Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཚོགས་པ་བཞིས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།

Posted on 2015-11-042015-11-04 By ཁ་བརྡ 51 Comments on ཚོགས་པ་བཞིས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།

གློག་བརྙན་།

གངྒཱ་དང་སྙན་ངག་པ།

Posted on 2015-11-042015-11-04 By ཁ་བརྡ 2 Comments on གངྒཱ་དང་སྙན་ངག་པ།

ལོ་མ་རྒྱལ། 

སྙན་ངག་པ་ཚོར་འདུ་དྲག་པོ་ཞིག་གི་ཀློང་ནས་གངྒཱའི་འགྲམ་དུ་བསྐྱོད།   ད་ནི་ཁོ་རང་རྡོ་ལེབ་ཆེན་པོ་ཞིག་གི་སྟེང་དུ་ཀྲོང་ངེར་འགྲེང་ཏེ་ཆུ་མོ་གངྒཱར་ཅེར་རེར་འདུག  རྡོ་ལེབ་ཆེན་པོ་དེ་ནི་ཟད་དེ་འཇམ་ཡུག་ཡུག་ཏུ་གྱུར་ཡོད་པར་མ་ཟད། མཆོད་རྫས་ལྷག་མའི་མེ་ཏོག་གི་འདབ་མ་ཐར་ཐོར་དང་། མཚལ་མདོག་ཕྲ་ལ་ཕྲན་བུར་འགོས་པའི་རྡོ་ལེབ་ཆེན་པོ་ཞིག་རེད།   སྙན་ངག་པས་ད་དུང་ཆུ་མོ་གངྒཱར་ཅེར་ནས་ཡོད་པའི་སྒང་རེད།  ཆུ་མོ་གངྒཱ་ནི་དལ་ཞིང་འཇགས་ལ། རྫིང་བུ་ནར་མོ་ཞིག་ཤད་དེར་འཁྱིལ་བ་བཞིན་ཕྱོགས་གང་ཞིག་ཏུ་བཞུར་བཞིན་ཡོད་པའང་ཚོར་དཀའ།  ཆུ་མོའི་ཁ་མདོག་ནི་སེར་ཤག་ཤག་ཏུ་སྣང་ཞིང་། ཆུ་ཁ་རུ་ནག་སོབ་སོབ་ཀྱི་ལྦུ་བ་

དེ་ལས་མང་བ་། “གངྒཱ་དང་སྙན་ངག་པ།” »

བརྩམས་སྒྲུང་།

གདུང་སེམས་མཉམ་བསྐྱེད།

Posted on 2015-11-042015-11-04 By ཁ་བརྡ 6 Comments on གདུང་སེམས་མཉམ་བསྐྱེད།

unnamedགཅན་བཟོད་རྒྱམ།

 
ཉིན་འགའི་སྔོན་དུ་དྷ་རམ་ས་ལ་ནས་རྒྱ་གར་ཡུལ་མི་གསུམ་གྱིས་བོད་ཀྱི་ཕོ་གསར་ཞིག་ལ་གྲིས་བརྒྱབས་ཏེ་དམར་བསད་བཏང་འདུག གསར་གནས་དེ་གོ་འཕྲད། རང་ཉིད་དྷ་ས་དང་གྱེས་ནས་ལོ་འགའ་འགོར་བར་ཕྱིར་དྲན་བྱས།  ༢༠༠༤ ལོར། ས་རཱ་མཐོ་སློབ་ནས་

དེ་ལས་མང་བ་། “གདུང་སེམས་མཉམ་བསྐྱེད།” »

བསམ་ཚུལ།

དཔའ་ངར་ཆེན་པོས་བཙན་གཡེམ་འགོག་དགོས། 

Posted on 2015-11-042015-11-04 By ཁ་བརྡ 3 Comments on དཔའ་ངར་ཆེན་པོས་བཙན་གཡེམ་འགོག་དགོས། 

unnamedགངས་ལྷ་མོས་བསྒྱུར།

 
གཞན་གྱིས་བཀག་འགོག་ཅེས་པའི་སློབ་ཚན་ནི་ཉམས་མྱོང་མེད་པའི་སློབ་ཆེན་པས་ཀྱང་ལས་སྟབས་བདེའི་ངང་ནས་ལག་བསྟར་བྱེད་ཐུབ་པ་ཞིག་ཡིན་པར་བརྟེན། དེ་ནི་སློབ་ཆེན་དུ་བཙན་གཡེམ་ཉུང་དུ་གཏོང་བའི་ཐབས་ལམ་ཡག་ཤོས་ཡིན་སྲིད། དེའི་རྩ་དོན་ནི་རྒྱུན་ཤེས་

དེ་ལས་མང་བ་། “དཔའ་ངར་ཆེན་པོས་བཙན་གཡེམ་འགོག་དགོས། ” »

འགྱུར་རྩོམ།

མིག་ཆུ།

Posted on 2015-11-032015-11-03 By ཁ་བརྡ 3 Comments on མིག་ཆུ།

གུང་ཐང་འབྲུག་བྷེ། (ཨོ་སི་ཁྲི་ལི་ཡ།)
___རང་ལས་གཞན་གཅེས་ཀྱི་ཆེད་དུ་གཤེགས་པའི་འདས་པོ་གང་དེར།

 
རྡ་ས་ལ་ཁ་བ་བབ་ཚུལ་དྲན་ན
གྲང་ངད་ཀྱིས་ཁོག་འདར་བརྒྱབ
རྡ་ས་ལ་ཆར་རླུང་གཡུག་ཚུལ་བསམ་ན
དངངས་སྐྲག་གིས་སེམས་འཚབ་བསླངས
འདི་ལྟར་དྲན་ན

དེ་ལས་མང་བ་། “མིག་ཆུ།” »

སྙན་ངག

ཆེས་མཐའ་མཇུག་གི་སྙན་ངག

Posted on 2015-11-032015-11-03 By ཁ་བརྡ No Comments on ཆེས་མཐའ་མཇུག་གི་སྙན་ངག

ཙཱ་རྐང་དྲུག

 
ཕུགས་བསམ་ལ་སྨོན་པའི་ལྗོན་ཤིང་གི་ཚེ་སྲོག་དེ།
དགུན་འཁྱག་ཙག་རླུང་རྒོད་པས་བཙན་གྱིས་གཏོར་སོང་།
སྐྱོ་སྣང་གི་ན་བུན་འཁྱམས་པོ་དེ།
བྲག་རོང་གི་ངོས་སུ་ཐེངས་འགའ་རྡེབ་བཞིན།
གླུ་གར་ལ་རོལ་ནས་གདའ།

དེ་ལས་མང་བ་། “ཆེས་མཐའ་མཇུག་གི་སྙན་ངག” »

སྙན་ངག

ཧོང་ཀོང་བོད་ཀྱི་གློག་བརྙན་དང་རིག་གཞུང་དུས་སྟོན།

Posted on 2015-11-032015-11-03 By ཁ་བརྡ 1 Comment on ཧོང་ཀོང་བོད་ཀྱི་གློག་བརྙན་དང་རིག་གཞུང་དུས་སྟོན།

posterགནས་ཚུལ་གཏོང་མཁན། འཕྲིན་ལས་རྒྱ་མཚོ།

 
ཁ་སང་སྟེ་ཟླ་འདིའི་ཚེས་ ༢ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥ བ་ནས་ཧོང་ཀོང་དུ་འཚོགས་བཞིན་པའི་བོད་ཀྱི་གློག་བརྙན་དང་རིག་གཞུང་དུས་སྟོན་རྔ་བོ་ཆེའི་ལྡིར་སྒྲས་མདུན་བསུས་ཏེ་དངོས་སུ་འགོ་བཙུགས་ཡོད་པ་དང་། དུས་སྟོན་དེ་ཉིད་ཀྱི་དབུ་འབྱེད་མཛད་སྒོ་རུ་འཁྲབ་སྟོན་པ་དང་རི་མོ་བ། དེ་བཞིན་དུ་སློབ་མ་སོགས་མི་གྲངས་བརྒྱ་ལ་ཉེ་པ་ཞིག་ཧོང་ཀོང་དུ་རྟེན་གཞི་བྱས་པའི་

དེ་ལས་མང་བ་། “ཧོང་ཀོང་བོད་ཀྱི་གློག་བརྙན་དང་རིག་གཞུང་དུས་སྟོན།” »

གསར་འགྱུར།

ཕུ་ཁང་བྱམས་པ་སྐལ་བཟང་རིན་པོ་ཆེ་ལྷན་དུ་གླེང་མོལ།

Posted on 2015-11-032015-11-03 By ཁ་བརྡ 3 Comments on ཕུ་ཁང་བྱམས་པ་སྐལ་བཟང་རིན་པོ་ཆེ་ལྷན་དུ་གླེང་མོལ།

དེ་ལས་མང་བ་། “ཕུ་ཁང་བྱམས་པ་སྐལ་བཟང་རིན་པོ་ཆེ་ལྷན་དུ་གླེང་མོལ།” »

གློག་བརྙན་།

ཨ་རིའི་སྙིང་སྟོབས།

Posted on 2015-11-022015-11-02 By ཁ་བརྡ 13 Comments on ཨ་རིའི་སྙིང་སྟོབས།

unnamed——ཅོག་མྱི།
༼རང་ཉིད་ཀྱི་བདེ་སྡུག་ཡལ་བར་དོར་ནས་ཉམ་ཐག་ཉག་ཕྲ་བའི་རྒྱལ་ཕྲན་རེ་འགའི་རྒྱ་མཚོ་འགྲུལ་བཞུད་ཀྱི་ཁེ་ཕན་ལ་ཆོས་སྐྱོང་སྲུང་མ་བཞིན་སྲུང་སྐྱོབ་བྱེད་པའི་ཨ་མེ་རི་ཀའི་མཚོ་དམག་ལ་བསྟོད་པ།༽

 
རྒྱ་ནག་ནི་ལྟོ་ཟད་པའི་སྤྱངཚོགས་བཞིན།

དེ་ལས་མང་བ་། “ཨ་རིའི་སྙིང་སྟོབས།” »

སྙན་ངག

མི་གསོད་ལག་དམར་གསུམ་འཛིན་བཟུང་བྱས་འདུག

Posted on 2015-11-022015-11-02 By ཁ་བརྡ 6 Comments on མི་གསོད་ལག་དམར་གསུམ་འཛིན་བཟུང་བྱས་འདུག

བོད་ཀྱི་དུས་བབ།   ཉེ་ལམ་ཚེས་ ༣༠ ཉིན་གྱི་དགོང་མོར། དྷ་ས་བྷག་སུའི་ལམ་ཁར་རྒྱ་གར་བ་གསུམ་གྱིས་བོད་པའི་ཕོ་གསར་ཞིག་ལ་དོན་མེད་དུ་གྲིས་བརྒྱབ་སྟེ་བསད་ཡོད་པ་དང་། ཉིན་དེའི་ཉིན་རྒྱབ་རྒྱ་གར་ཉེན་རྟོག་པས་མི་གསོད་ལག་དམར་གསུམ་འཛིན་བཟུང་བྱས་ཏེ། ད་ལྟ་དྷ་ཤོད་ཀ་ཅ་རུལ་བཙོན་ཁང་དུ་ཁྲིམས་བཤེར་བྱེད་བཞིན་ཡོད་འདུག དེ་རིང་འདི་གའི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་བདེ་སྲུང་དྲུང་ཆེ་འཕགས་པ་ཚེ་རིང་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས། གནས་ཚུལ་རྒྱས་པ་འབྲེལ་ཐག་འདིར་གཟིགས། http://tibettimes.net/མི་གསོད་ལག་དམར་གསུམ་འཛ/

གསར་འགྱུར།

ཡ་ང་བའི་དོན་རྐྱེན་དེའི་རྒྱབ་མདུན།

Posted on 2015-11-012015-11-01 By ཁ་བརྡ 18 Comments on ཡ་ང་བའི་དོན་རྐྱེན་དེའི་རྒྱབ་མདུན།

སྐྱིད་བྱམས་བསྟན་འཛིན་དགའ་བ།

 
མི་མང་པོ་ཞིག་གིས་ཁ་སང་བོད་པ་ཞིག་རྒྱ་གར་པ་གསུམ་གྱིས་བསད་པ་གོ་དུས་ཧང་སངས་སངས་བྱེད་པ་ལས། དེའི་རྒྱབ་ལྗོངས་ཀྱི་རྒྱུ་རྐྱེན་དང་འབྱུང་འགྱུར་གྱི་ཉེན་ཁའི་སྐོར་ལ་གླེང་མཁན་ཧ་ལམ་མེད་ལ། དེ་ནི་གློ་བུར་བའི་དོན་རྐྱེན་ལ་ངོས་འཛིན་བྱེད་ཀྱི་ཡོད། བོད་པ་དེ་ནི་མི་གཤིས་དང་ཀུན་སྤྱོད་གང་ཐད་ནས་ངས་ཡི་རང་ཞུ་སའི་སློབ་གྲོགས་ཚུལ་ཁྲིམས་ལགས་རེད། ཁོང་ལ་རྒྱུས་མངའ་མེད་མཁན་དང་། གནས་ཚུལ་དངོས་ཇི་བཞིན་མི་ཤེས་མཁན་ཞིག་གི་ངོས་ནས་བལྟས་ན་ཁ་སང་བྱུང་བའི་དོན་རྐྱེན་དེ་རྒྱ་གར་པས་ཚུར་རང་འགུལ་གྱིས་

དེ་ལས་མང་བ་། “ཡ་ང་བའི་དོན་རྐྱེན་དེའི་རྒྱབ་མདུན།” »

སྣ་ཚོགས།

ཨ་རིའི་ས་གནས་འོས་བསྡུ་ལས་ཁང་གིས་དགོངས་སེལ་ཞུ་དགོས།

Posted on 2015-11-012015-11-01 By ཁ་བརྡ 43 Comments on ཨ་རིའི་ས་གནས་འོས་བསྡུ་ལས་ཁང་གིས་དགོངས་སེལ་ཞུ་དགོས།

ཤར་ཕྱོགས་ཁུག་རྟ།

 
ཨ་རིའི་ས་གནས་འོས་བསྡུ་ལས་ཁང་གིས་སྲིད་སྐྱོང་དང་སྤྱི་འཐུས་སྔོན་འགྲོའི་འོས་གྲངས་ཁྱབ་བསྒྲགས་གནང་བའི་ཡི་གེ་དེ་ཅིའི་ཕྱིར་ཨིན་ཡིག་བྲིས་པ་རེད། ལས་ཤོག་སྟེང་༼བོད་ཀྱི་སྐུ་ཚབ་དོན་གཅོད་ཁང༽་ཞེས་བྲིས་འདུག བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ཡིན་ན། བོད་ལ་འཛམ་གླིང་ནང་སྐད་ཡིག་གཞན་གྱི་གྲས་སུ་དཔུང་བ་མཉམ་བཤིབ་ཆོག་པའི་ཡི་གེ་ཞིག་བརྒྱ་ཕྲག་བདུན་པ་ནས་དར་ཏེ། ད་བར་ལེགས་སྦྱར་གྱི་ཡི་གེ་དང་གནས་ཚད་མཉམ་པའི་ཡི་གེ་ཕུལ་དུ་བྱུང་བ་ཞིག་ཡིན་ཞེས་ཡང་ཡང་༧གོང་ས་ཆེན་པོས་བཀའ་གནང་བར་མ་གསན་པ་ཡིན་ནམ།

དེ་ལས་མང་བ་། “ཨ་རིའི་ས་གནས་འོས་བསྡུ་ལས་ཁང་གིས་དགོངས་སེལ་ཞུ་དགོས།” »

གསལ་བཤད།

ཨ་ནི་ཀརྨའི་འཁྲུལ་སྣང་།

Posted on 2015-11-012015-11-01 By ཁ་བརྡ 10 Comments on ཨ་ནི་ཀརྨའི་འཁྲུལ་སྣང་།

དགེ་འདུན་བསྟན་འཛིན།

 
ནུབ་ཁའི་ཉི་མ་དམར་པོ་གླང་རི་ལུང་བསྟན་དུ་གྲགས་པའི་རི་རྩེ་ནས་ག་ལེར་རྒྱ་གར་ཕྱོགས་སུ་བཞུད་པ་དང་ཆབས་ཅིག །ཨ་ནི་ཀརྨའི་མཚམས་ཁང་གི་སྒེའུ་ཁུང་ལ་ཕོག་པའི་གསེར་མདོག་ལྟ་བུའི་ཉི་འོད་དེ་ཡང་རིམ་གྱིས་མི་སྣང་བར་གྱུར། ཨ་ནི་ཀརྨའི་མིག་ཟུང་ད་དུང་རྒྱང་ལ་གཏད་འདུག །མོའི་མིག་རིལ་གཉིས་སྒེའུ་ཁུང་གི་ཤེལ་སྒོ་བརྟོལ་ནས་ཕྱི་ལ་འཕུར་ལ་ཁད་པ་ཙམ་དུ་སྣང་། སྤྲིན་པ་དམར་པོ། རི་བོ་ལྗང་ཁུ། ཨ་ནི་ཀརྨའི་མིག་དབང་ཅི་དགར་འཕྲོགས་པའི་མཛེས་སྡུག་ལྡན་པའི་རྒྱང་རིང་གི་སྤྲིན་པ་དང་ནགས་རི་གཉིས་ག་ལེར་གནས་འགྱུར་སོང་།

དེ་ལས་མང་བ་། “ཨ་ནི་ཀརྨའི་འཁྲུལ་སྣང་།” »

བརྩམས་སྒྲུང་།

བདེ་འཇགས་དང་ཡིད་རྟོན་གྱིས་ཁེངས་པའི་བོད་ཡིག་གི་མཁའ་དབུགས།

Posted on 2015-11-012015-11-01 By ཁ་བརྡ 2 Comments on བདེ་འཇགས་དང་ཡིད་རྟོན་གྱིས་ཁེངས་པའི་བོད་ཡིག་གི་མཁའ་དབུགས།

རྫ་ཚེ་རིང་བཀྲ་ཤིས།

 
ང་ཚོར་བདེ་འཇགས་དང་ཡིད་རྟོན་གྱིས་ཁེངས་པའི་ཤེས་རིག་གི་གླིང་ཀ་ཞིག་དགོས།
ང་ཚོར་རང་དབང་གིས་འགན་འཁྲི་མ་བརླགས་པའི་བོད་ཡིག་གི་ཁྲོམ་ར་ཞིག་དགོས།
ང་ཚོར་ཀུན་སྤྱོད་དང་གུས་ཞབས་ཀྱིས་མ་བསྐྱུར་བའི་སྨྲ་བརྗོད་ཀྱི་འབབ་སྟེགས་ཤིག་དགོས།
དེ་ནི་ངས་མཐོང་ན་འདོད་པའི་ང་ཚོའི་སྐད་ཡིག་དང་ཤེས་རིག་ཀུན་སྤྱོད་གསུམ་གྱི་མ་འོངས་པ་ཡིན།

དེ་ལས་མང་བ་། “བདེ་འཇགས་དང་ཡིད་རྟོན་གྱིས་ཁེངས་པའི་བོད་ཡིག་གི་མཁའ་དབུགས།” »

དཔྱད་རྩོམ།

ནང་པ་ཐུན་མོང་གི་སྙན་ཞུ་གཅིག

Posted on 2015-10-312015-10-31 By ཁ་བརྡ 2 Comments on ནང་པ་ཐུན་མོང་གི་སྙན་ཞུ་གཅིག

འཇམ་དབྱངས་དཀར་པོ།

 
འཛམ་གླིང་ན་མིང་གྲགས་ཆེ་བའི་ནང་པའི་དབུ་ཁྲིད་བཅོ་ལྔས་མཚན་རྟགས་བཀོད་ནས། སྤྱི་ཟླ་༡༡ ཚེས་༣༠ ནས་འཚོག་རྒྱུ་ཡིན་པའི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་རྒྱལ་སྤྱིའི་ཚོགས་ཆེན་ལ་སྙན་ཞུ་ཞིག་ཕུལ་ཏེ། ཆབ་སྲིད་ཀྱི་དབུ་ཁྲིད་ཚོས་ཁོར་ཡུག་ལ་བདག་གཅེས་བྱེད་པའི་རེ་བ་ནན་གཟབ་གནང་འདུག “ང་ཚོ་གང་དུ་འཚོ་སྡོད་བྱ་ས་དེར་གཉན་འཕྲང་ཅན་གྱི་ལམ་ཞིག་བརྒྱུད་ཀྱིན་ཡོད། ང་ཚོའི་ཉེ་འཁོར་གྱི་བྱ་དངོས་ནི་ང་ཚོའི་བྱ་སྤྱོད་ལ་རག་ལས་ཡོད་”ཟེར།

སྙན་ཞུ་དེར་མཚན་རྟགས་འགོད་མཁན་ལ་༧གོང་ས་ཏཱ་ལའི་བླ་མ་དང་།

དེ་ལས་མང་བ་། “ནང་པ་ཐུན་མོང་གི་སྙན་ཞུ་གཅིག” »

གསལ་བཤད།

བདག་གིས་སངས་རྒྱས་གསོན་པོར་མཇལ་བ། ‌

Posted on 2015-10-312015-10-31 By ཁ་བརྡ 6 Comments on བདག་གིས་སངས་རྒྱས་གསོན་པོར་མཇལ་བ། ‌

འབྲོང་ངུར་ཕོ་ཉ།

་་་་་་་་་་་་་་་་་་་་་་འདི་ནི་སྒྲོ་འདོགས་ཤིག་གིས་བརྡ་ཆད་བཙན་གྱིས་སྦྱར་བ་མིན་པར་འོད་གསལ་ཕྱག་རྒྱ་ཆེན་པོའི་ལམ་ནས་ཚེ་གཅིག་སྐུ་བཞིའི་རྒྱལ་སར་གཤེགས་པའི་བླ་མ་དམ་པའི་ཡིན་ལུགས་ཀྱི་སྒོ་ནས་མཚན་བརྗོད་ཚུལ་ཞིག ་་་་་་་་་་་་་་་་་་་་་ ཁ་བྱང་གི་འགྲེལ།

ང་རང་ལོ་ན་ཧ་ཅང་ཕྲ་མོའི་དུས་ཤིག་ཡིན་པས་དུས་ཚོད་ངེས་གཏན་ཁ་ཚོན་ཆོད་པ་ཞིག་མི་དྲན་མོད། ཚོད་དཔག་བགྱིས་ན་ཧ་ལམ་སྤྱི་ལོ་༡༩༨༧ ཡས་མས་ཤིག་ལ་ཡིན་པ་ཡོད། ངས་སྐྱབས་རྗེ་བླ་མའི་མཚན་ཐོག་མར་ཐོས་པ་དང་སེམས་ལ་བག་ཆགས་ཟབ་མོ་

དེ་ལས་མང་བ་། “བདག་གིས་སངས་རྒྱས་གསོན་པོར་མཇལ་བ། ‌” »

དྲན་ཐོ།

སྔར་བྱས་ལ་འགྱོད་བཤགས་དང་ཕྱིས་འབྱུང་མི་བྱེད་པའི་དམ་བཅའ།

Posted on 2015-10-312015-10-31 By ཁ་བརྡ 1 Comment on སྔར་བྱས་ལ་འགྱོད་བཤགས་དང་ཕྱིས་འབྱུང་མི་བྱེད་པའི་དམ་བཅའ།

ཆབ་མདོ་ངག་ཕུན།

 
དེ་ཡང་སྔོན་པདྨ་ལུང་ཞེས་པའི་ལུང་པ་དེའི་མི་རྣམས་འཚོ་བ་སྐྱེལ་སྟངས་ནི་ས་མ་འབྲོག་ཡིན་ཞིང་། དེའི་ནང་འཚོ་སྡོད་བྱེད་མཁན་གྱི་མི་དེ་དག་ནི་སོ་སོའི་ལས་དོན་གྱི་ཐོག་ལ་འབད་བརྩོན་ལྷོད་མེད་བྱེད་ཀྱི་ཡོད། ལྷག་པར་གྲོང་པའི་ཁྱིམ་མཚེས་བར་ལ་རྐྱེན་ངན་གོད་ཆག་འདྲ་བྱུང་ཚེ་ཕན་ཚུན་གཅིག་ཕན་གཅིག་གྲོགས་བྱེད་པའི་ལུགས་སྲོལ་ཧ་ཅང་བཟང་པོ་ཞིག་ཡོད། རིམ་པས་ལུང་པ་དེར་འཕོ་འགྱུར་ཆེན་པོ་ཕྱིན་ཏེ་སྤྱི་སྤྱོད་རླངས་འཁོར་འགྲོ་སའི་གཞུང་ལམ་གསར་བཟོ་བྱས་ཏེ་ཤར་གཏོང་ཐུབ་པར་བྱུང་བར་བརྟེན། ཁྱིམ་ཚང་ཕལ་ཆེ་བའི་ནང་ལ་

དེ་ལས་མང་བ་། “སྔར་བྱས་ལ་འགྱོད་བཤགས་དང་ཕྱིས་འབྱུང་མི་བྱེད་པའི་དམ་བཅའ།” »

བརྩམས་སྒྲུང་།

ངའི་ཤོག་བུའི་སྣེ་མོ་རལ་སོང་།

Posted on 2015-10-312015-10-31 By ཁ་བརྡ No Comments on ངའི་ཤོག་བུའི་སྣེ་མོ་རལ་སོང་།

ཁྲོ་གཏུམ།

 
སུན་སྣང་དང་བཅས་ཏེ་གཏམ་རྒྱུད་ཅིག་བཤད
ངག་གི་བཀོད་པ་དག་འགག་འགྲོ་ཡང་གཏམ་རྒྱུད་འཆད
ཡིད་ཀྱིས་མ་ལོང་བའི་གཏམ་དེ་ཐོས་རྗེས
སེམས་པའི་བཞུར་ཚད་ལ་རྣམ་རྟོགས་ལངས

ཁྱོད་ཚོས་ཅི་ཞིག་གོ་འདོད་པ་དེ

དེ་ལས་མང་བ་། “ངའི་ཤོག་བུའི་སྣེ་མོ་རལ་སོང་།” »

སྙན་ངག

སྲོག་སྐྱོབ་དྲིན་ཆེན།

Posted on 2015-10-312015-10-31 By ཁ་བརྡ 1 Comment on སྲོག་སྐྱོབ་དྲིན་ཆེན།

11202658_10206045417107907_8987546233150395566_n—-འཇམ་དབྱངས་དཀར་པོ།

 
སྐུ་ཞབས་ནེ་ཁོ་ལ་སི་ རྗོར་རྗི་ ཝིན་ཊོན་མཆོག་ནི་(Nicholas George Winton) འགྲོ་བ་མིའི་དོན་དངོས་ཀྱི་དཔའ་བོ་ཡིན། སྔོན་ཆད་ཁྱེད་ཀྱིས་ཁོང་གི་མིང་གོ་མྱོང་མེད། འཛམ་གླིང་དམག་ཆེན་གཉིས་པའི་སྔ་ནུབ་ལ་ཝིན་ཊོན་གྱིས་

དེ་ལས་མང་བ་། “སྲོག་སྐྱོབ་དྲིན་ཆེན།” »

ངོ་སྤྲོད།

བོད་པའི་ཕོ་གསར་ཞིག་ལ་གྲིས་བརྒྱབ་སྟེ་གྲོངས་འདུག

Posted on 2015-10-312015-10-31 By ཁ་བརྡ 25 Comments on བོད་པའི་ཕོ་གསར་ཞིག་ལ་གྲིས་བརྒྱབ་སྟེ་གྲོངས་འདུག

ཡོང་ཁུངས། བོད་ཀྱི་དུས་བབ།

མདང་ནུབ་དྷ་རམ་ས་ལའི་བྷག་སུ་ལམ་ཁར་རྒྱ་གར་ཕོ་གསར་ཁག་ཅིག་གིས་བོད་པའི་ཕོ་གསར་ཞིག་ལ་གྲིས་བརྒྱབ་གྲོངས་ཡོད་འདུག

མདང་ནུབ་ཆུ་ཚོད་༡༡ ཡོལ་ཙམ་ལ། དྷ་ས་མེག་གྷན་ཁྲོམ་གཞུང་དུ་བོད་པའི་ཕོ་གསར་ཞིག་དང་བུ་མོ་ཞིག་གིས་དགོང་ཟས་ཟོས་རྗེས། ཕོ་གསར་དེས་བུ་མོ་དེ་ནང་དུ་སྐྱེལ་བའི་ལམ་ཁར། མགྲོན་ཁང་ལྗང་ཁུའི་(Green Hotel) ཉེ་འཁྲིས་སུ་བསླེབས་སྐབས།

དེ་ལས་མང་བ་། “བོད་པའི་ཕོ་གསར་ཞིག་ལ་གྲིས་བརྒྱབ་སྟེ་གྲོངས་འདུག” »

གསར་འགྱུར།

Posts pagination

Previous 1 … 102 103 104 … 157 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (23)
  • ན་ཟུག (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme