འཛིན་བཀྲ་ཤིས་ཀྱིས།

 

ཀ་དར་བརྒྱུས་པའི་ཚིག་གི་སྐུལ་མས་དཔའ་བསྐྱེད་མ།།
ཁ་གཡང་སྨོན་ལམ་ཕྱག་གི་སྙིམ་པ་སོར་བཅུ་མ།།
ག་དུས་བླ་མས་བསྟན་པ་སྐྱོང་བའི་རྗེས་འཇུག་མ།།
ང་དང་ཕ་མ་གཞན་དག་སྨོན་ལམ་མགྲིན་གཅིག་མ།།

ཅ་ཅོའི་མོད་ལ་བསྟོད་པའི་རེ་བ་རྫོགས་ལྡན་མ།།
ཆ་ཙམ་རྣ་བ་ཟུར་ཙམ་གཡོ་དང་རིག་བཟང་མ།།

དེ་ལས་མང་བ་། “བུ་མོའི་མཐོ་རྒྱུགས་ལ་གསོལ་འདེབས་དད་པ་རུས་འཇུ་མ།” »

སྙན་ངག

རང་གིས་རང་ལ་སྨྲས་པ།།

Posted on 2017-05-09 By ཁ་བརྡ 2 Comments on རང་གིས་རང་ལ་སྨྲས་པ།།

སོག་མདའ།

 

ལས་ཀྱིས་དེད་པའི་འཇིག་རྟེན་ཀློངས་ནས་ངེས་མེད་ས་མཐའི་ཡུལ་ལ་འགྲིམས།།
སེམས་ཀྱིས་བསྐྱངས་བའི་ཕ་མ་བསྐྱུར་ཞིང་ཤ་ལུས་མཆེད་པའི་བུ་ཕྲུག་དོར།།
བཀོད་བའི་ཐོད་ཀྱི་ལམ་བུ་དེ་ལ་སུ་དང་གང་གིས་བཅོས་དཀའ་པས།།
འདི་སྣང་སྒྱུ་མའི་གྲོང་ཁྱེར་འདི་ནས་འདི་ལྟར་བགྲོད་པ་ཅིའི་ཕྱིར་སྐྱོ།།

གཉེན་ཞེས་བྱ་བའི་ཉེ་བོ་དེ་ཡང་རེ་འགར་དགྲ་སུ་ཤར་བ་དང་།།
དགྲ་བོ་ཞེས་བའི་སྡང་ས་དེ་ཡང་རེ་འགར་སྤུན་དུ་གྱུར་བ་ཡིས།།

དེ་ལས་མང་བ་། “རང་གིས་རང་ལ་སྨྲས་པ།།” »

སྙན་ངག

ཉིས་སྟོང་བཅུ་བཞི་ཤིང་རྟ་ལོར་རྒྱ་གར་དབུས་དང་བྱང་ཤར་དུ་བསྐྱོད་པའི་ཟིན་ཐོ། (༥)

Posted on 2017-05-092017-05-09 By ཁ་བརྡ No Comments on ཉིས་སྟོང་བཅུ་བཞི་ཤིང་རྟ་ལོར་རྒྱ་གར་དབུས་དང་བྱང་ཤར་དུ་བསྐྱོད་པའི་ཟིན་ཐོ། (༥)

སེར་བྱེས་དགེ་བཤེས་རྭ་རྒྱ་བློ་བཟང་དཔལ་ལྡན།

 

ལྔ། སྦས་ཡུལ་འབྲས་མོ་ལྗོངས།

མོན་ཡུལ་ནས་འབྲས་ལྗོངས་ལ་འགྲོ་བའི་ལམ་བར་ཡང་རི་མཐོ་ལ་རོང་ཟབ་པ། ས་བབ་རྩུབ་པ་དང་། ལམ་མི་བཟང་བ་སོགས་འགྲུལ་བཞུད་དཀའ་ཙམ་བྱུང་ལ། རླངས་འཁོར་ནང་ཆུ་ཚོད་༣༠ ཙམ་ལ་རི་ལུང་ཐང་གསུམ་དང་། གྲོང་དང་གྲོང་རྡལ་མང་པོ་བརྒྱུད་མཐར་འབྲས་ལྗོངས་སེར་བྱེས་འགྲོ་ཕན་གླིང་ལ་སླེབས། དེ་གའི་ཕྱག་མཛོད་གཉིས་ཀྱིས་སྣེ་ལེན་གང་བཟང་དང་། ཡུལ་དང་དགོན་པའི་

དེ་ལས་མང་བ་། “ཉིས་སྟོང་བཅུ་བཞི་ཤིང་རྟ་ལོར་རྒྱ་གར་དབུས་དང་བྱང་ཤར་དུ་བསྐྱོད་པའི་ཟིན་ཐོ། (༥)” »

ལྷུག་རྩོམ།

ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་ལ་བཅར་འདྲི་ཞུས།

Posted on 2017-05-09 By ཁ་བརྡ 1 Comment on ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་ལ་བཅར་འདྲི་ཞུས།

བཅར་འདྲི།

ཉིས་སྟོང་བཅུ་བཞི་ཤིང་རྟ་ལོར་རྒྱ་གར་དབུས་དང་བྱང་ཤར་དུ་བསྐྱོད་པའི་ཟིན་ཐོ། (༤)

Posted on 2017-05-07 By ཁ་བརྡ 5 Comments on ཉིས་སྟོང་བཅུ་བཞི་ཤིང་རྟ་ལོར་རྒྱ་གར་དབུས་དང་བྱང་ཤར་དུ་བསྐྱོད་པའི་ཟིན་ཐོ། (༤)

སེར་བྱེས་དགེ་བཤེས་རྭ་རྒྱ་བློ་བཟང་དཔལ་ལྡན།

 

བཞི། ཚངས་དབྱངས་རྒྱ་མཚོའི་ཕ་ཡུལ།

ཉིན་དང་པོ།  ཞོགས་པ་ཆུ་ཚོད་ལྔ་དང་ཕྱེད་ཙམ་ནས་གཉིད་ལས་སད། གནས་འདིའི་དུས་ཚོད་ནི་རྒྱ་གར་ལྷོ་ཕྱོགས་དང་མི་འདྲ་བར་ནམ་ལངས་པ་ཧ་ཅང་སྔ་བའམ། ཡང་ན་རྒྱ་གར་ཕལ་མོ་ཆེར་བཀོལ་བའི་དུས་ཚོད་དེ་གནས་འདི་དང་མི་འཚམས་པ་འདྲ་སྟེ། ཆུ་ཚོད་ལྔ་བ་ནས་ནམ་ལངས་ཏེ་ཡུད་ཙམ་འགོར་ཟིན་འདུག།ནམ་ལངས་པ་དང་ས་རུབ་སྔ་ཕྱི་སོགས་ཀྱང་རང་གི་ཡུལ་དུས་དང་མི་འཚམས་པ་ཞིག་ཨུ་ཚུགས་ཀྱིས་དང་ལེན་བྱེད་དགོས་པ་འདི་ཡང་ངེད་ཅག་གི་ལས་དབང་དང་འབྲེལ་བ་ཡོད་དེ། བོད་ཡུལ་ནས་རྒྱ་ནག་ཤར་ཕྱོགས་ཀྱི་

དེ་ལས་མང་བ་། “ཉིས་སྟོང་བཅུ་བཞི་ཤིང་རྟ་ལོར་རྒྱ་གར་དབུས་དང་བྱང་ཤར་དུ་བསྐྱོད་པའི་ཟིན་ཐོ། (༤)” »

ལྷུག་རྩོམ།

དབྱིན་ཇི་དང་ཡོ་རོབ་གཉིས་ཀྱི་གྲོས་མོལ་དཀའ་ངལ་གྱི་ནང་དུ་ལྷུང་འདུག 

Posted on 2017-05-07 By ཁ་བརྡ No Comments on དབྱིན་ཇི་དང་ཡོ་རོབ་གཉིས་ཀྱི་གྲོས་མོལ་དཀའ་ངལ་གྱི་ནང་དུ་ལྷུང་འདུག 

ཨ་ནུ་ཐང་བསོད་ནམས།

 

འཇར་མན་གྱི་ཚགས་ཤོག་སྟེང་དུ་བདུན་ཕྲག་སྔོན་མའི་ནང་དུ་དབྱིན་ཇི་ཡི་སྲིད་བློན་ཏཱ་ར་ས་མཱ་ཡིས་དང་ཡོ་རོབ་ཀྱི་སྲིད་འཛིན་ཡོན་ཁོ་གཉིས་གཙོ་བོ་བྱས་བའི་དབུ་ཁྲིད་རྣམས་དབྱིན་ཇིའི་རྒྱལ་ས་ལི་གྲོན་དུ་དགོང་ཇ་ཡི་ཐོག་ཏུ་ཐུག་འཕྲད་གནང་སྐབས་སུ། གྲོས་ཁ་མ་འཆམ་པ་གནད་དོན་གང་ཞིག་གི་ཐོག་ལ་གྲོས་མོལ་བྱེད་མི་ཐུབ་འདུག ཡིན་ཡང་། དབྱིན་ཇིའི་སྲིད་བློན་དང་། ཡོ་རོབ་སྲིད་འཛིན་གཉིས་ཀས་དགོང་ཇའི་རྗེས་སུ་གསར་འགོད་པ་ལ་ཐུག་

དེ་ལས་མང་བ་། “དབྱིན་ཇི་དང་ཡོ་རོབ་གཉིས་ཀྱི་གྲོས་མོལ་དཀའ་ངལ་གྱི་ནང་དུ་ལྷུང་འདུག ” »

བསམ་ཚུལ།

བརྩེ་གདུང་གི་རྨ་ཁ།

Posted on 2017-05-07 By ཁ་བརྡ No Comments on བརྩེ་གདུང་གི་རྨ་ཁ།

ཞི་བདེའི་ལང་ཚོ།

 

འགྱུར་མེད་ཀྱི་བརྩེ་སེམས། དྲན་གདུང་གི་མིག་ཆུ། ལྷད་མེད་ཀྱི་ལྷག་བསམ། དྲང་བདེན་གྱི་སྙིང་གཏམ། ཡིད་འཕྲོག་གི་ཟླ་མོ། ཡུལ་དུས་གང་དུ་སོང་ཡང་ནམ་ཡང་བརྗེད་ཐབས་མེད་པའི་བདག་གི་སྙིང་ནས་སྙིང་དུ་སྡུག་པའི་ཟླ་མོ་ལགས། བཅོ་ལྔའི་དུང་ཟླ་བཞིན་དུ་དཀར་ཞིང་མཛེས་པའི་ཁྱེད་ཀྱི་བཞིན་བཟང་དེ་ཉིད། གང་དུ་སོང་ཡང་ངའི་ཡིད་སེམས་ཀྱི་མེ་ལོང་ནང་དུ་ལྷང་ངེར་འཆར་བཞིན་ཁྱེད་ཉིད་དྲན་གདུང་གིས་ངའི་སེམས་ཁམས་ཡོངས་སུ་བཟི་སྟེ་མཆིས་ཉལ་པ་ནས་མཆིས་ཉལ་པ་ཞིག་ཏུ་འགྱུར་ནས།

དེ་ལས་མང་བ་། “བརྩེ་གདུང་གི་རྨ་ཁ།” »

ལྷུག་རྩོམ།

མཁན་པོ་ཀརྨ་ཚེ་བརྟན་གྱི་མཛད་རྣམ་མདོར་བསྡུས།

Posted on 2017-05-07 By ཁ་བརྡ 5 Comments on མཁན་པོ་ཀརྨ་ཚེ་བརྟན་གྱི་མཛད་རྣམ་མདོར་བསྡུས།

unnamedམཁན་པོ་ཚུལ་རྣམ།

 

ངེས་པ་དོན་གྱི་བླ་མ་དམ་པ་མཁན་ཆེན་རྡོ་རྗེ་འཆང་མཚན་ཡོངས་གྲགས་ཁྲ་ཆོག་མཁན་པོ་ཀརྨ་ཚེ་བརྟན་མཆོག་ནི་བོད་རབ་བྱུང་བཅོ་ལྔ་པའི་ཆུ་ཕོ་བྱི་བའི་ལོ།  སྤྱི་ལོ ༡༩༡༢ ལོར་ཁམས་ཀེ་རེ་ལྷ་སྒང་པདྨ་རུ་བའི་ཐར་ལུང་མདོར་ཡབ་རུས་སོག་པོ་ཀརྨ་བསོད་ནམས་དང

དེ་ལས་མང་བ་། “མཁན་པོ་ཀརྨ་ཚེ་བརྟན་གྱི་མཛད་རྣམ་མདོར་བསྡུས།” »

ལོ་རྒྱུས།

སྲིད་སྐྱོང་གཟིམ་ཁུག་ཏུ་འཇུག་མི་རུང་།

Posted on 2017-05-052017-05-06 By ཁ་བརྡ 34 Comments on སྲིད་སྐྱོང་གཟིམ་ཁུག་ཏུ་འཇུག་མི་རུང་།

ཤར་ཕྱོགས་ཁུག་རྟ།

 

འོས་འདེམས་བྱས་པའི་དབུ་ཁྲིད་ལ་འོས་འཕེན་པས་དྲི་བ་དང་རྗེས་འདེད་གཏོང་རྒྱུ་མཚམས་ཆད་མི་རུང་། དེ་མཚམས་ཆད་པ་ཡིན་ན་མི་མང་གིས་མང་གཙོའི་འོས་འགན་ཏག་ཏག་ཅིག་བསྣམས་ཀྱི་མེད་པའི་རྟགས་ཐོན་པ་རེད། མི་མང་གིས་ཐུགས་འགན་བཞེས་སྟངས་ནི་དུས་ལས་མ་ཡོལ་བ་ཞིག་ཡོང་རྒྱུ་ཁག་པོ་ཡིན་པས། ངེས་པར་དུ་སྤྱི་ཚོགས་ནང་གི་གཟུར་གནས་ཤེས་ལྡན་སྤྱི་སེམས་ཅན་ཚོའི་བསམ་ཚུལ་ལ་ཉན་དགོས་པ་གལ་ཆེན་ཡིན།

ང་ཚོ་ཚང་མ་མི་ཞིག་ཡིན་པའི་ཆ་ནས། ལྷན་སྐྱེས་སུ་ཡོད་པའི་ཞེན་ཁོག་དང་།

དེ་ལས་མང་བ་། “སྲིད་སྐྱོང་གཟིམ་ཁུག་ཏུ་འཇུག་མི་རུང་།” »

བསམ་ཚུལ།

ཉིས་སྟོང་བཅུ་བཞི་ཤིང་རྟ་ལོར་རྒྱ་གར་དབུས་དང་བྱང་ཤར་དུ་བསྐྱོད་པའི་ཟིན་ཐོ། (༣)

Posted on 2017-05-042017-05-04 By ཁ་བརྡ 4 Comments on ཉིས་སྟོང་བཅུ་བཞི་ཤིང་རྟ་ལོར་རྒྱ་གར་དབུས་དང་བྱང་ཤར་དུ་བསྐྱོད་པའི་ཟིན་ཐོ། (༣)

སེར་བྱེས་དགེ་བཤེས་རྭ་རྒྱ་བློ་བཟང་དཔལ་ལྡན།

 

གསུམ། ཟེ་ལ་རི་རྩེའི་ཇ་ཁང་།

ཕྱག་མཛོད་བློ་བཟང་སྒྲ་དབྱངས་དང་ཞབས་བརྟན་སྒྲུབ་མཁན་དགེ་འདུན་པ་བཞི་བཅས་ཏེ་ཛུ་པུར་ལ་འབྱོར་བའི་ཕྱི་ཉིན་གྱི་ཐོ་རངས་ཆུ་ཚོད་བཞི་དང་ཕྱེད་ཙམ་ནས་ལམ་དུ་ཆས། ཕ་མཐའ་ཡས་པའི་རྒྱ་གར་གྱི་ཐང་ཆེན་པོ་དེ་ཚོ་རིམ་གྱིས་རྫོགས་ཤིང་། ལྗོན་ཤིང་སྟུག་པོར་སྐྱེས་པའི་རི་རྒྱུད་ཆེན་པོ་ཞིག་གི་སྣེ་ཟིན་མཚམས་སུ་རྒྱ་གར་པས་ཨ་རུ་ན་ཅལ་དུ་འབོད་པའི་མངའ་སྡེ་དེའི་སྒོ་ཆེན་མཐོང་བྱུང་། ཉེ་འཁྲིས་སུ་རྒྱ་གར་གྱི་དམག་མི་ཧ་ཅང་མང་པོ་འདུག་ལ།

དེ་ལས་མང་བ་། “ཉིས་སྟོང་བཅུ་བཞི་ཤིང་རྟ་ལོར་རྒྱ་གར་དབུས་དང་བྱང་ཤར་དུ་བསྐྱོད་པའི་ཟིན་ཐོ། (༣)” »

ལྷུག་རྩོམ།

སྨོན་གསོལ་དྲང་སྲོང་བདེན་ཚིག་གི་ལྷ་དར་བཀྲ་ཤིས་རྟགས་བརྒྱད།།

Posted on 2017-05-042017-05-05 By ཁ་བརྡ No Comments on སྨོན་གསོལ་དྲང་སྲོང་བདེན་ཚིག་གི་ལྷ་དར་བཀྲ་ཤིས་རྟགས་བརྒྱད།།

༄༅།།འཛམ་གླིང་ཞི་བདེའི་ཆོས་རྒྱལ་ཆེན་པོ་༧རྒྱལ་དབང་༧ཀརྨ་པ་༧ཨོ་རྒྱན་མཐའ་ཡས་རྡོ་རྗེའི་འཁྲུངས་སྐར་སྨོན་གསོལ་དྲང་སྲོང་བདེན་ཚིག་གི་ལྷ་དར་བཀྲ་ཤིས་རྟགས་བརྒྱད།།

 

ཨེ་མ་ཧོ།

ན་མོ་མ་ཧཱ་གུ་རུ་བུདྡྷ་ཀརྨ་ས་ཏྭ་ཡེ།།
ཕྱོགས་དུས་རྒྱལ་ཀུན་འདུས་ཞལ་ཨོ་རྒྱན་རྗེ་དང་དབྱེར་མེད་ཀུན་ཏུ་བཟང་།།

དེ་ལས་མང་བ་། “སྨོན་གསོལ་དྲང་སྲོང་བདེན་ཚིག་གི་ལྷ་དར་བཀྲ་ཤིས་རྟགས་བརྒྱད།།” »

སྙན་ངག

ཆོས་པ་དང་། ཆོས་ལུགས།

Posted on 2017-05-04 By ཁ་བརྡ No Comments on ཆོས་པ་དང་། ཆོས་ལུགས།

དགའ་དགའ།

 

རྒྱ་གར་ཆོས་ཀྱི་ས་བོན་བོད་དུ་བཏབ་སྟེ།།
འབྲས་བུ་ཆོས་སྲིད་གཉིས་ཀྱི་སྡོང་བུ་སྐྱེས་ཤིང་།།
མེ་ཏོག་སད་ཀྱིས་ཁྱེར་བའི་རྙིང་རལ་ཅན་དེ།།
ལོ་ངོ་སྟོང་ཕྲག་རིང་ལ་དུག་སྦྱོར་བྱས་སོ།།

ཆོས་དད་ཆོས་ཀྱིས་མི་འདུལ་ཁྲམ་པའི་ཚོཌ་དག །
ས་ཆ་གང་དུ་གནས་ཀྱང་གཡོ་དང་སྒྱུ་རེད།།

དེ་ལས་མང་བ་། “ཆོས་པ་དང་། ཆོས་ལུགས།” »

སྙན་ངག

ཉིས་སྟོང་བཅུ་བཞི་ཤིང་རྟ་ལོར་རྒྱ་གར་དབུས་དང་བྱང་ཤར་དུ་བསྐྱོད་པའི་ཟིན་ཐོ། (༢)

Posted on 2017-05-042017-05-04 By ཁ་བརྡ No Comments on ཉིས་སྟོང་བཅུ་བཞི་ཤིང་རྟ་ལོར་རྒྱ་གར་དབུས་དང་བྱང་ཤར་དུ་བསྐྱོད་པའི་ཟིན་ཐོ། (༢)

སེར་བྱེས་དགེ་བཤེས་རྭ་རྒྱ་བློ་བཟང་དཔལ་ལྡན།

 

གཉིས་པ། ཏེ་ཛུ་པུར་གྱི་འདས་དོན།

ང་རང་ཕྱིར་ལྷོ་ཕྱོགས་སུ་འགྲོ་བར་ཉེ་བའི་སྐབས་སེར་བྱེས་གྲྭ་ཚང་གི་ཕྱག་མཛོད་ཆེན་མོ་ཐུབ་བསྟན་སྨོན་ལམ་མཆོག་ནས་ཞལ་པར་ནང་གསུངས་དོན། གྲྭ་ཚང་གི་གྲོས་ཚོགས་འཐུས་མིའི་རྒྱུན་ལས་བཞི་བོ་གང་རུང་ཞིག་མོན་རྟ་དབང་གི་སེར་བྱེས་དགོན་ལག་དང་འབྲས་ལྗོངས་སེར་བྱེས་དགོན་ལག་གཉིས་ཀའི་མཁན་པོ་དང་ཕྱག་མཛོད་གསར་བསྐོའི་

དེ་ལས་མང་བ་། “ཉིས་སྟོང་བཅུ་བཞི་ཤིང་རྟ་ལོར་རྒྱ་གར་དབུས་དང་བྱང་ཤར་དུ་བསྐྱོད་པའི་ཟིན་ཐོ། (༢)” »

ལྷུག་རྩོམ།

འགྱོད་སེམས་ཀྱི་རྒྱང་ཤེལ་དཀར་པོ།

Posted on 2017-05-03 By ཁ་བརྡ No Comments on འགྱོད་སེམས་ཀྱི་རྒྱང་ཤེལ་དཀར་པོ།

ཞི་བདེའི་ལང་ཚོ།

 

ལོ་ངོ་དང་ཟླ་ངོ
ཉིན་མོ་དང་མཚན་མོ
དབྱར་དང་དགུན
ཐ་ན་སྐར་ཆ་དང་སྐར་ཆ་ཡིས
བར་མཚམས་མེད་པར
འགྱོད་སེམས་ཀྱི་རྒྱང་ཤེལ་དེ་ཉིད་འདྲེན་བྱེད་དུ་གྱོན་ནས
ངས་རྟག་ཏུ་འདས་ཟིན་པའི་རྒྱབ་ངོས་ཀྱི་ལོ་རྒྱུས་ལ་ལྟ་བཞིན་ཡོད

དེ་ལས་མང་བ་། “འགྱོད་སེམས་ཀྱི་རྒྱང་ཤེལ་དཀར་པོ།” »

སྙན་ངག

Posts pagination

Previous 1 … 48 49 50 … 157 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (23)
  • ན་ཟུག (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme