Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཇའ་པན་བླ་མ་ཨེ་ཀའི་ཀ་ཝ་གུ་ཅིའི་བོད་ལ་བགྲོད་པའི་རྣམ་ཐར།

Posted on 2016-11-04 By དགེ་རབ་ 22 Comments on ཇའ་པན་བླ་མ་ཨེ་ཀའི་ཀ་ཝ་གུ་ཅིའི་བོད་ལ་བགྲོད་པའི་རྣམ་ཐར།

རྩོམ་འདི་ནི་ ཤརཏ་ ཅནྡྲ་ དས་ ལགས་ཀྱིས་བརྩམས་པའི་བརྡ་སྤྲོད་བསྟན་བཅོས་ “AN INTRODUCTION TO THE GRAMMAR OF THE TIBETAN LANGUAGE” ཞེས་པའི་ལྷན་ཐབས་ནས་བཤུས་པ་ཡིན། བསྟན་བཅོས་དེ་ ༡༩༡༥ ལོར་རྡོ་རྗེ་གླིང་དུ་པར་སྐྲུན་བྱས་འདུག དེབ་དེའི་གླེང་བརྗོད་དུ་ཁོང་གིས་སྐུ་ཞབས་ཀོ་རོ་ཤི་ ཅོ་མ་ལགས་ལ་བསྔགས་བརྗོད་བྱས་ཤིང་ཁོང་གི་བརྡ་སྤྲོད་ཀྱི་རྗེས་སུ་འབྲངས་ཡོད་པར་བཤད་པ་མ་ཟད། ཁ་སྐོང་བྱས་ཡོད་པ་བཤད་འདུག་ ཁོང་གིས་ ༡༩༡༡ ལོར་ཉི་ཧོང་གི་དགེ་སློང་ཨེ་ཀའི་ཀ་ཝ་གུ་ཅི་(Ekai Kawaguchi)བརྒྱུད་ནས་སི་ཏུའི་སུམ་རྟགས་ཀྱི་ཤིང་སྤར་འབྱོར་ལུགས་བཤད་འདུག ཁོང་ཅག་གཉིས་ཀྱི་འབྲེལ་བའི་སྐོར་ “བྱང་ཆུབ་གནས་མཇལ་”འདིར་ཡང་མདོར་ཙམ་གསལ་འདུག་པ་བཅས་ལོ་རྒྱུས་ཀྱི་དུམ་བུ་འདི་མཁྱེན་རྟོགས་ཆེད་བཤུས་ཏེ་བཀོད་པ་དགེའོ།།

དེ་ལས་མང་བ་། “ཇའ་པན་བླ་མ་ཨེ་ཀའི་ཀ་ཝ་གུ་ཅིའི་བོད་ལ་བགྲོད་པའི་རྣམ་ཐར།” »

ལོ་རྒྱུས།

གནའ་གནའ་ཞིག་གི་དུས་དེབ་ཅིག་ལས་འཕྲོས་པའི་ཟིན་ཐོ། (གསུམ་པ།)

Posted on 2016-11-022016-11-03 By དགེ་རབ་ 13 Comments on གནའ་གནའ་ཞིག་གི་དུས་དེབ་ཅིག་ལས་འཕྲོས་པའི་ཟིན་ཐོ། (གསུམ་པ།)

༡༨༤༤ ནས་ ༡༩༠༠ བར།

journal_of_the_asiatic_society_of_bengal_vol_64_part_2_no-_2-djvu(གཟིགས་མཁན་རྣམས་ལ་ཞུ་རྒྱུར། འདིར་ངོ་སྤྲོད་བྱེད་བཞིན་པའི་དུས་དེབ་དེ་ནི་ ཕྱི་ལོ་ ༡༨༣༢ ལོར་རྒྱ་གར་གྱི་ཀ་ལི་ཀ་ཏ་ནས་གསར་འདོན་བྱས་པའི་དུས་དེབ་ “བྷངྒལ་གྱི་ཨེ་ཤ་ཡའི་སྤྱི་ཚོགས་དུས་དེབ།”ཞེས་པ་དེའི་སྐོར་ཡིན། དེ་ཡང་དུས་དེབ་མཐོང་མ་ཐག་ནས་ཐོར་བཏབ་པ་ཞིག་ཡིན་སྟབས་ཚད་ལྡན་གྱི་དཔྱད་གཞིར་འཛིན་མི་རུང་། འདི་ནི་དུམ་བུ་གསུམ་པ་སྟེ་མཐའ་མ་ཡིན་ནོ།།)

༡༨༤༤ ལོའི་འདོན་ཐེངས་རྣམས་ལ་དྭགས་དང་ཁུ་ནུ་སོགས་ཀྱི་ས་ཞིབ་རྩོམ་ཡིག་འགའ་རེ་འཁོད་འདུག

དེ་ལས་མང་བ་། “གནའ་གནའ་ཞིག་གི་དུས་དེབ་ཅིག་ལས་འཕྲོས་པའི་ཟིན་ཐོ། (གསུམ་པ།)” »

ངོ་སྤྲོད།

གནའ་གནའ་ཞིག་གི་དུས་དེབ་ཅིག་ལས་འཕྲོས་པའི་ཟིན་ཐོ། (གཉིས་པ།)

Posted on 2016-10-142016-10-15 By དགེ་རབ་ 28 Comments on གནའ་གནའ་ཞིག་གི་དུས་དེབ་ཅིག་ལས་འཕྲོས་པའི་ཟིན་ཐོ། (གཉིས་པ།)

༡༽ ཀོ་རོ་ཤི་ཅོ་མ་ཤཱན་དོར་གྱི་ལོ་རྒྱུས་མདོར་བསྡུས།

csoma
པར་འདི་ ཝི་ཀེ་རིག་མཛོད་ལས་བཤུས།

སྐབས་འདིར་ངོ་སྤྲོད་ཞུ་བཞིན་པའི་དུས་དེབ་འདིའི་མགོ་འཛུགས་ཀྱི་ལོ་བཅུའི་ནང་བོད་རིག་པ་ལ་ཞིབ་འཇུག་གིས་ཆེད་རྩོམ་འབྲི་མཁན་ཉག་གཅིག་མངོན་པ་ནི་སྐུ་ཞབས་ཅོ་མ་ལགས་ཡིན་འདུག དེ་བས་ཁོང་གི་ལོ་རྒྱུས་མདོར་ཙམ་ཞིག་བཀོད་ན་འདི་ལྟར།
ཀོ་རོ་ཤི་ཅོ་མ་ཤཱན་དོར་ (Kőrösi Csoma Sándor) རམ་ ཡང་ན་ཁོང་ཉིད་ཀྱིས་ཨིན་སྐད་དུ་རང་མིང་འབྲི་སྐབས་ཨ་ལེག་ཟན་ཌར་ ཅོ་མ་ ཌེ་ ཀོ་རོ་ཤི་(Alexander Csoma de Koros) ཞེས་བྲིས་པ་ཁོང་ནི་དེང་སང་གི་རོ་མཱ་ནི་ཡའི་རྒྱལ་ཁོངས་ཧ་རོམ་ཟིག་ཅེས་པའི་ཆ་ཤས་ཡིན་པའི་ཀོ་རོ་ཤི་སྡེ་བར་ ༡༧༨༤ ལོར་འཁྲུངས།

དེ་ལས་མང་བ་། “གནའ་གནའ་ཞིག་གི་དུས་དེབ་ཅིག་ལས་འཕྲོས་པའི་ཟིན་ཐོ། (གཉིས་པ།)” »

ངོ་སྤྲོད།

གནའ་གནའ་ཞིག་གི་དུས་དེབ་ཅིག་ལས་འཕྲོས་པའི་ཟིན་ཐོ། (དང་པོ།)

Posted on 2016-10-092016-10-10 By དགེ་རབ་ 22 Comments on གནའ་གནའ་ཞིག་གི་དུས་དེབ་ཅིག་ལས་འཕྲོས་པའི་ཟིན་ཐོ། (དང་པོ།)

cover-journal—དགེ་འདུན་རབ་གསལ།

ཕྱི་ལོ་ ༡༨༣༢ ལོར་རྒྱ་གར་གྱི་ཀ་ལི་ཀ་ཏར་ “བྷངྒལ་གྱི་ཨེ་ཤ་ཡའི་སྤྱི་ཚོགས་དུས་དེབ།” (The Journals of Asiatic Society of Bengal) ཞེས་པ་ཞིག་བཏོན་འདུག་ཅིང་། དེ་ནི་མིང་རང་དུ་ཁ་གསལ་བ་ལྟར་ཨེ་ཤ་ཡའི་སྤྱི་ཚོགས་ (http://asiaticsocietycal.com/) ཞེས་པའི་ཚོགས་པ་འདིས་བཏོན་པ་ཞིག་རེད། འདིར་ཚོགས་པའི་སྐོར་དང་དུས་དེབ་རྩོམ་སྒྲིག་པ་དང་པར་སྐྲུན་གནས་ཚུལ་སོགས་རེ་ཞིག་ཞུ་རྒྱུ་མིན། དུས་དེབ་དེའི་སྐོར་ནས་ངོ་སྤྲོད་ཙམ་ཞིག་ཞུ་འདོད་ཅིང་། དེ་ཡང་དུས་ཀྱིས་ལྕོགས་རིམ་བཞིན་གང་ལ་ཅི་འོས་ཀྱིས་འབྲི་རྒྱུ་ཡིན།

དེ་ལས་མང་བ་། “གནའ་གནའ་ཞིག་གི་དུས་དེབ་ཅིག་ལས་འཕྲོས་པའི་ཟིན་ཐོ། (དང་པོ།)” »

ངོ་སྤྲོད།

བོད་སྐད་ཀློག་དེབ་ཅིག་ལས་འཕྲོས་པའི་གཏམ།

Posted on 2016-09-272016-09-29 By དགེ་རབ་ 33 Comments on བོད་སྐད་ཀློག་དེབ་ཅིག་ལས་འཕྲོས་པའི་གཏམ།

 

དེ་རིང་འདིར་སྐད་ཡིག་གི་སྐོར་ལ་བསམ་འཆར་འགའ་རེ་ཞུ་འདོད་བྱུང་། བསམ་འཆར་དེ་ཚོ་ཡང་དགག་སྒྲུབ་ཀྱི་རྣམ་པ་ཞིག་མིན་ལ། དཔྱད་ཞིབ་བྱས་པའི་རྩོམ་ཡིག་ཅིག་ཀྱང་མིན། འོན་ཀྱང་ཉེ་ཆར་ཨ་རིའི་གཟའ་ཉི་མའི་སློབ་གྲྭ་བ་རྣམས་ཀྱི་ཆེད་དུ་བྲིས་པའི་ཀློག་དེབ་སྐོར་ལ་དགོངས་ཚུལ་ཤུགས་ཆེ་འབྱུང་བཞིན་པ་དེའི་སྐོར་ཡིན། དེ་ཡང་འདིའི་སྐོར་ལ་ཞིབ་འཇུག་བྱས་པའི་ཕྲན་གྱི་གྲོགས་པོ་ཞིག་དང་གླེང་མོལ་བྱས་སྐབས་ཕྲན་ལ་བྱུང་བའི་བསམ་ཚུལ་རྣམས་ནར་མར་སྤེལ་བ་ཞིག་ཡིན།

སྐད་ཡིག་དང་བརྡ་སྤྲོད་པའི་སྐོར་ལ་དགག་གཞག་བྱེད་པ་དང་བསམ་ཚུལ་བརྗོད་རེས་བྱེད་པ་ནི་ང་ཚོ་ལ་གསར་པ་ཞིག་ཁྱོན་ནས་མིན།

དེ་ལས་མང་བ་། “བོད་སྐད་ཀློག་དེབ་ཅིག་ལས་འཕྲོས་པའི་གཏམ།” »

བསམ་ཚུལ།

མདོ་སྡེ་པའི་གྲུབ་མཐའི་བྱུང་བ་བརྗོད་པ།

Posted on 2016-09-092016-09-09 By དགེ་རབ་ 35 Comments on མདོ་སྡེ་པའི་གྲུབ་མཐའི་བྱུང་བ་བརྗོད་པ།

རྒྱལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེས་མཛད།

imageསིངྒ་ལའི་གླིང་ཕྲན་ལོ་རྒྱུས་སུ་འཕོ་བར་སྨྲ་བའི་སྡེ་ནི་མདོ་སྡེ་པའི་གྲུབ་མཐའི་ལུས་སྔ་མ་ཡིན་པར་འདོད་ཀྱང་། རྒྱ་ནག་གི་སྐད་དུ་བཞུགས་པའི་ཤཱ་རི་བུས་དྲིས་པའི་མདོ་ལས་དེ་གཉིས་དུས་མཉམ་དུ་བྱུང་བར་གསུངས་པ་དང་། ཐང་གི་སྡེ་སྣོད་གསུམ་པ་ཧྱང་ཙང་གིས་འཕོ་བར་སྨྲ་བའི་སྡེ་ནི་མདོ་སྡེ་པའི་དོན་གཅིག་མིང་གི་རྣམ་གྲངས་ཡིན་པར་བཞེད།

དེ་ལས་མང་བ་། “མདོ་སྡེ་པའི་གྲུབ་མཐའི་བྱུང་བ་བརྗོད་པ།” »

གསར་འགྱུར།

ལྷ་སར་བསྐྱོད་པའི་ཟིན་ཐོ་དང་པར་རིས།

Posted on 2016-09-052016-09-05 By དགེ་རབ་ 19 Comments on ལྷ་སར་བསྐྱོད་པའི་ཟིན་ཐོ་དང་པར་རིས།

དགེ་འདུན་རབ་གསལ།

༢༠༡༦ ལོའི་ཕྱི་ཟླ་དྲུག་པའི་སྨད་དུ་ནོར་ཝེ་རྒྱལ་ཁབ་ཏུ་འཚོགས་པའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུར་བཅར་རྗེས་ཕྱིར་ལམ་སླར་ཡང་གྲོགས་པོ་དང་གཉེན་ཉེ་འགའ་ལ་མཇལ་སླད་ལོན་ཌོན་དུ་ཕྱིན་ཏེ་ཉིན་འགའ་བསྡད་པ་ཡིན། དེ་ནས་སླར་འཁོར་ཏེ་བདུན་ཕྲག་གཅིག་ཙམ་གྱི་རྗེས་ཏེ་ཕྱི་ཟླ་བདུན་པའི་ཚེས་ཤར་ལ་གུས་པ་བོད་དུ་གཉེན་འཕྲད་དང་ཡུལ་སྐོར་ལ་འགྲོ་རྒྱུའི་ཆེད་ཐོངས་མཆན་ཐོབ་པའི་གཏམ་ཞིག་གོ་བ་དང་། དེ་ནས་ཅང་མ་འགོར་བར་ཐོངས་མཆན་ཡང་དངོས་སུ་ལག་པར་འབྱོར་བྱུང་། ཐེངས་འདིའི་དགོས་པ་གཙོ་བོ་གཉིས་ཏེ། གཅིག་ནི་གནས་མཆོག་ལྷ་ས་ལ་མཇལ་རྒྱུའི་སྐལ་བ་ཡོད་པ་དང་། གཉིས་ནི་དགུང་ལོ་བརྒྱད་ཅུ་ཡོལ་ཟིན་པའི་མ་རྒན་མོ་ལ་སླར་ཡང་མཇལ་རྒྱུ་ཡོད་པ་དེ་ཡིན། གོ་སྐབས་དེ་གཉིས་མི་གློད་རྒྱུའི་ཆོད་སེམས་དང་བཅས་སླར་ཡང་ཕ་ཡུལ་དུ་བསྐྱོད་པའི་འགྲུལ་བཞུད་ལ་ཞུགས་པ་ཡིན།

དེ་ལས་མང་བ་། “ལྷ་སར་བསྐྱོད་པའི་ཟིན་ཐོ་དང་པར་རིས།” »

དྲན་ཐོ།

༡༩༤༦ ལོའི་ཆོས་ཀྱི་ཚིགས་སུ་བཅད་པའི་པར་མ་དང་དེའི་སྔོན་གླེང་འགའ།

Posted on 2016-02-222016-02-22 By དགེ་རབ་ 24 Comments on ༡༩༤༦ ལོའི་ཆོས་ཀྱི་ཚིགས་སུ་བཅད་པའི་པར་མ་དང་དེའི་སྔོན་གླེང་འགའ།

dhammapadha༡༩༤༦ ལོར་སྒང་ཏོག་ཏུ་ Sikkim Durbar Press ཞེས་པས་པར་སྐྲུན་མཛད་པའི་ “ཆོས་ཀྱི་ཚིགས་སུ་བཅད་པ་བཞུགས་སོ་” ཞེས་པའི་ཁ་བྱང་འོག་ཏུ་ “DHAMMAPADA”ཞེས་ཀྱང་འཁོད་པའི་ལྕགས་པར་མ་དེར་ “Translated into Tibetan by The Rev Gedun Chomphel” ཞེས་ “བཀུར་འོས་དགེ་འདུན་ཆོས་འཕེལ་གྱིས་བོད་སྐད་དུ་བསྒྱུར་ཅེས་ཨིན་ཡིག་བྲིས་ཤིང་། དེ་བཞིན་དུ་ “With a Forward by Georges Roerich” ཞེས་རོལ་རིག་གིས་གླེང་བརྗོད་སྤེལ་ཡོད་ཅེས་བཀོད་འདུག

དེ་ལས་མང་བ་། “༡༩༤༦ ལོའི་ཆོས་ཀྱི་ཚིགས་སུ་བཅད་པའི་པར་མ་དང་དེའི་སྔོན་གླེང་འགའ།” »

ངོ་སྤྲོད།

མེ་སྤྲེལ་གྱི་གཏམ་རྒྱུད་ཐོར་རེ་བ།

Posted on 2016-02-082016-02-09 By དགེ་རབ་ 13 Comments on མེ་སྤྲེལ་གྱི་གཏམ་རྒྱུད་ཐོར་རེ་བ།

དགེ་འདུན་རབ་གསལ།
 
རབ་བྱུང་དང་པོའི་མེ་ཕོ་སྤྲེལ་གྱི་ལོ།།
ཕྱི་ལོ་ཆིག་སྟོང་བརྒྱ་མེད་ང་དྲུག་ཡིན།།
རྭ་སྒྲེང་དགོན་པ་བཏབ་ཅེས་གཏམ་རྒྱུད་སྣང་།།
ཞི་འོད་རབ་བྱུང་མཛད་ཅེས་དུང་དཀར་གསུངས།།

ཪབ་བྱུང་གཉིས་པའི་མེ་སྤྲེལ་ལོ་དེ་ནི།།
ཕྱི་ལོ་ཆིག་སྟོང་བརྒྱ་དང་བཅུ་དྲུག་ཡིན།།

དེ་ལས་མང་བ་། “མེ་སྤྲེལ་གྱི་གཏམ་རྒྱུད་ཐོར་རེ་བ།” »

ངོ་སྤྲོད།

བོད་ཀྱི་ད་ལྟའི་མི་སྣ་གྲགས་ཅན་བཅུ་སུ་རེད།

Posted on 2015-10-232015-10-23 By དགེ་རབ་ 50 Comments on བོད་ཀྱི་ད་ལྟའི་མི་སྣ་གྲགས་ཅན་བཅུ་སུ་རེད།

དགེ་འདུན་རབ་གསལ།

 
དེ་རིང་ཕྲན་གྱིས་བསྒྲུབས་བཞིན་པའི་ཡིག་ཆ་ཞིག་གི་ཆེད་དུ་བོད་ཀྱི་མི་སྣ་གྲགས་ཅན་བཅུ་ཡི་མིང་ཐོ་མཁོ་བར་གྱུར། ཕྲན་ལ་མཁོ་བ་ནི་དངོས་གནས་གྲགས་ཅན་གྱི་མིང་ཐོ་ཞིག་ཡིན། དེ་ཡང་རང་གི་བསམ་ཚུལ་ཙམ་ཞིག་མ་ཡིན་པར་གཞན་གྱིས་ཐོ་བཏབ་པ་གང་ཡོད་པ་ལ་རྩ་འཛིན་ཞིག་བྱེད་འདོད། འོན་ཀྱང་ཐོ་དེ་འདྲ་ཞིག་དཀོན་པར་གྱུར། བོད་ལ་གྲགས་ཆེ་བའི་མི་སྣ་མེད་པ་ཡིན་ནམ་ཡང་ན་ཐོར་མ་བཏབ་པ་ཡིན།

དེ་ལས་མང་བ་། “བོད་ཀྱི་ད་ལྟའི་མི་སྣ་གྲགས་ཅན་བཅུ་སུ་རེད།” »

གསལ་བསྒྲགས།

ལྷ་སའི་སྐད་དུ་དབྱིན་སྐད་སོགས་ཀྱི་སྒྲ་རང་སོར་བཞག་པའི་ཐ་སྙད་འགའ་ཞིག

Posted on 2015-03-19 By དགེ་རབ་ 12 Comments on ལྷ་སའི་སྐད་དུ་དབྱིན་སྐད་སོགས་ཀྱི་སྒྲ་རང་སོར་བཞག་པའི་ཐ་སྙད་འགའ་ཞིག

ལྷ་སའི་སྐད་དུ་དབྱིན་སྐད་སོགས་ཀྱི་སྒྲ་རང་སོར་བཞག་པའི་ཐ་སྙད་འགའ་ཞིག དེ་ཡང་མིང་ཚིག་མ་གཏོགས་བྱ་ཚིག་སྤྱིར་ན་བེད་སྤྱོད་མེད།
ལ་མོ་བཀྲ་ཚེ། ༼དགེ་རབ་ཀྱིས་སྐད་འཕྲིན་ནས་བཤུས་ཏེ་བཀོད།༽

གྷི་ལ་སི། glass ཤེལ་ཕོར། 玻璃杯
རང་སྔོན་ལ་སྒམ་ཆུང་ཇ་ཁང་ལ་ཕྱིན་ན་གྷི་ལ་སི་ལེན་ནས་སྡོད་ས་ཟིན་ཤོག
ཆང་འཐུང་ན་གྷི་ལ་སི་ཚུགས།

དེ་ལས་མང་བ་། “ལྷ་སའི་སྐད་དུ་དབྱིན་སྐད་སོགས་ཀྱི་སྒྲ་རང་སོར་བཞག་པའི་ཐ་སྙད་འགའ་ཞིག” »

སྣ་ཚོགས།

མངོན་བསྟོད་གླེགས་བམ་ཞིག་ཐོན་པ།

Posted on 2015-03-062015-03-06 By དགེ་རབ་ 2 Comments on མངོན་བསྟོད་གླེགས་བམ་ཞིག་ཐོན་པ།

Coverཟླ་སྔོན་མའི་ཚེས་ཉེར་གསུམ་ཉིན་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས་མངོན་བསྟོད་གླེགས་བམ་ཞིག་དབུ་འབྱེད་གནང་ཡོད། གླེགས་བམ་དེ་ནི་གུས་པར་ཡུན་རིང་འགྲོགས་འདྲིས་ཟབ་པའི་བོད་རིག་པའི་མཁས་དབང་ཨེ་ལིའེ་ཊི་ སྤེར་ལིང་(Elliot Sperling)ལགས་ལ་མངོན་བསྟོད་ཆེད་ཕྱོགས་བསྒྲིགས་བྱས་པའི་རྩོམ་ཡིག་སྣ་འཛོམས་ཀྱི་གླེགས་བམ་ཞིག་རེད། དེབ་འདི་རྩོམ་སྒྲིག་བྱེད་པོ་ནི་བོད་རིག་པའི་མཁས་པ་རྒན་པ་རོ་བྷི་(Roberto Vitali)ལགས་རེད།

དེ་ལས་མང་བ་། “མངོན་བསྟོད་གླེགས་བམ་ཞིག་ཐོན་པ།” »

གསར་འགྱུར།

ཤིང་མོ་ལུག

Posted on 2015-02-17 By དགེ་རབ་ 2 Comments on ཤིང་མོ་ལུག

རབ་བྱུང་དང་པོའི་ཤིང་མོ་ལུག་གི་ལོར།། (1055)
རིན་བཟང་འདས་ཤིང་པ་ཚབ་ཉི་གྲགས་དང་།།
ཞང་སྟོན་ཆོས་འབར་འཁྲུངས་ཞེས་ཚེ་ཏན་གསུངས།།
མ་གཅིག་ལབ་སྒྲོན་འཁྲུངས་པའི་གཏམ་ཡང་རྙེད།།

དེ་ལས་མང་བ་། “ཤིང་མོ་ལུག” »

ངོ་སྤྲོད།

སྐད་འཕྲིན་ཡིན་ནམ་རྐུན་འཕྲིན་ཡིན།

Posted on 2015-01-092015-01-09 By དགེ་རབ་ 12 Comments on སྐད་འཕྲིན་ཡིན་ནམ་རྐུན་འཕྲིན་ཡིན།

478009091-china-it-telecommunication-tencent-focus-by-amanda-wang.jpg.CROP.promovar-mediumlargeདེ་རིང་ངོ་དེབ་སྟེང་གི་རྩོམ་ཡིག་ཅིག་བཀླགས་ཚར་རྗེས་སླར་ཡང་གསར་འགྱུར་དེ་འཚོལ་དགོས་པར་གྱུར། ངས་རྩོམ་ཡིག་འདི་མཐོང་བ་ཐེངས་གསུམ་པ་དེ་ཡིན་བསམས་བྱུང་། ཐོག་མར་བསྟན་འཛིན་རྡོ་རྗེ་ལགས་ཀྱི་ངོ་དེབ་དང་དེའི་རྗེས་སུ་མཁས་པ་ཚེ་རིང་ཤཱཀྱ་ལགས་ཀྱི་ངོ་དེབ་གཉིས་རེད། ད་ཡང་བསྐྱར་བརྟགས་སྐབས་མཁས་པ་ཚེ་རིང་ཤཱཀྱ་ལགས་ཀྱིས་འདི་ལ་མཆན་ཐུང་ཞིག་ཀྱང་བཞག་འདུག མཆན་ཐུང་དེར། “བོད་མིའི་ནང་ཁུལ་དུ་སྐད་འཕྲིན་ནི་ཧ་ཅང་གྲགས་ཆེ་ཡིན་པ་དང་། བོད་ནང་གི་གྲོགས་པོ་དག་དང་ལྷན་དུ་སྐད་འཕྲིན་འདི་སྤྱོད་རྒྱུ་ལས་གཞན་པའི་འདམ་ཁ་མི་འདུག” ཅེས་བྲིས་འདུག

དེ་ལས་མང་བ་། “སྐད་འཕྲིན་ཡིན་ནམ་རྐུན་འཕྲིན་ཡིན།” »

གློག་ཀླད་ཤེས་བྱ།

སན་ཏ་ ཁི་ལའུ་སི།

Posted on 2014-12-242014-12-24 By དགེ་རབ་ 1 Comment on སན་ཏ་ ཁི་ལའུ་སི།

220px-MerryOldSantaཡེ་ཤུའི་འཁྲུངས་སྐར་གྱི་ཞོགས་པར་བྱིས་པ་རྣམས་ལ་ལེགས་སྐྱེས་རྔན་པ་འཁྱེར་ཡོང་བར་བཤད་པའི་སན་ཏ་་ ཁི་ལའུ་སི་ཞེས་པ་འདི་ལ་ལོ་རྒྱུས་རིང་པོ་ཞིག་ཡོད་འདུག དེ་ཡང་མཐར་གཏུགས་ན་འཕགས་པ་ནིས་ཁོ་ལ་སི་(St. Nicholas c. 280–343) ཞེས་པ་ལ་ཐུག་འདུག
འཕགས་པ་ནིས་ཁོ་ལ་སི་ནི་ཡེ་ཤུའི་མཁན་པོ་ཞིག་ཡིན་ལ། ཁོང་ནི་ད་ལྟའི་ཊུར་ཀེ་རྒྱལ་ཁབ་ཀྱི་ཆ་ཤས་ཡིན་པའི་ས་ཆ་པཱ་ཏཱ་རཱ་ཞེས་པར་ཕྱི་ལོ་༢༨༠ ཙམ་ལ་འཁྲུངས་པ་དང་། ཁོང་གིས་དབུལ་ཕོངས་ལ་རོགས་བྱས་པ་རེད་ལ། ཁོང་འདས་རྗེས་ཁོང་གི་ལེགས་སྐྱེས་རྔན་པ་སྤྲོད་པའི་ལམ་སྲོལ་དེ་དར་ཁྱབ་ཕྱིན་པ་དང་།

དེ་ལས་མང་བ་། “སན་ཏ་ ཁི་ལའུ་སི།” »

ངོ་སྤྲོད།

ལོ་ཙཱ་བ་བློ་བཟང་ཆོས་འཕགས་(1902-1980)ངོ་སྤྲོད།

Posted on 2014-12-202014-12-20 By དགེ་རབ་ 16 Comments on ལོ་ཙཱ་བ་བློ་བཟང་ཆོས་འཕགས་(1902-1980)ངོ་སྤྲོད།

ཤེར་དོན། དེབ་འཕྲིན། ཞེས་པ་ལས་བཤུས་ཏེ་འདིར་བཀོད།

0རྒྱ་བོད་སྐད་གཉིས་ལ་བྱང་ཆུབ་པའི་སྒྲ་བསྒྱུར་གྱི་ལོ་ཙཱ་བ་ཆེན་པོ་བློ་བཟང་ཆོས་འཕགས་སམ་སློབ་དཔོན་ཆེན་མོ་ཧྥ་ཙུན་བྱ་བ་ཁོང་ནི་སྤྱི་ལོ་༡༩༠༢ ལོར་ཧྲིན་ཀྲོའུ་སྟེ་དེང་གི་ཧོ་པེ་ཞིང་ཆེན་ཧྲིན་ཞན་ཞེས་པའི་ཁོངས་གཏོགས་ཀྱི་ཆར་འཁྲུངས་ཤིང་། ༡༩༢༠ ལོར་རྒྱ་ནག་རི་བོ་རྩེ་ལྔར་རབ་ཏུ་བྱུང་། ༡༩༢༤ལོར་བུའུ་ཁྲང་ནང་བསྟན་སློབ་གླིང་ནས་མཐར་ཕྱིན་ནས་བོད་ཡིག་འཛིན་གྲྭར་ཞུགས།

དེ་ལས་མང་བ་། “ལོ་ཙཱ་བ་བློ་བཟང་ཆོས་འཕགས་(1902-1980)ངོ་སྤྲོད།” »

ངོ་སྤྲོད།

མགོན་པོ་ཕྱག་གཉིས་པའི་གསུང་འབུམ་ཁ་བརྡ་མ།

Posted on 2014-12-012014-12-01 By དགེ་རབ་ 8 Comments on མགོན་པོ་ཕྱག་གཉིས་པའི་གསུང་འབུམ་ཁ་བརྡ་མ།

[གསལ་བཤད། དེ་རིང་དྲན་ཕྱོགས་ཤིག་གིས་འདས་པོ་དམ་པ་མགོན་པོ་ཚེ་རིང་གི་རྩོམ་ཡིག་ཅིག་འཚོལ་འདོད་སྐྱེས་ཏེ་ཁ་བརྡ་དྲ་བར་བཙལ་བ་ཡིན། རྩོམ་ཡིག་རྣམས་ཁ་འཐོར་འདུག་སྟབས་རྩོམ་ཡིག་རེ་རེ་འཚོལ་བཞིན་རྩོམ་ཡིག་ཚང་མ་འཚོལ་བའི་རྩོལ་བ་བསྟེན། དེའི་འབྲས་བུ་རྣམས་འདིར་གཟིགས་བདེ་ཡོང་ཕྱིར་དཀྱུས་གཅིག་ཏུ་བསྒྲིགས་ཏེ་བཀོད་ཡོད། ༢༠༠༨ ལོའི་ཕྱི་ཟླ་ ༦ ཚེས་ ༢༨ ཉིན་རྩོམ་གྱི་ཐོག་མ་ “རྒྱལ་དབང་རིན་པོ་ཆེའི་མཚན་བསྟོད། གཞས་ཚིག” ཅེས་པ་ནས་མགོ་བཙུགས་ཏེ་ ༢༠༡༢ ལོའི་ཕྱི་ཟླ་ ༡༠ ཚེས་ ༡༦ ཉིན་གྱི་རྩོམ་ “ཁྱོད་ཀྱིས་བོད་དོན་དེ་རྒྱ་བོད་གཉིས་ཀྱི་འབྲེལ་མོལ་བརྒྱུད་ནས་མ་གཏོགས་སེལ་ཐབས་ཡོད་པ་མ་རེད་འདོད་དམ།” ཞེས་པའི་བར་

དེ་ལས་མང་བ་། “མགོན་པོ་ཕྱག་གཉིས་པའི་གསུང་འབུམ་ཁ་བརྡ་མ།” »

སྣ་ཚོགས།

སྐད་ཡིག་དང་འབྲེལ་བའི་རྩོམ་ཡིག་གཉིས། གཉིས་པ།

Posted on 2014-11-302014-11-30 By དགེ་རབ་ 7 Comments on སྐད་ཡིག་དང་འབྲེལ་བའི་རྩོམ་ཡིག་གཉིས། གཉིས་པ།

༼ཐོག་མའི་གསལ་བཤད། དེ་རིང་ཡིག་སྣོད་ཁྲོད་ནས་སྐད་ཡིག་དང་འབྲེལ་བའི་རྩོམ་ཡིག་གཉིས་རྙེད་བྱུང་། འདི་དག་ནི་ཚོགས་འདུ་གཉིས་ལ་བྲིས་པའི་ཆེད་རྩོམ་ཡིན་པའི་ཁུལ་རེད། དེ་མུར་ཡིག་སྣོད་དུ་འཇོག་རྒྱུ་ལས་དྲ་ཐོག་ཏུ་བཀྲམས་ཏེ་གླེང་སློང་ཡོང་རེ་བྱས་ཏེ་འདིར་བཀོད་པ་ཡིན། གུས་པས་རྩོམ་འདི་གཉི་ག་འབྲི་དགོས་པའི་རྒྱུ་མཚན་ཡང་ཕྱི་མིར་རང་སྐད་སློབ་པའི་གོ་རིམ་ལས་བྱུང་བ་ཞིག་ཡིན། འདིར་མ་ཚང་བ་དང་ནོར་བ་མཆིས་རིགས་ལ་དགག་གཞག་གནང་རོགས་ཞུ་བ་ཡིན།༽

བོད་སྐད་སྐད་ཡིག་གཉིས་པའི་ཚུལ་དུ་སློབ་སྐབས་ཀྱི་བྱ་ཚིག་འཆད་ཐབས།

དང་པོ།  སྔོན་གླེང་།

རྩོམ་ཡིག་འདིར་ “བྱ་ཚིག་”གི་འཇུག་པའི་སྐོར་ལ་ད་ཡོད་ཀློག་དེབ་ཁག་ཏུ་གང་ཡོད་པ་དང་།  དེ་བཞིན་བོད་ཀྱི་སྲོལ་རྒྱུན་གྱི་བརྡ་སྤྲོད་གཞུང་ལུགས་ན་ཡོད་པའི་འགྲེལ་བཤད།  དེང་སང་གྲགས་ཆེ་བའི་བྱ་ཚིག་གི་འཇུག་པའི་རྣམ་བཤད་ཁག་ལ་དཔྱད་བརྗོད།   གནས་བརྒྱད་དུ་ཡོད་པའི་བྱ་ཚིག་གི་འགྲེལ་བཤད་དང་།  དེ་ལ་བརྟེན་ནས་བྱ་ཚིག་གི་སློབ་ཁྲིད་འཆད་ཐབས་བཅས་ཞུ་རྒྱུ་ཡིན།

དེ་ལས་མང་བ་། “སྐད་ཡིག་དང་འབྲེལ་བའི་རྩོམ་ཡིག་གཉིས། གཉིས་པ།” »

དཔྱད་རྩོམ།

སྐད་ཡིག་དང་འབྲེལ་བའི་རྩོམ་ཡིག་གཉིས། དང་པོ།

Posted on 2014-11-302014-11-30 By དགེ་རབ་ 11 Comments on སྐད་ཡིག་དང་འབྲེལ་བའི་རྩོམ་ཡིག་གཉིས། དང་པོ།

༼ཐོག་མའི་གསལ་བཤད། དེ་རིང་ཡིག་སྣོད་ཁྲོད་ནས་སྐད་ཡིག་དང་འབྲེལ་བའི་རྩོམ་ཡིག་གཉིས་རྙེད་བྱུང་། འདི་དག་ནི་ཚོགས་འདུ་གཉིས་ལ་བྲིས་པའི་ཆེད་རྩོམ་ཡིན་པའི་ཁུལ་རེད། དེ་མུར་ཡིག་སྣོད་དུ་འཇོག་རྒྱུ་ལས་དྲ་ཐོག་ཏུ་བཀྲམས་ཏེ་གླེང་སློང་ཡོང་རེ་བྱས་ཏེ་འདིར་བཀོད་པ་ཡིན། གུས་པས་རྩོམ་འདི་གཉི་ག་འབྲི་དགོས་པའི་རྒྱུ་མཚན་ཡང་ཕྱི་མིར་རང་སྐད་སློབ་པའི་གོ་རིམ་ལས་བྱུང་བ་ཞིག་ཡིན། འདིར་མ་ཚང་བ་དང་ནོར་བ་མཆིས་རིགས་ལ་དགག་གཞག་གནང་རོགས་ཞུ་བ་ཡིན།༽

འབྲེལ་བ་ཅན་གྱི་རྗོད་པ།[1]

༡ ངོ་སྤྲོད།
འབྲེལ་བ་ཅན་གྱི་རྗོད་པའམ་ Relative Clause ཞེས་པའི་སྡེ་ཚན་འདི་ཡང་། བརྡ་སྤྲོད་པའི་སྡེ་ཚན་ཁག་གཞན་[2]རྣམས་དང་མཚུངས་པར། བོད་སྐད་སྐད་ཡིག་གཉིས་པའི་ཚུལ་དུ་སློབ་པའི་ཀློག་དེབ་དག་ལས་གཞན་དུ་མ་མཐོང་། ནི་ཁོ་ལ་སེ་ ཊོར་ནེ་ཌེར་དང་གསང་བདག་རྡོ་རྗེ་གཉིས་ཀྱིས་བརྩམས་པའི་བོད་ཀྱི་སྤྱི་སྐད་སློབ་དེབ་[3]ཅེས་པའི་སློབ་ཚན་ཉེར་དྲུག་པའི་སྐབས་སུ་རྗོད་པ་འདིའི་སྐོར་རྒྱས་པར་བཤད་འདུག་མོད་འདི་ལ་བོད་སྐད་ཀྱི་མིང་འདི་ཡིན་ཞེས་གསལ་པོར་འཁོད་མི་འདུག

དེ་ལས་མང་བ་། “སྐད་ཡིག་དང་འབྲེལ་བའི་རྩོམ་ཡིག་གཉིས། དང་པོ།” »

དཔྱད་རྩོམ།

འཇེག་ ཁེ་རོ་ཨེག་ངོ་སྤྲོད་མདོར་བསྡུས།

Posted on 2014-11-112014-11-12 By དགེ་རབ་ 10 Comments on འཇེག་ ཁེ་རོ་ཨེག་ངོ་སྤྲོད་མདོར་བསྡུས།

Kerouac_by_Palumboའཇེག་ ཁེ་རོ་ཨེག་ (Jack Kerouac) ནི་མིང་གྲགས་ཅན་གྱི་སྒྲུང་ “ལམ་དུ་” (On the Road) ཞེས་པ་རྩོམ་པ་པོ་ཡིན་པ་དང་། སྒྲུང་རྩོམ་འདི་ནི་ ༡༩༥༠ ང་གྲངས་ནང་བྱུང་བའི་ “བྷི་ཊི་མི་རབས་” (Beat Generation) ཞེས་པ་དེའི་ཚབ་མཚོན་རྩོམ་ཡིག་ཅིག་ཆགས་པ་རེད། བྷི་ཊི་མི་རབས་ཞེས་པའི་མིང་འདི་ཡང་ཁེ་རོ་ཨེག་ཁོང་གིས་བཏགས་པ་ཡོད་པ་དང་། དེ་ནི་འཛམ་གླིང་དམག་ཆེན་གཉིས་པ་མཇུག་སྒྲིལ་ཙམ་ལ་བྱུང་བའི་མི་ཐོག་དེར་གོ

དེ་ལས་མང་བ་། “འཇེག་ ཁེ་རོ་ཨེག་ངོ་སྤྲོད་མདོར་བསྡུས།” »

འགྱུར་རྩོམ།

Posts pagination

Previous 1 … 3 4 5 … 42 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme