Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དེ་རིང་རྔ་པར་བྱུང་བའི་གནས་ཚུལ་ཞིག

Posted on 2015-09-072015-09-07 By ཁ་བརྡ 1 Comment on དེ་རིང་རྔ་པར་བྱུང་བའི་གནས་ཚུལ་ཞིག

2 Lobsang kalsang 01—གནས་ཚུལ་གཏོང་མཁན། ཀ་ཉག་ཚེ་རིང་།

ཕྱི་ལོ་༢༠༡༥ ཟླ་༩ ཚེས་༧ ཉིན་གྱི་བོད་ནང་གི་ཕྱི་དྲོའི་དུས་ཚོད་༣ ཙམ་ལ་རྔ་པ་ཀིརྟི་དགོན་གྱི་གྲྭ་བློ་བཟང་སྐལ་བཟང་། རང་ལོ་༡༩ ཡིན་པ་ཁོང་གིས་རྔ་པ་རྫོང་མཁར་གྱི་སྲང་ལམ་ནས་”བོད་ཁ་བ་ཅན་ལ་རང་དབང་དགོས། རྒྱལ་དབང་བསྟན་འཛིན་རྒྱ་མཚོ་ཁྲི་ལོ་བརྟན་པར་ཤོག” ཟེར་བཞིན་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་གནང་སྟེ་གོམ་བགྲོད་བྱས་ཡོད་ཀྱང་། སྔ་ས་ནས་གྲ་སྒྲིག་བྱས་ནས་ཡོད་པའི་ཉེན་རྟོག་པ་རྣམས་ཀྱིས་ཁོང་བཙན་ཁྲིད་བྱས་ཡོད་པས་རྗེས་ཀྱི་གནས་ཚུལ་ཤེས་རྟོགས་མ་ཐུབ།

དེ་ལས་མང་བ་། “དེ་རིང་རྔ་པར་བྱུང་བའི་གནས་ཚུལ་ཞིག” »

གསར་འགྱུར།

སྨུག་ཀློང་ཁྲོད་ཀྱི་སྲིད་སྤྱིའི་འོས་མི།

Posted on 2015-09-062015-09-06 By ཁ་བརྡ 11 Comments on སྨུག་ཀློང་ཁྲོད་ཀྱི་སྲིད་སྤྱིའི་འོས་མི།

unnamed-2———ནམ་མཁའ།

ཁ་སང་དེ་རིང་བཙན་བྱོལ་སྤྱི་ཚོགས་ཀྱི་ལྟེ་གནས་རྡ་རམ་ས་ལའི་རི་སྒང་ནས་བཟུང་། ནུབ་ཕྱོགས་ཡུལ་གྲུ་སོགས་གང་སར་བོད་མི་ཡོད་ཚད་ཀྱི་གླེང་གཞི་ནི་སྲིད་སྐྱོང་དང་སྤྱི་འཐུས་ལ་བཞེངས་མཁན་ཚོ་རེད། སྤྱིར་བཏང་ནས་འདི་ནི་དགའ་འོས་པ་ཞིག་རེད་ཅེས་སྐད་གསེང་མཐོན་པོས་ཞུ་འདོད་ཡོད།

དེ་ལས་མང་བ་། “སྨུག་ཀློང་ཁྲོད་ཀྱི་སྲིད་སྤྱིའི་འོས་མི།” »

བསམ་ཚུལ།

མགོ་འཚོས་པ་ཕྱི་སྨིན་ནང་སྨིན་རེད། བཀའ་གནང་ཚད་ལྗིད་ཁོག་རྐྱང་རྐྱང་རེད། ཤར་ཕྱོགས་ཁུག་རྟས་འོས་སྦྱོར།

Posted on 2015-09-062015-09-07 By ཁ་བརྡ 28 Comments on མགོ་འཚོས་པ་ཕྱི་སྨིན་ནང་སྨིན་རེད། བཀའ་གནང་ཚད་ལྗིད་ཁོག་རྐྱང་རྐྱང་རེད། ཤར་ཕྱོགས་ཁུག་རྟས་འོས་སྦྱོར།

གློག་བརྙན་།

བཙན་བྱོལ་བ་ཞིག་ཏུ་མི་སྐྱེ་བར་སྨོན།

Posted on 2015-09-062015-09-06 By ཁ་བརྡ 4 Comments on བཙན་བྱོལ་བ་ཞིག་ཏུ་མི་སྐྱེ་བར་སྨོན།

unnamed-1——–ཅོག་མྱི།

༼ཕ་མ་དང་མཉམ་དུ་བཙན་བྱོལ་དུ་འགྲོ་བའི་སྐབས་སུ་རྒྱ་མཚོ་ལ་ལྷུང་ནས་ཚེ་སྲོག་ཤོར་བའི་བྱིས་པ་ལོ་གསུམ་ཅན་ཞིག་གི་བེམ་པོའི་པར་མཐོང་བའི་མོད་ལ།༽

ཁྱེད་ཉིད་ཀྱི་ཕ་མས་བཙན་དབང་གི་རྩིང་སྤྱོད་དེར་གཡོལ་ཆེད།

དེ་ལས་མང་བ་། “བཙན་བྱོལ་བ་ཞིག་ཏུ་མི་སྐྱེ་བར་སྨོན།” »

སྙན་ངག

བློ་བཟང་སེང་གེ་མིན་ན་སུ་ཞིག་ཡིན།

Posted on 2015-09-062015-09-06 By ཁ་བརྡ 9 Comments on བློ་བཟང་སེང་གེ་མིན་ན་སུ་ཞིག་ཡིན།

unnamed——-གཙང་པ་བཀྲ་སྟོབས།

 
༼གཅིག༽
བཙན་བྱོལ་གྱི་སྤྱི་ཚོགས་དོག་པོ་འདིའི་ནང་དུ་སྐྱུག་དྲི་བྲོ་བའི་ལུང་ཚན་གྱི་འཐེན་ཁྱེར་རྒོད་པོ་འདིའི་གཡུལ་ས་ནས་ཐར་ཆེད་ཆིག་སྒྲིལ་གྱི་འབོད་བརྡ་གཏོང་མཁན་གྱི་དུས་ཀྱི་ཅང་བརྡ་དེ་བློ་བཟང་སེང་གེའི་ཀི་སྒྲ་མིན་ན་སུ་ཡི་ཡིན།

དེ་ལས་མང་བ་། “བློ་བཟང་སེང་གེ་མིན་ན་སུ་ཞིག་ཡིན།” »

བསམ་ཚུལ།

དགྲ་ཤར་ན་ཡོད་པ་མི་མཐོང་བར། མདའ་ནུབ་ལ་འཕེན་མཁན་ཚོར།

Posted on 2015-09-062015-09-06 By ཁ་བརྡ 28 Comments on དགྲ་ཤར་ན་ཡོད་པ་མི་མཐོང་བར། མདའ་ནུབ་ལ་འཕེན་མཁན་ཚོར།

11995681_817595308338531_1312940343_n——–ལྷ་སྲས་བསོད་ནམས།

 
སྤྱི་འཐུས་གྲོས་ཚོགས་ནང་དེང་དུས་ཀྱི་ཤེས་ཡོན་གྱིས་རབ་ཏུ་ཕོངས། ཞེན་ཁོག་གི་གདོན་གྱིས་སྨྱོས་པའི་སྤྱི་འཐུས་ཐ་ཤལ་བ་ཁག་ཅིག་གིས། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་གཞི་མེད་སྒྲོ་འདོགས་དང་། ཁུངས་མེད་སྐྱོན་བརྗོད།

དེ་ལས་མང་བ་། “དགྲ་ཤར་ན་ཡོད་པ་མི་མཐོང་བར། མདའ་ནུབ་ལ་འཕེན་མཁན་ཚོར།” »

བསམ་ཚུལ།

【མི་ཚེ།】 ——-གཞས་ཚིག

Posted on 2015-09-062015-09-06 By ཁ་བརྡ 1 Comment on 【མི་ཚེ།】 ——-གཞས་ཚིག

བསོད་ནམས་ནོར་བུ། (རྣམ་གྲོལ་གླིང་།)

 
མི་ཚེ། དཀའ་སྡུག་གི་མི་ཚེ།
རླུང་ཁ་ན་ལྷེམ་ལྷེམ་འབར་བའི་མར་མེ་ཀོང་བུ་གང་།
ད་ལྟ་མཆེད་ཀྱང་ད་ལྟ་ཤི་སྲིད་མོད།
དྲང་བདེན་གྱི་ལམ་བུ་དེ་དང་། དཀར་ངོགས་ཀྱི་འོད་སྣང་དེ་ཡི་ཆེད།
ག་རེ་ཡིན་ན། ག་བ་ཡིན་ན། ག་དུས་ཡིན་ན།
ང་ཚོ་འདི་ལྟར་མར་ཁུ་ཚ་པོའི་ནང་ནས་འབར་དགོས་ཏེ།

དེ་ལས་མང་བ་། “【མི་ཚེ།】 ——-གཞས་ཚིག” »

སྙན་ངག

བོར་ཟིན་པའི་གྲོང་ཁྱེར། ཨཊ་ལཱན་ཐྲི་སི།

Posted on 2015-09-052015-09-05 By ཁ་བརྡ 1 Comment on བོར་ཟིན་པའི་གྲོང་ཁྱེར། ཨཊ་ལཱན་ཐྲི་སི།

ཐེ་བོ་སངས་རྒྱས།

 
སྤྱི་ལོའི་སྔོན་གྱི་ལོ་ 350.ཡས་མས་སུ་གནའ་བོའི་གྷི་རི་སིའི་མཚན་ཉིད་རིག་པ་བ་ཕི་ལཱེ་ཐྲོ་Plato, ལགས་ཀྱིས་ཨཊ་ལཱན་ཊིག་རྒྱ་མཚོའི་Atlantic, དཀྱིལ་གྱི་མཛེས་སྡུག་ལྡན་པའི་གླིང་ཕྲན་ཞིག་གི་སྐོར་བྲིས། ཁོང་རྒྱ་མཚོའི་རྦ་རླབས་འོག་ཏུ་ཉིན་གཅིག་དང་མཚན་གཅིག་བསྐྱོད་ཅིང་། སྒྱུ་འཕྲུལ་ལྟ་བུའི་གླིང་ཕྲན་དེའི་ལོ་རྒྱུས་འགྲེལ་བཤད་ཞིབ་གསལ་རང་བཞིན་ཅན་གྱི་དཔེ་དེབ་གཉིས་བསྣམས་ནས་ཡོང་། དེ་ནས་བཟུང་ལོ་ངོ་མང་པོའི་རིང་མི་རྣམས་ཀྱིས་བོར་ཟིན་ཅིང་སྦས་པའི་ཨཊ་ལཱན་ཐྲི་སི་Atlantis, གྲོང་ཁྱེར་དེ་བཙལ།

དེ་ལས་མང་བ་། “བོར་ཟིན་པའི་གྲོང་ཁྱེར། ཨཊ་ལཱན་ཐྲི་སི།” »

ལོ་རྒྱུས།

དགེ་རྒན་དུས་ཆེན་དང་འབྲེལ་བའི་རང་ཉིད་ཀྱི་བསམ་ཚུལ་ཕྲན་བུ།

Posted on 2015-09-052015-09-05 By ཁ་བརྡ 7 Comments on དགེ་རྒན་དུས་ཆེན་དང་འབྲེལ་བའི་རང་ཉིད་ཀྱི་བསམ་ཚུལ་ཕྲན་བུ།

—–ཕུར་རྡོར།

 
སྤྱིར་དགེ་རྒན་ཞེས་པ་དེ་སློབ་ཕྲུག་གཅིག་པུ་ཙམ་མིན་པར། མིའི་རིགས་སྤྱི་ལའང་གལ་འགངས་ཆེན་པོ་ཡིན་པ་ནི་བསྙོན་དུ་མེད་པའི་ཆོས་ཉིད་ཅིག་རེད། ཇི་ལྟར་ཞེ་ན། དགེ་རྒན་གྱིས་མི་བཟོ་སྐྲུན་བྱེད་བཞིན་ཡོད་ཅིང་། མི་དེས་སྤྱི་ཚོགས་བཟོ་སྐྲུན་བྱེད་བཞིན་ཡོད། མདོར་ན་དགེ་རྒན་གྱིས་སྤྱི་ཚོགས་དེའི་བདེ་འཇགས་དང་འཆམ་མཐུན། དེ་བཞིན་ཡར་རྒྱས་དང་དཀྱེལ་ཡངས་སོགས་གང་ཅིའི་ཐད་ནས་དངོས་སུ་ཤུགས་རྐྱེན་ཐེབས་ཏེ་ཐག་གཅོད་བྱེད་བཞིན་ཡོད་པར་བརྟེན།

དེ་ལས་མང་བ་། “དགེ་རྒན་དུས་ཆེན་དང་འབྲེལ་བའི་རང་ཉིད་ཀྱི་བསམ་ཚུལ་ཕྲན་བུ།” »

བསམ་ཚུལ།

མཚན་ངོགས་ཀྱི་ཁེར་ལབ།

Posted on 2015-09-052015-09-05 By ཁ་བརྡ No Comments on མཚན་ངོགས་ཀྱི་ཁེར་ལབ།

སོག་མདའ།

 
ཟོར་དབྱིབས་ཟླ་བ་ཁོང་དགུང་ནས་འོད་ཀྱིས་འཚེར་དུས།
རས་གུར་ཁ་འཚུབ་ཀྱིས་བརྔུབས་པས་ཟླ་ཐིག་དཀར་བོ།།
མ་བོས་མགྲོན་པོ་ཡི་ཚུལ་དུ་དལ་གྱིས་འཕྲོས་པས།།
དངན་པ་རིང་མོ་ཞིག་ཐོལ་བྱུང་མགྲིན་ནས་ལྷུང་བྱུང་།།

གཡག་རོག་གོམ་ཁ་འདི་སྡེ་ཆེན་གྲོང་ལ་བསྲིངས་དུས།།

དེ་ལས་མང་བ་། “མཚན་ངོགས་ཀྱི་ཁེར་ལབ།” »

སྙན་ངག

མཚོ་ཁའི་མཛེས་པ།

Posted on 2015-09-052015-09-05 By ཁ་བརྡ 1 Comment on མཚོ་ཁའི་མཛེས་པ།

___ སྨྱུག་མདའ།

 
སྐེ་དཀྲིས་གློ་ཁ་མཁའ་རུ་སྐྱོད།།
མཚོ་མོའི་ངོས་ལ་མེ་ཏོག་གད།།
ཡི་གེའི་གཤོག་པ་རྒྱང་ལ་བརྐྱངས།།
རྨི་ལམ་ལས་བྱར་མདངས་མཛེས་མ།།
འོད་ཀྱིས་བྱུགས་པ་རྫུན་མ་ཡིན།།

དེ་ལས་མང་བ་། “མཚོ་ཁའི་མཛེས་པ།” »

སྙན་ངག

ཕ་དང་བུའི་འཕྲིན་ཡིག

Posted on 2015-09-052015-09-05 By ཁ་བརྡ 4 Comments on ཕ་དང་བུའི་འཕྲིན་ཡིག

འཇམ་དབྱངས་དཀར་པོ།

 
ཨི་ཊ་ཡི་མི་(Italian) བགྲེས་སོང་ཞིག་ཨ་རིའི་ནེའུ་རྗེར་སི་(New Jersey) ན་ཁེར་རྐྱང་དུ་བསྡད་ཡོད། བགྲེས་སོང་གིས་ལོ་རེ་བཞིན་གྱི་ར་སྐོར་ནང་ལ་བླ་མ་སྨན་ཐང་(tomato) འདེབས་དགོས་བསམ་ཡང་། ས་ཆ་མཁྲེགས་པོ་ཆགས་ཏེ་འདེབས་ལས་བྱེད་དཀའ་བར་གྱུར། སྔོན་ཆད་བཙོན་ཁང་དུ་ཡོད་པའི་བུ་ཝིན་སིན་ཊི་(Vincent) ཡིས་ཁོ་ལ་བླ་མ་སྨན་ཐང་འདེབས་རོགས་བྱེད་ཀྱི་ཡོད། བགྲེས་སོང་དེས་རང་གི་བུ་ལ་ཡི་གེ་ཞིག་བྲིས་ཏེ་བླ་མ་སྨན་ཐང་འདེབས་ལས་བྱེད་མི་ཐུབ་པའི་དཀའ་ངལ་དེ་འགྲེལ་བཤད་མི་རྒྱག་ཀ་མེད་དུ་གྱུར།

དེ་ལས་མང་བ་། “ཕ་དང་བུའི་འཕྲིན་ཡིག” »

འཕྲིན་ཡིག

དགེ་རྒན་དྲན་པའི་ཐོལ་བྱུང་།

Posted on 2015-09-052015-09-05 By ཁ་བརྡ 3 Comments on དགེ་རྒན་དྲན་པའི་ཐོལ་བྱུང་།

ཆབ་མདོ་ངག་ཕུན།


མི་ང་ལ་བཀའ་དྲིན་ཆེ་བའི་རྒན།།
དུས་དེ་རིང་དྲན་ཞིང་དམ་པ་ཁོང་།།
དུས་རྟག་ཏུ་ངལ་མེད་སློབ་ཕྲུག་ལ།།
ཐུགས་བརྩེ་བ་ཆེན་པོའི་སློབ་འཁྲིད་གནང་།།

ཞལ་འཛུམ་མདངས་སྟོན་བཞིན་བརྩེ་བས་བསྐྱངས།།

དེ་ལས་མང་བ་། “དགེ་རྒན་དྲན་པའི་ཐོལ་བྱུང་།” »

སྙན་ངག

སེམས་འཕྲིན་དམར་པོ།

Posted on 2015-09-052015-09-05 By ཁ་བརྡ 1 Comment on སེམས་འཕྲིན་དམར་པོ།

རྔ་བཟའ་བདེ་པོ་འཚོ།
—–(ལྷོ་ཕྱོགས་སྦེང་ལོའི་ཡུལ་ནས་དེ་རིང་དགེ་རྒན་ཉིན་མོར་སྙིང་ནས་བརྩེ་བའི་དགེ་རྒན་རྣམ་པར་སྤྲིངས་པའི་སེམས་འཕྲིན་དམར་པོ་ཞིག)

༼༡༽

སྔོ་ལྗང་གཡུ་ལོའི་དབུས་ན་གནས་པའི་མ་ཡུམ་ཤེས་བྱའི་གཏེར་མཛོད་ཉིད།།
ཅང་མེད་ཡུལ་གྱར་ང་ཚོའི་གཞིས་ཁྱིམ་དྲོད་ཀྱིས་བསྐྱངས་པའི་ཁོར་ཡུག་ན།།
ཡོན་ཏན་ཀུན་འདུས་བརྩེ་བས་ཕྱུག་པའི་བཤེས་གཉེན་དམ་པ་གང་ཉིད་ཀྱིས།།
ཐུགས་ཀྱི་རིན་ཆེན་གསེར་འོད་སྤྲོས་པས་བློ་གསར་དུ་མའི་རྨོངས་པ་བསལ།།

དེ་ལས་མང་བ་། “སེམས་འཕྲིན་དམར་པོ།” »

སྙན་ངག

མདོ་སྨད་སྤྱི་འཐུས་འོས་མི་ཤེས་རབ་རྡོ་རྗེ་ལགས་ངོ་སྤྲོད།

Posted on 2015-09-052015-09-05 By ཁ་བརྡ 20 Comments on མདོ་སྨད་སྤྱི་འཐུས་འོས་མི་ཤེས་རབ་རྡོ་རྗེ་ལགས་ངོ་སྤྲོད།

མདོ་སྨད་མི་རབས་གསར་པའི་ན་གཞོན་མཐུན་ཚོགས་ནས་འོས་སྦྱོར་བྱས།

unnamed-1ཤེས་ཡོན་སློབ་སྦྱོང་གི་བརྒྱུད་རིམ།

སྐུ་ཞབས་ཤེས་རབ་རྡོ་རྗེ་ལགས་ནི་སྤྱི་ལོ་༡༩༨༩ལོར་མདོ་སྨད་མཚོ་སྔོན་གྱི་འབྲོག་ཁྱིམ་ཞིག་ཏུ་སྐྱེས་ཤིང་། བོད་ནང་དུ་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་འགྲིམས་ཏེ་རྒྱ་ནག་གི་ཆབ་སྲིད་དང་། ཁྲིམས་ལུགས་ཐོག་མཐོ་རིམ་སློབ་གྲྭའི་བསླབ་པ་མཐར་སོན།

དེ་ལས་མང་བ་། “མདོ་སྨད་སྤྱི་འཐུས་འོས་མི་ཤེས་རབ་རྡོ་རྗེ་ལགས་ངོ་སྤྲོད།” »

ངོ་སྤྲོད།

བོད་ཀྱི་བློ་བཟང་སེང་གེ

Posted on 2015-09-042015-09-04 By ཁ་བརྡ 16 Comments on བོད་ཀྱི་བློ་བཟང་སེང་གེ

unnamed——གཙང་པ་བཀྲ་སྟོབས།

 
ཤར་དུ་སྐྱེས་པའི་བོད་ཕྲུག །
ནུབ་ནས་ཐོན་པའི་སློབ་དཔོན། །
གཉིས་ན་གྲགས་པའི་སྲིད་སྐྱོང་། །
འབུམ་རམ་བློ་བཟང་སེང་གེ །

ཕྱི་ལ་མངགས་རྒྱུའི་ཕོ་ཉ། །
ནང་དུ་འཚག་རྒྱུའི་སྲུང་མ། །

དེ་ལས་མང་བ་། “བོད་ཀྱི་བློ་བཟང་སེང་གེ” »

སྙན་ངག

ནམ་ཡང་བརྗེད་ཐབས་མེད་པའི་ཕ་ཡུལ།

Posted on 2015-09-042015-09-04 By ཁ་བརྡ No Comments on ནམ་ཡང་བརྗེད་ཐབས་མེད་པའི་ཕ་ཡུལ།

ཆབ་མདོ་ངག་ཕུན།

 
ངའི་སེམས་དབུས་ནས་ནམ་ཡང་བརྗེད་ཐབས་མེད་པའི་ཕ་ཡུལ་ནི། རི་བོའི་རྩེ་ལ་དུས་བཞིའི་འགྱུར་བ་མེད་པ་གངས་ཀྱི་གཡོག་ཅིང་། མི་རྒྱུས་མེད་གཅིག་གིས་རྒྱངས་རིང་ནས་བལྟས་ཚེ་རི་བོ་རྩེར་རས་གུར་དཀར་ཕུག་པའི་འགྲུལ་པ་དུ་མ་ཞིག་སྒར་བརྒྱབ་ནས་བསྡད་འདུག་བསམ་སྲིད། འོན་ཀྱང་དེ་འདྲ་མ་ཡིན་པས་དེ་ནི་གངས་རི་བཞུ་བའི་ཤུལ་ཡིན་པ་ལས་གཞན་གང་ཡང་མིན། རི་བོའི་འདབ་ལ་ཤིང་རིགས་སྣ་ཚོགས་སྐྱེས་ཤིང་དེའི་ནང་རི་དགས་ཤ་བ་དང་།

དེ་ལས་མང་བ་། “ནམ་ཡང་བརྗེད་ཐབས་མེད་པའི་ཕ་ཡུལ།” »

སྣ་ཚོགས།

བོད་ལ་རྒྱབ་ཁབ་ཅིག་ཡོད་མྱོང་བ་རེད་ལོ།

Posted on 2015-09-042015-09-04 By ཁ་བརྡ 37 Comments on བོད་ལ་རྒྱབ་ཁབ་ཅིག་ཡོད་མྱོང་བ་རེད་ལོ།

unnamed-1——–གསལ་ལེ་རྒྱལ།

 
འཇར་མན་གྱི་STOL ཞེས་པའི་གསར་ཁང་གི་གསར་འགོད་པ་ཞིག་གིས་སྲིད་སྐྱོང་བློ་བཟང་སེང་གེར་”རྒྱལ་ཁབ་མེད་པའི་སྲིད་སྐྱོང་གི་ཚོར་བ་ཅི་འདྲ་འདུག”་དྲིས་པའི་ལན་དུ། བློ་སེང་གིས་”ང་ཚོ་བོད་པ་ཚོར་ནམ་ཡང་རྒྱལ་ཁབ་ཅིག་ཡོད་མ་མྱོང་”ཟེར། དེའི་དྲ་ཐག་འདི་རེད།

དེ་ལས་མང་བ་། “བོད་ལ་རྒྱབ་ཁབ་ཅིག་ཡོད་མྱོང་བ་རེད་ལོ།” »

བསམ་ཚུལ།

སྣང་བའི་ཁམས།

Posted on 2015-09-042015-09-04 By ཁ་བརྡ No Comments on སྣང་བའི་ཁམས།

བསོད་ནམས་ནོར་བུ། (རྣམ་གྲོལ་གླིང་།)

 
ཉི་མའི་འོད་ཟེར་སྤྲིན་ནག་རྒྱབ་ཏུ་རྨས།།
བར་སྣང་མི་དྭངས་ས་ལ་སྨུག་པ་འཁོར།།
གནམ་གྱི་རྒྱལ་མོ་བཤུམ་པའི་མིག་ཆུ་རེ།།
དེ་རིང་སུ་ཡི་གདོང་ལ་འཛག་གིན་ཡོད།།

རྒྱ་སེ་རྙིང་པས་རྒྱབ་ནས་ལག་པ་གཡུག།

དེ་ལས་མང་བ་། “སྣང་བའི་ཁམས།” »

སྙན་ངག

ཨ་ཚོགས་མྱི་ལྡང་གི་སྤོབས་པའི་གཤོག་རྡེབ།

Posted on 2015-09-042015-09-04 By ཁ་བརྡ 10 Comments on ཨ་ཚོགས་མྱི་ལྡང་གི་སྤོབས་པའི་གཤོག་རྡེབ།

unnamed———གསལ་ལེ་རྒྱལ།

 
ཨ་ཚོགས་མྱི་ལྡང་གནམ་ལ་འཕུར་མི་ཐུབ་པ་དེ་ཁོའི་ནམ་མཁའ་ན་རླུང་མེད་པས་རེད། མི་ལ་ལས་ཁོང་གི་གཤོག་འོག་ལ་ཕུ་རྒྱག་བཞིན་ཡོད་མོད། ཤེད་མེད་ཤུགས་ཆུང་འགས་ཕུ་བརྒྱབས་ནས་ག་ལ་འཕུར་ཐུབ།
ཁོ་ལ་བརྐྱང་ཆོག་ཆོག་གི་གཤོག་པ་ཞིག་ཡོད་པར་ཁོ་རང་ཉིད་ཀྱིས་ཡིད་ཆེས་བྱེད་བཞིན་ཡོད་ལ། ཡིད་ཆེས་དེའི་དབང་གིས་ཁོ་ལ་འཕུར་ཆོག་ཆོག་གི་ང་རྒྱལ་ཞིག་ཀྱང་ཡོད།

དེ་ལས་མང་བ་། “ཨ་ཚོགས་མྱི་ལྡང་གི་སྤོབས་པའི་གཤོག་རྡེབ།” »

བསམ་ཚུལ།

Posts pagination

Previous 1 … 116 117 118 … 157 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (22)
  • ན་ཟུག (7)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme