Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དྲན་ཚོར་གྱི་ཁ་དོག

Posted on 2015-01-282015-01-28 By ཁ་བརྡ No Comments on དྲན་ཚོར་གྱི་ཁ་དོག

རྫ་ཆུའི་ཟླ་བ།

 
སྤྲིན་ཚོམས་མེ་ཏོག་ཁྱོད་ཀྱི་ཕྱོགས་སུ་བཞད།།
སྦྲང་ཆར་བབས་པས་བདག་སེམས་གྲང་ཞིང་བསིལ།།
འབྲུག་སྒྲའི་ཁྲོད་ནས་ཁྱོད་ཉིད་དྲན་ན་ཡང་།།
ཡིད་སེམས་གསོ་བའི་གྲོགས་ཤིག་འཚོལ་ཐབས་བྲལ།།

བདག་ཉིད་གཅིག་པུར་མེ་ཏོག་གྲུ་ཁར་ཁེན།།
གནས་འདིར་སྔར་བཞིན་རང་བྱུང་ལྷིང་འཇགས་ལྡན།།

དེ་ལས་མང་བ་། “དྲན་ཚོར་གྱི་ཁ་དོག” »

སྙན་ངག

<<བདག་དང་ཐ་སྙད་ཅིག་གི་གཏམ་རྒྱུད།>>

Posted on 2015-01-282015-01-28 By ཁ་བརྡ 13 Comments on <<བདག་དང་ཐ་སྙད་ཅིག་གི་གཏམ་རྒྱུད།>>

ལོ་མ་རྒྱལ།

 
ལོ་གསུམ་གྱི་ཡར་སྔོན་ལ། ཡིག་བསྒྱུར་གྱི་ལས་གཞི་འདི་མགོ་ཚུགས་ནས་མཚམས་ཤིག་ཏུ། ང་རང་(sadism) ཟེར་བའི་དབྱིན་ཇིའི་ཐ་སྙད་འདི་དང་ཐོག་མར་འཕྲད། དེའི་སྐབས་དོན་ནི་གཞན་གྱི་སྡུག་བསྔལ་མཐོང་དུས། རང་སེམས་དགའ་བ་དང་སྐྱིད་པའི་དོན་རེད། ཡིན་ན་ཡང་། བོད་སྐད་ནས་དེའི་སྐད་དོད་ཅི་ཡིན་པ་མ་ཤེས་པའམ། ཡང་ན། དེའི་དོན་ལ་འཕྲོད་ཅིང་འབྱོར་བའི་ཐ་སྙད་ཅིག་མ་རེག་པར། ངས་ལོ་གསུམ་ལ་ས་སློག་སློག་དང་བལ་གསེད་གསེད་བྱས་ཏེ། ཚིག་མཛོད་ཁག་ཏུ་ཡང་བཙལ་ཡིན་ལ། དཔེ་རྙིང་ཁག་ཏུ་ཡང་ལྟ་ཁུལ་བྱས་ཡིན།

དེ་ལས་མང་བ་། “<>” »

རྩོམ་རིག

ཟླ་བ་མིན་པའི་ཟླ་བ་དཀར་པོ།

Posted on 2015-01-282015-01-28 By ཁ་བརྡ 3 Comments on ཟླ་བ་མིན་པའི་ཟླ་བ་དཀར་པོ།

བཙན་ཁུ་ཚུར་གྱིས།

ནམ་མཁའ་མིན་པའི་ནམ་མཁའི་ངོས་ལ།།
ཟླ་བ་མིན་པའི་ཟླ་བ་དཀར་པོ།།
མཚན་མོ་མིན་པའི་མཚན་མོ་ཞིག་ལ།།
ཡར་ཚེས་དུང་འདྲ་དུང་མདོག་གངས་ཡིན།།
པཎ་ཆེན་སྙིང་སྟོབས་གངས་ཀྱི་གངས་ཡིན།།

གངས་ཀྱི་རང་བཞིན་ཚ་བས་བཞུས་ན།།
ཁྱེད་ཉིད་ཚ་བ་གཞོམ་པའི་སྨན་ཡིན།།

དེ་ལས་མང་བ་། “ཟླ་བ་མིན་པའི་ཟླ་བ་དཀར་པོ།” »

སྙན་ངག

གྲོག་མཁར།

Posted on 2015-01-272015-01-27 By ཁ་བརྡ 12 Comments on གྲོག་མཁར།

ཐེ་བོ་སངས་རྒྱས།

ཁ་སང་ངའི་གྲོགས་པོ་ཞིག་གིས་གྲོག་མཁར་གྱི་པར་རིས་ཤིག་སྐད་འཕྲིན་ཐོག་བཀོད་རྗེས། སྐར་མ་ཁ་ཤས་ནང་མཆན་གྱིས་དྲ་ངོས་བཀང་བྱུང་། སྐབས་དེར་ང་ཡིས། འུ་ཚོས་འབུ་གྲོག་མ་ལ་སློབ་སྦྱོང་བྱ་ས་འདུག དཔེར་ན། འཆར་གཞི་འཐེན་སྟངས་དང་། སྒྲིག་ལམ། འདྲ་མཉམ། ཆིག་སྒྲིལ། བརྩོན་འགྲུས་ཀྱི་ཆ་ཞེས་དེའི་བར་འཚང་ཅི་ཐུབ་ཀྱིས་མཆན་འདེབས་ཁུལ་བྱས། ད་ནངས་ཞོགས་ཀ་གཉིད་སད་མ་ཐག་གོམས་ལོབས་ཀྱིས་ཁ་པར་སྒོ་ཕྱེ་དུས་གྲོགས་པོ་གཞན་ཞིག་གིས་གྲོག་མཁར་ངོ་སྤྲོད་ཅིག་བྲིས་ཞེས་ནན་བསྐུལ་བྱས་པར་བརྟེན། དགེ་ཆོས་ཀྱིས་དེའི་སྐོར་ཇི་འདྲ་བྲིས་ཡོད་པ་དྲན་མ་སོས་སྟབས་བཙལ་བ་ཡིན།

དེ་ལས་མང་བ་། “གྲོག་མཁར།” »

སྣ་ཚོགས།

རང་རྐྱ་ཐུབ་པ།

Posted on 2015-01-272015-01-27 By ཁ་བརྡ No Comments on རང་རྐྱ་ཐུབ་པ།

འཇམ་གཅེས།

 
འདི་སྣང་འཁོར་བའི་གནས་ལ་ཞེན་ཆེས་ནས།།
ཡར་གྱི་དག་ཞིང་བདེ་སྐྱིད་ངས་མི་དྲན།།
ལྐོག་གྱུར་གནས་ལུགས་ངོས་འཛིན་མ་ནུས་པས།།
མར་གྱི་ངན་སོང་སྡུག་བསྔལ་ངས་མི་བསམ།།

ལྟ་སྤྱོད་སྒོམ་གསུམ་གནས་ལུགས་མ་ཤེས་པས།།
ལྟ་ལོག་སྤྱོད་ལོག་ཟེར་བར་ངས་མི་འདོད།།

དེ་ལས་མང་བ་། “རང་རྐྱ་ཐུབ་པ།” »

སྙན་ངག

རྫོང་སར་མཁྱེན་བརྩེས་ཚུལ་ཁྲིམས་བློ་གྲོས་གླེང་བ།

Posted on 2015-01-272015-01-27 By ཁ་བརྡ 51 Comments on རྫོང་སར་མཁྱེན་བརྩེས་ཚུལ་ཁྲིམས་བློ་གྲོས་གླེང་བ།

རྫ་ཚེ་རིང་བཀྲ་ཤིས་ཀྱིས་བསྒྱུརཏ།

——སའི་གོ་ལ་འདིའི་ཐོག་ཏུ་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཁོང་ལྟ་བུ་ཞིག་བཞུགས་པ་ནི་ང་ཚོ་ལ་རེ་བ་ཆེན་པོ་ཞིག་བྱིན་པ་རེད།

རྩ་བའི་ཆ་ནས་ང་དེ་རིང་(2015/1/22)འདིར་སུ་ཞིག་གིས་སྐད་བཏང་ནས་ཡོང་བ་མ་ཡིན་པར་དང་བླངས་ཀྱིས་ཆོག་མཆན་ཞུས་ཏེ་ཡོང་བ་ཡིན། རྒྱུ་མཚན་དེས། ངས་གཙོ་སྒྲུབ་ལས་ཁུངས་ལ་ཡང་ང་ལ་སྐད་ཆ་ཁ་ཤས་བཤད་རྒྱུའི་གོ་སྐབས་གནང་བ་འདིར་བཀའ་དྲིན་ཆེ་ཞུ།

དེ་ལས་མང་བ་། “རྫོང་སར་མཁྱེན་བརྩེས་ཚུལ་ཁྲིམས་བློ་གྲོས་གླེང་བ།” »

ངོ་སྤྲོད།

ངའི་བརྩེ་བའི་རྨོ་མོ།

Posted on 2015-01-272015-01-27 By ཁ་བརྡ 2 Comments on ངའི་བརྩེ་བའི་རྨོ་མོ།

རྗེ་བཙུན་གཡག་རྭ། (ཨོ་སི་ཁྲུའུ་ལེ་ཡ།)

ཨོཾ༽

unnamed༡རང་ཡུལ་ནས་གཞན་ཡུལ་དུ་འཁྱམས་ནས་མི་ལོ་ཉི་ཤུ་འཁོར་བའི་ལོ་ཟླ་འདི་དག་གི་རིང་།ང་ནི་ས་མཐའ་རུ་རྒས་ཤིང་ས་མཐའ་ན་སྡོད་དགོས་པའི་ལས་བསྐོས་ཀྱིས་ཆད་པ་འཁུར་དགོས་བྱུང་བས། ཕ་ས་ཕ་ཡུལ་ན་གནས་པའི་ང་ལ་སྙིང་ནས་བརྩེ་ཞིང་ཤ་ཚ་བའི་ངའི་ཕ་མའི་ཕ་མ་ཚོ་གཅིག་རྗེས་གཅིག་གིས་བསྙེགས་ནས་གཏན་དུ་ཕྱིར་མི་འོང་བའིི་ཞིང་ཁམས་ཤིག་གམ་གཞན་ཡུལ་ཞིག་ཏུ་ཆས་སོང་།

དེ་ལས་མང་བ་། “ངའི་བརྩེ་བའི་རྨོ་མོ།” »

ལྷུག་རྩོམ།

རྒྱ་གར་འགོ་དམངས་ལ་བཀའ་དྲིན་སྙིང་ནས་ཆེ།

Posted on 2015-01-272015-01-27 By ཁ་བརྡ 16 Comments on རྒྱ་གར་འགོ་དམངས་ལ་བཀའ་དྲིན་སྙིང་ནས་ཆེ།

ཆབ་མདོ་ངག་ཕུན།

བདག་ཅན་སྟོན་པ་འཁྲུངས་ཡུལ་འཕགས་པའི་ལྗོངས།།
གཞན་གྱི་འོག་ནས་རང་དབང་བདེ་སྐྱིད་ཡོངས་སུ་ཐུབ།།
ལམ་བཟང་དམངས་གཙོའི་འཕགས་ཡུལ་བདེ་སྐྱིད་འོད་སྣང་འབར།།
འཕགས་ཡུལ་འགོ་དམངས་དགའ་བའི་འཛུམ་རླབས་དགུང་ལ་འཕྱུར།།
ཆབ་དཔལ་རིག་གསུམ་མངའ་ཐང་རིམ་པར་དགུང་ལ་འཕེལ།།
འཚེ་མེད་ཞི་བའི་ལྟ་གྲུབ་འབྱུང་སའི་གནས་ཀྱི་མཆོག།

དེ་ལས་མང་བ་། “རྒྱ་གར་འགོ་དམངས་ལ་བཀའ་དྲིན་སྙིང་ནས་ཆེ།” »

སྙན་ངག

སྤྲུལ་སྐུའི་བདེན་རྫུན་འགྱེད་པའི་ལེགས་བཤད་དུང་གི་མེ་ལོང་།

Posted on 2015-01-27 By ཁ་བརྡ 14 Comments on སྤྲུལ་སྐུའི་བདེན་རྫུན་འགྱེད་པའི་ལེགས་བཤད་དུང་གི་མེ་ལོང་།

ཨེ་མ་ཧོ།

ན་མོ་གུ་རུ་ནིརྨ་ཀ་ཡ་ཡེ།།

ཆོས་དབྱིངས་དགོངས་པའི་རྒྱལ་ས་ཕྱིན།།
ལོངས་སྤྱོད་རྫོགས་སྐུའི་ཞིང་ཁམས་མཇལ།།
སྣ་ཚོགས་འགྲོ་འདུལ་སྤྲུལ་སྐུ་ལ།།
མི་ཕྱེད་དད་པས་གུས་ཕྱག་འཚལ།།
རྫོགས་སངས་རྒྱས་ཀྱིས་སྔོན་ལུང་བསྟན།།
བླ་མ་དམ་པས་དངོས་ཉམས་གཟིགས།།
ལྷན་སྐྱེས་ཐབས་ཤེས་མཉམ་དུ་འཁྲུངས།།

དེ་ལས་མང་བ་། “སྤྲུལ་སྐུའི་བདེན་རྫུན་འགྱེད་པའི་ལེགས་བཤད་དུང་གི་མེ་ལོང་།” »

རྩོམ་རིག

ལོ་ཟླ་ཤོག་བུའི་སྣེ་རུ་གཅུལ།

Posted on 2015-01-262015-02-01 By ཁ་བརྡ No Comments on ལོ་ཟླ་ཤོག་བུའི་སྣེ་རུ་གཅུལ།

ཁྲོ་གཏུམ།
སེམས་ཀྱི་གཞུང་ན་བཞུར་བའི་མིག་ཆུ་དཀར་དམར
ངག་རྒྱུགས་སུ་གཏོང་མ་ཐུབ་པའི་སྐད་ཆའི་གཏིང་རིང་པོ་དེ་ཡིན་དུས
ལོ་རྒྱུས་ཀྱི་ཁ་དོག་གིས་ཚེ་སྲོག་འཐུས་མྱོང་ཞིང
ཟིན་ཐོ་འགའ་ཤས་སུ་ལོ་ཚིག་གི་གནད་བཟུང་བ་བདེན་ཀྱང
མིག་ལམ་དང་རྣ་ལམ་དུ་གསལ་ཁ་མ་ཐོན་པའི་དུས་རབས་ཀྱི་གླུ་ཤགས་ཧ་ཅང་མང་སོང

དེ་ལས་མང་བ་། “ལོ་ཟླ་ཤོག་བུའི་སྣེ་རུ་གཅུལ།” »

སྙན་ངག

རྗེས་དྲན་དུང་ཟླ་དཀར་པོ།

Posted on 2015-01-252015-01-25 By ཁ་བརྡ 2 Comments on རྗེས་དྲན་དུང་ཟླ་དཀར་པོ།

ཆབ་མདོ་ངག་ཕུན།

 
རྗེ་པཎ་ཆེན་བླ་མ་རིན་པོ་ཆེ།།
སྐུ་གཤེགས་ནས་མི་ལོ་ཉེར་དྲུག་འཁོར།།
རྗེ་བཀའ་དྲིན་བླ་མ་ཁོང་ཉིད་ལ།།
ད་རྗེས་དྲན་སྙིང་ནས་ཡང་ཡང་ཞུ།།
མགོན་ཁྱེད་ཀྱིས་གངས་ལྗོངས་བདེན་དོན་ཆེད།།
ཐུགས་ཞུམ་མེད་བདེན་པའི་དར་ཆེན་འཕྱར།།

དེ་ལས་མང་བ་། “རྗེས་དྲན་དུང་ཟླ་དཀར་པོ།” »

སྙན་ངག

མཛངས་བླུན་རིག་པའི་གེ་སར།

Posted on 2015-01-242015-01-24 By ཁ་བརྡ 6 Comments on མཛངས་བླུན་རིག་པའི་གེ་སར།

ཨེ་མ་ཧོ།

 
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ།
ཆོས་རིག་ནོར་བུ་མཛོད་དུ་གཏམས་པའི་དཔལ།།
ལེགས་བཤད་བདུད་རྩིའི་བཅུད་ལ་རོལ་བའི་གྲོགས།།
གངས་ཅན་ཕ་མེས་བརྒྱུད་པའི་ཆོས་མཆེད་རྣམས།།
དགྱེས་པ་རྡོ་རྗེའི་མགུར་གླུས་ཚིམས་པར་མཛོད།།
མཐོན་པོ་དགྱེས་པའི་རྫོགས་ཆེན་ལྟ་མགུར་དང་།།
ཞིག་པོ་དགྱེས་པའི་རྣལ་འབྱོར་དོ་ཧ་རིགས།།

དེ་ལས་མང་བ་། “མཛངས་བླུན་རིག་པའི་གེ་སར།” »

སྙན་ངག

བསྒུགས་པ། སྒུག་པ། བསྒུག་པ།

Posted on 2015-01-242015-01-24 By ཁ་བརྡ 2 Comments on བསྒུགས་པ། སྒུག་པ། བསྒུག་པ།

དཀོན་མཆོག་ཚེ་རིང་།

unnamed-1སྐད་ཆ་བཤད་པར་གདངས་དང་རྣམ་འགྱུར་ལ།།
ཚིག་གི་གསེང་ན་དོན་གྱི་བཅུད་ཁུ་སྟེ།།
དེད་ཅིང་གཏུགས་ན་མཐའ་མ་མདོག་འབུད་དེ།།
ཕྱིས་ཤིང་བཀྲུས་ན་མདོག་ཀྱང་འགྱུར་ངེས་སོ།།

འདོད་འདུན་གསེར་གྱི་རྟ་ལ་གསེར་གྱི་སྒ།
དཀར་གཙང་དུང་གི་ལུང་ལ་གོས་ཀྱི་དར།།

དེ་ལས་མང་བ་། “བསྒུགས་པ། སྒུག་པ། བསྒུག་པ།” »

སྙན་ངག

མཁས་དབང་གདོང་ཐོག་(༡༩༣༣ – ༢༠༡༥) རྗེས་དྲན།

Posted on 2015-01-242015-01-24 By ཁ་བརྡ 6 Comments on མཁས་དབང་གདོང་ཐོག་(༡༩༣༣ – ༢༠༡༥) རྗེས་དྲན།

ཆབ་མདོ་ངག་ཕུན།

 
གངས་ལྗོངས་བོད་ཀྱི་མཁས་དབང་།།
གདོང་ཐོག་རིན་པོ་ཆེ་མཆོག།།
ཨ་རིའི་གྲོང་ཁྱེར་ནང་ལ།།
སྐུ་ཚེ་འཕེན་པར་རྫོགས་པར།།
རྗེས་དྲན་སྙིང་ནས་ཞུ་འོ།།
མཁས་དབང་དམ་པ་ཁོང་གིས།།
གངས་ལྗོངས་སྐད་ཡིག་མི་ཉམས།།

དེ་ལས་མང་བ་། “མཁས་དབང་གདོང་ཐོག་(༡༩༣༣ – ༢༠༡༥) རྗེས་དྲན།” »

སྙན་ངག

རྒྱང་རིང་གི་མྱི། ངས་ཁྱེད་རང་སེམས་ཀྱིས་གཅེས་ན་འདོད་ཡོད།

Posted on 2015-01-242015-01-24 By ཁ་བརྡ No Comments on རྒྱང་རིང་གི་མྱི། ངས་ཁྱེད་རང་སེམས་ཀྱིས་གཅེས་ན་འདོད་ཡོད།

རྡོར་སྨྱོན་དོན་གྲུབ།

 

རྒྱང་རིང་གི་མྱི། ངས་ཁྱེད་རང་སེམས་ཀྱིས་གཅེས་ན་འདོད་ཡོད། ༼འཕྲིན་ཡིག་ཐེངས་བཅུ་གསུམ་པ།༽

རྒྱང་རིང་གི་མྱི། ཞོགས་པའི་ཉི་ཟེར་དང་ལྷན་དུ་ཁམས་བདེ་ཞུ། འཕྲིན་ལམ་ནས་སྐད་ཆ་མ་བཤད་པར་ཉིན་འགའ་འདས་ཟིན་པས། དེ་རིང་ཁྱེད་ཉིད་ལ་འཕྲིན་ཡིག་ཅིག་འབྲི་འདོད་སྐྱེས་སོང་། དེའི་ཕྱིར། ཁ་སང་བཞིན་རང་གི་གང་བསམ་པ་དག་ཤར་མར་ཕབ་རྩིས་ཡིན།

རྒྱང་རིང་གི་མྱི། ཉིན་འགའི་སྔོན་ཏག་ཏག་ལ།

དེ་ལས་མང་བ་། “རྒྱང་རིང་གི་མྱི། ངས་ཁྱེད་རང་སེམས་ཀྱིས་གཅེས་ན་འདོད་ཡོད།” »

ལྷུག་རྩོམ།

རང་དབང་གི་གླུ

Posted on 2015-01-242015-01-24 By ཁ་བརྡ 3 Comments on རང་དབང་གི་གླུ

རྡོ་རྗེ་རིན་ཆེན། (སྐྱ་རེངས)

unnamedཉི་འོག་ཏུ་རང་དབང་གིས་འཚོ་བར་བྱ།
མཚོ་དང་གཙང་བོའི་འཇིངས་རྣམས་སུ།
ནར་མའི་ཚུལ་གྱིས་འཁྲུས་ལ་རོལ།
བདག་མེད་རྒྱུ་བའི་རླུང་བུ་ཁེར་འགྲོ་ཉིད།
རིང་དུ་བསྙལ་བའི་ལོ་ཆང་ཁམ་པ་བཞིན།
ཆགས་སྡང་མེད་པར་རབ་ཏུ་བཏུང་པར་བྱ།
རི་བོ་དག་དང་ལ་རྣམས་བརྒལ་བྱས་ཏེ།

དེ་ལས་མང་བ་། “རང་དབང་གི་གླུ” »

སྙན་ངག

ཕྱིའི་ཆ་ལུགས་དང་ཀུན་སྤྱོད་ལས་ནང་གི་བསམ་བློའི་གནས་ཚད་དཔོག་ནུས།

Posted on 2015-01-232015-01-23 By ཁ་བརྡ 48 Comments on ཕྱིའི་ཆ་ལུགས་དང་ཀུན་སྤྱོད་ལས་ནང་གི་བསམ་བློའི་གནས་ཚད་དཔོག་ནུས།

འཇམ་གཅེས་ནས།

སྐྱེ་བོ་རེ་ཟུང་ངམ་ཡང་ན་ཆེས་ཉུང་ཤས་ལ་ཁྱད་ཆོས་དམིགས་བསལ་ཅན་དེ་འདྲ་ཡོད་པ་ནི་མཐོང་ཆོས་སུ་གྲུབ་ལ། ཡིན་ཡང་བརྒྱ་ཆ་བརྒྱད་བཅུ་དང་དགུ་བཅུ་ཙམ་ནི། ཕྱིའི་ལུས་ངག་གིས་བྱ་སྤྱོད་དང་ཆ་ལུགས་འདྲ་མིན་སོགས་ལས་ནང་གི་བསམ་བློའི་གནས་ཚད་ཏེ། དཔེར་ན། མི་བུ་གང་ཞིག་གི་སྙིང་སྟོབས་དང་། ལ་རྒྱལ། སྤྱི་སེམས། རྣམ་དཔྱོད། ཤེས་ཡོན་སོགས་ཀྱི་མཚོན་པའི་སྐྱོན་ཡོན་གྱི་ཕྱོགས་གཉིས་ཀའི་ཆ་ནས་ལྗིབ་ཚད་དཔོག་ནུས་པ་ཡིན་ཏེ། ཆོས་གཞུང་ནས་གསུངས་པའི་དོན་གྱི་འབྲས་རྟགས་ཡང་དག་ལྟ་བུའི་

དེ་ལས་མང་བ་། “ཕྱིའི་ཆ་ལུགས་དང་ཀུན་སྤྱོད་ལས་ནང་གི་བསམ་བློའི་གནས་ཚད་དཔོག་ནུས།” »

བསམ་ཚུལ།

རྨི་ལམ་ངན་པའི་ཐན་བཟློག།

Posted on 2015-01-23 By ཁ་བརྡ 16 Comments on རྨི་ལམ་ངན་པའི་ཐན་བཟློག།

ཨེ་མ་ཧོ།

ན་མོ་གུ་རུ་པདྨ་ཀ་ར་ཡེ།།
ཕྱོགས་དུས་རྒྱལ་ཀུན་སྤྱི་གཟུགས་པདྨ་འབྱུང་།།
སྣང་སྲིད་དབང་བསྒྱུར་ཡི་དམ་གཤིན་རྗེ་གཤེད།།
མཁའ་འགྲོའི་གཙོ་རྒྱལ་ཁྲོས་མ་ནག་མོ་དང་།།
ཆོས་སྐྱོང་གེ་སར་རྒྱལ་པོས་རྟག་ཏུ་སྐྱོངས།།
གངས་སེང་གཡུ་རལ་མེ་ཡིས་ཚིག་པ་བཟློག།
རྒྱ་སྟག་སུག་བཞི་ས་ཡིས་བརྣན་པ་བཟློག།

དེ་ལས་མང་བ་། “རྨི་ལམ་ངན་པའི་ཐན་བཟློག།” »

སྙན་ངག

༄༅། །མཁས་དབང་གདོང་ཐོག་བསྟན་པའི་རྒྱལ་མཚན་ལ་སྨོན་པའི་ལྷ་དར་དཀར་པོ་ཞེས་བྱ་བ།།

Posted on 2015-01-222015-01-22 By ཁ་བརྡ 7 Comments on ༄༅། །མཁས་དབང་གདོང་ཐོག་བསྟན་པའི་རྒྱལ་མཚན་ལ་སྨོན་པའི་ལྷ་དར་དཀར་པོ་ཞེས་བྱ་བ།།

ཨེ་མ་ཧོ།

unnamed (1)

ན་མོ་གུ་རུ་མཉྫུ་ཤྲྰི་ཡེ།།
རྒྱལ་ཀུན་མཁྱེན་པའི་རང་གཟུགས་འཇམ་དཔལ་དབྱངས།།
ཁྱབ་བདག་རིག་མའི་ལྷ་མོ་དབྱངས་ཅན་མ།།
དབྱེར་མེད་ཆོས་རྗེ་ཡིད་བཞིན་ནོར་བུ་ཡིས།།
བདེ་ཆེན་དག་པའི་ཞིང་དུ་ལམ་སྣ་དྲོངས།།
ལུགས་གཉིས་བདེན་དོན་ཤེས་པའི་མཁས་དབང་ཆེ།།

དེ་ལས་མང་བ་། “༄༅། །མཁས་དབང་གདོང་ཐོག་བསྟན་པའི་རྒྱལ་མཚན་ལ་སྨོན་པའི་ལྷ་དར་དཀར་པོ་ཞེས་བྱ་བ།།” »

སྙན་ངག

སྙིང་བོར་གྲུབ་པའི་ཁྱོད།

Posted on 2015-01-212015-01-21 By ཁ་བརྡ 2 Comments on སྙིང་བོར་གྲུབ་པའི་ཁྱོད།

རྡོ་མེ་འབུད།
__ བདག་སེམས་ལ་མེ་ཁ་གསོ་མཁན་དེར།

ཉིན་དེ་ནས་བཟུང
ངས་རི་མོ་ཞིག་ལ་སྐྱ་ཐིགས་བཀོད་ཡོད
ཀུན་གྱིས་འབྲི་ཤེས་ལ
སུས་ཀྱང་བྲིས་མ་མྱོང་བའི་རི་མོ་ཞིག
རི་མོ་དེའི་ངོས་སུ
དཔྱིད་ཁ་ཞིག་ནས་འབྲི་མགོ་བརྩམས་པའི་
དབྱར་གཞུང་ཞིག་མཐོང་སྲིད

དེ་ལས་མང་བ་། “སྙིང་བོར་གྲུབ་པའི་ཁྱོད།” »

སྙན་ངག

Posts pagination

Previous 1 … 146 147 148 … 157 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme