Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁོང་འདི་ལ་གོ་ནོར་ཐེབས་འདུག

Posted on 2008-12-012008-12-02 By དགེ་རབ་ 12 Comments on ཁོང་འདི་ལ་གོ་ནོར་ཐེབས་འདུག

ཨེ་ལིའོ་ཊི་ སྤེར་ལིང་། དགེ་འདུན་རབ་གསལ་གྱིས་བསྒྱུར། ——————————————— (རྩོམ་ཡིག་འདི་ནི་དབྱིན་ཇིའི་སྐད་ཡིག་ཏུ་རྒྱ་གར་གྱི་དུས་བབ་གསར་ཤོག་ཏུ་འཁོད་ཅིང་། ཕྱིས་སུ་ཕ་ཡུལ་དྲ་རྒྱ་ལ་འང་བཀོད་འདུག བོད་འགྱུར་ལ་ཐུགས་དྭོགས་མཆིས་ཚེ་དབྱིན་ཡིག་གི་མ་ཕྱི་ལ་གཟིགས་ཞིབ་གནང་རོགས། He Has Got It Wrong) ————————————— མཐའ་མ་དེར་རྒྱ་ནག་འགྲིག་འདུག དོན་དག་ཚང་མ་༧རྒྱལ་བ་རིན་པོ་ཆེའི་སྐོར་རེད།…

དེ་ལས་མང་བ་། “ཁོང་འདི་ལ་གོ་ནོར་ཐེབས་འདུག” »

འགྱུར་རྩོམ།

བོད་ཀྱི་མི་འབོར།

Posted on 2008-11-27 By དགེ་རབ་ 8 Comments on བོད་ཀྱི་མི་འབོར།

དྲ་རྒྱའི་འཁྱམས་ནས་སྡོད་སྐབས། ཝི་ཀི་པི་ཌི་ཡ་ཞེས་པའི་ནང་བོད་ཀྱི་མི་འབོར་སྐོར་གྱི་རེའུ་མིག་ཅིག་མཐོང་བ་འདིར་བཀོད་ཡོད། དགོངས་ཚུལ་ཡོད་ན་གསུངས་རོགས།

གསར་འགྱུར།

ངེད་ལ་རྨོངས་འཆར་ཞིག་ཡོད།

Posted on 2008-11-23 By དགེ་རབ་ 9 Comments on ངེད་ལ་རྨོངས་འཆར་ཞིག་ཡོད།

སྐར་ཆེན། ཡོ་རོབ།
དམིགས་བསལ་ཚོགས་ཆེན་མ་འཚོགས་སྔོན་ནས་ངེད་ཀྱིས་དབྱིན་ཡིག་ཐོག་དམིགས་བསལ་ཚོགས་ཆེན་དེ་དང་འབྲེལ་བའི་རྨོངས་འཆར་ཞིག་སྤེལ། ངེད་ཀྱིས་འདི་འདྲ་ཞིག་ལབ་པ་ཞིག་ཡིན། ཚོགས་ཆེན་དེ་ལ་མ་ཚང་བ་གསུམ་འདུག་ཡིན་ལབ་པ་ཡིན། དེ་རིང་བསྐྱར་དུ་བོད་ཡིག་གི་ལམ་ནས་རང་གི་རྨོངས་འཆར་དེ་སྤེལ་འདོད་བྱུང༌། ཚོགས་ཆེན་འདིའི་མ་ཚང་བ་གསུམ་ནི། ཚོགས་མིའི་གྲངས་འབོར་དང་མི་མང་གི་བསམ་ཚུལ་བསྡུ་ལེན་བྱེད་སྟངས། གནས་ཚུལ་གྱི་བཀག་རྒྱ་གསུམ་རེད། བོད་མི་རིགས་ཀྱི་བདེ་སྡུག་གླེང་ན། བོད་མི་མང་གི་མངོན་འདོད་ཤེས་དགོས། བོད་མི་མང་གི་བསམ་ཚུལ་ཤེས་དགོས།་ བོད་ནང་གི་བོད་མི་ཚོའི་རེ་བ་མདུན་ཅོག་སྟེང་ལ་འཇོག་དགོས། བོད་ནང་གི་བོད་མི་ཚོའི་སེམས་ཤུགས་དང་ན་ཚ་མདུན་ལ་འཇོག་དགོས། ང་ཚོར་སྐུ་ངོ་ཚོའི་མངོན་འདོད་མི་དགོས། མཁས་དབང་ཚོའི་ལྟ་གྲུབ་མི་དགོས། བཀའ་བློན་ཚོའི་གཞུང་ལུགས་ཀྱི་ལག་རྟེན་མི་དགོས། སྐབས་འཚོལ་བ་ཚོའི་ཁ་ཤོམ་མི་དགོས། བོད་ནང་གི་བོད་མི་ཚོའི་མངོན་འདོད་དགོས༌། བོད་ནང་གི་བོད་མི་ཚོའི་རླབས་ཆེན་གྱི་སེམས་ཤུགས་དེ་དགོས།

དེ་ལས་མང་བ་། “ངེད་ལ་རྨོངས་འཆར་ཞིག་ཡོད།” »

གསར་འགྱུར།

བཟོད་གསོལ་ཐུང་ངུ་།

Posted on 2008-11-23 By དགེ་རབ་ 31 Comments on བཟོད་གསོལ་ཐུང་ངུ་།

སྤོབས་པ་མཐའ་ཡས།
ཁར་སང་རྒྱ་རི་བློ་གྲོས་རྒྱལ་མཚན་རྡ་རམ་ས་ལའི་ཚོགས་ཆེན་སྐབས་བལ་ཡུལ་དུ་ཕེབས་མིན་སྐོར་ལ་མཆན་བུ་འགོད་སྟངས་ལས་དྲྭ་གྲོགས་འགས་བདག་ལ་བཀའ་བཀྱོན་དང་འབྲེལ་ཁ་བརྡ་དྲྭ་བའི་གཙོ་སྐྱོང་པའི་མཚན་ཐོག་དུ་ཡང་འཇིགས་སྐུལ་གནོན་ཤུགས་སྤྲད་སྟབས་ཁ་བརྡ་དྲྭ་བའི་གཙོ་སྐྱོང་པས་བཟོད་གསོལ་ཞུས་པ་དང་སྦྲགས་རྩོམ་དེར་མཆན་བུ་འགོག་དགོས་བྱུང་། དོན་ངོ་མར་ཁ་བརྡས་བཟོད་གསོལ་ཞུ་བ་གཏན་ནས་འོས་བབ་མེད། བཞི་བརྒྱ་ནད་ཀྱི་ས་བོན་དང་དམར་ནག་གྱོད་ཀྱི་རྩ་བ་དེ་ཁོ་བོ་ཡིན་སྟབས་གལ་ཏེ་དགོང་དག་ཞུ་དགོས་ན་ཁོ་བོས་ཞུ་བར་འོས། ཁ་བརྡའི་གཙོ་སྐྱོང་པས་ལྷག་བསམ་གྱིས་བསྐྲུན་པའི་བྱ་བ་ལ་བཟང་པོའི་ཡར་འཐེན་གྱི་རོགས་རམ་ཞིག་མ་ནུས་ན་ཡང་གནོན་ཤུགས་འཇིགས་སྐུལ་ཐེབས་པའི་ཉེར་ལེན་དུ་གྱུར་པའི་བྱ་བ་བྱས་པར་སྙིང་ཐག་པ་ནས་འགྱོད་པས་གདུང་བྱུང་། དེ་ལྟ་བུ་ནི་ལས་རྒྱུ་འབྲས་དང་མི་མཐུན་པའི་བྱ་བ་ཞིག་ཏུ་གྱུར་སྟབས་ཁོ་བོས་སྙིང་ཁོངས་རུས་པའི་གཏིང་ནས་ཁ་བརྡ་དྲྭ་བའི་གཙོ་སྐྱོང་པ་རྣམ་པར་བཟོད་གསོལ་ཞུ་བ་ལགས།
ད་ནི་སྐབས་བབ་གནད་ཀྱི་དོན་པོ་ལ་དྲྭ་གྲོགས་འགས་ཁོ་བོས་མཆན་བུ་འགོད་སྟངས་ལ་བཟོད་གསོལ་ཞུ་དགོས་དགོས་པའི་དགོངས་འཆར་བཏོན་པ་བཞིན་ཁོ་བོས་ཀྱང་དེ་དེ་བཞིན་ནོ་ཞེས་བཟོད་གསོལ་ཞུ་བར་སྤྲོ་བ་བརྟས། དེ་ཡང་ཉེས་པ་ལ་ཉེས་པ་ཉིད་དུ་ཤེས་ནས་བཟོད་གསོལ་ཞུ་བ་ནི་ཡ་རབ་དམ་པའི་ལས་སུ་གྱུར་སྟབས་ཁོ་བོ་ནི་དེ་ལ་པདྨའི་མཚོ་ལ་ངང་པ་འཇུག་པ་བཞིན་དགའ་དང་སྤྲོ་བས་བཟོད་གསོལ་ཞུ་བ་ལགས།

དེ་ལས་མང་བ་། “བཟོད་གསོལ་ཐུང་ངུ་།” »

གསར་འགྱུར།

དེབ་ཐེར་ནག་པོ།

Posted on 2008-11-172008-11-18 By དགེ་རབ་ 18 Comments on དེབ་ཐེར་ནག་པོ།

དེབ་ཐེར་ནག་པོ།-གྷོལ་ཌི་སི་ཐེན་དང་བོད་ཀྱི་རྒྱལ་རབས་མེད་པར་བཟོ་བ། ཆ་གཉིས་པ།
འཇམ་དབྱངས་ནོར་བུས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།
(དེབ་ཐེར་ནག་པོ།-གྷོལ་ཌི་སི་ཐེན་དང་བོད་ཀྱི་རྒྱལ་རབས་མེད་པར་བཟོ་བ། ཆ་དང་པོ་ལ་གཟིགས་ན་ འདིར་ཡོད། https://www.khabdha.org/?p=531)

གསར་བརྗེའི་ལས་འགུལ།

མར་ཁེ་སི་རིང་ལུགས་ཀྱིས་ཤུགས་རྐྱེན་ཐེབས་པའི་བྲན་གཡོག་ལམ་ལུགས་ ༼ཡང་ན་མ་རྩ་རིང་ལུགས་༽སྐོར་གྱི་ལོ་རྒྱུས་སུ་རྒྱལ་ཁབ་རྣམས་རང་གི་ཤུལ་ལུས་ཀྱི་འགལ་ཟླ་ལ་བརྟེན་ནས་མགོ་རྟིང་སློག་གི་ཡོད་ཅིང་། དེར་ཏན་ཏན་གསར་བརྗེའི་ལས་འགུལ་དང་ཐ་ན་གསར་བརྗེའི་དཔའ་བོ་ཞིག་ལ་འོས་འཚམས་ཅན་གྱི་གོ་བབ་ཅིག་ཡོད་དགོས་པ་རེད། གྷོལ་ཌི་སི་ཐེན་གྱིས་ “བོད་ཀྱི་སྤྱི་ཚོགས་དང་གཞུང་ལ་གསར་བརྗེའི་འགྱུར་བ་”གཏོང་འདོད་པའི་”བོད་ཀྱི་ལེགས་བཅོས་ཚོགས་པ་”ཞེས་པའི་སྐོར་ལ་ཤོག་ངོས་བཅུ་གསུམ་ཡོད་པའི་ཞིབ་གསལ་གྱི་གནས་ཚུལ་བཀོད་ཡོད་པ་རེད། གྷོལ་ཌི་སི་ཐེན་གྱིས་ཚོགས་པ་ཆུང་ཆུང་འདིའི་སྐོར་ལ་གལ་ཆེར་བརྩིས་ནས་གནས་ཚུལ་དང་ཡིག་ཚགས་བཀོད་པའི་ཁོངས་སུ་དེའི་ཚོགས་མི་གསུམ་གྱི་པར་གཅིག་དང་། ཚོགས་པའི་ལས་རྟགས་བསྐྱར་པར་གྱི་ཤོག་ངོས་ཁ་གང་བ་གཅིག ཚོགས་པའི་ཚོགས་མིའི་འགེངས་ཤོག་བསྐྱར་པར་བྱས་པའི་ཤོག་ངོས་ཁ་གང་བ་གཅིག ཚོགས་པའི་སྙན་ཞུའི་འགེངས་ཤོག་གི་ཆ་ཤས་བསྐྱར་པར་བྱས་པ་བཅས་ཡོད་པ་རེད། མཐའ་མ་དེ་ཇེ་ཆུང་དུ་བཏང་ནས་བཀོད་པ་ནི་ཡིག་ཆ་དེའི་ཕྱེད་ཀ་དེ་རྒྱ་ཡིག་ཡིན་པའི་དོན་དངོས་དེ་མི་ཤེས་ཆེད་ཡིན་པ་འདྲ།

“བོད་ལེགས་བཅོས་ཚོགས་པ་”ནི་རྒྱ་ནག་གཞུང་གིས་དངུལ་སྤྲད་པའི་ཚོགས་པ་ཞིག་རེད། བོད་སྐད་ཀྱི་མིང་ལ་ནུབ་བོད་ལེགས་བཅོས་སྐྱིད་སྡུག་ཟེར་ཞིང་། དེས་མིང་འདི་ཐོག་མའི་སྐད་ཡིག་གང་གི་ནང་དུ་བརྩམས་པ་དེར་བརྡ་ཞིག་སྟོན་ཏེ། མིང་གི་ཆ་དང་པོ་ “ནུབ་”ཅེས་པ་དེ་༼རྒྱ་སྐད་དུ་ཞིས་༽རྒྱ་མིའི་འཇིག་རྟེན་ཁོ་ནའི་ནང་བོད་ཅེས་སྟོན་ཕྱིར་སྤྱོད་པའི་ཚིག་ཅིག་ཡིན་པ་རེད། ཚོགས་པ་དེ་འཛུགས་མཁན་དང་འགོ་འཁྲིད་ཡིན་པའི་སྤོམ་མདའ་ཚང་རབ་དགའ་ནི་གོ་མིན་ཏང་གི་ལས་བྱེད་ཅིག་རེད། བཀའ་བློན་སྦུག་ཏུ་ཡོད་པའི་རབ་དགའི་ཁང་པ་རཱེ་ལི་ཝིའོ་ཟེར་བ་དེར་ཁོ་གོ་མིན་ཏང་གི་ལས་བྱེད་གཞན་དང་མཉམ་དུ་གོ་མིན་ཏང་གི་སྒྲིག་ཆས་གྱོན་པའི་པར་ཅིག་འདུག ༼༡༽ ཐའེ་ཝན་གྱི་མཁས་པ་ཞིག་གིས་ གསང་རྒྱ་གྲོལ་བའི་གོ་མིན་ཏང་གི་ཡིག་ཆ་དག་བེད་སྤྱོད་བྱས་ཏེ་ཉེ་ཆར་པར་སྐྲུན་བྱས་པའི་རྩོམ་ཡིག་ཅིག་གི་ནང་། གོ་མིན་ཏང་གི་ལས་དོན་ཁྲོད་དུ་རབ་དགའ་ཡི་ཚོགས་པ་དེའི་འགན་འཁུར་ནི་བོད་ལ་སོ་ཉུལ་བྱེད་པ་དང་བོད་གཞུང་ཉམས་དམས་སུ་གཏོང་རྒྱུ་དེ་ཡིན་པ་གསལ་པོར་བསྟན་འདུག ཧྲའོ་ཏིན་ལིན་༼ Hsiao-Ting Lin ༽གྱིས་བྲིས་དོན། “ཁོའི་དམག་དོན་གྱི་ལས་བྱ་ལ་བཀའ་རྒྱ་བཏང་བ་ཞིག་གི་ནང་ཅང་ཅེ་ཧྲིས་མཐའ་མ་དེར་རབ་དགའ་ལ་རྒྱ་སྒོར་འབུམ་གཅིག་གི་ཟླ་རེའི་ཕོགས་ཐོབ་སྤྲོད་རྒྱུའི་བཀའ་བརྒྱ་བཏང་བ་རེད། ་་་ ཅང་གིས་ད་དུང་བོད་དང་ཞིས་ཁང་༼ཁམས།༽ རྒྱ་གར་བཅས་སུ་ཡོད་པའི་ཁོའི་གསང་བའི་ལས་བྱ་རྣམས་ལ་རྒྱ་མིའི་གཞུང་འབྲེལ་གྱི་ལག་འཁྱེར་ཡོད་མཁན་གྱི་རབ་དགའ་དང་ལྷན་དུ་ལས་ཀ་ནང་མོལ་གྱིས་བྱེད་དགོས་ཞེས་ལམ་སྟོན་བྱས་འདུག” ༼༢༽

དེ་ལས་མང་བ་། “དེབ་ཐེར་ནག་པོ།” »

འགྱུར་རྩོམ།

ང་ཚོས་གཟབ་ནན་གྱིས་འདང་བརྒྱག་པའི་དོན།

Posted on 2008-11-032008-11-03 By དགེ་རབ་ 13 Comments on ང་ཚོས་གཟབ་ནན་གྱིས་འདང་བརྒྱག་པའི་དོན།

བོད་ནས་འབྱོར་བའི་འཕྲིན སྟོང་ལོ་བརྒྱད་ཀྱི་བར་དུ་ང་ཚོས་ཅི་ཞིག་ལ་འཐབ་རྩོད་བྱས་པ་དང་ཅི་ཞིག་གིས་དམ་བཅའ་བཟུང་བ་ཡིན་ནམ། ང་ཚོས་དབུ་མའི་ལམ་དང་ཆེས་མཐོའི་རང་སྲིད་རང་སྐྱོང་ད་དུང་རང་བཙན་སོགས་གླེང་བ་རེད། འོ་ན་ང་ཚོས་ལམ་ལུགས་འདི་བཅོས་བསྒྱུར་བྱེད་དགོས་ཚེ་མེས་པོ་དག་གི་སྐབས་སུ། རྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུལ་ན་སྐྱིད་ཅེས་པ་ལྟར་འགྲོ་དགོས་སམ། གྲོས་མཐུན་བཅུ་བདུན་པ་ལས། དང་པོ། བོད་མི་དམངས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མེས་པོའི་རྒྱལ་ཁབ་ཁྱིམ་ཚང་ཆེན་པོའི་ནང་ལོག་དགོས། ཞེས་པ་ལྟར་དོན་འདི་ཁས་ལེན་དགོས། ང་ཚོས་གླེང་བཞིན་པའི་ཆེས་མཐོའི་རང་སྲིད་རང་སྐྱོང་དེ། གྲོས་མཐུན་བཅུ་བདུན་པ་ལས།དོན་ཚན་བཅུ་གཅིག་པའི་ཐད་ན། བོད་ཀྱི་ལམ་ལུགས་སྣ་ཚོགས་ལེགས་བཅོས་བྱེད་རྒྱུའི་སྐོར་ལ་ཀྲུང་དབྱང་ནས་བཙན་ཤེད་ཀྱིས་མི་བྱེད་པར། བོད་ས་གནས་སྲིད་གཞུང་རང་ནས་ལེགས་བཅོས་བྱེད་རྒྱུ་དང༌། མི་དམངས་ཀྱིས་ལེགས་བཅོས་བྱེད་དགོས་ཞུ་དུས།…

དེ་ལས་མང་བ་། “ང་ཚོས་གཟབ་ནན་གྱིས་འདང་བརྒྱག་པའི་དོན།” »

རྩོམ་རིག

ཁ་བརྡ་དྲ་དེབ།

Posted on 2008-10-17 By དགེ་རབ་ 11 Comments on ཁ་བརྡ་དྲ་དེབ།

གཤམ་གསལ་ནི་ཁ་བརྡ་དྲ་དེབ་སྟེང་བདུན་གཅིག་རིང་ཞུགས་མཁན་བྱུང་བའི་རིམ་པ་མཚོན་པའི་རི་མོ་ཡིན། རིམ་གྱིས་ང་ཚོས་འདི་དག་མི་ཚང་མས་གཟིགས་ཐུབ་པ་ཞིག་ཞུ་འཆར་ཡོད།

གསར་འགྱུར།

དོན་གྱི་བདག་པོ་སྨན་ཁང་ནས་ཕྱིར་ཕེབས་པ།

Posted on 2008-10-172008-10-17 By དགེ་རབ་ 8 Comments on དོན་གྱི་བདག་པོ་སྨན་ཁང་ནས་ཕྱིར་ཕེབས་པ།

རྒྱལ་བ་རིན་པོ་ཆེ་ཚང་ ཁ་སང་གཟའ་པ་སངས་ཚེས་ ༡༦ ཉིན་ སྨན་ཁང་ནས་ཞལ་གྱེས་ཏེ་ལྡི་ལིར་ཡོད་པའི་བོད་ཀྱི་གཞོན་ནུའི་སྡོད་ཁང་ཞེས་པར་ཞབས་སོར་འཁོད་སྐབས་ཀྱི་སྐུ་པར་རེད། གོང་ས་ཆེན་པོ་བཞུགས་སྒར་དུ་ཆིབས་བསྒྱུར་མ་གནང་གོང་དུ་འདིར་ཉིན་ཤས་རིང་བཞུགས་རྒྱུ་རེད་འདུག ༼གོང་གསལ་གྱི་པར་འདི་ཡང་ཕ་ཡུལ་དྲ་རྒྱ་ནས་བཤུས་པ་ཡིན། པར་པ་འཇིགས་མེད་ཚེ་རིང་རེད། གཤམ་གསལ་ནི་དུས་བབ་ལས་བཤུས།༽ ་ཚེས་ ༡༥ ཉིན་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་སྨན་ཁང་ནས་ཆིབས་ཐོན་གྱིས་ལྡི་ལི་ གཞོན་ནུའི་ཁྱིམ་སྡེ་རུ་ཉིན་ཤས་རིང་བཞུགས་རྒྱུ་ཡིན་པ་དང་། ཟླ་འདིའི་ཟླ་མཇུག་ཏུ་རྒྱལ་བ་རིན་པོ་ཆེ་མཆོག་ཉི་ཧོང་ལ་ཕེབས་རྒྱུ་ཡིན་འདུག སྐུ་སྒེར་དུྲང་ཆེ་བསྟན་འཛིན་སྟག་ལྷ་ལགས་ཀྱིས་གསར་ལམ་ཁག་ཏུ་འགྲེལ་བརྗོད་གནང་བ་ལྟར་ན།…

དེ་ལས་མང་བ་། “དོན་གྱི་བདག་པོ་སྨན་ཁང་ནས་ཕྱིར་ཕེབས་པ།” »

གསར་འགྱུར།

ཀླུ་སྨྱོན་འཆི་བ་ལ་འཇིགས་པའི་སྐོར་ལས་འཕྲོས་པ།

Posted on 2008-10-15 By དགེ་རབ་ 13 Comments on ཀླུ་སྨྱོན་འཆི་བ་ལ་འཇིགས་པའི་སྐོར་ལས་འཕྲོས་པ།

སྤོབས་པ་མཐའ་ཡས།
སྤྱིར་བཏང་འཆི་བ་ནི་འགྲོ་བ་ཀུན་གྱིས་གྱི་གདོང་ལེན་བྱ་དགོས་པའི་ཆོས་ཉིད་ཅིག་ཡིན་སྟབས་ངོས་ལེན་བྱེད་མི་ཐུབ་པ་ཞིག་མིན། དེར་བརྟེན་འཇིག་རྟེན་གྱི་ཆོས་ཉིད་ལ་གོ་རྟོགས་མཐོན་པོར་སླེབས་པ་ཚོར་མཚོན་ན་འཆི་བ་ལ་འཇིགས་པ་མེད། རྗེ་མི་ལས་ཀྱང་། ང་འཆི་བས་འཇིགས་ནས་རི་ལ་ཕྱིན། །ནམ་འཆི་ཆ་མེད་བསྒོམས་བསྒོམས་ནས། །འཆི་མེད་གཉུག་མའི་བཙན་ས་ཟིན། །ད་འཆི་བའི་འཇིགས་པ་བོར་ཏེ་ཐལ། །ཞེས་གསུངས་པ་ལྟ་བུ་ཡིན། མི་མང་པོ་ཞིག་གི་སེམས་ལ་འཆི་བ་ནི་ཆེས་འཇིགས་ཤིང་ཡིད་དུ་མི་འོངས་བས་འཆི་བ་ལ་འཇིགས་པར་རློམ་བཞིན་ཡོད་ཀྱང་ལེགས་པར་བརྟགས་ན་སེམས་མི་བདེ་བའི་ཚོར་སྣང་དེ་ཚེ་འདིའི་སྣང་བ་འགག་པ་དང་འཆི་ཁའི་གནད་གཅོད་ཁོ་ན་ལ་་འཇིགས་པ་མ་ཡིན་ཞིང་གསོན་པའི་མི་ཚེའི་རིན་ཐང་ལ་བསམ་ནས་འཆི་བ་ངོས་ལེན་བྱེད་མི་འདོད་པའི་ཚོར་སྣང་ངམ་ཕངས་སེམས་ཤིག་སླེབས་ཡོང་བ་དེ་ཡིན།

དེ་ལས་མང་བ་། “ཀླུ་སྨྱོན་འཆི་བ་ལ་འཇིགས་པའི་སྐོར་ལས་འཕྲོས་པ།” »

རྩོམ་རིག

“༢༠༠༨ལོའི་པེ་ཅིང་གི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་” ཟེར་བ་འཚོགས་འདུག

Posted on 2008-10-15 By དགེ་རབ་ 6 Comments on “༢༠༠༨ལོའི་པེ་ཅིང་གི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་” ཟེར་བ་འཚོགས་འདུག

༢༠༠༨ ལོའི་པེ་ཅིང་གི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་ཟེར་བ་འཚོགས་པའི་སྐད་ཆ་བཀྲམས་འདུག པར་རིས་ལ་གཅིག་བལྟས་པ་ཡིན། གངས་ཅན་བླ་མ་ཟེར་བ་དེ་འདྲ་བོ་ཞིག་འདུག ཁོ་ཤི་ཚར་པ་མ་རེད་དམ། གནས་ཚུལ་ཞིབ་གསལ་གཤམ་གྱི་འབྲེལ་ཐག་ན་འདུག http://tb.tibet.cn/news/xz_news/tpxw/200810/t20081015_432610.htm

གསར་འགྱུར།

མཐིང་སྨུག་སྦྲ་ཡི་ཆོན་ཐག་གཅིག་ཆད་ལ་ཉེ་སོང་།

Posted on 2008-10-14 By དགེ་རབ་ 83 Comments on མཐིང་སྨུག་སྦྲ་ཡི་ཆོན་ཐག་གཅིག་ཆད་ལ་ཉེ་སོང་།

འཕན་མྱི། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མདོ་སྨད་སྤྱི་འཐུས། ས་ར་བོད་ཀྱི་མཐོ་རིམ་རིག་གནས་སློབ་གཉེར་ཁང་གི་རྩོམ་རིག་དགེ་རྒན་ཆེན་མོ། བོད་རྒྱལ་ཡོངས་རྩོམ་པ་པོའི་ཚོགས་པའི་ཚོགས་གཙོ། ཧམ་སེམས་དང་འཐེན་འཁྱེར་ཆུང་བར་གྲགས་པ། ཤེས་ཡོན་དང་ལྷག་བསམ་ཆེ་བར་གྲགས་པ། ངང་རྒྱུད་དང་དབུ་སྐྲ་རིང་བར་གྲགས་པ། ཕོ་སྒོ་དང་གསུངས་སྟངས་བརྗིད་པར་གྲགས་པ། རྩོམ་རིགས་དང་སློབ་ཐབས་ལ་མཁས་པར་གྲགས་པ། དོན་དང་བྱ་བ་ཉུང་བར་གྲགས་པ། རང་ཚུགས་དང་གཤིས་རྒྱུད་བརྟན་པར་གྲགས་པ། དད་འདུན་དང་རིགས་ཞེན་ཟབ་པར་གྲགས་པའི་ཆབ་བྲག་ལྷ་མོ་སྐྱབས་རྡ་རམ་ས་ལ་དང་ཁ་གྱེས་རྒྱུ་ཡིན་པའི་གནས་ཚུལ་སྤེལ་འདུག ཁོང་རྡ་རམ་ས་ལའི་གཤོང་སའི་ས་ར་ཞེས་པའི་ནགས་གསེབ་སྟུག་ས་ཞིག་ཏུ་འཛུལ་ནས་ལོ་དེ་སྙེད་ཅིག་ལ་སྐུ་གསུངས་ཐུགས་ཀྱི་ངལ་བ་དང་བླངས་ཀྱིས་སློབ་ཁྲིད་ལས་ཀར་གཞོལ་ཞིང་མཁས་བླུན་བར་མའི་སློབ་ཕྲུག་དེ་སྙེད་ཅིག་ལ་བོད་ཀྱི་རྩོམ་རིག་གི་སློབ་གསོའི་བདུད་རྩི་ཕངས་མེད་དུ་སྦྱིན་པའི་ཉེར་ལེན་ལས་ཁོང་གི་མཚན་གྱི་དྲིལ་ཆུང་ཡང་སྙན་སིལ་ལེར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ཁོར་ཡུག་ན་ཉམས་མེད་དུ་འཁྲོལ། དབྱངས་ཅན་སྤྲུལ་པའི་གླེགས་བམ་ཞེས་པའི་རྩོམ་དེབ་གསུམ་གྱི་བམ་ཁ་དང་ལྗིད་ཁོག་དེས་ཀྱང་ྐློག་པ་པོའི་ཡིད་ལ་བག་ཆགས་ཟབ་མོ་ཞིག་བཞག དེ་ནི་ཁོང་གི་རྩོམ་ཡིག་གི་ཟབ་ཟབ་སྙན་སྙན་གྱི་བརྗོད་བྱ་རྗོད་བྱེད་ཁོ་ནས་མ་ཡིན་པར་ཁོང་གི་ངལ་བ་དང་བླངས་ཀྱི་དགེ་རྒན་གྱི་ཕྱག་ལས་ལ་གཞོལ་བ་དང་།…

དེ་ལས་མང་བ་། “མཐིང་སྨུག་སྦྲ་ཡི་ཆོན་ཐག་གཅིག་ཆད་ལ་ཉེ་སོང་།” »

དཔྱད་རྩོམ།, སྣ་ཚོགས།

གྲྭ་བ་དང་བོད་མི་

Posted on 2008-10-14 By དགེ་རབ་ 5 Comments on གྲྭ་བ་དང་བོད་མི་

གཡང་སྐྱབས་རྒྱལ། ངས་བོད་ཀྱི་རྒྱལ་རབས་ལ་བསམ་བློ་ཞིག་བཏང་། བོད་ཀྱི་བཙན་པོའི་སྐོར་ལ་བསམ་བློ་ཞིག་བཏང་། དགེ་འདུན་ཆོས་འཕེལ་གྱིས་གསུངས་པ་བཞིན་སུམ་གཉིས་ས་ཡི་ཁྱོན་ལ་དབང་བསྒྱུར་བ་དེ་ལ་བསམ་བློ་ཞིག་བཏང་། དེ་ནས་རྒྱ་བཙོན་ལུག་ལྟར་དེད་ཅེས་པའི་ཏུན་ཧོང་གི་ཚིག་དེ་ཚོ་དྲན། བོད་དམག་གི་ཁྲི་སྡེ་དང་སྟོང་སྡེ་དེ་ཚོ་ཡིད་ལ་འཆར། ཀི་སྒྲ་གྱེར་ནས་དགྲ་ལ་རྒྱུགས་པའི་རྣམ་པ་ཞིག་ཡིད་ལ་འཆར། དེ་ནས་བཙན་པོའི་དུས་རབས་མཇུག་སྒྲིལ་ཏེ་ལོ་བརྒྱ་སོང་། ལོ་ཉིས་བརྒྱ་སོང་། ལོ་སུམ་བརྒྱ་ཙམ་གྱི་མཇུག་དེར་འགྲོ་མགོན་འཕགས་པ་རྒྱ་ཡུལ་ནས་སླར་བོད་ཡུལ་དུ་ཕེབས་པའི་སྐབས་དེར་ཁོང་གིས་དགེ་འདུན་གྱི་སྡེ་ཁྲི་འབུམ་ཞིག་ལ་བསྙེན་བཀུར་མཛད་པའི་གནས་ཚུལ་ཞིག་རྙེད། བོད་ཀྱི་མི་འབོར་དེ་རིམ་གྱིས་དམག་དཔུང་ཞིག་ནས་དགེ་འདུན་པའི་སྡེ་ཞིག་ལ་བསྒྱུར་བ་མཐོང་། འདི་ལ་བསམས་སྐབས་བོད་མིའི་གྲངས་འབོར་དེ་རིམ་གྱིས་ཉམས་པ་ཞིག་ཡིད་ལ་ཤར། པཎ་ཆེན་སྐུ་གོང་མའི་གསུང་ཞིག་ལ། “བོད་ཀྱི་ཕོ་རྣམས་གྲྭ་བ་བྱས་ཀྱང་མོ་སྟོང་པར་ལུས་པ་མེད།”ཅེས་གསུངས་པ་རེད་ཟེར། འདི་ཡང་བདེན་སྲིད།…

དེ་ལས་མང་བ་། “གྲྭ་བ་དང་བོད་མི་” »

རྩོམ་རིག

སུམ་རྟགས་ཁ་སྐོང་ཐོ་རེ་མ།

Posted on 2008-10-132008-10-13 By དགེ་རབ་ 3 Comments on སུམ་རྟགས་ཁ་སྐོང་ཐོ་རེ་མ།

དགེ་འདུན་རབ་གསལ་གྱིས། དུས་གསུམ་རྣམ་དབྱེ་སྟོན་པའི་ཕྲད༎ བོད་ཀྱི་སྐད་ལ་འདི་ལྟར་འགྲེལ༎ རྗོད་པའི་དུས་ཀྱི་རྣམ་དབྱེ་ལ། སྨྲ་བ་བོ་དང་བྱེད་པ་པོའི༎ དབྱེ་བས་རྣམ་པ་གཉིས་སུ་འགྱུར།། སྨྲ་བོ་བྱེད་པོ་གཅིག་ཡིན་ཚེ།། ངས་བྱ་ངས་བྱེད་ལྟ་བུ་ལ།། གི་ཡིན་གི་ཡོད་པ་ཡིན་འབྲི།། བྱེད་པོ་དངོས་སུ་ཡོད་མེད་ཀྱིས༎ ཚིག་ཕྲད་འདི་ལ་ཁྱད་འབྱིན་ཏེ༎ ངས་མཐོང་ང་ཤི་ལྟ་བུ་ལ༎ གི་རེད་གི་འདུག་པ་རེད་འབྲི༎ འདི་ལ་བྱ་བའི་རྣམ་པ་ཡིས༎ འདས་པའི་ཕྲད་ལ་ཁྱད་པར་འབྱིན༎…

དེ་ལས་མང་བ་། “སུམ་རྟགས་ཁ་སྐོང་ཐོ་རེ་མ།” »

རྩོམ་རིག

བོད་ཀྱི་མཛངས་མ།

Posted on 2008-10-132008-10-13 By དགེ་རབ་ 15 Comments on བོད་ཀྱི་མཛངས་མ།

ལོ་བཅོ་བརྒྱད་ལ་སོན་པའི་བུ་མོ་བསོད་ནམས་ཆོས་སྒྲོན་ལོ་འདིའི་བོད་ཀྱི་མཛངས་མ་རེད་ཅེས་གསར་འགྱུར་ཐོན་འདུག བུ་མོ་འདི་ཁམས་ལི་ཐང་ནས་ཡིན་པ་དང་། ༢༠༠༧ ལོར་བཙན་བྱོལ་ལ་ཡོང་བ་རེད་ལ། རྒྱ་སྐད་བོད་སྐད་ཆུ་རྒྱུགས་རྒྱུགས་རེད་ཟེར། ༼གསར་འགྱུར་འདིའི་ཡོང་ཁུངས་ནི་ཕ་ཡུལ་དྲ་རྒྱ་ཡིན།༽

གསར་འགྱུར།

ལམ་དབུ་མ་ནི་ཀླད་ཀོར་ཞིག་རེད།

Posted on 2008-10-12 By དགེ་རབ་ 23 Comments on ལམ་དབུ་མ་ནི་ཀླད་ཀོར་ཞིག་རེད།

ཚེ་རིང་གི་བུ། ལམ་དབུ་མ་ནི། ཏིན་གྱི་བསམ་བློར་གློ་བུར་དུ་འཁོར་ཡོང་བའི་ཐོད་བརྒལ་གྱི་ཚོད་ལྟ་ཞིག་དང་། རྒྱལ་ལོ་དོན་གྲུབ་ཀྱིས་བཙན་བྱོལ་དུ་ཁྱེར་ཡོང་བའི་བརྗོད་གཞི་གསར་པ་ཞིག གོང་ས་མཆོག་གི་ཐུགས་ཀྱི་ཞིང་བཀོད་དུ་འཁྲུངས་པའི་ཞི་བདེའི་ལྟ་གྲུབ་ཅིག བཙན་བྱོལ་བོད་གཞུང་གི་ཁ་ཕྱོགས་འགྱུར་བའི་གསར་བརྗེའི་ལེའུ་ཞིག ལམ་དབུ་མ་ནི། རྒྱལ་བ་རིན་པོ་ཆེའི་ཞལ་ལས་ཡང་ཡང་གསུང་བའི་བརྡ་ཆད་ཅིག སྐུ་ངོ་ཚོས་མང་ཚོགས་ལ་ཤུགས་ཀྱིས་སྐུལ་གྱིན་པའི་བསྒྲགས་གཏམ་ཞིག རང་སྲིད་རང་སྐྱོང་ལ་རེ་བ་མཁྲེང་བྱེད་ཀྱི་དྲང་བདེན་གྱི་ལྟ་བ་ཞིག བོད་རྒྱའི་གྲོས་མོལ་ཁྲོད་གོམས་སྲོལ་གྱིས་ལྡིང་གིན་པའི་ཞི་བདེའི་ལབ་གླེང་ཞིག ལམ་དབུ་མ་ནི། ཕ་བུ་གཉེན་འཕྲད་ཀྱི་ལོ་ཟླ་བསུ་མཁན་གྱི་དུས་རབས་ཀྱི་ཕོ་ཉ་ཞིག འཐབ་ན་མི་རྒྱལ་བ་མེད་པའི་བཏང་སྙོམས་ཅན་གྱི་གོ་མཚོན་ཞིག ཆོལ་གསུམ་ཆིག་སྒྲིལ་སླར་ཡང་སྡོམ་པའི་གཟུགས་མེད་ཀྱི་སྤོབས་པ་ཞིག…

དེ་ལས་མང་བ་། “ལམ་དབུ་མ་ནི་ཀླད་ཀོར་ཞིག་རེད།” »

རྩོམ་རིག

ཆོལ་ཁ་གསུམ་དང་ཆོས་ལུགས་བཞི་ཟེར་རམ།

Posted on 2008-10-122008-10-12 By དགེ་རབ་ 4 Comments on ཆོལ་ཁ་གསུམ་དང་ཆོས་ལུགས་བཞི་ཟེར་རམ།

གཡང་སྐྱབས་རྒྱལ། ཆོལ་ཁ་དང་ཆོས་ལུགས་ཀྱི་སྐད་ཆ་བཤད་རྒྱུ་ནི་རྡ་རམ་ས་ལའི་ནང་གི་བརྗོད་གཞི་གནད་འགག་ཅན་ཞིག་ཡིན། མི་ཚང་མས་བརྗོད་གཞི་འདི་འཆད་སྐབས་གཟབ་ནན་གྱིས་བཤད་ཅིང་། བཤད་ཕྱོགས་ནོར་ཚེ་ཉེན་ཁ་ཡང་ཆེན་པོར་བརྩི། ངས་ཟམ་གདོང་རིན་པོ་ཆེའི་གསུང་བཤད་ཅིག་དྲན། ཁོང་གིས། ཆོལ་ཁ་ཆོས་ལུགས་ཀྱི་སྐད་ཆ་འདི་དང་འཐེན་འཁྱེར་འདི་བོད་མིའི་སྤྱི་ཚོགས་ནང་དངོས་གནས་མེད་གསུངས། དེའི་རྒྱུ་མཚན་ནི་གཉེན་སྒྲིག་གི་ཕྱོགས་ནས་ལྟོས་ན་ཤེས། ཁམས་པའི་བུ་མོ་ལ་སྟོད་པའི་མག་པ་ཡོད་ལ། ཨ་མདོའི་ཕོ་གསར་ལ་དབུས་པའི་མནའ་མ་ཡོད་ཟེར། འདི་ལ་རྒྱུ་མཚན་མི་འདུག་ཅེས་དྲན་གྱི་མེད། ཡུལ་ལུང་སོ་སོའི་གོམས་གཤིས་ཀྱི་ཆ་ནས་མཐུན་དང་མི་མཐུན། གཏམ་གྱི་བཤད་ཕྱོགས་ནས་མཐུན་མི་མཐུན། ཟས་ཟ་ཕྱོགས་ནས་མཐུན་མི་མཐུན་སོགས་ལོས་ཡོད། ཡིན་ན་ཡང་འདི་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་སོགས་ལས་རྒྱང་རིང་བའི་གནད་དོན་ཞིག་རེད།…

དེ་ལས་མང་བ་། “ཆོལ་ཁ་གསུམ་དང་ཆོས་ལུགས་བཞི་ཟེར་རམ།” »

རྩོམ་རིག

བགེགས་བར་ཆད་གཅིག

Posted on 2008-10-11 By དགེ་རབ་ 2 Comments on བགེགས་བར་ཆད་གཅིག

Lhaomodhondup Yutsang
མགོ་ནག་མི་ལ་ཁྱད་མཚར་གྱི་དགེ་མཚན་ཞིག་ལྡན་པ་ནི་རང་གི་མདུན་དུ་ལྷག་པའི་གནད་དོན་ལ་བསམ་ཤེས་པའི་རྣམ་རིག་གི་ས་བོན་ཞིག་ཤ་ཁྲག་གདོས་བཅས་ཀྱི་ཕུང་བོའི་གཤིན་ས་འདིར་བཏབ་ཡོད་པར་འཁུམས་ལ། མི་ཞིག་ཏུ་སྐྱེས་པའི་འོས་འགན་ལྕི་ཤོས་ཀྱང་རྙོག་འཛིང་ཆེ་བའི་རང་བྱུང་ཁམས་དང་སྤྱི་ཚོགས་ཀྱི་ཁོངས་སྣེ་གང་མང་བརྒྱུད་ནས་རང་གི་རྣམ་ཤེས་ཀྱི་རྣོ་དབལ་དར་ཞིང་རྒྱས་པར་བྱས་ཏེ། རང་གི་ཚེ་སྲོག་ལ་ནམ་ཡང་ནུབ་མི་སྲིད་པའི་འོད་མདངས་ཤིག་བསྐྲུན་རྒྱུ་འདི་རེད། དེས་རྐྱེན་པས་མིའི་རིགས་འཕེལ་ནས་ད་བར་མི་བུ་རེ་རེས་རང་གི་རྐང་རྗེས་ས་ལ་བསླན་ཕྱིར་སྡུག་ས་ན་ཡོད་པ་ཐམས་ཅད་ཕྲག་ཏུ་བླངས་ནས་ཕྱིར་རང་བྱུང་ཁམས་དང་སྤྱི་ཚོགས་འཚོ་བར་འཐབ་འཛིང་བྱེད་པའི་དམག་ཐབས་སྣ་ཚོགས་བཏོན་ནས། ལྟ་བ་དང་གྲུབ་མཐའ་ཅི་རིགས་ཀྱི་ཟུང་ཁྲག་ལ་བརྟེན་ནས་འཁོར་བསྐྱོད་བགྱི་བའི་ང་ཚོའི་མིག་ལམ་གྱི་བདེ་ཞིང་སྐྱིད་པའི་དག་ཞིང་འདི་གྲུབ་པ་རེད།
དེ་བས། ང་ཚོས་ཀྱང་རང་ཉེན་ཁ་ལས་སྐྱོབས་ཆེད་ཆོས་ཉིད་ཀྱི་ལམ་ཐིགས་འདི་བསྙེག་དགོས་པ་བསྙོན་མེད་རེད་ལ། དེ་ནི་ང་ཚོས་རང་གི་རྣམ་རིག་ལ་རྒྱ་ཆེ་ཞིང་གཏིང་ཚུགས་པའི་རྒྱུད་ལམ་ཞིག་བཟོ་དགོས་པ་སྟེ། དུས་ལ་རན་པའི་ལག་ལེན་སློབ་གསོའི་རིམ་པ་ཡང་དག་སྒོས་གཅིག་བརྩེགས་གཉིས་བརྩེགས་བྱ་རྒྱུ་འབའ་ཞིག་རེད། དེའང་མཁས་པའི་ཞལ་ལས་མི་ནི་སློབ་གསོའི་ཐོན་འབྲས་ཡིན་པའི་གཏན་ཚིགས་ཀྱི་མེ་ཏོག་འཁྲུངས་འདུག་པ་བཞིན། མི་ཡག་གཙོག་དང་མཁས་བླུན། མིའི་བདེ་སྡུག་སོགས་སློབ་གསོ་རིམ་པའི་ཚད་གཞི་ཡིས་ཐག་བཅད་པ་རང་གི་གཡས་གཡོན་གྱི་མིག་གིས་མཐོང་སར་བལྟས་ཚེ་ཁྲིགས་ཁྲིགས་རེད་ལ། བཙན་བྱོལ་ཁྲོད་ཀྱི་བོད་སྐད་ཡིག་གི་སྐྱ་ཤུར་ཤུར་གྱི་ནམ་ཟླ་འདིས་ང་ཚོ་ལ་གནས་ལུགས་འདི་ནམ་ལངས་ཉི་ཤར་གྱི་ཚད་དུ་དཀྲལ་འདུག་སེམས། ང་ཚོ་ས་འདིར་བྲོས་ཡོང་དོན་ཡང་རང་གི་ངོ་གདོང་མི་འབོར་བ་དང་རང་གི་སྐད་གདངས་མི་བརླག་པར་བདག་ཉར་བྱེད་རྒྱུའི་ཆེད་རེད་དེ། དམིགས་རྣམ་འདིའི་གྲུབ་དོན་ལ་བསམ་ཚེ་ད་ལྟ་མིག་ཆུ་དབང་མེད་དུ་གདོལ་ཚོད་རེད།

དེ་ལས་མང་བ་། “བགེགས་བར་ཆད་གཅིག” »

རྩོམ་རིག

བོད་པ་སློབ་ཆེན་པ་ཞིག་གིས་རྒྱལ་སྤྱིའི་མི་དམངས་ལ་སྤྲིངས་བའི་འཕྲིན།

Posted on 2008-10-112008-10-12 By དགེ་རབ་ 3 Comments on བོད་པ་སློབ་ཆེན་པ་ཞིག་གིས་རྒྱལ་སྤྱིའི་མི་དམངས་ལ་སྤྲིངས་བའི་འཕྲིན།

རོ་ལངས་སམ་གཟོར། (བོད་ཨ་མདོ་ནས)
གཅིག
བོད་མི་རིགས་ནི་ཞི་བདེ་ལ་ཧ་ཅང་དགའ་བའི་མི་རིགས་ཤིག་ཡིན། ད་ལྟ་རྒྱ་ནག་སྲིད་གཞུང་གི་ཡ་ང་བའི་གཉའ་གནོན་མང་པོ་མྱོང་བཞིན་ཡོད་ནའང༌། སྔར་བཞིན་དེ་བརྩོན་ལེན་བྱེད་པའི་སེམས་འདུན་གཏན་ནས་ཉམས་ཀྱི་མེད། འཛམ་གླིང་མི་དམངས་ཀུན་གྱིས་ཤེས་པ་ཞིག་ལ་སྤྱི་ལོ་གཉིས་སྟོང་བརྒྱད་ལོའི་ཟླ༣ཚེས༡༤ཉིན་འཛམ་གླིང་གི་མཐོ་སར་གནས་པའི་སྟོད་ཉི་མ་ལྷ་ས་ནས་མགོ་ནག་བོད་པ་ཚོས“ཞི་བའི་ལས་འགུལ”བསླངས་པ་ཀུན་ལ་གསལ་ཆ་ལྡན་པ་ཞིག་རེད། ཡིན་ན་ཡང༌། རྒྱ་ནག་སྲིད་གཞུང་གིས་འཛམ་གླིང་མི་མང་གི་མདུན་སར་དངོས་ཡོད་དང་མཐུན་པའི་དྲང་བདེན་གྱི་ངོ་བོའི་ཕྱོགས་ཙམ་མ་གླེང་བར་དེ་ནི“ཏཱ་ལའི་རུ་ཁག་གི་རྩ་འཛུགས”དང“ལྐོག་ཇུས་ཡིན་ལུགས”དང“མི་རིགས་ཁ་བྲལ་རིང་ལུགས”སོགས་ཀྱི་ནག་ཉེས་འགེལ་ཅི་ཐུབ་དང་སྐྱོན་བརྗོད་སྣ་ཚོགས་ཀྱི་སྒོ་ནས“ཞི་བའི་ལས་འགུལ”གྱི་ངོ་བོ་རྦད་དེ“རྡུང་བརླག་འཕྲོག་བསྲེག”གི་དོན་རྐྱེན་ཞིག་ཡིན་ཚུལ་འཛམ་གླིང་གི་ཁྱོན་ལ་ཁྱབ་བསྒྲགས་བྱས་པ་དེ་རེད། རང་ཉིད་ནང་ཁུལ་དུ་འཚོ་བའི་བོད་པ་ཞིག་གམ་མིའི་རིགས་ཀྱི་གཅེས་སུ་གྲུབ་པའི་རང་དབང་དང་དམངས་གཙོ། འདྲ་མཉམ། བདེན་དོན་ལ་བརྩི་བཀུར་བླ་མེད་གནང་བའི་སློབ་མ་ཞིག་ཡིན་པའི་ཆ་ནས་རྒྱ་ནག་སྲིད་གཞུང་གིས་བོད་མི་སེར་སྐྱ་མང་ཚོགས་ལ་ཐུབ་ཚོད་བཏང་དྲགས་པ་བཟོད་མ་ཐུབ་པ་དང༌། རྒྱ་ནག་སྲིད་གཞུང་གིས་བདེན་པ་རྫུན་དུ་བཅོས་པའི་ཀུན་སྤྱོད་ལ་དགག་བཞག་ནན་མོ་ཞིག་གཏོང་འདོད་པ་བཅས་རང་གི་མཐོང་ཐོས་དང་བསམ་ཚུལ་དེ་དྲང་བརྗོད་ཀྱི་ལམ་ནས་འུ་ཚོའི་ལོ་རྒྱུས་ཀྱི་བདེན་པ་ལ་འགན་ཁུར་བའི་སྐད་ཆ་ཐུང་ངུ་ཞིག་རྒྱལ་སྤྱིའི་མི་དམངས་ལ་བརྗོད་འདོད་པ་ཡིན།

དེ་ལས་མང་བ་། “བོད་པ་སློབ་ཆེན་པ་ཞིག་གིས་རྒྱལ་སྤྱིའི་མི་དམངས་ལ་སྤྲིངས་བའི་འཕྲིན།” »

འགྱུར་རྩོམ།, རྩོམ་རིག

ནམ་ཉི་མ་ཞིག་ལ་ཕ་མ་དང་དགེ་རྒན་གཉིས་འཛིང་རེ་ཤོར་ཚོད་འདུག

Posted on 2008-10-11 By དགེ་རབ་ 2 Comments on ནམ་ཉི་མ་ཞིག་ལ་ཕ་མ་དང་དགེ་རྒན་གཉིས་འཛིང་རེ་ཤོར་ཚོད་འདུག

གཡུ་དྲུག་དཀར།
ཉིན་ཤས་སྔོན་ལ་ལས་དོན་ཞིག་གི་རྐྱེན་པས་ཉིན་གཅིག་གི་དགོངས་ཤོག་བླངས་ཏེ་རྡ་སར་ཕྱིན་པ་ཡིན། ཉིན་དེར་རྡ་སའི་ཁྲོམ་ན་དུས་རྒྱུན་དང་མི་འདྲ་བའི་མི་ཚོགས་་གཞན་ཞིག་མཐོང་རྒྱུ་ཡོད་པ་ནི་སྒྲིག་ཆས་གྱོན་པའི་སློབ་ཕྲུག་ཁྱུ་རེ་འདུག་ཚོད་མེད་པར་གང་སར་རྒྱུགས་བཞིན་པ་དེ་རེད་ལ། ཆར་དུས་ཀྱི་རྡ་སའི་ནམ་ཟླའང་སྐྱོ་སྡུག་གི་ཁུར་བོ་ལྕི་མོ་ཞིག་དང་འདྲ་བར་ཕྱོགས་བཅུའི་མགྲོན་པོ་ཡོངས་ལ་ཉོབ་སྣང་དང་དཀའ་ཚགས་ཆེན་པོ་བཟོ་ངེས་ཚོད་དུ་སྣང་ཡང་། རྡ་སའི་རི་ཁུག་གི་ཟ་ཁང་ཆུང་ཆུང་ཞིག་གི་སྦུག་ནས་ངས་རེ་བ་ཆེན་པོས་འཕོང་ཞིང་ཐེ་ཚོམ་དང་དོགས་པའི་རྒྱ་རུ་ཚུད་པའི་ངོ་གདོང་གཞན་ཞིག་མཐོང་པ་དང་། ཞེད་སྣང་དང་འཇིགས་སྐྲག་གི་ཁུར་བོ་ལྕི་མོ་ཞིག་ཁུར་ནས་ཕྱིར་ལོག་དགོས་བྱུང་།
དེ་ཡང་དོན་དག་འབྱུང་རྩ་སློབ་ཕྲུག་དང་ཁོང་ཚོའི་ཕ་མ། དགེ་རྒན་བཅས་ཀྱི་སྟེང་ནས་བྱུང་བ་རེད། ཉིན་དེའི་ཉིན་གུང་ཡོལ་ཙམ་ལ་གྲོགས་པོ་ཞིག་གི་བཀོད་སྒྲིག་བཞིན་ངེད་གཉིས་ཨ་མདོའི་གྲོང་གསེབ་ཀྱི་ཟ་ཁང་ཞིག་ཏུ་འཛུལ་བ་ཡིན། ཟ་ཁང་ནང་དུ་སླེབས་མ་ཐག་ངས་སྔོན་ཆད་འདིར་ཡོང་མྱོང་འདུག་ཨང་སྙམ་ཡང་། སྦྱིན་བདག་དང་ཁོང་གི་ཕྱག་རོགས་པ་སུ་ཡང་ངོ་ཤེས་ཀྱི་མི་འདུག འོན་ཀྱང་། ངའི་གྲོགས་པོ་དང་ཟ་ཁང་གི་སྦྱིན་བདག་གཉིས་ཕན་ཚུན་རྒྱུས་ཡོད་རེད་འདུག ཁོང་གཉིས་ཀྱིས་ཕན་ཚུན་ལ་འཚམས་འདྲི་རེ་བྱས་མ་ཐག ཕར་ལྟོས་ཚོད་ལ་གུང་གསེང་ལ་སླེབས་པའི་སློབ་ཕྲུག་གཉིས་ལོས་ཡིན་བསམ་པའི་བུ་གུ་ཆུང་ཆུང་གཉིས་ཀྱང་སྦྱིན་བདག་གི་གམ་དུ་ཡོང་ནས་བསྡད་པ་དང་། སྦྱིན་བདག་གིས་ འདི་ངའི་ཞི་ལི་མཁར་བྱམས་ཚེ་རིང་དང་འདི་ངའི་ཞི་མོ་གཡང་འཚོ་རེད། ཁོང་གཉིས་ད་ལྟ་རྡ་སྟེང་སློབ་གྲྭར་འགྲོ་གི་ཡོད། ཅེས་ངའི་གྲོགས་པོར་ངོ་སྤྲོད་བྱས་སོང་ལ། ཁོས་མགོ་ནང་ལ་གཡུག་བཞིན་ངའི་གདོང་ལ་ཅེར་ནས་ འདི་ངའི་ཕ་ཡུལ་གཅིག་པའི་ཞི་ལི་དེ་རེད། ཁོ་ད་ལྟ་གསོག་སྒར་སློབ་གྲྭའི་དགེ་རྒན་རེད། ཅེས་ཕར་འགྲེལ་བཤད་བརྒྱབས་བྱུང་པས། ངས་ཀྱང་གདོང་ལ་འཛུམ་ཞིག་མི་སྟོན་ཐབས་ག་མེད་བྱུང་། སྐབས་དེར་ཟ་ཁང་གི་སྦྱིན་བདག་གམ་སློབ་ཕྲུག་གཉིས་ཀྱི་ཨ་ཕས་ཐ་མག་རྐང་གཅིག་ལ་མེ་སྒོ་ཞོར་གློ་བུར་དུ་ཅི་ཞིག་དྲན་པ་ལྟར་་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་བོད་ཡིག་དགེ་རྒན་འདི་ཚོས་ཅི་གང་ཤེས་ཀྱི་མི་འདུག འདི་ཚོ་ངོ་མ་སྐྱོ་བོ་རེད། ཁོང་ཚོར་ཤེས་བྱ་ཡོན་ཏན་མེད་ན། བུ་གུ་ལ་ཅི་ཞིག་སློབ་ཀྱི་ཡོད་ན། བུ་གུ་འཛིན་གྲྭ་དྲུག་དང་བདུན་པ་སླེབས་ནའང་། བོད་ཡིག་སྦྱོར་ྐློག་རྒྱག་ཤེས་ཀྱི་མི་འདུག ངོ་མ་འདི་ཚོ་སྐྲག་ས་རེད། ད་དུང་མི་དགོས་རྒྱུ། བུ་གུ་ཚོར་སྤོ་ལོ་རྩེད་སྟངས་སློབ་ཀྱི་འདུག དེ་མ་བསླབ་དགོས་པ་ཞིག་མ་རེད། བུ་གུ་ཚོ་སྤོ་ལོ་ལ་དགའ་བོ་ཡོད་ཙང་། རང་བཞིན་གྱིས་ཤེས་འགྲོ་གི་རེད། ང་ཚོའི་ཕ་ཡུལ་གྱི་དགེ་རྒན་དེ་ཚོ་འདི་འདྲ་ག་བ་ཡིན་གི་རེད། ཅེས་བརྗོད་བྱུང་པས། ང་ངོ་གནོང་བ་ལྟ་བུ་ཞིག་བྱུང་ལ། ངའི་གྲོགས་པོས་ཀྱང་ང་ལ་བསམ་ཤེས་ཀྱི་ཚུལ་གྱིས་དགེ་རྒན་ཚང་མ་དེ་འདྲ་ཡིན་རྒྱུ་མ་རེད་ཅེས་བརྗོད་མ་ཐག་ སྦྱིན་བདག་གིས་ད་དུང་ཅི་ཞིག་བཤད་རྩིས་འདུག་མོད། མགྲོན་པོ་ཞིག་གིས་དངུལ་རྩིས་ལེན་རོགས་ཞུས་པས་ཁོང་འགྲོ་དགོས་ཐུག་སོང་།

དེ་ལས་མང་བ་། “ནམ་ཉི་མ་ཞིག་ལ་ཕ་མ་དང་དགེ་རྒན་གཉིས་འཛིང་རེ་ཤོར་ཚོད་འདུག” »

རྩོམ་རིག

བོད་མིའི་ཆིག་སྒྲིལ་ནི་ང་ཚོའི་རེ་བ་གཅིག་པོ་དེ་ཡིན།

Posted on 2008-10-09 By དགེ་རབ་ 3 Comments on བོད་མིའི་ཆིག་སྒྲིལ་ནི་ང་ཚོའི་རེ་བ་གཅིག་པོ་དེ་ཡིན།

འཕན་མྱི།
ཁར་སང་གི་ངའི་རྩོམ་ཡིག་ཐེབས་ཆག་དེ་ཡང་ཁ་ཤས་ཀྱིས་བྐླགས་འདུག་ཅིང་ཁོང་རྣམ་པས་འཛེམས་ཟོན་མེད་པར་དགོང་འཆར་ལྷུག་པོར་གནང་བ་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་དང་འདིར་ཡང་གསལ་བཤད་ཀྱི་ཚབ་ཏུ་སྙན་གཙེར་ཅུང་ཙམ་མི་ཞུ་ཐབས་མེད་བྱུང་། ༸གོང་ས་སྐྱབས་མགོན་ཆེན་པོའི་ཞལ་ནས་ཀྱང་ང་ཚོ་ནམ་ཡིན་ཡང་གངས་ཅན་པ་ཟེར་བའི་ཚིག་དེའི་འོག་ཏུ་སྡོད་རྒྱུ་དེ་གལ་ཆེན་པོ་རེད་གསུངས་པ་དེའི་དགོང་དོན་བཞིན་སྟོད་མངའ་རིས་ནས་སྨད་ཁམས་ཀྱི་མཐའ་དར་རྩེ་མདོ་དང་ཨ་མདོའི་མཐའ་མཚམས་བར་གྱི་བོད་མི་རྩམ་ཟན་ཡོད་དོ་ཅོག་རྡོག་རྩ་གཅིག་ཏུ་སྒྲིལ་རྒྱུ་དེ་ནི་ང་ཚོའི་རེ་བ་དང་དམིགས་ཡུལ་ཐ་ན་ང་ཚོ་སྐྱབས་བཅོལ་དུ་སྡོད་དགོས་དོན་ཡང་དེ་ཡིན། ང་ཚོའི་དབུ་མའི་ལམ་དེ་ཡང་ཚད་དམའ་ས་ནས་བཤད་སྐབས་བོད་ཆོལ་ཁ་གསུམ་གཅིག་ཏུ་སྒྲིལ་བའི་མི་རིགས་ས་ཁོངས་རང་སྐྱོང་ཙམ་ཞིག་ལ་བབ་འགྲོ་གི་ཡོད་པ་དེ་རེད། ཆབ་སྲིད་ཀྱི་བསམ་བློ་དང་བསམ་བློ་ཞེས་པ་དེ་ཁོགས་རྒྱ་ཡངས་པོ་དང་དག་སྣང་གི་ལྟ་སྟངས་དང་རྦད་དེ་རྒྱབ་འགལ་དུ་གྱུར་པ་ཞིག་ཡིན་སྟབས་ང་ཚོས་ཕྱི་རྒྱ་ནག་ལ་ལྟོས་ན་ཡང་འདྲ། ནང་སྤུན་ཟླ་བོད་མི་ལ་ལྟོས་ན་ཡང་འདྲ། ཆབ་སྲིད་ཀྱི་ཆེ་ཕྲ་གང་ཞིག་སུས་འཇོན་ཡང་དེ་ཉིད་བོད་གངས་ཅན་པ་ཞེས་པའི་ཁྱབ་ཁོངས་ཡོངས་རྫོགས་ཀྱི་ཐ་སྙད་འདི་བོར་མི་རུང་བ་ཞིག་རེད། གལ་ཏེ་མ་འགྲིགས་པ་ཞིག་ཡོད་ན་དེ་མ་འགྲིགས་པའི་སར་འཇོག་པ་ལས་ཡང་བརྡབས་བསྐྱར་བརྡབས་ཀྱིས་གླེང་ན་ཇེ་བཙོག་ཏུ་འགྲོ་བ་ལས་དགོས་པ་ཅི་ཡོད་སྙམ་པ་ལྟ་བུ་ཞིག་ཡིན་ཡང་རང་རེ་ལ་མི་དགོས་པའི་བྱ་བ་དེ་རིགས་སྲོལ་རྒྱུན་ལྟ་བུར་གྱུར་ན་ཆུང་ས་ནས་བཙན་བྱོལ་བོད་མིའི་མཐུན་སྒྲིལ་དང་ཆེ་ས་ནས་༸གོང་ས་སྐྱབས་མགོན་ཆེན་པོའི་དགོང་གཞི་དང་བོད་རྒྱ་ཆེའི་མི་དམངས་ཀྱི་མངོན་འདོད་ངོ་མ་སྟེ་བོད་གངས་ཅན་པ་ཡོངས་རྫོགས་ཆིག་སྒྲིལ་གྱི་ལས་ལ་ཡང་གནོད་སྐྱོན་གྱི་རྒྱུ་རུ་འགྱུར་མི་སྲིད་པ་མ་ཡིན་པས་ངས་འདི་ལྟར་གླེང་དགོས་བྱུང་སོང་།
མཆན་འགོད་མཁན་འགའ་ཞིག་གིས་ངས་འཕན་པོ་དང་མལ་གྲོ་གུང་དཀར་ཡས་མས་ཀྱི་དེབ་ཅིག་ཕྱོགས་ཀྱིས་དང་སུས་འགོག་མི་ཡོང་ལྟ་བུའི་བཀའ་བཀྱོན་གནང་འདུག་པ་དེ་བདེན་པ་རེད། ཡིན་ན་ཡང་ངས་བཤད་པ་དེ་ང་ཚོ་བོད་མི་མི་རེའི་དེབ་རེ་སྒྲིག་དགོས་ན་འཇོན་ཁག་པོ་རེད། འཇོན་ཐང་ཡོད་མཁན་ཚོས་གངས་ཅན་པ་ཡོངས་རྫོགས་ཀྱི་ཚབ་བྱེད་ཐུབ་ན་ཡག་པོ་བྱུང་འདུག་ཅེས་ཞུ་བཞིན་ཡོད། དཔེར་ན་ནང་མི་སྤུན་མཆེད་གསུམ་གྱི་ནང་ནས་གཅིག་ལ་དངུལ་ཡོད་གཉིས་ལ་དངུལ་མེད་ན་དངུལ་ཡོད་མཁན་དེས་མེད་མཁན་དེ་གཉིས་ལ་རོགས་པ་བྱེད་དགོས་པ་ནང་བཞིན་རེད་ཅེས་ཞུ་བཞིན་ཡོད། འདས་པའི་ལོ་རྒྱུས་ཀྱི་ནང་དུ་བོད་ཀྱི་ཡུལ་ལུང་བྱེ་བྲག་པ་དང་སྡེ་དཔོན་ཉི་ཚེ་བ་ཚོས་རང་མགོ་གར་ཐོན་བྱས་ན་འགྲིགས་འགྲོ་བསམ་པ་དེས་ཐ་མ་ཆག་ཆེ་ཉམས་ང་འདི་ཉོས་པ་རེད། དེ་བཞིན་རང་རེ་བོད་ལ་མཚོན་ན་རང་མགོ་གར་ཐོན་གྱི་ལས་འདི་ཆོལ་ཁ་དང་། སྡེ་ཚོ། མི་སྒེར་གང་ཞིག་ཡིན་ན་ཡང་སྤངས་བྱ་ཞིག་ལས་བླངས་བྱ་ཞིག་མ་ཡིན་སྟབས་འདིས་མཇུག་འབྲས་ཏེ་ཡག་པོ་ཡོང་རྒྱུ་མ་རེད་ཅེས་ཤོད་བཞིན་ཡོད། སྤྱིར་བཏང་ངས་ཁ་བཙུམ་ནས་སྡོད་ཐུབ་ཀྱི་རེད། དེ་བཞིན་ཆོལ་ཁ་གསུམ་གྱི་མི་གཞན་ཚོས་ཀྱང་ཁ་བཙུམ་ནས་སྡོད་ཀྱི་རེད། ཡིན་ན་ཡང་རྒྱ་མིས་ཁ་བཙུམ་རོགས་བྱེད་ཀྱི་མ་རེད། ཉིན་ཞིག་ལ་རྒྱ་མིས་དེ་གོ་སྐབས་ཤིག་ལ་བརྩིས་ཏེ་བོད་ཆོལ་ཁ་གསུམ་གཅིག་ཏུ་སྒྲིལ་ཟེར་བ་ཞིག་ཡོད་པ་མ་རེད། ཏཱ་ལའི་བླ་མ་རང་གི་གཞུང་གི་བཀའ་བློན་དང་སྤྱི་མཐུས་ཟུར་པ་ཚོས་ཀྱང་ཨ་མདོ་བའི་ཆེད་དུ་དེབ་ཅིག་ལོགས་སུ་བཟོས་པ་དེས་ཨ་མདོ་དེ་བོད་ཁོངས་སུ་མ་ཚུད་པའི་དཔང་རྟགས་རེད་ཟེར་ནས་ཏག་ཏག་གྲུབ་འབྲས་ལྡོག་ཕྱོགས་ནས་སྨིན་པའི་ལས་དེ་འདྲར་ཡང་འགྱུར་མི་སྲིད་པས་ང་ཞེད་ཀྱིན་འདུག རྒྱ་མིས་བོད་རྒྱའི་ཁོངས་རེད་ཟེར་ནས་འཛམ་བུ་གླིང་པ་ཕལ་མོ་ཆེ་ཡང་མགོ་འཐོམ་དགོས་པ་ཞིག་བཟོས་པ་དེ་ཚོར་ཡང་གཞི་འཛིན་ས་འདི་འདྲ་རེ་ལས་མེད་པ་རེད།

དེ་ལས་མང་བ་། “བོད་མིའི་ཆིག་སྒྲིལ་ནི་ང་ཚོའི་རེ་བ་གཅིག་པོ་དེ་ཡིན།” »

རྩོམ་རིག

Posts pagination

Previous 1 … 34 35 36 … 42 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme