Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བྱས་པ་དྲིན་དུ་གོ་བའི་བརྡ་ལན།

Posted on 2015-09-252015-09-25 By ཁ་བརྡ 18 Comments on བྱས་པ་དྲིན་དུ་གོ་བའི་བརྡ་ལན།

unnamed-6——–འཇམ་གཅེས།

 
གདན་ས་འབྲས་སྤུངས་ནས་ཀླུ་བྱམས་ཀྱི་གཏམ་བཤད་ལ་ངོས་ལེན་དང་། དེ་བཞིན་སེ་ར་དང་། དགའ་ལྡན། བཀྲ་ཤིས་ལྷུན་པོ། རྒྱུད་སྨད་གྲྭ་ཚང་བཅས་ནས་ངོས་ལེན་མ་བྱས་པའི་གནས་ཚུལ་དེ་ཐམས་ཅད་ནི་མང་གཙོའི་ལམ་ལུགས་དང་།

དེ་ལས་མང་བ་། “བྱས་པ་དྲིན་དུ་གོ་བའི་བརྡ་ལན།” »

བསམ་ཚུལ།

ཧེ་མཎ་ཝེའི་མི་ཚེའི་ལོ་རྒྱུས་ཐུང་ངུ་ཞིག

Posted on 2015-09-252015-09-25 By ཁ་བརྡ No Comments on ཧེ་མཎ་ཝེའི་མི་ཚེའི་ལོ་རྒྱུས་ཐུང་ངུ་ཞིག

ཚེ་རིང་ཆོས་སྒྲོན་གྱིས་བསྒྱུར།

 
ནུབ་ཕྱོགས་ནོ་བྷེལ་རྩོམ་རིག་བྱ་དགའ་ཐོབ་མཁན་གྱི་བརྩམས་སྒྲུང་རྩོམ་པ་པོའམ་གསར་འགོད་པ་གྲགས་ཅན་ཨེ་ཎེ་སི་ཁྲི་མེ་ལུར་ཧེ་མཎ་ཝེ་(Ernest Miller Hemingway) ནི་༡༨༩༩ ལོར་སྐྱེས་ཤིང་། ཁོ་ནི་ནང་མི་དེར་བུ་ཕྲུག་དྲུག་ཡོད་པའི་གཉིས་པ་དེ་ཡིན། ཁོ་ཚང་གི་ཁྱིམ་གཞི་ནི་ཆིཀཱ་ཀོ་གྲོང་ཁྱེར་གྱི་ཨཱོཀ་སྐྱེད་མོའི་ཚལ་གྱི་ཉེ་འདབས་སུ་མཆིས།
ཕྱི་ལོ་༡༩༡༧ ལོར་ཁོ་ཨ་རིའི་སྐད་གྲགས་ཅན་གྱི་ཉིན་རེའི་ཚགས་ཤོག་“The Kansas City Star ”ཞེས་པ་དེའི་གསར་འགོད་པར་ཞུགས།

དེ་ལས་མང་བ་། “ཧེ་མཎ་ཝེའི་མི་ཚེའི་ལོ་རྒྱུས་ཐུང་ངུ་ཞིག” »

འགྱུར་རྩོམ།

གུ་དོག་པའི་འཚོ་གནས།

Posted on 2015-09-252015-09-25 By ཁ་བརྡ 9 Comments on གུ་དོག་པའི་འཚོ་གནས།

___ སྨྱུག་མདའ།

 
༡༽ དེ་རིང་ངེད་གྲྭ་བ་དཀྱུས་མ་ཚོ་ཆེད་དུ་སྤེལ་ཀོབ་གཞིས་གྲོང་དང་པོའི་མི་དམངས་ཚོགས་ཁང་དུ་ཨ་ཚོགས་ཀླུ་བྱམས་ཀྱི་གཏམ་བཤད་མཉན་དུ་སོང་བ་ཡིན། མ་གཞི་གཞིས་གྲོང་དུ་འགྲོ་དགོས་པའི་རྒྱུ་རྐྱེན་ཁ་སང་སེ་ར་དགོན་པའི་དབང་འཛིན་པས་ཨ་ཚོགས་ཀྱི་སྲིད་སྐྱོང་འོས་མའི་གཏམ་བཤད་དབང་ཡོན་བྱས་ཏེ་བཀག་པ་དེས། དེ་རིང་ངེད་ཅག་གཞིས་གྲོང་དུ་འགྲོ་དགོས་པའི་གནས་སྟངས་ཤིག་ཆགས་པ་རེད། འོན་ཀྱང་དེ་ནི་ཨ་ཚོགས་ལགས་ལ་མཚོན་ན་གནོན་ཤུགས་ལས་ཀྱང་སྡོང་གྲོགས་ཤིག་ཏུ་གྱུར་ཡོད། རྒྱུ་མཚན་གྲྭ་མང་ལ་གཏམ་བཤད་བཀག་འགོག་བྱས་པར་འདོད་མོས་མེད་པའི་རྣམ་འགྱུར་གསལ་བོ་ཞིག་བསྟན་ཡོད་པས་སོ།།

དེ་ལས་མང་བ་། “གུ་དོག་པའི་འཚོ་གནས།” »

བསམ་ཚུལ།

ང་ཚོར་རྒྱལ་ཁ་ཐོབ་པ་ནི་བོད་མི་རིགས་ལ་རྒྱལ་ཁ་ཐོབ་པ་ཡིན།

Posted on 2015-09-252015-09-26 By ཁ་བརྡ 2 Comments on ང་ཚོར་རྒྱལ་ཁ་ཐོབ་པ་ནི་བོད་མི་རིགས་ལ་རྒྱལ་ཁ་ཐོབ་པ་ཡིན།

unnamed-4——–མགལ་དུམ།

༢༠༡༥/༧/༢༢ ཉིན་ང་ཚོ་སྟེ་ཨོ་གླིང་(Sydney,Australia)དུ་ཡོད་པའི་མི་བུ་བརྒྱ་མ་ཟིན་པ་ཙམ་ཞིག་འདི་གའི་གཞོན་ནུ་ཚོགས་པ་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ཀྱིས་སྣེ་ཁྲིད་པའི་འོག རྒྱ་ནག་གཞུང་ཚབ་ཁང་གི་སྒོ་འགྲམ་དུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་རྒྱ་ནག་གི་བཙོན་ཁང་དུ་

དེ་ལས་མང་བ་། “ང་ཚོར་རྒྱལ་ཁ་ཐོབ་པ་ནི་བོད་མི་རིགས་ལ་རྒྱལ་ཁ་ཐོབ་པ་ཡིན།” »

གསལ་བཤད།

སྐབས་༡༥ གྲོས་ཚོགས་ཚོགས་དུས་༡༠ བའི་ཉིན་དགུ་བ།

Posted on 2015-09-252015-09-25 By ཁ་བརྡ No Comments on སྐབས་༡༥ གྲོས་ཚོགས་ཚོགས་དུས་༡༠ བའི་ཉིན་དགུ་བ།

དེ་ལས་མང་བ་། “སྐབས་༡༥ གྲོས་ཚོགས་ཚོགས་དུས་༡༠ བའི་ཉིན་དགུ་བ།” »

གློག་བརྙན་།

པར་འདིའི་རྒྱབ་མདུན་འདི་འདྲ་ཞིག འདི་ཁ་ཡིག་ཡིན།

Posted on 2015-09-242015-09-24 By ཁ་བརྡ 1 Comment on པར་འདིའི་རྒྱབ་མདུན་འདི་འདྲ་ཞིག འདི་ཁ་ཡིག་ཡིན།

འཇམ་དབྱངས་སྦྱིན་པ།

 
སྟོང་གསུམ་སྐད་ཀྱིས་ཆོད་པའི་ས་བྱི་ཞི་རྒོལ་ཆེན་མོའི་ཧ་ཅང་ཛ་དྲག་དུས་སྐབས་སུ་རྒྱུ་མང་རྐྱེན་མང་དུས་གཅིག་ཏུ་འཛོམས་པ་ལ་བརྟེན་ནས་ང་ཚོ་བོད་པ་ཚོར་གོ་སྐབས་དཔེ་མེད་ཅིག་རེག་པ་ནི། རྒྱ་གཞུང་དང་རྗེས་འབྲངས་རྒྱ་རིགས་ཆེན་པོ་དེས། འཇམ་པོ་ཁ་དང་རྩུབ་མོ་མཚོན། བཙན་པོ་དབང་དང་གཡོ་ཅན་དངུལ་སོགས་ཁོ་བ་ཅག་ལ་ཡོད་བསམ་བསམ་གྱི་ནུས་པ་ཡོད་ཚད་རྩལ་ཏུ་བཏོན་ཅིང་གཅིག་ཏུ་སྒྲིལ་ནས་བཀག་ཀྱང་མ་ཁོག་པར། འགངས་ཆེ་བའི་གནས་ཚུལ་ངོ་མ་ཞིག་ཤེས་རྟོགས་ཆེད་ཡོངས་གྲགས་སུ་རྒྱལ་སྤྱིའི་གསར་འགོད་སྡེ་ཚན་གཉིས་སྔ་ཕྱིར་རང་ཡུལ་གངས་རིའི་ལྗོངས་སུ་དངོས་འབྱོར་བྱུང་ཡོད།

དེ་ལས་མང་བ་། “པར་འདིའི་རྒྱབ་མདུན་འདི་འདྲ་ཞིག འདི་ཁ་ཡིག་ཡིན།” »

ངོ་སྤྲོད།

དགའ་སེར་བླ་སྤྱིའི་མ་རུ་མ་གྱུར་པའི་ཨ་ཚོགས་ཀླུ་མཁར་བྱམས།

Posted on 2015-09-242015-09-24 By ཁ་བརྡ 43 Comments on དགའ་སེར་བླ་སྤྱིའི་མ་རུ་མ་གྱུར་པའི་ཨ་ཚོགས་ཀླུ་མཁར་བྱམས།

ལྷ་སྡེ་གནམ་ལོ་ཡག

 
སྨྱུག་ཐོགས་པས་དགའ་ལྡན་བླ་སྤྱི་དགའ་བཞིན་སྤྲོ་བཞིན་སྤེལ་བའི་ཕྱི་ལོ་༢༠༡༦ ལོའི་སྲིད་སྐྱོང་འོས་མི་ཨ་ཚོགས་ཀླུ་མཁར་བྱམས་ཀྱི་གཏམ་བཤད་བཀག་འགོག་གི་གསལ་བསྒྲགས་ཀློག་སྐབས། གསལ་བསྒྲགས་ནང་ཀླུ་མཁར་བྱམས་ལགས་སྲིད་སྐྱོང་འོས་མི་ཡིན་པ་བརྗོད་ཐུབ་མེད་པ་ནི་གནང་སྟངས་དམངས་གཙོར་འགལ་བཞིན་པ་ཤེས་ཡོད་པའི་རྟགས་མཚན་ཡིན་པའི་ཁར། འགོག་དོན་ཡང་ཆོས་དད་དང་ཡ་རབས་བཟང་སྤྱོད་ཟེར་བ་ཙམ་ལས་ཁུངས་ལུང་གང་ཡང་བཀོད་མི་འདུག

དེ་ལས་མང་བ་། “དགའ་སེར་བླ་སྤྱིའི་མ་རུ་མ་གྱུར་པའི་ཨ་ཚོགས་ཀླུ་མཁར་བྱམས།” »

བསམ་ཚུལ།

བོད་ལ་ཡོངས་གྲགས་སུ་ཆོས་ལུགས་གཉིས་ལས་མེད་ཀྱང་ཆོས་ལུགས་སྤྱི་འཐུས་བཅུ་ཡོད།

Posted on 2015-09-242015-09-24 By ཁ་བརྡ 16 Comments on བོད་ལ་ཡོངས་གྲགས་སུ་ཆོས་ལུགས་གཉིས་ལས་མེད་ཀྱང་ཆོས་ལུགས་སྤྱི་འཐུས་བཅུ་ཡོད།

སུམ་བྷའི་བུ་རབས།

 
ཉེ་བའི་ཆར་བོད་ཕྱི་ནང་གཉིས་ཀྱི་སྤྱི་ཚོགས་གང་སར་དེང་དུས་ཀྱི་སྤྱི་ཚོགས་དྲ་ལམ་ཁག་བརྒྱུད་ཇོ་ནང་པའི་མང་གཙོའི་ཐོབ་ཐང་གི་རྩིད་གཞི་དང་འབྲེལ་བའི་འུར་གཏམ་དང། དཀྲོག་གཏམ། འཁྱོག་བཤད་སོགས་ཀྱི་ཡོ་ལང་ཞིག་བརྒྱག་བཞིན་པ་ཀུན་པོས་མཁྱེན་གསལ་ལགས། སྤྱིར་རང་ཉིད་ལྟ་བུར་མཚོན་ན་ཆོས་དང་སྲིད་གང་ལ་མི་མཁས་ཤིང་རྒྱུན་གཏན་ང་ཚོའི་བོད་ཀྱི་སྤྱི་ཚོགས་ནང་ཐོན་བཞིན་པའི་མཁས་དབང་དང་། རྩོམ་པ་པོ། ཉམས་ཞིབ་པ། ཆབ་སྲིད་པ། ཆོས་པ་སོགས་གང་གི་ཆར་མ་གཏོགས་པའི་བོད་མི་དཀྱུས་མ་ཞིག་ནས་རང་གི་རིག་པས་དཔྱད་པའི་

དེ་ལས་མང་བ་། “བོད་ལ་ཡོངས་གྲགས་སུ་ཆོས་ལུགས་གཉིས་ལས་མེད་ཀྱང་ཆོས་ལུགས་སྤྱི་འཐུས་བཅུ་ཡོད།” »

བསམ་ཚུལ།

རྒྱལ་སྤྱིའི་བོད་རིག་པའི་གཞོན་ནུའི་གྲོས་ཚོགས་དང་འབྲེལ་བའི་གསལ་བཤད་རྒྱས་པ།

Posted on 2015-09-242015-09-24 By ཁ་བརྡ 9 Comments on རྒྱལ་སྤྱིའི་བོད་རིག་པའི་གཞོན་ནུའི་གྲོས་ཚོགས་དང་འབྲེལ་བའི་གསལ་བཤད་རྒྱས་པ།

ཆོས་འཁོར་ཚང་ཉི་མ་འོད་ཟེར།

 
ཉེ་ཆར་རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་གྲོས་ཚོགས་ཐེངས་བཞི་པ་གྲོལ་མཚམས་ཀྱི་ཉིན་ཤས་རྗེས་སུ་ཕྱོགས་ཡོངས་ཀྱི་གནས་ཚུལ་དང་ལོ་རྒྱུས་གསལ་པོར་མི་མཁྱེན་པ་རེ་འགས་དེ་གའི་ཚོགས་པ་དང་གོ་སྒྲིག་པ་དེ་བཞིན་གོ་སྒྲིག་བྱེད་སྟངས་ནས་ཚོགས་ཞུགས་བྱེད་མཁན་ཡན་ཆད་ལ་སྒྲོ་བཏགས་བསྙོན་འཛུགས་ཀྱིས་འུར་ཟིང་སྤེལ་ཏེ་གཞན་མང་པོ་ཞིག་མགོ་བོ་རྨོངས་སུ་བཅུག་འདུག
ལྷག་པར་དྲ་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་དང་མཆན་ཡིག་བཏགས་པ་དག་ལ་བལྟས་ཚེ་གོ་སྒྲིག་པས་ཚོང་བརྒྱབ་སྣང་དང་། བོད་པ་རྐང་གཅིག་ཀྱང་འགན་འཛིན་ལྷན་ཚོགས་སུ་མེད་རབས་དང་།

དེ་ལས་མང་བ་། “རྒྱལ་སྤྱིའི་བོད་རིག་པའི་གཞོན་ནུའི་གྲོས་ཚོགས་དང་འབྲེལ་བའི་གསལ་བཤད་རྒྱས་པ།” »

གསལ་བཤད།

མཐའ་མ་འཁྱོལ་བའི་མི་ཚེ།

Posted on 2015-09-242015-09-24 By ཁ་བརྡ 2 Comments on མཐའ་མ་འཁྱོལ་བའི་མི་ཚེ།

རྔ་བཟའ་བདེ་པོ་འཚོས་བསྒྱུར།

unnamedཉིན་ཤས་སྔོན་ལ་གྲོགས་པོ་ཞིག་གི་ལག་ནས་གློག་སྒུལ་འཕྲུལ་དེབ་ཞིག་ཏུ་མོ་ལོ་༣༢ ཅན་གྱི་རྒྱ་ནག་གི་ན་ཆུང་མ་ཞིག་གི་སྒྲུང་ཡིད་སྐྱོ་བ་ཞིག་འབྱོར་སོང་། སྒྲུང་དེ་མཐོང་བས་ང་ཞེ་གཏིང་ནས་སེམས་འགུལ་ཐེབས་ཤིང་ཉི་མ་རེ་རེའི་དུས་ཚོད་ལ་དམིགས་བསལ་གྱིས་རིན་ཐང་དང་བསམ་གཞིག་ནན་མོ་རེ་མི་གཏོང་ཀ་མེད་བྱུང་།

དེ་ལས་མང་བ་། “མཐའ་མ་འཁྱོལ་བའི་མི་ཚེ།” »

འགྱུར་རྩོམ།

ཀླུ་མཁར་བྱམས་བློ་མ་ཕམ།

Posted on 2015-09-242015-09-24 By ཁ་བརྡ 32 Comments on ཀླུ་མཁར་བྱམས་བློ་མ་ཕམ།

དགའ་ཉག་པ།

 
[1] ཆོས་སྡེ་ཆེན་མོ་འབྲས་སྤུངས་ཆོས་སྒར་ནང་གཏམ་བཤད་སྤེལ་ཚར་བ་རེད་ལ་སེ་ར་ལ་ཡང་སྤེལ་ཐུབ་པའི་རེ་བ་ཡོད། ང་ཚོ་གདན་ས་དགའ་ལྡན་ནང་གཏམ་བཤད་ཀྱི་གོ་སྐབས་མ་སྤྲད་པ་དེར། ང་དང་ང་འདྲ་བའི་ཉམ་ཆུང་གི་གྲྭ་རྐྱང་མང་པོ་ཞིག་སེམས་པ་མི་བདེ་ཞིང་གླེང་ཚོམ་སོགས་སུ་དབང་འཛིན་པ་དང་དབང་འཛིན་པའི་ཐག་གཅོད་ལ་འཁང་ར་དང་ཁོང་ཁྲོ་བྱེད་བཞིན་འདུག་མོད་ནུས་པ་དང་ཐབས་ཇུས་གང་ཡང་མི་འདུག་ལ་ལྡོག་ཕྱོགས་ནས་རྒྱུ་མཚན་སྣ་ཚོགས་བཙལ་དང་འཚོལ་བཞིན་ཡོད། དེར་བརྟེན་ཁྱེད་ཉིད་བློ་མ་ཕམ།

དེ་ལས་མང་བ་། “ཀླུ་མཁར་བྱམས་བློ་མ་ཕམ།” »

གསལ་བཤད།

ཉིན་ཐོ། —–ཧེ་བག་དང་བར་ཁྱད།

Posted on 2015-09-232015-09-24 By ཁ་བརྡ 1 Comment on ཉིན་ཐོ། —–ཧེ་བག་དང་བར་ཁྱད།

གླིང་གཅེར་བུ།

 
མདང་དགོང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་དང་རྩོམ་པ་པོ་བསྟན་འཛིན་ཉིན་བྱེད་ལགས་དང་མཉམ་དུ། དུས་ཐུང་ཞིག་དང་བསྟུན་ནས་(མི་རིགས་ཀྱི་རྩོམ་རིག་དང་འཐབ་རྩོད་)ཅེས་པའི་བརྗོད་གཞིའི་སྒང་ལ་ཁ་བརྡ་དང་དྲིས་ལན་རང་བཞིན་གྱི་གླེང་མོལ་ཞིག་བྱུར་བར། ཁོང་གིས་གཙོ་བོ་དེ་བོད་ནང་ལོག་གི་རྩོམ་པ་པོ་ཁག་ཅིག་དམིགས་སུ་བཟུང་ནས་ཁོང་ཚོས་རྩོམ་བྲིས་སྙིང་སྟོབས་དང་འཐབ་རྩོད་ཀྱི་ཆོད་སེམས། འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་སོགས་ལ་ཕྱོགས་ཡོངས་ནས་

དེ་ལས་མང་བ་། “ཉིན་ཐོ། —–ཧེ་བག་དང་བར་ཁྱད།” »

རྩོམ་རིག

རླབས་ཆེན་གྱི་གོ་གནས་གླེང་བ།

Posted on 2015-09-232015-09-23 By ཁ་བརྡ 2 Comments on རླབས་ཆེན་གྱི་གོ་གནས་གླེང་བ།

ཧྥན་སེ་སི་བྷེ་ཀུན་ Francis Bacon གྱི་<<ལྷུག་རྩོམ་ཕྱོགས་བསྡུས།>>ལས།
ཚེ་རིང་ཆོས་སྒྲོན་གྱིས་བསྒྱུར།

 
མི་ཞིག་གིས་རླབས་ཆེན་གྱི་གོ་གནས་བཟུང་བ་ནི་གཡོག་པོ་ཐེངས་གསུམ་བྱེད་པ་ཡིན་ཏེ། དེ་ནི་གཞུང་དང་རྒྱལ་པོའི་གཡོག་པོ། མཚན་དང་སྙན་གྲགས་ཀྱི་གཡོག་པོ། ལས་དང་དོན་གྱི་་གཡོག་པོ་སྟེ་འདི་གསུམ་ལས་ཐར་བ་མེད། དེར་བརྟེན། མི་དེས་འགྲོ་འཆག་ཉལ་གསུམ་ལ་རང་དབང་གཏན་ནས་མེད། དབང་ཆ་འཚོལ་བཞིན་དུ་རང་དབང་བརླག་པ་དང་། དབང་ཆ་དེས་གཞན་དབང་འོག་ཏུ་བསྡུས་པ་ལས་རང་ཉིད་ཀྱི་དབང་ཆ་ཡོད་ཚད་ཤོར་བ་དེ་ལས་ཡ་མཚན་པ་ཞིག་ཅི་ལ་ཡོད།

དེ་ལས་མང་བ་། “རླབས་ཆེན་གྱི་གོ་གནས་གླེང་བ།” »

འགྱུར་རྩོམ།

སྐབས་༡༥ གྲོས་ཚོགས་ཚོགས་དུས་༡༠ བའི་ཉིན་བརྒྱད་པ།

Posted on 2015-09-232015-09-24 By ཁ་བརྡ No Comments on སྐབས་༡༥ གྲོས་ཚོགས་ཚོགས་དུས་༡༠ བའི་ཉིན་བརྒྱད་པ།

དེ་ལས་མང་བ་། “སྐབས་༡༥ གྲོས་ཚོགས་ཚོགས་དུས་༡༠ བའི་ཉིན་བརྒྱད་པ།” »

གློག་བརྙན་།

གཉུག་མའི་སེམས་ཀྱི་ང་རོ། 

Posted on 2015-09-232015-09-23 By ཁ་བརྡ 1 Comment on གཉུག་མའི་སེམས་ཀྱི་ང་རོ། 

ཆབ་མདོ་ངག་ཕུན།

བླ་མ་ཡི་དམ་མཁའ་འགྲོ་རྣམས།།
ཡེ་ཤེས་སྤྱན་གྱིས་ལེགས་གཟིགས་ཏེ།།
མ་རིགས་མུན་པ་ཡོངས་སེལ་ནས།།
ཤེས་རབ་སྣང་བ་བསྩལ་ཏུ་གསོལ།།

ས་རྒྱུན་མེད་པའི་ལུང་ལ།།
ཐེངས་གཅིག་སྤྲོ་འཁྱམས་ཕྱིན་པས།།

དེ་ལས་མང་བ་། “གཉུག་མའི་སེམས་ཀྱི་ང་རོ། ” »

སྙན་ངག

བསམ་གཞིག་མཛོད།

Posted on 2015-09-232015-09-23 By ཁ་བརྡ 5 Comments on བསམ་གཞིག་མཛོད།

མུ་ལ།

 
སྟག་གཟིག་པགས་པ་གོན་ན་གདོན་དུ་རྩིས། །
ར་ལུག་པགས་པ་གོན་ན་རྒྱན་དུ་རྩིས། །
འདི་གཉིས་ཚེ་སྲོག་བཅད་ནས་བྱུང་བ་ལ། །
ཁྱད་པར་གང་ཡང་མེད་པས་བསམ་གཞིག་མཛོད། །

གྱེར་ལ་ལྟ་ལོག་བཤད་ན་མཁས་པར་རྩིས། །

དེ་ལས་མང་བ་། “བསམ་གཞིག་མཛོད།” »

སྙན་ངག

རང་དབང་དང་རྒྱལ་ཁབ་བསྐྱར་གསོ།

Posted on 2015-09-222015-09-23 By ཁ་བརྡ 21 Comments on རང་དབང་དང་རྒྱལ་ཁབ་བསྐྱར་གསོ།

ཡོན་ཧོང་པེན། (ལྷ་སྡེ་གནམ་ལོ་ཡག་གིས་བསྒྱུར།)

 

བོད་མིའི་སྤྱི་ཚོགས་ཀྱི་འོས་བསྡུ་ལ་བསྐྱར་དུ་དོ་སྣང་བྱུང་བ།

བཤད་ཚུལ་ལྟར་ན། བོད་ཀྱི་བསྟན་པ་ཕྱི་དར་ནི་ཨ་མདོ་དང་མངའ་རིས་གཉིས་ནས་དར་འགོ་ཚུགས་སྐད། ཕྱི་ལོ་༢༠༡༦ ལོའི་བཙན་བྱོལ་བོད་མིའི་བཀའ་ཁྲིའམ་སྲིད་སྐྱོང་འོས་བསྡུ་དེ་བཞིན་ཡར་ཐོན་ཡོད་པའི་ཆབ་སྲིད་ཤོག་ཁག་འགྲན་རྩོད་དུ་གྱུར་འདུག འདི་ནི་བཙན་བྱོལ་བོད་ཀྱི་དམངས་གཙོ་ཕྱི་དར་སླེབས་ཀྱིན་པར་གོ་ཆོག་པར་ངེས།

དེ་ལས་མང་བ་། “རང་དབང་དང་རྒྱལ་ཁབ་བསྐྱར་གསོ།” »

འགྱུར་རྩོམ།

སྲིད་སྐྱོང་གི་འོས་མིར་ལང་མཁན་ཚོས་བཅའ་ཁྲིམས་ལ་འགན་འཁུར་དགོས།

Posted on 2015-09-222015-09-22 By ཁ་བརྡ 6 Comments on སྲིད་སྐྱོང་གི་འོས་མིར་ལང་མཁན་ཚོས་བཅའ་ཁྲིམས་ལ་འགན་འཁུར་དགོས།

གཞུང་པ་ཚེ་དབང་བསོད་ནམས།

 
བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་འགན་འཁུར་ནས་སྲིད་སྐྱོང་གི་འོས་མིར་ལང་གི་ཡོད་ན། བཅའ་ཁྲིམས་ནང་རང་བཙན་དང་དབུ་མ་གང་ཡང་གསལ་མེད་པ་ནས་བོད་དོན་བདེན་མཐའ་གསལ་ཐབས་ཟེར་བའི་ཐ་སྙད་འདི་གསལ་འཁོད་ཡོད་པས། སྲིད་སྐྱོང་གི་འོས་མི་ལ་ལང་མཁན་ཚོས་བཅའ་ཁྲིམས་ནང་མ་གསལ་བའི་ཚིག་རང་བཙན་དང་དབུ་མ་ཁ་ལ་འཁྱེར་ནས་ཞི་བའི་མི་མང་མདུན་གཏམ་བཤད་སྤེལ་བ་དེ་དག་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་དུ་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་འགྲུབ་པ་ལ་ངོས་འཛིན་ཞུས་ན་

དེ་ལས་མང་བ་། “སྲིད་སྐྱོང་གི་འོས་མིར་ལང་མཁན་ཚོས་བཅའ་ཁྲིམས་ལ་འགན་འཁུར་དགོས།” »

བསམ་ཚུལ།

བོད་ཀྱི་སྤྱི་སྐད་གསུམ།

Posted on 2015-09-222015-09-22 By ཁ་བརྡ 4 Comments on བོད་ཀྱི་སྤྱི་སྐད་གསུམ།

-མི་ཉག་ཀུན་དགའ་བཀྲ་ཤིས།

 
སྨད་མི་ཉག་སྟོད་ཀྱི་མངའ་རིས་བར།།
བོད་ཕན་ཚུན་འཕྲོད་པའི་སྤྱི་སྐད་དེ།།
ཡུལ་དམར་པོའི་ས་ནས་དར་བ་ཡི།།
བོད་སྐད་ཡིག་གསོད་པའི་རྒྱ་སྐད་རེད།།

སྟོད་ལ་དྭགས་སྨད་ཀྱི་ལྷོ་ཕྱོགས་བར།།

དེ་ལས་མང་བ་། “བོད་ཀྱི་སྤྱི་སྐད་གསུམ།” »

སྙན་ངག

སྐབས་༡༥ གྲོས་ཚོགས་ཚོགས་དུས་༡༠ བའི་ཉིན་བདུན་པ།

Posted on 2015-09-222015-09-22 By ཁ་བརྡ 3 Comments on སྐབས་༡༥ གྲོས་ཚོགས་ཚོགས་དུས་༡༠ བའི་ཉིན་བདུན་པ།

དེ་ལས་མང་བ་། “སྐབས་༡༥ གྲོས་ཚོགས་ཚོགས་དུས་༡༠ བའི་ཉིན་བདུན་པ།” »

གློག་བརྙན་།

Posts pagination

Previous 1 … 111 112 113 … 157 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (22)
  • ན་ཟུག (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme