Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འབྲི་གུང་༧སྐྱབས་མགོན་རིན་པོ་ཆེས་ཐའེ་ཝན་དུ་དད་ལྡན་སྟོང་ཕྲག་ལྷག་ལ་མ་ཧཱ་གུ་རུའི་བཀའ་དབང་གནང་བ།

Posted on 2022-11-092022-11-09 By ཁ་བརྡ 1 Comment on འབྲི་གུང་༧སྐྱབས་མགོན་རིན་པོ་ཆེས་ཐའེ་ཝན་དུ་དད་ལྡན་སྟོང་ཕྲག་ལྷག་ལ་མ་ཧཱ་གུ་རུའི་བཀའ་དབང་གནང་བ།

 
གསར་འགྱུར་མཁོ་སྤྲོད་པ། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ། 
 
 
དེ་ཡང་སྤྱི་ལོ་༢༠༢༢ ཟླ་བ ༡༡ པའི་ཚེས་༦ ཉིན། ཐའེ་སྡོད་བོད་རིགས་ཚོགས་པ་དང་། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་ཐུན་མོང་གིས་གསོལ་བ་བཏབ་པ་བཞིན། སྒྲུབ་བརྒྱུད་བསྟན་པའི་མངའ་བདག་༧འབྲི་གུང་སྐྱབས་མགོན་འཕྲིན་ལས་ལྷུན་གྲུབ་མཆོག་གིས་ཐའེ་ཝན་གནས་བཞུགས་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་རིས་མེད་ཀྱི་མཁན་སྤྲུལ་དགེ་བཤེས་བཙུན་མ་སོགས་དགེ་འདུན་པ་བདུན་ཅུར་ཉེ་བ་དང་། ས་གནས་བོད་རིགས། དེ་བཞིན་ཐའེ་ཝན་གྱི་རྒྱ་བརྒྱུད་ནང་པའི་དགེ་འདུན་པ་དང་དད་ལྡན་བཅས་སྐྱ་སེར་གཅིག་སྟོང་ལྷག་ལ་གཏེར་ཆེན་པདྨ་གླིང་པའི་ཟབ་གཏེར་གུ་རུ་ཞི་བའི་སྨིན་དབང་གནང་ཡོད།
 
དེ་ཡང་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་མཁན་པོ་འཇིགས་མེད་རྣམ་རྒྱལ་མཆོག་གིས་ཐོག་མར་ཞིབ་འཇུག་ཚོགས་དང་། ས་གནས་བོད་རིགས་མཐུན་ཚོགས་ཐུན་མོང་གིས་མཛད་རིམ་འདི་བཞིན་གོ་སྒྲིག་དགོས་པའི་རྒྱུ་མཚན་དང་འབྲེལ་ཕུན་སུམ་ཚོགས་པ་ལྔའི་སྒོ་ནས་བཀའ་དབང་དང་འབྲེལ་བའི་གཏམ་བཤད་དང་། ༧སྐྱབས་མགོན་མཆོག་གིས་ཐུགས་བརྩེ་ཆེན་པོས་བཀའ་དབང་སྩོལ་གནང་མཛད་རྒྱུའི་ཞལ་བཞེས་ལ་དམིགས་བསལ་བཀའ་དྲིན་ཆེ་ཞུའི་འཚམས་འདྲི་གྲུབ་རྗེས། བཀའ་དབང་ལ་དངོས་སུ་ངོ་བཅར་ཞུས་ཡོད་པའི་ཞིབ་འཇུག་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་འཇིགས་མེད་རྣམ་རྒྱལ། ལྷ་རམས་པ་ཧ་ཤེན་རིན་པོ་ཆེ། དབང་སྟོད་སྤྲུལ་སྐུ་ཐུབ་བསྟན་ནོར་བུ། བཀྲ་ཤིས་རིན་པོ་ཆེ།   སྒྲུབ་དཔོན་བསོད་ནམས་ཉི་མ། དགེ་བཤེས་ཐུབ་བསྟན་ནོར་བུ། མཁན་པོ་ཚེ་དབང་རིག་འཛིན། བླ་མ་ཡོན་ཏན་རིན་པོ་ཆེ། སློབ་དཔོན་ཡེ་ཤེས་རབ་རྒྱས་བཅས་འགན་འཛིན་ཐུན་མོང་ནས་མཎྚལ་དང་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས། 

དེ་ལས་མང་བ་། “འབྲི་གུང་༧སྐྱབས་མགོན་རིན་པོ་ཆེས་ཐའེ་ཝན་དུ་དད་ལྡན་སྟོང་ཕྲག་ལྷག་ལ་མ་ཧཱ་གུ་རུའི་བཀའ་དབང་གནང་བ།” »

གསར་འགྱུར།

ཉིན་གཅིག་གི་མཐོང་སྣང་། (ཞར་བཀོད་བཞི)

Posted on 2022-11-072022-11-07 By ཁ་བརྡ 1 Comment on ཉིན་གཅིག་གི་མཐོང་སྣང་། (ཞར་བཀོད་བཞི)

རེབ་ཐོག་མདའ།

འདི་ཕྱིའི་ཚེ་ཡི་འཁུར་བོ་རྫོགས་མེད་ཀྱི་འཚོ་བ། །
སྣང་བ་འཇའ་ཚོན་རི་མོ་ལས་ཉོན་གྱིས་བསྐུལ་ན། །
ཉི་ཟླའི་འཆར་ནུབ་མི་འཇིག་རྟག་བརྟན་དུ་གནས་ཀྱང་། །
སྒྱུ་མའི་འཇིག་རྟེན་འདི་ལ་ཡིད་རྟོན་རེ་མ་རྙེད། །

རྒས་གཉེར་སྟུག་པོ་སྐྱ་བོའི་ངོ་གདོང་ནས་མངོན་ཀྱང་། །
རང་རྒྱུད་དགེ་བར་འཇུག་པའི་ལམ་ཁ་ཞིག་མ་རྙེད། །
ན་རྒའི་སྡུག་བསྔལ་དབང་མེད་ལུས་སེམས་ནས་འགུལ་ཀྱང་། །
སྲིད་པའི་འཁོར་བ་ཞེན་པའི་ལན་ཆགས་ཞིག་འཁོར་སོང་། །

དེ་ལས་མང་བ་། “ཉིན་གཅིག་གི་མཐོང་སྣང་། (ཞར་བཀོད་བཞི)” »

སྙན་ངག

སྟོན་ཁ།

Posted on 2022-11-06 By ཁ་བརྡ No Comments on སྟོན་ཁ།

རས་པ།

འདི་ནས་ཡར་ལ་བལྟས་པའི་རི་བོ་དེས།
ག་ལེར་སྐྱ་ཡུག་ཡུག་གི་ལྭ་བ་མནབས་ཏེ།
སྐྱོ་གདུང་གི་རྡུལ་འཚུབ་གཏོར།
མཛེས་སྡུག་གི་རི་ལུང་བདེ་བར་བཞུད་ཅིག
སྐྱིད་སྡུག་ནི་སྔ་ཕྱི་ཙམ་ཡིན་པས་སང་ལོ་མཇལ་ཆོག

རི་ཞིག་ལ་འདང་རྒྱབ་ན།
ཁྱོད་ལ་རང་གི་མཛེས་སྡུག་གི་སྔོ་ལྗང་འཕྲོག་པའི་སྡུག་བསྔལ་ཡོད་དམ།
ངས་རང་གི་སྤང་ཐང་ཡངས་པོ་དྲན་ཐེངས་རེར།
སྡུག་བསྔལ་དང་ཁོང་ཁྲོ་ཡིས་རང་ཉིད་འཇོམས་པར་བྱེད།
ཡིན་ནའང་། དགུན་འཁྱག་གི་དུས་འགྱུར་འདི་ལ།
མགོ་བོ་བསྲིངས་ནས་རང་སྲོག་གཅོད་མི་སྲིད།

དེ་ལས་མང་བ་། “སྟོན་ཁ།” »

སྙན་ངག

ཁབ་གཙགས་རི་མོའི་བྱུང་བ་མདོར་བསྡུས། 

Posted on 2022-11-03 By ཁ་བརྡ 2 Comments on ཁབ་གཙགས་རི་མོའི་བྱུང་བ་མདོར་བསྡུས། 

རས་པ།

ཁབ་གཙགས་རི་མོའི་ཆེས་ཐོག་མའི་དུས་རིམ་ནི་ཧ་ཅང་ཡ་མཚན་པ་ཞིག་ཡིན་པ་དང་། རི་མོ་འདི་ནོའུ་རྫི་ལན་དུ་གདོད་མའི་ཨིན་སྒྲའི་ཨན་མི་རིགས་ཀྱིས་མིའི་གཟུགས་པོའི་སྟེང་ས་ཁྲ་བསྐོས་པ་ལ་བརྟེན་ནས་མགོ་བཙུགས་ཡོད།  གདོད་མའི་མི་རིགས་འདིའི་མི་ཚོ་ཕྱོགས་བསྐྱོད་སྐབས་མི་གཅིག་གི་རྒྱབ་དང་གཟུགས་པོའི་ཆ་ཤས་གང་རུང་དུ་གང་དུ་འགྲོ་དགོས་པ་ས་ཁྲར་བྲིས་ཏེ་ཕྱོགས་བསྐྱོད་བྱེད་ཀྱི་ཡོད།  རིམ་པས་རི་མོའི་འདི་ལ་འགྱུར་བ་ཆེན་པོ་ཐེབས་ཡོད་པ་དང་།  མི་ཚང་རེ་རེའི་མི་རྒྱུད་ཀྱི་རྟགས་མཚན་དང་། མི་རྒྱུད་ཅི་ཙམ་སོང་ཡོད་མེད་ལ་ངོས་འཛིན་བྱེད་པའི་མཚོན་རྟགས་སུ་གྱུར་ཡོད། མཚོན་རྟགས་འདི་ནི་ཁའི་འགྲམ་དང་དཔྲལ་བར་སྒོར་དབྱིབས་ཀྱི་རྨ་ཐིག་འཐེན་ཡོད་པ་ཞིག་ཡིན། མི་རབས་རིམ་པར་སོང་ཡང་སྒོར་དབྱིབས་རྨ་ཐིག་གི་གྲངས་ཀ་ལ་ལྟོས་ཚེ་མི་དེའི་མི་རྒྱུད་ལ་ངོས་འཛིན་ཐུབ་ཀྱི་ཡོད་འདུག  སྒོར་དབྱིབས་རི་མོ་དེ་ནི་བཤད་ཚོད་ལ་ཉི་མ་དང་ཟླ་བའི་གཟུགས་སུ་བཞེད་ཀྱི་ཡོད་པ་དང་། འདི་ཉིད་དད་མོས་ཀྱི་གཞི་གང་ཡིན་པ་ལ་ཆ་འཇོག་བྱས་པ་ཞིག་ཀྱང་རེད།

དེ་ལས་མང་བ་། “ཁབ་གཙགས་རི་མོའི་བྱུང་བ་མདོར་བསྡུས། ” »

ལོ་རྒྱུས།

ཨ་མ་ལགས། བཀའ་དྲིན་ཆེ།

Posted on 2022-10-19 By ཁ་བརྡ No Comments on ཨ་མ་ལགས། བཀའ་དྲིན་ཆེ།

བདེ་སྐྱིད།

ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༢༦ ཉིན་བོད་ཕྲུག་ཁྱིམ་སྡེའི་སློབ་ཟུར་ཚོས་གངས་ཅན་བོད་ཀྱི་ཨ་མ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་ལ་བཀའ་དྲིན་རྗེས་དྲན་ཆེད་ཨ་མ་ལགས་ཀྱི་ལམ་སྟོན་ལྟར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་གཏན་འཁེལ་འདུག གལ་ཏེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལ་བཀའ་དྲིན་ཞུ་དགོས་ས་ཡོད་ན་གཙོ་བོ་གཉིས་ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། ཨ་མ་ལགས་རྣམ་གཉིས་རེད། ངས་བཀའ་དྲིན་ཆེ་ཞུ་ཡུལ་གཞན་མེད་པ་བརྗོད་ཀྱི་མེད། ཁོང་རྣམ་གཉིས་ཀྱི་སྐུ་ཚེ་དང་བོད་ཀྱི་ལས་དབང་ཟུང་དུ་སྦྲེལ་ཡོད་པས་ཁོང་རྣམ་གཉིས་སྐུ་ཚེ་ཡུན་དུ་བརྟན་པའི་བརྟན་བཞུགས་ལོས་འབུལ་དགོས། བཙན་བྱོལ་ནང་ལ་བོད་མི་ཆིག་འབུམ་ལྷག་ཡོད་ན་བོད་ཕྲུག་ཁྱིམ་སྡེ་ནས་ཐོན་པའི་སློབ་ཕྲུག་ཁྲི་ལྔ་ལྷག་ཡོད་པས་བཙན་བྱོལ་བོད་མིའི་མི་འབོར་བརྒྱ་ཆ་ ༥༠ ལྷག་བོད་ཕྲུག་ཁྱིམ་སྡེ་ནས་གསོ་སྐྱོང་གནང་ཡོད། 

དེ་ལས་མང་བ་། “ཨ་མ་ལགས། བཀའ་དྲིན་ཆེ།” »

བསམ་ཚུལ།

རྩྭ་ཐང་ནས་བྱེ་ཐང་ལ་ལྷུང་བའི་མཐོ་སྒང་གི་རྣམ་ཤེས་འཁྱམས་པོ་ཞིག

Posted on 2022-10-18 By ཁ་བརྡ No Comments on རྩྭ་ཐང་ནས་བྱེ་ཐང་ལ་ལྷུང་བའི་མཐོ་སྒང་གི་རྣམ་ཤེས་འཁྱམས་པོ་ཞིག

ཁྲོ་གཏུམ།

མེ་ཏོག་སྣ་བརྒྱའི་དྲི་ངད་ཀྱིས་ཁེངས་པའི་རྩྭ་ཐང་ནས་གཉིད་ལ་ཤོར
གཉིད་ཧ་ཅང་མཐུག་པོའི་ཁོང་གསེང་ལས་རྨི་ལམ་བཏང
ལྗང་མདོག་གི་ནེམ་ལོས་འཁྱུད་ཅིང
ཉི་འོད་ཀྱི་ཟེར་མས་བཀབ་དུས
ང་ནི་ཆེས་གཅེས་ལངས་སུ་སོང་བའི་ཨ་མའི་བང་གི་བུ་ཁོ་དེ་མིན་ནམ

དེ་ལས་མང་བ་། “རྩྭ་ཐང་ནས་བྱེ་ཐང་ལ་ལྷུང་བའི་མཐོ་སྒང་གི་རྣམ་ཤེས་འཁྱམས་པོ་ཞིག” »

སྙན་ངག

པདྨ་མ་ཚེ་བརྟན་གྱི་མཚན་སྙན་དང་ཁོང་གི་གློག་བརྙན་བྱ་དགའ་དག་ནི་མཚར་རོ་མཚར་རོ་ཞིག་རེད།         

Posted on 2022-10-05 By ཁ་བརྡ 1 Comment on པདྨ་མ་ཚེ་བརྟན་གྱི་མཚན་སྙན་དང་ཁོང་གི་གློག་བརྙན་བྱ་དགའ་དག་ནི་མཚར་རོ་མཚར་རོ་ཞིག་རེད།         

གྲོལ་ཧེ་རུ་ཀཿ

1-  དུས་ཚོད་ནམ་ཡིན་གསལ་བོར་མི་དྲན་མོད། ང་རང་མཐོ་འབྲིང་སྐབས་ཤིག་ཡིན་པ་ཡོད། སྦྲང་ཆར་དུས་དེབ་ཅིག་ལས་པདྨ་ཚེ་བརྟན་གྱི་སྒྲུང་རྩོམ་གྲགས་ཅན་སྙན་ངག་པ་དུར་ཁྲོད་རྗེས་སུ་དྲན་པ་ཞེས་པའི་སྒྲུང་འབྲིང་ཞིག་ཀློག་པའི་སྐལ་བ་བྱུང་། དེ་ནས་བཟུང་པདྨ་ཚེ་བརྟན་བརྩམ་ཆོས་ཁྲོད་ནས་ངོ་ཤེས་ཤིང་ཁོང་དང་ཁོང་གི་ཡིག་ཐོག་བརྩམ་ཆོས་ལ་མོས་གུས་ཚད་མེད་སྐྱེས་མྱོང་། སྐབས་ཐོག་དེར་ང་གཅིག་པོ་མ་རེད་རྩོམ་རིག་ལ་དབྱིངས་ཞུགས་པའི་ན་གཞོན་རྩོམ་དགའ་ཚང་མ་ཁོང་ལ་དགའ་མོས་ཆེན་པོ་རེད། སྤྱི་ལོ་ཉིས་སྟོང་གསུམ་བཞི་ཡས་མས་ཤིག་ལ་ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་ཞེས་པའི་ཟློས་གར་གློག་བརྙན་ཞིག་ལ་ཐོག་མར་བལྟས་ཡིན། གློག་བརྙན་བལྟས་ནས་རྗེས་རྗེས་སུ་མ་གཏོགས་གློག་བརྙན་དེའི་རྩོམ་པ་བོ་པདྨ་ཚེ་བརྟན་ཡིན་པ་ཧ་གོ་མ་སོང་།  གློག་བརྙན་དེ་ཡག་མ་ཡག་གི་ཚོར་བ་དམིགས་བསལ་གང་ཡང་བྱུང་བ་མི་དྲན། འོན་ཀྱང་རྗེས་ནས་གློག་བརྙན་དེའི་རྩོམ་པ་བོ་བོད་པ་ཞིག་དང་ལྷག་ཏུ་སྒྲུང་རྩོམ་པ་གྲགས་ཅན་པདྨ་ཚེ་བརྟན་ཡིན་པ་ཤེས་པས་གློག་བརྙན་དེ་ལ་སྔོན་མ་ལས་ལྡབ་འགྱུར་གྱིས་ཇེ་དགའ་དང་གདེངས་འཇོག་ཇེ་ཆེར་འགྲོ་སོང་། སྤྱི་ལོ་ཉིས་སྟོང་ཡར་མར་ལ་ང་ཚོའི་བསམ་པར། གློག་བརྙན་ཞིག་ཡོད་ན་དེའི་རྩོམ་པ་བོ་དང་འཁྲབ་སྟོན་པ་སོགས་ཚང་མ་ཤང་ཀང་གི་རྒྱ་མི་ཏག་ཏག་ལོས་ཡིན་སྙམ་པ་དེ་རེད། སྤྱི་ལོ་ཉིས་སྟོང་ལྔ་ཙམ་ནས་བཟུང་ད་བར་དུ་པདྨ་ཚེ་བརྟན་གྱི་བརྩམ་ཆོས་གང་ལའང་དོ་སྣང་གཏད་གཏད་དུ་བསྡད་ཡིན།

དེ་ལས་མང་བ་། “པདྨ་མ་ཚེ་བརྟན་གྱི་མཚན་སྙན་དང་ཁོང་གི་གློག་བརྙན་བྱ་དགའ་དག་ནི་མཚར་རོ་མཚར་རོ་ཞིག་རེད།         ” »

བསམ་ཚུལ།

འདས་མཆོད་ཟིན་བྲིས།

Posted on 2022-09-08 By ཁ་བརྡ No Comments on འདས་མཆོད་ཟིན་བྲིས།

གྲོལ་ཧེ་རུ་ཀཿ

1.དབྱིན་ལོ་ཉིས་སྟོང་ལྔ་ལོའི་དབྱིན་ཟླ་བདུན་པའི་དབྱིན་ཚེས་ཉེར་བརྒྱད་ཉིན་བདག་རྭ་རྒྱའི་སློབ་གྲྭ་ནས་སློབ་མཐར་ཕྱིན། མི་ལོ་ལྔའི་རིང་སློབ་གྲྭ་དེར་བསྡད། ཉིས་སྟོང་ལྔ་ལོའི་ལོ་མཇུག་ལ་གྲོལ་ཧེ་རུ་ཀའི་བཏུས་རྩོམ་<དུར་འཇུག་གི་འདས་མཆོད་>ཅེས་པའི་བཏུས་དེབ་འདི་པར་དུ་བཏབ་པོ།།

2.འདས་མཆོད་ཟིན་བྲིས་འདི་བཏུས་དེབ་སྒོར་ཕུད་ནས་མི་ལོ་བཅུ་བདུན་འགོར་རྗེས་ཀྱི་དེ་རིང་འབྲི་གི་ཡོད། རྒྱུ་མཚན། དེ་རིང་མི་རྒྱུས་མེད་ཅིག་གིས་ཡུན་རིང་ཉར་བའི་བཏུས་དེབ་རྙིང་སིལ་སིལ་འདི་བདག་ལ་བསྟན་ཞོར། “དེབ་འདིའི་རྩོམ་པ་བོ་ཁྱེད་རང་ཡིན་ནམ།”ཞེས་དྲིས་བྱུང་། བདག་གིས་ཁོང་ལ་ཡིན་པའི་བསྟན། དེ་དང་མཉམ་དུ་སྔོན་མར་བཏུས་དེབ་འདི་སྒོར་ཕུད་སྐབས་ཀྱི་གནས་ཚུལ་མང་པོ་ཞིག་ཀྱང་དྲིས་སོང་། དེ་བས་བདག་གིས་རང་གི་ཡིད་ལ་རིང་ནས་བརྣག་པའི་སེམས་ངལ་གྱི་ཚིག་འབྲུ་ཁ་ཤས་དེ་རིང་ཕྱིར་དྲན་གྱི་ཀློང་ནས་གཏོར་འདོད་པ་ཙམ་ཡིན་ནོ།།

དེ་ལས་མང་བ་། “འདས་མཆོད་ཟིན་བྲིས།” »

ལྷུག་རྩོམ།

མང་གཙོ་དུས་ཆེན་ཐེངས་ ༦༢ པར་བཀའ་ཤག་གི་གསུང་བཤད།

Posted on 2022-09-03 By ཁ་བརྡ No Comments on མང་གཙོ་དུས་ཆེན་ཐེངས་ ༦༢ པར་བཀའ་ཤག་གི་གསུང་བཤད།

༄༅། །དེ་རིང་བཙན་བྱོལ་ནང་བོད་མིའི་མང་གཙོའི་ལམ་སྲོལ་དབུ་བརྙེས་ཏེ་མི་ལོ་ ༦༢ འཁོར་བའི་དུས་ཆེན་སྲུང་བརྩིའི་དགའ་སྟོན་རྟེན་འབྲེལ་གྱི་ཉིན་མོ་འདིར། བཀའ་ཤག་གིས་ཤ་རུས་གདུང་རྒྱུད་གཅིག་ལས་མཆེད་པའི་གཞིས་བྱེས་སྤུན་ཟླ་དང་། བོད་དོན་ལ་ཤ་ཚ་རྒྱབ་སྐྱོར་བྱེད་མཁན་མཛའ་གྲོགས་ཡོངས་ལ་དུས་སྟོན་གྱི་འཚམས་འདྲི་ཞུ་གི་ཡོད།

མི་ལོ་འདི་དག་གི་རིང་། ང་ཚོས་བོད་དོན་བདེན་མཐའ་གསལ་ཐབས་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་བདེ་དོན་གྱི་བྱེད་སྒོའི་ཐོག་གྲུབ་འབྲས་གཟེངས་སུ་ཐོན་པ་བསྐྲུན་ཐུབ་པའི་གཞི་རྟེན་གཙོ་བོ་ཞིག་ནི། མང་གཙོའི་ལམ་སྲོལ་གསར་གཏོད་ཉམས་ལེན་དང་། ཡར་རྒྱས་འཐུས་ཚང་དུ་གཏོང་ཐུབ་ཡོད་པ་དེ་ཡིན་ཞིང་། མང་གཙོའི་ལམ་སྲོལ་འདི་ནི་བཙན་བྱོལ་དུ་གནས་པའི་རིང་ང་ཚོའི་འཐབ་རྩོད་ཀྱི་སྟོབས་ཤུགས་དང་། མདུན་སྐྱོད་ཀྱི་སྒུལ་ཤུགས་ཡིན་ལ། གཞིས་བྱེས་མཉམ་འཛོམས་ཀྱི་སྐལ་བཟང་ཤར་བའི་ཉིན་ང་ཚོས་གཞིས་བཞུགས་སྤུན་ཟླར་འབུལ་རྒྱུའི་ལེགས་སྐྱེས་རྩ་འགངས་ཆེ་ཤོས་ཤིག་ཀྱང་ཡིན།

དེ་ལས་མང་བ་། “མང་གཙོ་དུས་ཆེན་ཐེངས་ ༦༢ པར་བཀའ་ཤག་གི་གསུང་བཤད།” »

གསུང་བཤད།

མང་གཙོ་དུས་ཆེན་ཐེངས་ ༦༢ པར་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།

Posted on 2022-09-03 By ཁ་བརྡ No Comments on མང་གཙོ་དུས་ཆེན་ཐེངས་ ༦༢ པར་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།

༄༅། །བོད་མིའི་མང་གཙོ་དབུ་བརྙེས་ཏེ་མི་ལོ་ ༦༢ འཁོར་བའི་དུས་ཆེན་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།

བོད་རྒྱལ་ལོ་ ༢༡༤༩ རབ་བྱུང་བཅུ་བདུན་པའི་རབ་གནས་ཆུ་སྟག་ལོའི་བོད་ཟླ་ ༧ ཚེས་ ༦ དང་། ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༢ ཀྱི་ཉིན་མོ་འདི་ནི། བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་གཞི་སྔོན་ཡོད་ལྟར། བཙན་བྱོལ་དུ་ཕེབས་འབྱོར་བྱུང་མ་ཐག་ཕྱི་ལོ་ ༡༩༦༠ ཟླ་ ༢ པའི་ནང་གནས་མཆོག་རྡོ་རྗེ་གདན་དུ་ཆོལ་གསུམ་ཆོས་བརྒྱུད་ཀྱི་སྐུ་ཚབ་རྣམས་ལྷན་འཛོམས་ཀྱིས་༧གོང་ས་མཆོག་གི་བཀའ་དགོངས་འོག་ཤར་བསྐྱོད་ཀྱི་མནའ་གན་མཐུ་མོ་ཆེ་ཕུལ་བས་སྐབས་དེར་༧གོང་ས་མཆོག་གིས་སྔ་འཕྲོས་རིང་ཆོལ་གསུམ་ཆོས་བརྒྱུད་སོ་སོའི་འཐུས་མི་བསྐོ་གཏོང་དགོས་པའི་བཀའ་ཕེབས་དགོངས་དོན་བཞིན་སྐབས་དང་པོའི་བོད་མི་མང་སྤྱི་འཐུས་རྣམས་༸གོང་ས་མཆོག་ནས་ཕྱག་རྟགས་བསྐོ་གཞག་སྩལ་ཏེ་ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་ལས་ཁུར་དམ་འབུལ་ཞུས་པ་ནས་བཟུང་ད་བར་ལོ་ངོ་ ༦༢ ཧྲིལ་པོ་འཁོར་བའི་མང་གཙོའི་དུས་དྲན་སྲུང་བརྩི་ཞུ་བའི་ཉིན་མོ་གལ་ཆེན་ཞིག་ཆགས་ཡོད།

དེ་ལས་མང་བ་། “མང་གཙོ་དུས་ཆེན་ཐེངས་ ༦༢ པར་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།” »

གསུང་བཤད།

༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་ལ་བོད་ལྗོངས་མདོ་སྨད་མི་མང་གིས་སྐུའི་གྱ་སྟོན་བརྟན་བཞུགས་དང་འབྲེལ་བའི་བཀའ་དྲིན་རྗེས་དྲན་གསེར་གྱི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་ཐོག་བསྩལ་པའི་གསུང་བཤད།

Posted on 2022-06-232022-06-23 By ཁ་བརྡ No Comments on ༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་ལ་བོད་ལྗོངས་མདོ་སྨད་མི་མང་གིས་སྐུའི་གྱ་སྟོན་བརྟན་བཞུགས་དང་འབྲེལ་བའི་བཀའ་དྲིན་རྗེས་དྲན་གསེར་གྱི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་ཐོག་བསྩལ་པའི་གསུང་བཤད།

འོས་སྦྱོར་བ། རེ་མདོ་སེངྒེ།

ཕྱི་ལོ་ ༢༠༢༢ ལོའི་ཟླ་ ༦ ཚེས་ ༡༤ ཉིན།

༄༅།། བརྟན་བཞུགས་དབུ་འཛུགས་མ་གནང་བའི་གོང་དུ་སྐད་ཆ་ཐུང་ཐུང་ཞིག་ཞུ་འདོད་བྱུང། དེ་རིང་ས་ག་ཟླ་བའི་ཚེས་བཅོ་ལྔ་སྟེ། སངས་རྒྱས་བཅོམ་ལྡན་འདས་སྐུ་འཁྲུངས་པ་དང། སངས་རྒྱས་པ། མྱ་ངན་ལས་འདས་པ་བཅས་ཀྱི་དུས་ཆེན་གསུམ་འཛོམས་དང། ལྷག་པར་དུ་དེ་རིང་༸གོང་ས་༸སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེས་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་བཀའ་དབང་གནང་མ་ཐག་པ་དང། རྣམ་པ་ཚོ་མང་ཆེ་བས་བྱང་ཆུབ་སེམས་དཔའི་སྡོམ་པ་དང་སྔགས་ཀྱི་སྡོམ་པ་བཞེས་མ་ཐག་པའི་གནས་སྟངས་དམིགས་བསལ་བ་དང་ཁྱད་དུ་འཕགས་པ་ཞིག་ཡིན་དུས། རྣམ་པ་ཚོས་ཐུགས་སྨོན་ཡག་པོ་ཞིག་གནང་བ་ཡིན་ན་གང་ཅིའི་ཆ་ནས་ཕན་ཐོགས་ཡག་པོ་ཡོད་པ་རེད་བསམ་གྱི་འདུག

དེ་ལས་མང་བ་། “༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་ལ་བོད་ལྗོངས་མདོ་སྨད་མི་མང་གིས་སྐུའི་གྱ་སྟོན་བརྟན་བཞུགས་དང་འབྲེལ་བའི་བཀའ་དྲིན་རྗེས་དྲན་གསེར་གྱི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་ཐོག་བསྩལ་པའི་གསུང་བཤད།” »

གསུང་བཤད།

འབྲུག་ཏུ་དགེ་སློང་མ་བསྒྲུབ་འཆར་ཐད་ཀྱི་བསམ་ཚུལ་ཁ་ཐུག་མ།

Posted on 2022-06-17 By ཁ་བརྡ 2 Comments on འབྲུག་ཏུ་དགེ་སློང་མ་བསྒྲུབ་འཆར་ཐད་ཀྱི་བསམ་ཚུལ་ཁ་ཐུག་མ།

རྫ་ཚེ་རིང་བཀྲ་ཤིས།


ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །
(གསལ་བཤད། གུས་པ་ནི་རང་གི་བསམ་ཚུལ་དང་ལྟ་ཚུལ་བརྗོད་རྒྱུར་སྤྲོ་སྣང་ཡོད་པ་ཞིག་ཡིན་ལ། ཁྱད་པར་དུ་བསྟན་པའི་དོན་ཆེན་འདི་ལྟ་བུ་ཞིག་ལ་བསམ་ཚུལ་ཙམ་ཡང་འདོན་མཁན་མ་བྱུང་ན་དེ་ནི་བྱུང་རབས་ལོ་རྒྱུས་ཀྱི་ངོས་ནས་འགན་མ་ཁུར་བ་ཞིག་ཏུ་འགྱུར་གྱི་ཡོད་པ་རེད་སྙམ་པའི་ལྟ་ཚུལ་ཡོད། དངོས་གནས་བྱས་ན། འདིའི་ཕྱོགས་ལ་གནས་བརྟན་འདུལ་བ་འཛིན་པ་རྣམས་ཀྱིས་ཐུགས་ཁུར་ཆེར་བཞེས་མཛད་དགོས་མོད། མ་གཟིགས་པའམ་རྒྱུ་མཚན་གང་ཡིན་ཆ་འཚལ་མོད། གང་ལྟར་འདིའི་ཕྱོགས་ལ་དགོངས་ཚུལ་ཙམ་ཡང་གསུང་མཁན་མ་མཇལ། དེས་ན་རང་ཉིད་བསམ་ཚུལ་འདི་བྲིས་པ་ཡིན། སྔར་དྲ་དབང་སྐུར་ཆོག་མིན་དང་འབྲེལ་བའི་ཐོག་ནས་༧གོང་ས་མཆོག་གི་མཚན་གནས་དང་འབྲེལ་བའི་སྐུ་སྒེར་ཡིག་ཚང་དང་བོད་མིའི་སྒྲིག་འཛུགས་ཀྱི་གནང་ཕྱོགས་ལའང་ཤོག་ལྷེ་ལྔ་བཅུར་ཉེ་བའི་བསམ་ཚུལ་གྱི་ཡི་གེ་བྲིས་པ་བོད་ཕྱི་ནང་གཉིས་ཆར་ཡོངས་ཁྱབ་ཏུ་བཀྲམ་ཡོད།

དེ་ལས་མང་བ་། “འབྲུག་ཏུ་དགེ་སློང་མ་བསྒྲུབ་འཆར་ཐད་ཀྱི་བསམ་ཚུལ་ཁ་ཐུག་མ།” »

བསམ་ཚུལ།

བྱིས་པའི་རྒྱུན་ཤེས་བང་མཛོད་བཀླགས་པའི་འཆར་སྣང་།

Posted on 2022-06-13 By ཁ་བརྡ No Comments on བྱིས་པའི་རྒྱུན་ཤེས་བང་མཛོད་བཀླགས་པའི་འཆར་སྣང་།

ནམ་མཁའ།


བོད་ཀྱི་སྒྲ་བསྒྱུར་ཉམས་ཞིབ་ཁང་གིས་བོད་བསྒྱུར་གནང་བའི་བྱིས་པའི་རྒྱུན་ཤེས་བང་མཛོད་ནང་དུ། མི་རྒན་ཕྲན་གྱིས་བསམ་བློས་དོགས་དཔྱོད་ཀྱི་ལམ་ནས་འགྲུལ་བཞུད་བྱས་ཤིང་། བསམ་བློས་འགྲུལ་བཞུད་བྱེད་ཡུལ་ནི། དངོས་ཁམས་རིག་པ་ཚོས་བཤད་པའི་འཐེན་ཤུགས་དང་མཁའ་དབྱིངས་ཀྱི་སྐར་མའི་གྲོང་ཁྱེར་ཆེན་པོ་ཞིག་རེད། སྐར་མའི་གྲོང་ཁྱེར་དེ་ཡང་ཉི་མའི་ཁྱིམ་རྒྱུད་ཀྱི་དགུ་ཚིགས་སྐྱ་མོའི་གྲོང་ཁྱེར་ཡིན་མོད། འོན་ཀྱང་ཚན་རིག་ལ་རྒྱུས་མེད་པའི་མི་རྒན་ཞིག་གིས་བྱིས་པའི་རྒྱུན་ཤེས་བང་མཛོད་ནང་དུ་དོགས་དཔྱོད་བསམ་བློས་འགྲུལ་བཞུད་བྱས་པ་ནི་གད་མོ་ཤོར་བའི་ཡུལ་ཡིན་སྲིད། ལྷག་པར་དུ་ཡང་གུང་ཁྲན་ཏང་གིས་རང་ཉིད་ཀྱི་ཀླད་པ་ཁྲུས་ཟིན་པ་ཡང་ངོས་མི་ཟིན་པའི་མིག་ཤེལ་དམར་པོ་གྱོན་མཁན་ཚོས། ས་གཞི་ཐམས་ཅད་དམར་པོ་སྣང་སྟེ་རང་གི་རིག་གཞུང་རྗེས་ལུས་སུ་མཐོང་བའི་གཞི་བྱེས་བོད་མི་འགའ་ཞིག་གི་མིག་ལམ་དུ། ཕྲན་ལྟ་བུ་ཚན་རིག་ལ་རྒྱུས་མེད་ཞིག་གིས་དོགས་འདྲི་བྱས་པ་རྣམས་ལ་འཕྱ་དམོད་བྱ་ཡུལ་ཡིན་སྲིད།

དེ་ལས་མང་བ་། “བྱིས་པའི་རྒྱུན་ཤེས་བང་མཛོད་བཀླགས་པའི་འཆར་སྣང་།” »

བཀླགས་བྱང་།

འབྲུག་པ་ཞིག་གིས་དཀར་ཟས་སྐོར་དྲིས་པའི་༧བཀའ་ལན།

Posted on 2022-06-13 By ཁ་བརྡ No Comments on འབྲུག་པ་ཞིག་གིས་དཀར་ཟས་སྐོར་དྲིས་པའི་༧བཀའ་ལན།

རྫ་ཚེ་རིང་བཀྲིས་ཀྱིས་བསྒྱུར།
 
དྲི་བ། ངའི་མིང་ལ་ཀུན་བཟང་ཕྲིན་ལས་ཟེར། ང་འབྲུག་ཡུལ་ནས་ཡིན། ངས་དྲི་བ་བ་མ་དྲིས་པའི་སྔོན་དུ་༧གོང་ས་མཆོག་ཉིད་སྐུ་ཚེ་ཡུན་རིང་དུ་བརྟན་པའི་གསོལ་འདེབས་ཞུ་རྒྱུ་ཡིན། 
ངའི་དྲི་བ་ནི། ང་རང་ཉིད་ནང་པའི་རྗེས་འཇུག་ཅིག་ཡིན་པའི་ཆ་ནས་ནམ་རྒྱུན་ཁ་ཆེ་དང་། ཡེ་ཤུའི་ཆོས་ལུགས་ཀྱི་རྗེས་འབྲངས་ཀྱི་གྲོགས་པོ་ཚོར་ནང་པའི་ཆོས་ཀྱི་རྩ་བ་བྱམས་སྙིང་རྗེ་དང་སྲོག་མི་གཅོད་པ་དང་མི་འཚེ་བ་སོགས་གལ་ཆེ་ཚུལ་ཤོད་སྐབས། ཁོང་ཚོས་ང་ལ། ཁྱེད་ཚོ་ནང་པ་ཚོས་འཚེ་བ་བྱེད་མི་རུང་བ་སོགས་མང་པོ་བཤད་ཀྱི་འདུག་སྟེ། ནང་པ་མང་པོ་ཞིག་གིས་ཤ་ཟ་གིན་འདུག །ཟ་མཁན་མེད་ན་གསོད་མཁན་དང་བཙོང་མཁན་ཡོང་གི་མ་རེད། ཁྱེད་རང་ནང་པ་ཚོས་ཤ་མང་པོ་ཟ་གིན་ཡོད་ཙང་ཁ་ཆེ་བ་སོགས་གཞན་པ་ཚོས་སྲོག་ཆགས་དེ་འདྲ་མང་པོ་བསད་ནས་ཤ་བཙོང་གིན་ཡོད་པ་རེད་ཟེར་གྱི་འདུག །ང་ཚོ་ནམ་རྒྱུན་དེ་དག་གི་ཐོག་རྩོད་མང་པོ་ཤོར་གྱི་ཡོད། ངའི་ཚོར་སྣང་ལ། འབྲུག་པ་ཡིན་ན་འདྲ། གང་ལྟར་ནང་པ་ཚོས་ཤ་མང་པོ་ཟ་གིན་ཡོད་པ་དངོས་ཡོད་རེད་འདུག །ང་ཚོ་ནང་པ་ཞིག་ཡིན་པའི་ཆ་ནས་ག་རེ་བྱས་ནས་ཤ་དེ་འདྲ་མང་པོ་ཟ་གིན་ཡོད་རེད། དེའི་རྒྱུ་མཚན་གང་ཡིན་ནམ།

བཀའ་ལན། དངོས་གནས་བྱས་ན་སངས་རྒྱས་པའི་རབ་ཏུ་བྱུང་བ་དག་ལ་སྒེར་གྱི་ཐབ་ཚང་ཡོད་མི་ཆོག་པ་རེད། འཚོ་བ་གསོད་སྙོམས་ལ་རྟེན་དགོས་ཀྱི་ཡོད་པ་རེད། སོ་སོས་ཟོག་འཇོག་བྱས་པའི་ཟས་གསོལ་ཆོག་གི་མེད་པ་རེད། ཁོང་ཚོས་རང་ཉིད་ཀྱིས་ལྷུང་ཟེད་ཕྱག་ཏུ་ཐོགས་ནས་བསོད་སྙོམས་ལ་ཕེབས་དགོས་པ་རེད། དེ་འདྲའི་སྐབས་སུ་གསོད་སྙོམས་སློང་ཡུལ་དེར་དཀར་ཟས་སྦྱིན་རྒྱུ་མེད་པར་དམར་ཟས་ཞིག་སྤྲད་པ་ཡིན་ན། དེ་ཀ་རང་བླངས་ནས་གང་ཕུལ་བ་དེ་གསོལ་དགོས། དེ་བཞིན་སྦྱིན་བདག་དེ་དཀར་ཟས་པ་ཞིག་ཡིན་ན་ཡང་དེ་ནང་བཞིན་རེད། ཕར་ཕྱོགས་ཀྱིས་གང་ཕུལ་བ་དེ་གསོལ་དགོས་པ་ལས་གསོད་སྙོམས་སློང་ཡུལ་དེར་ང་ལ་ཤ་ཟས་དགོས་ཞེས་ཆ་རྐྱེན་འདོན་རྒྱུའི་ཐོབ་ཐང་མེད་པ་རེད། 

དེ་ལས་མང་བ་། “འབྲུག་པ་ཞིག་གིས་དཀར་ཟས་སྐོར་དྲིས་པའི་༧བཀའ་ལན།” »

གསལ་བཤད།

ཁྲུང་ཁྲུང་སྐེ་ནག།

Posted on 2022-05-24 By ཁ་བརྡ No Comments on ཁྲུང་ཁྲུང་སྐེ་ནག།

རྩོམ་པ་པོ– རྔ་བ་ཀུན་བཟང་། 
        
དེ་རིང་ང་ཕུགས་འདུན་གྱི་གཤོག་པ་རིང་དུ་བརྐྱང་སའི་རི་མགོ་ཞིག་ན་ཡོད། རི་མགོ་གན་ནས་མར་བལྟས་ན། ཆུའི་ཕར་ཁ་ན་བྱ་རྒོད་གཤོག་པ་ཅན་རྫོགས་མེད་ཞིག་མཐོང་། དེའི་གཡས་ཕྱོགས་ན་སེམས་ཀྱི་སྲོག་ཤིང་ཁྱོད་ལྟ་བུར་བྱ་ཁྲུང་ཁྲུང་སྐེ་ནག་ཞིག་གཉིད་ལ་ཤོར། ཟར་མའི་མེ་ཏོག་འདྲ་བའི་མིག་གཉིས་ཀྱིས་སུ་ལ་ལྟ་བཞིན་ཡོད་དམ།

རེད་མོད། ནགས་ལུང་དེའི་ནང་ལ་སུ་ཡོད་མེད་དང་། ས་བདག་སུ་དང་སུ་ཞིག་ཡིན་མིན་ངས་གནམ་དཀར་ཚད་བསམ་བློ་གཏོང་ཡང་ཡིད་ལ་མི་འཁོར། མ་གཉིད་རྨི་ལམ་གྱི་སྐད་ཆ་ཞིག་བཤད་ན། ལུང་བ་འདི་སྒོམ་གྲུབ་པ་ཞིག་དང་ཡང་མིན་ན་བླ་མ་ཞིག་འཚམས་ཁང་ཡིན་ན་སྐྱིད་ག། འཛུམ་མདངས་སོ་དཀར་བསྟན་ནས་ཚེ་གཅིག་ཁྲུང་ཁྲུང་སྐེ་ནག་ཡོད་སའི་མཁར་སྐོར་ནས་གཉིད་ལ་ཤོར་ཡང་། རྒྱབ་ཀྱི་ཀླུ་བདུད་བཙན་པོ་དང་མདུན་གྱི་བྲག་དང་རླུང་པོ་བསྡེབས་ཡོང་བའི་འཇིགས་སྣང་མེད།  

དེ་ལས་མང་བ་། “ཁྲུང་ཁྲུང་སྐེ་ནག།” »

ལྷུག་རྩོམ།

ལོང་ཡིག་བབས་པ།

Posted on 2022-05-23 By ཁ་བརྡ No Comments on ལོང་ཡིག་བབས་པ།

ཁྲོ་གཏུམ།

མིག་རབ་རིབ
སེམས་པ་རབ་རིབ
གནམ་ས་རབ་རིབ་
ཡིད་བརྙན་རབ་རིབ
འདོད་པའི་རྩེ་མ་གང་བའི་དུས་སུ
རྩམ་རྡོག་ཅིག་གིས་མིད་པ་འགག་ཞོར
ཡི་ག་ལ་སྒོ་ཕྱེ་སོང

དེ་ལས་མང་བ་། “ལོང་ཡིག་བབས་པ།” »

སྙན་ངག

དྲན་ཉམས་ནད་གསར་ལ་དཔྱད་པ།

Posted on 2022-05-16 By ཁ་བརྡ 1 Comment on དྲན་ཉམས་ནད་གསར་ལ་དཔྱད་པ།

སྡིག་པ་ར་ཛ།

དེ་རིང་ཨ་རིའི་རླུང་འཕྲིན་ཁང་གིས་བཀྲ་ཤིས་དབང་ཕྱུག་དང་། འབུམ་རམས་པ་བསྟན་འཛིན་རྣམ་གྲོལ། བློ་གླིང་དགེ་བཤེས་དགེ་ལེགས་གསུམ་གྱིས་རྒན་འཁོགས་རྣམས་ཀྱི་(alzheimer)དྲན་པ་ཉམ་པའི་རྒྱུ་མཚན་སྐོར་བགྲོ་གླེང་ཆུ་ཚོད་ཕྱེད་ཀ་ལྷག་བྱས་སོང་། དེ་ལ་(Dimentia)ཡང་ཟེར་བ་རེད། སྨན་པ་ཚོས་ན་ཚ་འདི་གཉིས་སྤྱི་དང་བྱེ་བྲག་གི་དབྱེ་ཚུལ་མི་གཅིག་པ་དང་། མིང་འདྲ་མིན་མང་པོ་བཏགས་ཡོད། ཁོང་གསུམ་གྱིས་སྐད་ཆའི་ནང་ཆོས་ཀྱི་ཉམས་ལེན་དང་། འཁོར་ཡུག སྤྱོད་པ་བཟང་ངན། ཟས་སྤྱོད་ལ་རག་ལས་ཚུལ་ལས་བརྩམས་ཏེ་མང་པོ་གསུང་སོང་།

ངས་འདིའི་སྐོར་ལ་ལོ་གསུམ་ལ་ལས་ཀ་ལས་བཞིན་ཞིབ་འཇུག་བྱས་པ་ཡིན། ངས་ཞིབ་འཇུག་དེ་ཁྱོད་ཚོ་ནང་བཞིན་དེབ་བཀླགས། མཐོ་རིམ་སློབ་གྲྭའི་དགེ་རྒན་དེ་ཚོའི་མཉམ་དུ་ཁ་བརྡར་ནས་ཤེས་རྟོགས་བྱུང་བ་གང་ཡང་མ་རེད། ངས་དྲན་པ་ཉམས་པ་དང་། ཀླད་པ་རྨས་མ། ཨ་རག་ལང་ཤོར། མྱོས་སྨན་ལང་ཤོར་འདི་ཚོ་དང་མཉམ་དུ་ཉིན་མཚན་གཉིས་ཀར་བསྡད་དེ། དགེ་རྒན་བརྟེན་ཏེ་སློབ་སྦྱོང་ཡང་ཅུང་ཙམ་བྱས་པ་ཡིན། དེབ་ཀྱང་བཀླགས་པ་ཡིན། འདིའི་སྐོར་དེབ་ཅིག་འབྲི་འདོད་ཡོད་དེ། ཏོག་དབྱིབས་རྫུན་མའི་སྨན་ཁབ་རྒྱག་དགོས་ཞེས་གཞུང་གིས་བཙན་བཀའ་ཕེབས་པ་ན། ལས་ཀ་དེ་ལས་ཐོན་ཏེ་ལས་སྣེ་གཞན་ཞིག་ལ་བྲེལ་ཏེ་དེ་རིང་བར་བརྗེད་ཚར་འདུག དེ་མ་ཡིན་ན་རྒས་གསོ་ཁང་གི་བྱ་བ་ཆེ་ཆུང་མཐའ་དག་ཞིབ་ཚག་གིས་དེབ་ཅིག་འབྲི་ཐུབ་ཡོད་ས་རེད། ལས་རོགས་འགའ་ཞིག་ལ་དེབ་འབྲི་བའི་སྐོར་སྐད་ཆ་ཡང་བཤད་པ་ཡིན།

དེ་ལས་མང་བ་། “དྲན་ཉམས་ནད་གསར་ལ་དཔྱད་པ།” »

བསམ་ཚུལ།

ཨ་མའི་ཉིན་མོ།

Posted on 2022-05-16 By ཁ་བརྡ No Comments on ཨ་མའི་ཉིན་མོ།

ཆབ་ངོམས་ཨ་ཚོགས།

དྲིན་ཅན་ཨ་མ་ལགས།
ཁྱེད་ནི་ངའི་སྙིང་དབུས་ནས་ནམ་ཡང་བྲལ་ཐབས་མེད་པའི་སྐྱེད་མ་ཞིག་ཡིན།
ངའི་ཨ་མ་ལགས་ནི་ཉིན་གཅིག་སློབ་གྲྭར་འགྲོ་མྱོང་མེད་ལ།
སྦྱོང་བའི་སློབ་སྦྱོང་ཟེར་བ་ཅི་མེད་མོད།
རང་བཞིན་གྱིས་བརྩེ་སེམས་ཟབ་མོ་ཞིག་ཡོད།
ཨ་མས་བུ་ཕྲུག་ལག་པ་ནས་འཇུས་ཤིང་།
རྟག་ཏུ་བྱམས་བརྩེས་སྐྱོང་བ་མཛད།
ཨ་མ་ནི་བྱམས་བརྩེའི་བདག་ཉིད་ཅན་གྱི་སྟོན་པ་དེ་ཁོ་ནའོ།
དྲིན་ཅན་གྱི་ཨ་མ་ལགས།
ལུས་ལ་བོད་ཆས་གཙང་མ་གྱོན་ཞིང་།
ངག་ནས་བོད་སྐད་གཙང་མ་སྨྲ།
མི་ཚེའི་ནང་དུ་རྒྱ་ཆས་གྱོན་པ་གཏན་ནས་མཐོང་མྱོང་་མེད།
དེ་འདྲའི་གཟི་བརྗིད་ཅན་གྱི་ཨ་མ་ཞིག་མ་རེད་དམ།

དེ་ལས་མང་བ་། “ཨ་མའི་ཉིན་མོ།” »

སྙན་ངག

དྲན་པའི་ནང་གི་ཆུ་ལོག

Posted on 2022-05-16 By ཁ་བརྡ No Comments on དྲན་པའི་ནང་གི་ཆུ་ལོག

ཁྲོ་གཏུམ།

  • གྲོགས་སྙན་ངག་པ་ལྷ་ཆབ་ཀྱི་སྙན་ངག་ཅིག་ཀློག་ཞོར་སེམས་པའི་ཟབ་ས་ནས་ལྷུང་བའི་ཚིག་གི་མར་ལོ་ཁ་ཤས།

བལྟས་ཚེ་བྲལ་བའི་ཡུལ་དེའི་ཚེར་ས་མི་མཐོང་།།
བསམ་ཚེ་བྲལ་བའི་དུས་ཀྱི་སྣང་བ་གཅིག་པུ།།
ལོ་ཟླའི་ས་མཐའ་འདི་ཡི་སྣང་བ་སྡོམ་པོ།།
ཡུལ་ལ་ཕྱོགས་པའི་རྟ་རྒོད་སྲབ་ཀྱིས་མི་བཏུབ།།

གཉོམ་ལག་རྒྱས་པའི་སྐབས་ཀྱི་དུས་ཐུང་གཅིག་པུ།།
ཕ་མའི་བྲང་ཁར་རླན་པའི་ཚོར་བ་དྲོན་མོ།།
གྱ་ཙེ་གོམ་ཙེ་བསླབས་པའི་ཤེས་བྱ་ཐོག་མ།།
དྲིན་ཆེན་གཉིས་ཀྱིས་ངག་གི་གཉོམ་ཤས་བསྐྱངས་པ།།

དེ་ལས་མང་བ་། “དྲན་པའི་ནང་གི་ཆུ་ལོག” »

སྙན་ངག

ནང་ཕན་ཚུན་མ་རྩོད་མཐུན་སྒྲིལ་གྱིས།

Posted on 2022-05-09 By ཁ་བརྡ 1 Comment on ནང་ཕན་ཚུན་མ་རྩོད་མཐུན་སྒྲིལ་གྱིས།

འཇིགས་དབང་གིས།

མདོ་སྟོད་སྨད་དབུས་གཙང་ཆོལ་གསུམ་གྱི་སྤུན་ཟླ།།
རང་སྡོད་སའི་ཡུལ་ལུང་གཅིག་པ་ཞིག་མིན་ཡང་།།
བོད་མེས་པོས་གདུང་རྒྱུད་གཅིག་པ་རང་ཡིན་གཤིས།།
ནང་ཕན་ཚུན་མ་རྩོད་མཐུན་སྒྲིལ་ཞིག་གནང་དགོས།།

དེ་ལས་མང་བ་། “ནང་ཕན་ཚུན་མ་རྩོད་མཐུན་སྒྲིལ་གྱིས།” »

སྙན་ངག

Posts pagination

Previous 1 … 3 4 5 … 157 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme