Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་རི་རིན་པོ་ཆེ་དགོངས་པ་ཞུ་རོགས།

Posted on 2008-12-152008-12-15 By དགེ་རབ་ 21 Comments on རྒྱ་རི་རིན་པོ་ཆེ་དགོངས་པ་ཞུ་རོགས།

གཡང་སྐྱབས་རྒྱལ་གྱིས། ————— དེ་རིང་ཡང་ངས་གཏན་ཡན་ཞིག་ཐོས་ནས་རྩོམ་འདི་འབྲི་དགོས་ཤར། རྩོམ་ཞིག་བྲིས་པ་ཙམ་གྱིས་ཕན་གནོད་འབྲེལ་བའི་འགྱུར་བ་ཞིག་ཡོང་བའི་རེ་བ་མེད་ན་ཡང་། ང་དང་ང་འདྲ་བའི་བསམ་ཚུལ་འཛིན་པ་དག་ཀྱང་འཛམ་གླིང་འདི་ན་ཤི་མེད་པའི་རྣམ་པ་ཞིག་བསྟན་པ་རེད་བསམས། ཁ་སང་ཁེ་ཉིན་ཞིག་ལ་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་བོད་དོན་རྒྱབ་སྐྱོར་བའི་ཚོགས་འདུ་ཞིག་འཚོགས་ཡོད་སྐད་དང་། ཚོགས་ཐོག་དེར་དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེས་གསུང་བཤད་གནང་སྟེ། “༡༩༤༩ ཡར་སྔོན་དུ་ཨ་མདོ་ཡོངས་དང་ཁམས་ཀྱི་ཕྱེད་དེ་རྒྱ་ཁོངས་རེད་”ཅེས་བཤད་ནས་དབུ་མའི་ལམ་གྱི་སྲིད་བྱུས་འདིས་ངོ་མ་བཤད་ན་”ཁྲིམས་མཐུན་དུ་མེད་པའི་བོད་ཀྱི་ས་ཁུལ་དགོས་པའི་”དགོས་འདུན་བཏོན་ཡོད་པ་དང་། “དབུ་མའི་ལམ་”ལ་ཆག་ཡངས་གང་ཡང་གཏོང་ཐབས་མེད་པ་ལ་བརྟེན་ནས་བོད་རྒྱའི་འབྲེལ་མོལ་དང་ཞི་མོལ་ལ་ལམ་ལྷོང་མ་བྱུང་ལུགས་བཤད་སོང་ཟེར། གུང་ཁྲན་གྱིས་འབྲེལ་མོལ་ལམ་ལྷོང་མ་བྱུང་བའི་ཁག་འགེལ་དེ་བོད་གཞུང་ལ་བཀལ་བའི་ཐོག་ ང་ཚོའི་སྐུ་ཚབ་ཀྱིས་ཀྱང་ལམ་ལྷོང་མ་བྱུང་བའི་ཁག་འགེལ་དེ་ང་ཚོར་བཀལ་བ་འདི་འདྲ་ནི་ཡིན་མི་སྲིད་པ་ཞིག་རེད་བསམས་ནས་སྙིང་རླུང་སྟོད་ལ་འཚངས། ལམ་སེང་རྒྱལ་སྤྱིའི་བོད་དོན་སྐད་འབོད་ལས་ཁུངས་ཀྱི་དྲ་རྒྱའི་ཐོག་བལྟས་པ་ཡིན་མོད། ཚོགས་འདུའི་སྐོར་མཐོང་ཡུལ་དུ་མེད་ཅིང་། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲ་རྒྱ་དང་ཕ་ཡུལ་དྲ་རྒྱ་ལ་བལྟས་མོད་ཚོགས་འདུ་དེའི་སྐོར་མཐོང་ཡུལ་དུ་མི་འདུག…

དེ་ལས་མང་བ་། “རྒྱ་རི་རིན་པོ་ཆེ་དགོངས་པ་ཞུ་རོགས།” »

རྩོམ་རིག

ཕྱི་ལོ་༢༠༠༨ཀྱི་བོད་དོན་དང་འབྲེལ་བའི་གནས་ཚུལ་འགངས་ཆེན་བཅུ།

Posted on 2008-12-15 By དགེ་རབ་ 5 Comments on ཕྱི་ལོ་༢༠༠༨ཀྱི་བོད་དོན་དང་འབྲེལ་བའི་གནས་ཚུལ་འགངས་ཆེན་བཅུ།

དཔལ་རྡོར་ནས། —————————- དྲ་གྲོགས་རྣམ་པས་འདི་འཐུས་ཚང་དུ་གཏོང་བར་ཞུ། ༡ བོད་ཆོལ་ཁ་གསུམ་དུ་རྒྱ་ནག་གཞུང་གི་དབང་སྒྱུར་ལ་ངོ་རྒོལ་བྱས་པའི་ས་བྱི་ལོའི་ཞི་རྒོལ་ཆེན་མོ། ༢ པེ་ཅིང་ཨོ་ལིམ་པིག་ལུས་རྩལ་འགྲན་ཚོགས་ཀྱི་སྔ་གཞུག་ཏུ་རྒྱལ་སྤྱིའི་སྟེང་བོད་པ་དང་བོད་དོན་རྒྱབ་སྐྱོར་བས་ངོ་རྒོལ་སྐད་འབོད་དང་རྒྱལ་ཁབ་འགོ་ཁྲིད་མང་པོས་བོད་དོན་ལ་དོ་སྣང་གནང་བ། ༣ བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཧྥ་རན་སི་དང་འཇར་མན་སོགས་ཀྱི་དབུ་ཁྲིད་ལ་མཇལ་འཕྲད་གནང་ནས་ཡུ་རོབ་གྲོས་ཚོགས་སུ་གཏམ་བཤད་གནང་སྟེ་རྒྱལ་སྤྱིའི་རྡིངས་ཆའི་སྟེང་མང་དུ་ཕེབས་པ། ༤ བོད་རྒྱ་འབྲེལ་མོལ་ཐེངས་བདུན་པ་དང་བརྒྱད་ཕ་གཉིས་གནང་སྟེ་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་བཏོན་པ། ༥ བོད་གཞུང་དམངས་ཛ་དྲག་ལས་འགུལ་ཚོགས་ཆུང་བཙུགས་ནས་བོད་དོན་ལས་འགུལ་ཡོངས་ལ་སྤྱི་ཁྱབ་བཀོད་འདོམས་གནང་བ། ༦ བོད་ཀྱི་གཞོན་ནུ་ཚོགས་པས་མདུན་བསྐྱོད་ལས་འགུལ་ཆེན་མོ་ཐེངས་གཉིས་པ་སྤེལ་བ་དང་།…

དེ་ལས་མང་བ་། “ཕྱི་ལོ་༢༠༠༨ཀྱི་བོད་དོན་དང་འབྲེལ་བའི་གནས་ཚུལ་འགངས་ཆེན་བཅུ།” »

རྩོམ་རིག

རང་ལོ་ཉེར་དྲུག་སོན་པའི་གཞོན་ནུ་ཞིག་གིས་བོད་རྒྱལ་ཡོངས་དམིགས་བསལ་ཚོགས་ཆེན་ཐེངས་དང་པོར་ཕུལ་བའི་སྙན་ཞུ།

Posted on 2008-12-14 By དགེ་རབ་ 6 Comments on རང་ལོ་ཉེར་དྲུག་སོན་པའི་གཞོན་ནུ་ཞིག་གིས་བོད་རྒྱལ་ཡོངས་དམིགས་བསལ་ཚོགས་ཆེན་ཐེངས་དང་པོར་ཕུལ་བའི་སྙན་ཞུ།

(༢༠༠༨་༡༡་༡༧་ ༢༢)
བློ་བཟང་ཆོས་འབྱོར་ནས།
———

བོད་རྒྱལ་ཁབ་ཀྱི་ཤར་ཕྱོགས་རྒྱལ་མཚམས་སུ་སྐྱེས་ཤིང་། ཆེན་པོ་རྒྱ་ནག་དང་འདྲེས་མཚམས་ནས་འཚར་བའི་ལོ་ན་ཉེར་དྲུག་ཅན་གྱི་ཕོ་གསར་ཞིག་དེ་རིང་ལོ་རྒྱུས་ཀྱི་དོན་སྙིང་ཡོད་པའི་དམིགས་བསལ་ཚོགས་ཆེན་འདིར་ཞུགས་ཏེ་རང་རིགས་གངས་ཅན་པའི་དབུ་ཁྲིད་རྣམ་པ་དང་། ཤེས་ཡོན་ཅན་རྣམས་དང་ལྷན་ཏུ་མཉམ་ཞུགས་ཀྱིས་ཚོགས་འདུའི་ཆ་ཤས་སུ་གྱུར་ཐུབ་པ་ནི་རང་གི་མི་ཚེའི་ནང་ཆེས་གཟི་བརྗིད་ཞིག་ཏུ་བརྩི་གྱིན་ཡོད་ལ། དོན་དངོས་ཀྱི་བྱུང་བ་འདི་བརྒྱུད་ནས་མི་རབས་གསར་བའི་འགན་འཁྲིའི་ཐད་ངེད་ལ་བཅོས་མ་མིན་པའི་བརྩེ་དུངས་དང་གདེང་སྤོབས་མཉམ་ཏུ་ཡོང་གིན་འདུག
ངེད་ནས་བསམ་ཚུལ་གྱི་འགོ་མ་བཙུགས་གོང་ངེད་ལ་ཐོག་མའི་བོད་ཀྱི་འདུ་ཤེས་ངོ་སྤྲོད་བྱེད་མཁན་རང་གི་སྐྱེད་མའི་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན་ལ་བོད་ཀྱི་རྒྱལ་མཚམས་ན་གནས་པའི་ངའི་ཨ་མ་དང་ལས་དབང་གཅིག་པའི་བོད་རིགས་ཡོངས་ལ་གོ་སྐབས་འདི་བརྒྱུད་དམིགས་བསལ་གྱིས་གདུང་སེམས་མཉམ་བསྐྱེད་བྱེད་འདོད་བྱུང་། དེ་བཞིན་ངའི་དགེ་རྒན་རྣམ་པ་དང་། སློབ་སྟོན་པ། བོད་ཀྱི་རྩ་དོན་ཐད་རྣམ་ཤེས་གཅིག་པའི་མི་རབས་གསར་བའི་གྲོགས་གྲོགས་མོ་སོགས་ཀྱི་བཀའ་དྲིན་ཡང་ཆབས་གཅིག་རྗེས་དྲན་བྱེད་རྒྱུ་དང་ཁྱེད་ཅག་གི་མཁྱེན་རྒྱ་ཡངས་བའི་ཕྱག་ལས་རྣམས་ལྷོད་མེད་ཡོང་བར་རེ་སྐུལ་ཞུ་རྒྱུ་ཡིན།
མཆོག་ཏུ་བཀུར་བར་འོས་པའི་ཚོགས་མི་ལྷན་རྒྱས་ཀྱིས་མཁྱེན་གསལ་བཞིན། བོད་རྒྱལ་ཁབ་ཀྱི་བསྐལ་བ་སར་ཆགས་ནས་དེ་རིང་གི་ཉིན་མོ་བར། ང་ཚོ་ཐེ་བའི་བོད་རིགས་སུ་གཏོགས་ཚད་ཚང་མའི་ངོ་བོ་དང་། འདོད་མོས་ཀྱི་རྨང་གཞིའི་ལེགས་བྱང་། སྐད་དང་ཡི་གེ། གོམས་སྲོལ། གཤིས་སྤྱོད། བསམ་བློའི་ལག་ལེན་ཡོངས་ཀྱི་རྩ་བའི་གདགས་གཞི ཛྲབོདཛྲ ཅེས་པའི་མིང་འདིར་ཐིམས་ཤིང་གནས་བཞིན་པ་ནི་སྤྲོ་བ་བླ་ལྷག་ཏུ་འཕེལ་འོས་ཤིང་། ལོ་ངོ་སྟོང་ཕྲག་གི་བརྒྱུད་རིམ་འདིས་ང་ཚོར་སྤྲད་པའི་ད་ལྟའི་བོད་ནི་ཁ་འཐོར་དང་གཉེན་ཕྲེང་གི་དུས་ཚོད་ཤིག་ཏུ་གནས་ཡོད། ལོ་རྒྱུས་ལ་དགའ་སྐྱོའི་རྣམ་པ་ཅི་ལྟར་བཀྲ་ཡང་བོད་ཀྱི་ཚེ་སྲོག་གི་འགན་ཁུར་ཡོངས་རྫོགས་ང་ཚོའི་ཕྲག་ཏུ་བབས་ཡོད་པས། དེ་རིང་འདིར་ང་ཚོ་བོད་ཅེས་པའི་དོན་སྙིང་དང་འབྱུང་འགྱུར་གྱིས་མཉམ་ཏུ་བསྡུས་པ་རེད།

དེ་ལས་མང་བ་། “རང་ལོ་ཉེར་དྲུག་སོན་པའི་གཞོན་ནུ་ཞིག་གིས་བོད་རྒྱལ་ཡོངས་དམིགས་བསལ་ཚོགས་ཆེན་ཐེངས་དང་པོར་ཕུལ་བའི་སྙན་ཞུ།” »

རྩོམ་རིག

༢༠༠༨ ལོའི་བོད

Posted on 2008-12-132008-12-13 By དགེ་རབ་ 3 Comments on ༢༠༠༨ ལོའི་བོད

གཡུ་ཞུན
————
༢༠༠༨ལོའི་མཐའ་མཇུག་གི་ཤོག་ལྷེ་ཕར་ལྟེབ་ལ་ཉེ་བའི་དུས་འདིར་མིག་ཟུང་ཕྱིར་ད་ལོའི་སྤྱི་ཟླ་གསུམ་པར་མི་གཏད་རང་གཏད་ཆགས་།་དེ་ནི་བོད་ཀྱི་དེང་རབས་ལོ་རྒྱུས་ཐོག་དམར་པོ་ཁྲག་གིས་ཡང་བསྐྱར་བྲིས་པའི་ལེའུ་གསར་བ་ཞིག་གོ ལྷག་པར་དུ་རྒྱ་ནག་གུང་ཁྲན་གཞུང་གིས་བོད་ལ་དབང་བསྒྱུར་བྱས་ཏེ་།དུས་རབས་ཕྱེད་ཙམ་སོང་པའི་རྗེས་སུ་ནང་སྒོས་ཁོ་ཚོའི་སེམས་སུ་བོད་རིགས་གཞོན་སྐྱེས་རྣམས་དེང་རབས་དཔལ་ཡོན་གྱི་སློབ་གསོ་ཟེར་བ་དང་དཔལ་འབྱོར་ཡར་རྒྱས་ལས་ཚང་མ་རྒྱུ་རྔམ་གི་བྲན་ལ་འཁོད་ནས་བོད་ཀྱི་རིག་གཞུང་དང་ཆོས་ལ་དད་ཞེན་མེད་པར་།གཞུང་ཕྱོགས་ཀྱི་བྲན་བསྒྱུར་སློབ་གསོ་དང་དཔལ་འབྱོར་སླུ་བྲིད་འོག་རྦད་དེ་ཚུད་ཡོད་སྙམ་པའི་དུས་འདིར་།སྤྱི་ལོ་ཉིས་སྟོང་བརྒྱ་མེད་བཅུ་མེད་བརྒྱད་ལོའི་སྤྱི་ཟླ་གསུམ་པའི་ཚེས་བཅུའི་དུས་དྲན་ཡས་མས་ནས་བཟུང་།སྟོད་ཀྱི་ཉི་མ་ལྷ་སའི་སེ་འབྲས་དགའ་གསུམ་ནས་མདོ་སྟོད་སྨད་བོད་ཀྱི་ས་ཆ་ཕལ་མོ་ཆེར་སེར་སྐྱ་ཕོ་མོ་རྒན་དར་གཞོན་གསུམ་གྱིས་མ་གྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་ནག་གཞུང་གི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གྱེན་ལངས་ཀྱི་ལས་འགུལ་ཆེན་མོ་སྤེལ་བ་དང་།་ཕལ་ཆེར་སྤྱི་ཟླ་གསུམ་པའི་ཚེས་བཅུ་བཞི་ནས་ལས་འགུལ་གཞི་རྒྱ་ཆེ་ཤོས་དང་ཛ་དྲག་ཏུ་སོང་ཞིང་།ཚེས་ཉི་ཤུ་ཙམ་ནས་རྒྱ་ནག་གཞུང་གིས་བོད་མི་འཛིན་བཟུང་གི་འགོ་བཙུགས་པ་རེད་། གང་ས་གང་དུ་ཉེན་རྟོག་པ་དང་དམག་མི་འབོར་ཆེན་འགྲེམ་གཏོང་གིས་ངོ་རྒོལ་བྱེད་ཡུལ་ས་ཁུལ་ཁག་ཏུ་ལས་འགུལ་ནང་ཞུགས་དང་མ་ཞུགས་ཀྱི་དབྱེ་བ་མེད་པར་བོད་མི་སེར་སྐྱ་ཕོ་མོ་མང་པོ་ཞིག་འཛིན་བཟུང་བྱས་ཡོད་།་བོད་ཀྱི་བཙོན་ཁང་ཆ་ཚང་ཁ་བཀང་ནས་།གཞུང་གི་ལས་ཁང་དང་སློབ་གྲྭའི་སློབ་ཁང་མང་པོ་ཞིག་ཀྱང་འཕྲལ་སེལ་བཙོན་རར་གྱུར་བའི་གནས་ཚུལ་དང་།ཡང་མང་པོ་ཞིག་རྒྱ་ནག་གི་བཙོན་ར་ཁག་ཏུ་བསྐྱལ་བ་སོགས་གོ་ཐོས་བྱུང་།དེ་བཞིན་མདོ་སྨད་འབོ་ར་ཨ་མཆོག་ཡུལ་གྱི་དཔལ་རྒོད་ཚོས་རྟ་ཕོའི་བང་རྩལ་གྱི་རྨིག་སྒྲས་རྒྱ་མཁར་རྡུལ་གྱིས་བཀང་པའི་ཀི་སྒྲ་རེ་ཞིག་སུའི་ཨཱུན་ཨཱུན་སོགས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་མཛེས་རིས་དམིགས་བསལ་བ་ཞིག་ཏུ་གྲུབ་།དེ་ནི་སྤྱི་ལོ་༡༩༥༨ལོའི་ཚུད་ཀྱི་བོད་ནང་གི་ངོ་རྒོལ་ལས་འགུལ་ཆེ་ཤོས་དེར་ངོ་འཛིན་བྱེད་བཞིན་ཡོད་།

དེ་ལས་མང་བ་། “༢༠༠༨ ལོའི་བོད” »

རྩོམ་རིག

རྒྱ་བོད་ཀྱི་གསར་འགྱུར་གཉིས།

Posted on 2008-12-13 By དགེ་རབ་ 2 Comments on རྒྱ་བོད་ཀྱི་གསར་འགྱུར་གཉིས།

ཁ་སང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་བྷེན་ ཀི་མོན་ ༼Ban Ki-moon༽་གྱིས་རྒྱ་བོད་ཀྱི་ད་ལྟའི་གནས་སྟངས་ཐད་གསར་འགོད་པར་འགྲེལ་བརྗོད་བྱས་ཏེ། “ངའི་རེ་བ་ལ། རྒྱ་ནག་གི་དབང་འཛིན་པ་ཚོས་གནད་དོན་འདི་གྲོས་མོལ་གྱི་ལམ་ནས་སེལ་ཐབས་མུ་མཐུད་བྱེད་པའི་རེ་བ་ཡོད་”ཅེས་གསུངས་འདུག རྒྱལ་ཚོགས་ཀྱི་མིས་བོད་དོན་གླེང་སློང་བྱེད་པ་ནི་སྲིད་མཐའ་ཙམ་གྱིས་དཀོན་པོ་ཡིན་མོད། འདི་འདྲ་མཐོང་སྐབས་འཛམ་གླིང་གིས་རྒྱ་ནག་ལ་བལྟས་བལྟས་བསྡད་ཡོད་པའི་རྣམ་པ་ཇེ་གསལ་དུ་འགྲོ། ཡང་ ཚེས་ བཅུ་གཉིས་ ཉིན་༧རྒྱལ་བ་རིན་པོ་ཆེས་པཱོ་ལན་ཌིའི་གྲོས་ཚོགས་སུ་བཀའ་སློབ་གནང་སྐབས། “རྒྱ་ནག་དེ་འཛམ་གླིང་གི་དམངས་གཙོའི་རྒྱལ་ཁོངས་སུ་ལེན་རྒྱུའི་ཐད་རང་དབང་ཅན་གྱི་དམངས་གཙོའི་རྒྱལ་ཁབ་རྣམས་ཡ་རབས་ཀྱི་འོས་འགན་ཞིག་ཡོད་པ་རེད།” ཅེས་དང་། “རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་…

དེ་ལས་མང་བ་། “རྒྱ་བོད་ཀྱི་གསར་འགྱུར་གཉིས།” »

གསར་འགྱུར།

ཁྱོད་འགྲོ་དུས ང་ལ་མ་གསུངས་རོགས།

Posted on 2008-12-12 By དགེ་རབ་ No Comments on ཁྱོད་འགྲོ་དུས ང་ལ་མ་གསུངས་རོགས།

རས་པ ——- ནམ་ཞིག ཁྱེད་རང་བཞུད་འགྲོ་ཁའི་སྐད་ཅིག་མའི་དུས་དེར་ཡང༌། བདག་གི་སྣང་བ་གཙང་མ་འདི་ལ་ཕྱིར་ལྟོས་ཡང་ཡང་གནང་རོགས་ཞུ། སྲོད་ཁའི་རླུང་བུ་ཕྲ་མོས་སྐྲ་ལོ་སིལ་སིལ་སྒུལ་བའི་ངང་ཚུལ་དེ་ནི་ཞི་འཇམ་གྱི་སེམས་དོན་ལ་ཡང་ཡང་འགྲེལ་རོགས་ཞུ། ཁྱེད་རང་བཞུད་འགྲོ་དུས། དུས་སྐར་གྱི་ཆ་ཤས་རེ་རེས་བདག་ཉིད་ཀྱི་ཡོད་ཚད་སྟོང་བར་བཟོ་ངེས་ཀྱང༌། ནམ་མཁའི་དབྱིངས་ཀྱི་ཟླ་ཟེར་ཕྲ་མོ་ཞོགས་རྩྭའི་ཟིལ་ཐིགས་བཞིན་ཁྱོད་ཀྱི་མིག་མཐའ་རུ་མ་ལེན་རོགས། བདག་ཉིད་འགྲུལ་བཞུད་ལ་གོམས་པའི་རྐང་ལམ་ཕྲ་མོའི་ཟུར་དུ། ལྗོན་པའི་རྩེ་མོ་ནང་དུ་བཀུག་སྟེ་ང་ལ་བརྩི་བཀུར་མེད་པའི་བཟོ་ལྟ་རེ་སྟོན་སྲིད་ཀྱང༌། ཟླ་འོད་གཙང་བོར་བཞུར་བའི་གཅེས་སེམས་ཁོ་ནས།ངས་ཁྱེད་ཀྱི་སྐྲ་ལོ་ལས་མང་པའི་རང་ཉིད་ཀྱི་མདུན་ཕྱོགས་སུ་ཡང་ཡང་ལྟ་སྲིད། ཁྱེད་ཀྱི་གཅེས་ངག་ལས་མངོན་པའི་གཞས་དབྱངས་ཕྲ་མོའང་སྣང་བ་གཙང་མའི་བསིལ་གདུགས་སུ་འཁྱེར་ངེས་ལགས། ཁྱེད་རང་ཕེབས་རྗེས་སུ། བདག་གི་གཉིད་ལམ་ནི་སྟོང་ཁམས་ཆེན་པོ་ཞིག་ཏུ་ཅིས་ཀྱང་འགྱུར་བར་ཤོག…

དེ་ལས་མང་བ་། “ཁྱོད་འགྲོ་དུས ང་ལ་མ་གསུངས་རོགས།” »

སྙན་ངག

ཕོ་མོ་འདྲ་མཉམ་ཡོང་ཐབས་ཀྱི་མན་ངག

Posted on 2008-12-11 By དགེ་རབ་ 9 Comments on ཕོ་མོ་འདྲ་མཉམ་ཡོང་ཐབས་ཀྱི་མན་ངག

སྤོབས་པ་མཐའ་ཡས།
——————–
༡ གླེང་གཞི།
འཛམ་གླིང་གི་འགྱུར་བ་དང་བསྟུན་ནས་ཕོ་མོ་འདྲ་མཉམ་གྱི་ལམ་ཆེན་དུ་ཞུགས་ཚད་མྱུར་དུ་ཕྱིན་པ་ནི་དགའ་འོས་པ་ཞིག་ཏུ་མཐོང་། དེར་བསྟུན་རང་རེ་ཁ་བ་རི་པའི་སྐྱེས་སྨན་འཛམ་གླིང་ཡང་རྩེའི་བདག་མོ་ཚོའི་གོ་གནས་ཐོབ་ཐང་གོང་དུ་འཕར་ཐབས་ལ་་ཡང་བསམ་གཞིག་རེ་བྱེད་རྒྱུ་ནི་བོད་མི་སྤྱི་དང་ལྷག་པར་ཡང་ཤེས་ཡོན་ཅན་གྱི་མི་སྣ་ཚོའི་གཡོལ་ཐབས་མེད་པའི་ལས་འགན་ཞིག་ཏུ་འཁུམས།
བོད་མི་ཚོས་དེའི་སྐོར་ལ་གླེང་སློང་དང་བསམ་གཞིག་བྱེད་ཀྱིན་ཡོད་སྐོར་མང་པོ་ཞིག་བོད་ཕྱི་ནང་གི་དྲྭ་རྒྱ་ཁག་གི་ནང་དུ་བཀོད་ཡོང་གིན་འདུག་མོད་དོན་དངོས་གནས་ལ་བསམ་ན་དེ་ཙམ་གནད་དུ་ཁེལ་གྱིན་མེད་པའི་རྣམ་པ་ཞིག་མཐོང་སོང་། ལ་ལས་ཕོ་མོ་འདྲ་མཉམ་ཡོང་མིན་ནི་བུད་མེད་ཚོ་རང་ཉིད་ལ་ཐུག་ཡོད་ཅེས་པ་ཙམ་དང་གཞུང་ངོས་ནས་བུད་མེད་ལས་བྱེད་པ་བསྡུ་བར་དམིགས་བསལ་གྱི་ལམ་ཁ་སྟོན་དགོས་ཚུལ་ཙམ་མང་པོ་ཞིག་གླེང་གིན་འདུག འོན་ཀྱང་ཕོ་མོ་འདྲ་མཉམ་ངོ་མ་ཞིག་ཡོང་དགོས་ན་སྤྱི་ཚོགས་ཁྱོན་ཡོངས་ཀྱི་བསམ་བློ་འམ་བག་ཆགས་ལ་བཅོས་བསྒྱུར་ཡོང་ཐབས་བྱ་རྒྱུ་མ་གཏོགས་ཕྱོགས་རེ་བ་ཞིག་གིས་འགྲུབ་ཐབས་མེད་པ་ངོས་ཟིན་མཁན་དཀོན་པར་སྣང་།
༢ ཕོ་མོ་འདྲ་མཉམ་གྱི་གལ་ཆེའི་གནད་དོན།
ཕོ་མོ་འདྲ་མཉམ་བྱ་རྒྱུའི་འགན་དེ་ནི་ཕོ་མོ་གཉིས་ཆར་གྱིས་བསྒྲུབ་དགོས་པ་ཞིག་ཡིན། རང་རེ་སྐྱེས་པ་ཚོའི་སྤྱི་ཚོགས་ཀྱི་ངོས་ནས་ཀྱང་རྒྱ་ཆུང་ས་ནས་རང་གི་ཨ་མ་དང་སྲིང་མོ། ཆུང་མ་དང་བུ་མོ། ཚ་མོ་དང་ཡང་ཚ་མོ་སྟེ་རང་དང་ཁྱིམ་རྒྱུད་ཀྱིས་འབྲེལ་བའི་གཉེན་ཚན་བུད་མེད་ཚོ་ཁོ་ན་ལ་བསམ་ན་ཡང་སྐྱེས་པའི་ཚེ་གཡོག་ཏུ་ཉར་བའི་སྲོལ་རྒྱུན་དེ་ལ་བསྒྱུར་བཅོས་ཡོང་ཐབས་དང་བུད་མེད་ཀྱི་ཐོབ་ཐང་དང་། རང་དབང་། བདེ་སྐྱིད། མི་ཚེའི་མཛེས་སྡུག་བཅས་ལ་འདྲ་མཉམ་ཡིན་པ་ཡིན་པར་ཤེས་པའི་བག་ཆགས་ཤིག་ཕོ་མོ་གཉིས་གར་འཇག་དགོས་པ་རེད། རྒྱ་ཆེ་ས་ནས་བུད་མེད་ནི་སྤྱི་ཚོགས་ཀྱི་ཕྱེད་ཀ་ཡིན་སྟབས་དེ་ལ་དམན་སྡང་དང་གཉའ་གནོན་ཡོད་པའི་སྤྱི་ཚོགས་ཤིག་ལ་མཚོན་ན་སྤྱི་ཚོགས་ཧྲིལ་པོའི་ལས་དོན་ཕྱེད་ཀ་ལ་འཐུས་ཤོར་འགྲོ་བཞིན་ཡོད། ལྷག་པར་ཡང་དེང་དུས་སུ་འཕྲུལ་ཆས་གྱིས་དབང་བསྒྱུར་བའི་འཛམ་གླིང་འདིར་ལུས་ཤུགས་ཀྱི་རིན་ཐང་ཆུང་དུ་ཕྱིན་པ་དང་། བརྡ་འཕྲིན་ཅན་དང་འབྲེལ་གཏུག་མཉམ་འབྲེལ་གྱི་སྤྱི་ཚོགས་འདིར་བུད་མེད་ཀྱི་ནུས་ཤུགས་ཆེས་ཆེར་ཕྱིར་མངོན་བཞིན་ཡོད།

དེ་ལས་མང་བ་། “ཕོ་མོ་འདྲ་མཉམ་ཡོང་ཐབས་ཀྱི་མན་ངག” »

དཔྱད་རྩོམ།

བློ་བཟང་དབང་རྒྱལ་གྱིས་གཞུང་དང་བོད་མིའི་སྤྱི་ཚོགས་ལ་མ་ཉེས་ཁ་གཡོག་བྱེད་ཀྱི་འདུག

Posted on 2008-12-102008-12-10 By དགེ་རབ་ 63 Comments on བློ་བཟང་དབང་རྒྱལ་གྱིས་གཞུང་དང་བོད་མིའི་སྤྱི་ཚོགས་ལ་མ་ཉེས་ཁ་གཡོག་བྱེད་ཀྱི་འདུག

སྟག་སྨྱོན་གྱིས། ——– བོད་ཀྱི་མཛངས་མ་འགྲན་སྡུར་གྱི་ལས་འགུལ་འདི་ཚད་ལྡན་ཡོང་ཆེད། ད་ལྟའི་གོ་སྒྲིག་བྱེད་མཁན་བློ་བཟང་དབང་རྒྱལ་ཟེར་བ་འདི་བོད་པའི་སྤྱི་ཚོགས་ནང་བག་ཆགས་དང་བྱ་སྤྱོད་ཆེས་མི་ལེགས་པའི་མི་ཐ་ཤལ་ཞིག་ཡིན་སྟབས། ཡིད་དུ་འོང་ཞིང་མཛེས་སྡུག་ལྡན་པའི་ལས་འགུལ་འདི་བཞིན་ལོ་རེ་བཞིན་ཆེས་ཉམས་ཐག་གི་རྣམ་པ་ཞིག་གི་འོག་ནས་ཚོགས་ཀྱི་འདུག་པས་གོ་སྒྲིག་བྱེད་མཁན་བརྗེ་དགོས། གོ་སྒྲིག་བྱེད་མཁན་ཚད་ལྡན་མེད་པའི་དབང་གིས་ལས་འགུལ་ཡག་པོ་ཡོང་གི་མེད་པ་ཕར་བཞག་ནས། ཕྱི་ནང་གི་མི་རིགས་ཚང་མར་བོད་ཀྱི་མཛངས་མ་འགྲན་བསྡུར་གྱི་ལས་འགུལ་འདི་བཞིན་ལམ་ལྷོངས་ཡོང་གི་མེད་པ་བོད་གཞུང་དང་བོད་མིའི་ཚོའི་སྤྱི་ཚོགས་གུ་དོག་དྲག་པས། བུ་མོ་ཚོའི་ཐོག་གནོན་ཤུགས་ཆེ་བ་དང་བུ་མོ་ཚོའི་བསམ་བློ་དམའ་དྲགས་པ་སོགས་ཀྱིས་འགྲན་བསྡུར་ནང་ཞུགས་མཁན་མེད་ལུགས་དང་། ཞུགས་ཁ་ཤས་ཡོད་པ་ཚོ་ཕ་མ་འགྲམ་ན་མེད་མཁན་དང་ཡང་ན་བུ་མོ་འཁྲེབ་ཏོ་ཚོ་ལས་བུ་མོ་ཚད་ལྡན་ཞིག་འགྲན་སྡུར་དེའི་ནང་ཞུགས་ཀྱི་མེད་སྐོར་གང་སར་ཁྱབ་འདུག་པས་། བློ་བཟང་དབང་རྒྱལ་གྱིས་ལས་དོན་ཡག་པོ་ཡོང་གི་མེད་པ་བོད་མིའི་སྤྱི་ཚོགས་ལ་འགེལ་བཞིན་པའི་ནག་ཉེས་འདི་སྣང་མེད་དུ་འཇོག་མི་འོས་པ་མཐོང་། ལྷག་པར་བུད་མེད་ཚོའི་མཛེས་སྡུག་དང་མཁས་རྩལ་འགྲན་སའི་ལྡིང་ཆ་འདི་བཞིན་བློ་བཟང་དབང་རྒྱལ་གྱི་ལག་ནས་རྩེད་སྤྱད་བྱེད་དུ་བཅུག་ནས་འཇོག་མི་འོས། དེའི་ཕྱིར་ལས་དོན་འདི་ངེས་པར་བོད་མིའི་ཚད་ལྡན་གྱི་ཚོགས་སྡེའམ་གང་ལྟར་འགྲན་སྡུར་འདི་བཞིན་བཟི་བརྗིད་དང་སྤོབས་པ་ལྡན་པའི་སྒོ་ནས་གོ་སྒྲིག་བྱེད་ཐུབ་མཁན་ཞིག་ལ་རྩིས་སྤྲོད་དགོས་ཀྱི་འདུག ད་ལྟ་གོ་སྒྲིག་བྱེད་མི་ཆེས་ཐ་ཤལ་དང་སྤྱི་ཚོགས་ནང་བག་ཆགས་ཡག་པོ་མེད་སྟབས། བུ་མོ་ཚད་ལྡན་ཞིག་དེའི་ནང་ཞུགས་རྒྱུར་ངོ་ཚ་དང་ཞེད་སྣང་བྱེད་ཀྱི་ཡོད་པ་རེད། བོད་མིའི་སྤྱི་ཚོགས་ཀྱི་དགའ་བསུ་ལས་འགོག་རྐྱེན་བྱེད་མི་སྲིད།…

དེ་ལས་མང་བ་། “བློ་བཟང་དབང་རྒྱལ་གྱིས་གཞུང་དང་བོད་མིའི་སྤྱི་ཚོགས་ལ་མ་ཉེས་ཁ་གཡོག་བྱེད་ཀྱི་འདུག” »

རྩོམ་རིག

ཁྱེད་ཀྱི་ལན་དུ། ངས་བསམ་ན།

Posted on 2008-12-09 By དགེ་རབ་ 14 Comments on ཁྱེད་ཀྱི་ལན་དུ། ངས་བསམ་ན།

འཇིགས་མེད་ཟླ་བ།
————–
དེ་རིང་དྲ་ཐོག་ནས་ངོ་ཤེས་གྲོགས་པོ་ཞིག་ལ་ཁ་བརྡ་བྱས། ངའི་གྲོགས་པོ་ཆེད་ལས་གསར་འགྱུར་ལས་རིགས་གཉེར་མཁན་ཞིག་ཡིན། གྲོགས་པོས་ང་ལ་བོད་དོན་གྱི་སྐོར་ལ་དྲི་བ་འདྲ་མིན་བཏང་། ངས་ཀྱང་གང་ཐུབ་ཞིག་ལན་བཏབ། གྲོགས་པོས་ང་ལ་བཙན་བྱོལ་གྱི་བོད་ཡིག་རྩོམ་པ་པོ་ཚོའི་སྐོར་ནས་དྲི་བ་བཏོན་སོང་། ངས་ཀྱང་ལན་འདེབས་ཁུལ་བྱས། འོན་ཀྱང་། ང་རང་རྩོམ་ཡིག་ལ་དོ་སྣང་ཡོད་པ་མ་གཏོགས་རྩོམ་འབྲིའི་ལས་ལ་ཉམས་མྱོང་ཡོད་མཁན་དང་ཆེད་ལས་རྩོམ་འབྲི་བ་སོགས་ཅི་ཡང་མ་རེད། ཐ་ན་རྩོམ་ཡིག་ཡག་པོ་གཅིག་ཀྱང་འབྲི་མི་ཐུབ་མཁན་ཞིག་གིས་ཁོང་གི་དྲི་བར་ལན་འདེབས་རྒྱུ་ཁག་པོ་རེད་འདུག། གྲོགས་པོའི་དྲི་བ་དེ་དག་གིས་ང་ལ་ཡང་སེམས་ངར་འདྲ་བོ་ཞིག་བསླངས་སོང་། ཕྱིར་ཉལ་ཁང་དུ་སླེབས་རྗེས། ངས་ཀྱང་བཙན་བྱོལ་ནང་གི་བོད་ཡིག་རྩོམ་འབྲི་བ་ཚོའི་སྐོར་ལ་བསམ་བློ་གཏོང་ཁུལ་བྱས་བ་ཡིན། ངའི་སེམས་ལ་འདི་འདྲ་ཞིག་དྲན་སོང་།
ཕལ་ཆེར་ཕྱི་ལོ་ཉིས་སྟོང་གི་འགོ་དེ་བ་ཡིན་བསམ་གི། འོན་ཀྱང་། ངའི་སེམས་ལ་གསལ་བོ་ཞིག་དྲན་གྱི་མི་འདུག ད་ལྟའི་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་སམ་སྔ་མོའི་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག། བཙན་བྱོལ་ནང་གི་ཕུལ་བྱུང་རྩོམ་པ་པོ་བསྡུ་བའི་ལས་འགུལ་ཞིག་མགོ་བཙུགས་སོང་།་མཐའ་མའི་གྲུབ་འབྲས་ལྟ་བུར། བཙན་བྱོལ་ནང་གི་ཕུལ་བྱུང་བོད་ཡིག་རྩོམ་པ་པོ་གསུམ་འདེམས་སོང་། དེ་གསུམ་ནི་ཧོར་གཙང་འཇིགས་མེད་དང་ཆབ་བྲག་ལྷ་མོ་སྐྱབས། བླ་བྲང་སྐལ་བཟང་བཅས་གསུམ་རེད། རྩོམ་པ་པོ་འདི་གསུམ་ཀ་དེབ་ཀྱི་མང་ཉུང་དང་རྩོམ་ཡིག་གི་མང་ཉུང་། ཡང་ན་རྩོམ་བྲིས་ཀྱི་སྤུས་ཀའི་ངོས་བཅས་ལ་བལྟས་དེ་འདེམས་པ་མིན་འགྲོ་བསམ། གནས་ཚུལ་གསལ་བོ་ནི་ངེད་ཀྱིས་དྲན་སོས་ཀྱི་མི་འདུག

དེ་ལས་མང་བ་། “ཁྱེད་ཀྱི་ལན་དུ། ངས་བསམ་ན།” »

དཔྱད་རྩོམ།

དྲ་བའི་ནང་གི་རྩོམ་པ་པོ་ཚོ་ལ།

Posted on 2008-12-09 By དགེ་རབ་ 18 Comments on དྲ་བའི་ནང་གི་རྩོམ་པ་པོ་ཚོ་ལ།

ཀུན་གསལ་ ———– དྲ་ཚིགས་ནང་གི་མང་ཆེ་བ་ཏང་གི་དུག་ཆུ་འཐུང་མཁན་རེད། ་འདིའི་ནང་ན་གུང་ཁྲན་ཏང་གི་རྒྱུག་ཁྱི་ཡང་མང་པོ་ཡོད་པ་རེད། ངས་འདི་རྒྱུ་མཚན་མེད་པར་ལབས་པ་མིན། ལོ་འགའ་ཤས་སྔོན་རྒྱ་གཞུང་གིས་ང་ལ་ལས་ཀ་འདི་ལས་དགོས་ཟེར་ནས་བཀའ་བཏང་སོང། ཁོ་ཚོས་བཤད་ན་ཁོ་ཚོ་ལ་རྡ་ས་ན་མི་་མང་པོ་ཡོད་ཟེར། ཕྱི་རྒྱལ་ན་མི་མང་པོ་ཡོད་ཟེར། ང་ལ་རྡ་ས་ནས་བོད་གཞུང་གི་ལས་བྱེད་ཚོའི་བར་གྱི་འབྲེལ་བ་དང་ཁོ་ཚོ་རེེ་ཡི་ལོ་རྒྱུས་རང་ལྗོངས་ཀོ་ནན་ཐེན་ནང་གི་གསང་ལས་ཚན་པ་ལ་ལ་མཁོ་སྤྲོད་བྱེད་དགོས་ཟེར། ཕྱི་སྡོད་བོད་མིའི་སྤྱི་ཚོགས་ཐོག་གི་འགལ་བ་གཞི་ལ་བཞག་ནས་རྩོམ་ཡིག་སྤེལ་དགོས་ཟེར། གནས་ཚུལ་ཞིབ་ཕྲ་དགོས་ན་ད་དུང་བཤད་ཆོག ངས་ཁོ་ཚོ་ ངོ་ལོགས་བྱས་ནས་ཕྱི་་ལ་བྲོས་ཡོང་པ་ཡིན། དྲ་ཚིགས་ནང་གི་་མང་པོ་ཞིག་ནས་སྤྲུལ་སྐུ་མི་དགོས་ཟེར། དེ་་དོན་ནི་་རྒྱལ་བ་རིན་པོ་ཆེ་ཚུད་པའི་བོད་ཀྱི་བླ་མ་ཚོས་བོད་ཡུལ་ནས་སྐྱེས་བ་བླངས་མི་ཆོགས་ཟེར་གིན་ཡོད་ནི་རེད།…

དེ་ལས་མང་བ་། “དྲ་བའི་ནང་གི་རྩོམ་པ་པོ་ཚོ་ལ།” »

རྩོམ་རིག

དམིགས་བསལ་ཚོགས་ཆེན་གྱི་རྒྱབ་མདུན།

Posted on 2008-12-09 By དགེ་རབ་ 2 Comments on དམིགས་བསལ་ཚོགས་ཆེན་གྱི་རྒྱབ་མདུན།

སྐར་ཆེན། ཡོ་རོབ།
དེ་རིང་འདི་ནས་ཡར་བརྩིས་ན་དམིགས་བསལ་ཚོགས་ཆེན་ཚར་ནས་ཉིན་གྲངས་ཉི་ཤུ་ལྷག་འགྲོ་གི་ཡོད།འོན་ཀྱང་། ངེད་ཀྱི་རྩོམ་འདི་ཉིན་གྲངས་ཉི་ཤུའི་རྗེས་སུ་བྲིས་བ་ཡིན། ཉིན་གྲངས་ཉི་ཤུའི་དུས་ཡུན་ནི་ངེད་ཀྱིས་དམིགས་བསལ་ཚོགས་ཆེན་གྱི་སྐོར་ལ་བསམ་བློ་བཏང་བའི་དུས་ཡུན་རེད། དུས་ཡུན་འདིའི་ནང་ལ་ངེད་ཀྱིས་དམིགས་བསལ་ཚོགས་ཆེན་གྱི་སྐོར་དང་འབྲེལ་བའི་གཞུང་འབྲེལ་གསུང་བཤད་དང་གསུང་འཕྲིན། ཟིན་བྲིས། གཞན་མི་སྒེར་བའི་གསུང་བཤད་དང་ཚོགས་པ་སྒེར་བའི་གསུང་བཤད། ཕྱིརྒྱལ་བའི་ཚོད་དཔག་དང་རྩོམ་བྲིས། ད་དུང་གསར་འགོད་པ་ཚོའི་གསར་འགྱུར་སོགས་ཕྱོགས་ཡོངས་ཀྱི་གནས་སྟངས་ལ་བསྡུ་ལེན་བྱས། ཉན་ཤེས་བྱས། བསམ་བློ་བཏང་སྟེ་གཞི་ནས་རྨོངས་འཆར་ཆུང་ཆུང་ཞིག་འབྲི་ཁུལ་བྱས་བ་ཡིན།
ད་ལོའི་བོད་ནང་གི་ཛ་དྲག་བྱུང་རྐྱེན་དང་རྒྱལ་སྤྱིའི་གནས་བབ་བཅས་བོད་ཀྱི་རྩ་དོན་ཐོག་གོ་བསྡུར་བགྲོ་གླེང་ཞིབ་ལྷོད་ཅིག་གནང་ཆེད་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༥༩བའི་ཆ་རྐྱེན་འོག་དམིགས་བསལ་ཚོགས་ཆེན་ཞིག་འཚོགས་དགོས་ཀྱི་འདུག་ཞེས་ཕྱི་ལོ་༢༠༠༨ལོའི་ཟླ༩ཚེས་༡༡ཉིན་༧གོང་ས་མཆོག་གིས་སྐུ་སྒེར་ཡིག་ཚང་བརྒྱུད་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་བགྲེས་གཞོན་དང་བཀའ་ཤག་ལྷན་རྒྱས་ལ་བཀའ་གནང་། དུས་ཚོད་དེ་ནི་ཏག་ཏག་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་དྲུག་པ་རྡ་རམ་ས་ལར་འཚོགས་བཞིན་པའི་སྐབས་རེད། གྲོས་ཚོགས་ཚོགས་དུས་དྲུག་པ་ཚོགས་བཞིན་པའི་སྐབས་དང་བསྟུན་བཙན་བྱོལ་བོད་གཞུང་བཀའ་ཤག་ནས་ཚོགས་དུས་ཉིན་བདུན་པ་ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༡༥ རེས་གཟའ་ཟླ་བ་ཉིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ འོག་དམིགས་བསལ་ཚོགས་ཆེན་ཐེངས་དང་པོ་ཞེས་པའི་ཚོགས་ཆེན་བསྡུ་བསྐོང་གནང་རྒྱུའི་ལས་རིམ་གྲོས་འཆར་ཞིག་སྤྱི་འཐུས་ཚོགས་འདུའི་སྟེང་ཕུལ། གྲོས་ཚོགས་ནང་བཀའ་སྤྱི་གཉིས་ནས་ཚོགས་འདུའི་ལས་རིམ་གྱི་གྲོས་འཆར་ལ་གོ་བསྡུར་སྦྱང་བཤད་གནང་བའི་མཐར་ཚོགས་འདུའི་མིང་ལ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ང་དགུ་པའི་འོག་དམིགས་བསལ་ཚོགས་ཆེན་ཐེངས་དང་པོ་ཕྱི་ལོ་ ༢༠༠༨ ཅེས་དང་། ཚོགས་དུས། ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༡༧ རེས་གཟའ་ཟླ་བ་ནས་ཚེས་ ༢༢ སྤེན་པའི་བར་ཉིན་དྲུག་རིང་སྔ་དྲོ་ཆུ་ཚོད་ ༩་༣༠ ནས་ཕྱི་དྲོ་ཆུ་ཚོད་ ༥་༠༠ བར།ཚོགས་ཡུལ་རྡ་སྟེང་བོད་ཁྱིམ་སློབ་གྲྭ། གཞན་ཚོགས་མིའི་ཡོང་ཁུངས་དང་ཚོགས་མིའི་གྲངས་ཁྱོན་༥༦༠གཏན་འབེབས་དང་དེའི་ཁོངས་སུ་གཞུང་གི་ལས་ཀྱི་སྣེ་མོར་མི་གཏོགས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་བཅུའི་སྐུ་ཚབ་གྲངས་ཉི་ཤུ་དང་རྒྱུན་ལྡན་བོད་དོན་ཐོག་ཐུགས་ཁུར་དང་འགན་འཁུར་ལས་འགུལ་གནང་མཁན་རྒྱ་བལ་འབྲུག་གསུམ་དང་། དེ་མིན་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་དང་བླངས་ཕེབས་མཁན་གྲངས་༤༨བཅས་འདུག ཚོགས་འདུའི་དབུ་འབྱེད་ཀྱི་མཛད་སྒོའི་སྟེང་དུ་། བཀའ་ཤག་གི་བཀའ་བློན་ཚོས་ཚོགས་ཆེན་གྱི་སྐོར་ལ་གསུང་བཤད་ཚིག་རྐྱང་གནང་གི་མིན་གསུངས་འདུག། ད་དུང་གཞུང་ཞབས་ཚོར་གཞུང་གི་སྲིད་བྱུས་དང་ལངས་ཕྱོགས་གླེང་སློང་མི་དགོས་པར་སོ་སོའི་ལྟ་ཚུལ་བཤད་དགོས་ཟེར། འདི་ཕྱི་གསལ་ནང་གསལ་གྱི་སྐད་ཆ་ཞིག་རེད་དམ་མ་རེད། གཞུང་ཞབས་ཚོས་ཚོགས་ཐོག་ཏུ་གཞུང་གི་སྲིད་ཇུས་དང་ལངས་ཕྱོགས་གླེང་མ་དགོས་བར་སོ་སོའི་ལྟ་ཚུལ་བཤད་ཆོག་ན་དམིགས་བསལ་ཚོགས་ཆེན་དབུ་མ་ཚུགས་པའི་སྔོན་ལ་གཞུང་ཞབས་ཚོར་དམིགས་བསལ་ཚོགས་ཆེན་དང་འབྲེལ་བའི་བཅར་འདྲི་བྱས་མི་ཆོག་པ་ཅི་རེད། ངེད་ཀྱི་རྨོངས་འཆར་ལྟར་ན། ཚོགས་ཆེན་ཐོག་ཏུ་གཞུང་གི་སྲིད་ཇུས་དང་ལྟ་བ་བཤད་མི་བཤད་དེ་སྐད་ཆ་གཞན་ཞིག་རེད། གལ་སྲིད་ད་རེས་དངོས་གནས་དྲང་གནས་༧གོང་ས་མཆོག་གི་ཐུགས་རེ་ནང་བཞིན་མང་ཚོགས་ཀྱི་བསམ་ཚུལ་བསྡུས་ཡོད་ན། ཚོགས་ཐོག་ཏུ་གཞུང་གི་སྲིད་ཇུས་དང་ལྟ་བ་གླེང་རྒྱུའི་གཞི་མེད། དེ་ལྟར་བྱུང་མེད་ན་ནི། ཚོགས་ཐོག་ཏུ་གཞུང་གི་སྲིད་ཇུས་དང་ལྟ་བ་མ་གླེང་རུང་ཚོགས་ཐོག་གི་སྐད་ཆ་དེ་གཞུང་གི་སྲིད་ཇུས་དང་ལྟ་བའི་སྣེ་ནས་འདུག་གི་རེད། ཕར་བཤད་ཚུར་བཤད་ཅི་ཞིག་བྱས་རུང་གཞུང་གི་དཀྱིལ་འཁོར་དེ་ལས་ཕར་བརྒལ་ཐུབ་ཀྱི་མ་རེད།

དེ་ལས་མང་བ་། “དམིགས་བསལ་ཚོགས་ཆེན་གྱི་རྒྱབ་མདུན།” »

རྩོམ་རིག

སྲི་ཐར་

Posted on 2008-12-082008-12-08 By དགེ་རབ་ 17 Comments on སྲི་ཐར་

འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་སྲི་ཐར་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་སླེབས་ནས་བོད་དོན་སྐོར་གྱི་གསར་འགོད་གསལ་བསྒྲགས་འགོད་ཀྱི་རེད་ཟེར། ཁོའི་ལོ་རྒྱུས་ཞིབ་གསལ་མཁྱེན་མཁན་ཡོད་ན་འདིར་འགོད་རོགས། གཤམ་གསལ་པར་རིས་དེ་དྲ་རྒྱ་ནས་བཤུས་པ་ཡིན་

གསར་འགྱུར།

༧གོང་ས་མཆོག་གིས་ཡུ་རོབ་གྲོས་ཚོགས་སུ་བཀའ་སློབ་བསྩལ་བ།

Posted on 2008-12-062008-12-06 By དགེ་རབ་ 10 Comments on ༧གོང་ས་མཆོག་གིས་ཡུ་རོབ་གྲོས་ཚོགས་སུ་བཀའ་སློབ་བསྩལ་བ།

གསར་འགྱུར།

བཙན་བྱོལ་བོད་མིའི་མ་འོངས་པའི་འདུན་ལམ་གང་ཡིན་ནམ།

Posted on 2008-12-06 By དགེ་རབ་ No Comments on བཙན་བྱོལ་བོད་མིའི་མ་འོངས་པའི་འདུན་ལམ་གང་ཡིན་ནམ།

དགེ་མཐར། ——— བོད་མི་མང་གི་ཐབ་རྩོད་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ལྟར་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་མ་ཡིན་ལ། ཡང་ན་རྒྱ་རིགས་དམངས་གཙོ་དོན་གཉེར་བ་རྣམས་ལྟར་དམངས་གཙོའི་སྲིག་གཞུང་སྤེལ་པའི་ཆེད་དུ་ཡང་མ་ཡིན། ཡང་ཡི་ཤུའི་རྣམ་དག་ཆོས་ལུགས་ཀྱི་གཞུང་ལྟར་ཆོས་ལུགས་སྤེལ་བའི་ཆེད་དུ་ཡང་མ་ཡིན། ང་ཚོ་བོད་མི་རྣམས་ཀྱི་ཐབ་རྩོད་ནི་བོད་མིར་རང་ཐག་རང་གཅོད་དང་རང་ཡུལ་རང་ལག་ཏུ་ཡོང་བའི་ཆེད་དུ་ཡིན། གལ་ཏེ་བོད་ཡུལ་དེ་བོད་མིར་བདག་དབང་ཐོབ་རྗེས་བོད་ཡུལ་དེ་དམངས་གཙོའམ་དམར་ཤོག་གམ་སེར་ཤོག་གང་དུ་འགྱུར་ཡང་ཁྱད་པར་མེད། བོད་རང་བཙན་ནི་བོད་མིའི་འདོད་འདུན་དང་དམིགས་ཡུལ་ཡིན། དམིགས་ཡུལ་བོད་རང་བཙན་དོར་ན་ཆོས་དད་རང་དབང་དང་དམངས་གཙོ་དང་འགྲོ་མ་མིའི་ཐོབ་ཐང་སོགས་ལ་ཇི་ཙམ་འབད་ཀྱང་ང་ཚོའི་རྩ་དོན་ངོ་མར་མཐུ་ཤོར་འགྲོ་བ་ལས་ནུས་པ་གང་ཡང་ཐོན་མི་ཐུབ། བོད་ཕྱི་ནང་དུ་གནས་པའི་བོད་མི་སུ་ཡིན་ཡང་སྙིང་གི་ནང་དུ་བོད་རང་བཙན་མི་བསམ་མཁན་སུ་ཡང་མེད་ལ་དེ་ལ་དུས་རབས་ནས་དུས་རབས་དང་མི་རབས་ནས་མི་རབས་འབད་བརྩོན་བརྟེན་རྒྱུར་ཡང་ཐེ་ཚོམ་མེད། འོན་ཀྱང་རྡ་སའི་བཙན་བྱོལ་བོད་གཞུང་གི་དམིགས་ཡུལ་ངོ་མ་དེ་སྔར་གྱི་དགའ་ལྡན་ཕོ་བྲང་བོད་ནང་སྐྱར་གསོ་ཡོང་ཐབ་ཡིན་ནམ། ཡང་ན་སྔར་མེས་དབོན་རྣམ་གསུམ་གྱི་བོད་དེ་སྐྱར་གསོ་ཆེད་ཡིན་ནམ། ཡང་ན་བོད་ནང་གི་བོད་མི་ཚོར་འགྲོ་བ་མིའི་ཐོག་ཐང་དང་ཆོས་དད་རང་མོས་ལ་རྒྱབ་སྐྱོར་ཡིན་ནམ། ཡང་ན་རྒྱ་གར་དང་བལ་ཡུལ་ནང་གི་སྐྱབས་བཅོལ་བོད་མི་རྣམས་བོད་ནང་པྱིར་ལོག་ཐུབ་པ་བཅས་གང་ཡིན་ཁ་གསལ་པོ་ཞིག་མེད་པའི་གནས་སྟངས་འདི་ལྟ་བུའི་འོག་མི་ལོ་ལྔ་བཅུའི་རིང་སྐྱབས་བཅོལ་གནས་སྟངས་འོག་བསྡད་པའི་བོད་མི་རྣམས་ཀྱི་མ་འོངས་འདུན་ལམ་སྐོར་ལ་ཇི་ལྟར་བསམ་དགོས་སམ། ཕྱི་ལོ་…

དེ་ལས་མང་བ་། “བཙན་བྱོལ་བོད་མིའི་མ་འོངས་པའི་འདུན་ལམ་གང་ཡིན་ནམ།” »

རྩོམ་རིག

བོད་པའི་མིག

Posted on 2008-12-052008-12-05 By དགེ་རབ་ 67 Comments on བོད་པའི་མིག

དགེ་འདུན་རབ་གསལ་གྱིས། ང་ལ་བོད་པའི་མིག་ཅིག་ཡོད། ངས་རང་གི་བོད་པའི་མིག་འདི་འཁྱེར་ནས་འཇིག་རྟེན་མྱུལ། ངའི་གྲོགས་པོ་ཚོ་ལ་ཡང་བོད་པའི་མིག་དེ་ཡོད་ལ། ངའི་གཞུང་དང་ངའི་དཔོན་པོ། ངའི་བླ་མ་རྣམས་ལ་ཡང་བོད་པའི་མིག་དེ་ཡོད། བོད་པའི་མིག་དེ་ལ་ཡ་མཚན་མང་པོ་རྙེད། ངའི་བོད་པའི་མིག་འདིས་ “འོ་མ་”ཞེས་པའི་བཏུང་བ་འདི་ནི་སེམས་ཅན་ལས་བཞོས་པ་ཤེས། ངའི་འཁྲིས་ཀྱི་ “བོད་པ་མ་ཡིན་པའི་མིག་”དེ་ཚོས་ “འོ་མ་”ཞེས་པ་དེ་འགྱིག་དམ་ཞིག་གི་ནང་དུ་ཡོད་པའི་བཟོ་གྲྭའི་ཐོན་རྫས་ཤིག་ཏུ་མཐོང་། ངའི་བོད་པའི་མིག་གིས་ཚོན་མདོག་དམར་པོ་དེ་མ་འགྲིག་པ་དང་ཉེན་ཁའི་རང་བཞིན་ཅན་དང་། ལྗང་ཁུ་དེ་ཉེན་མེད་དང་འགྲིག་པ་ཞིག་ཡིན་པའི་མཚོན་རྟགས་སུ་མི་འཛིན། གཞན་གྱི་”མིག་”གིས་དེ་ལྟར་འཛིན།…

དེ་ལས་མང་བ་། “བོད་པའི་མིག” »

རྩོམ་རིག

ཕྱེད་རང་བཙན་ཡང་ན་གོར་ཐིག་རང་བཙན་ཟེར་བ་དེ་འདྲ་ཡོད་དམ

Posted on 2008-12-042008-12-04 By དགེ་རབ་ 2 Comments on ཕྱེད་རང་བཙན་ཡང་ན་གོར་ཐིག་རང་བཙན་ཟེར་བ་དེ་འདྲ་ཡོད་དམ

ཕྱེད་རང་བཙན་ཡང་ན་གོར་ཐིག་རང་བཙན་ཟེར་བ་དེ་འདྲ་ཡོད་དམ སྟག་སྨྱོན་གྱིས་ ༼རྩོམ་ཡིག་འདི་གཤམ་གསལ་འབྲེལ་ཐག་ན་ཡོད་པས་དེ་ལ་བསྣུན་ཏེ་གཟིགས་འཚལ།༽ 50-1

རྩོམ་རིག

ལྷ་སའི་ཇོ་བོ་འདི་རྒྱ་བཟའ་ཀོང་ཇོས་བོད་ཁྱེར་ཡོང་བ་ཟེར་བ་མི་བདེན་པ་འདྲ།

Posted on 2008-12-04 By དགེ་རབ་ 28 Comments on ལྷ་སའི་ཇོ་བོ་འདི་རྒྱ་བཟའ་ཀོང་ཇོས་བོད་ཁྱེར་ཡོང་བ་ཟེར་བ་མི་བདེན་པ་འདྲ།

སྤོབས་པ་མཐའ་ཡས། ལྷ་ལྡན་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་ན་བཞུགས་པའི་ཇོ་བོ་ཤཀྱཱ་མུ་ནེའི་སྐུ་བརྙན་དེ་ནི་བོད་དུ་ཡོད་པའི་སྐུ་རྟེན་ཐམས་ཅད་ཀྱི་ནང་ནས་རྩ་བ་ཆེ་བ་ཞིག་ཏུ་རྩིས་ཏེ་བོད་མི་ཚང་མས་ཇོ་བོ་ལན་གཅིག་མཇལ་ཐུབ་ན་ཚོགས་བསག་སྒྲིབ་སྦྱོང་གི་གོ་སྐབས་ཁྱད་དུ་འཕགས་པ་ཞིག་ཏུ་ངོས་འཛིན་བྱེད་སྲོལ་ཡོད་པ་བོད་མཐའ་དབུསཀྱི་སྐྱེ་བོ་ཀུན་ཀྱང་མཚུངས། སྤྱིར་ན་སངས་རྒྱས་ཀྱི་སྐུ་རྟེན་རྙིང་གྲས་བལ་པོའི་ལི་སྐུ་བཟོ་རིག་གི་སྒྱུ་རྩལ་ལྡན་པ་ཞིག་ཡིན་སྟབས་བྱིན་རླབས་དང་རིན་ཐང་ཅན་ཞིག་ཡིན་པ་བཤད་མ་དགོས་ཀྱང་དེའི་འབྱུང་ཁུངས་ཀྱི་ཐད་ལ་དོགས་པ་འདི་ལྟར་སྐྱེས། ལྷ་སའི་ཇོ་བོ་འདི་ལྷའི་རྒྱ་གར་གྱི་རྒྱལ་པོ་ཞིག་གིས་རྒྱ་ནག་གི་རྒྱལ་པོ་ཞིག་གིས་གསོལ་བ་བཏབ་དོན་ལྟར་རྟེན་སྐལ་དུ་གནང་ཞིང་རྒྱའི་རྒྱལ་པོའི་མཆོད་གནས་སུ་བཞུགས་པ་དེ་རྒྱ་བཟའ་ཀོང་ཇོ་བོད་དུ་འོངས་སྐབས་རྫོངས་སྐལ་དུ་བྱིན་པའི་གཏམ་རྒྱུད་མཚར་ལ་རིང་བ་ཞིག་ཤོད་སྲོལ་ཡོད། རང་རེའི་རྒྱལ་རབས་གསལ་བའི་མེ་ལོང་སོགས་ལས་ཐང་ཐའེ་ཙུང་གིས་བྱིན་པའི་རྫོངས་བ་ཐམས་ཅད་ཀྱི་ནང་ནས་རྩ་བ་དང་རིན་ཐང་ཆེ་ཤོས་ཏེ་ཇོ་བོའི་སྐུ་བརྙན་འདི་ཡིན་ཚུལ་དང་དེ་ཉིད་སྤྱན་འདྲེན་པར་དཀའ་ངལ་མང་པོ་འཕྲད་ཚུལ་སོགས་ཀྱང་བྲིས་ཡོད། འོན་ཀྱང་རྒྱ་དཀར་ནག་གི་ལོ་རྒྱུས་གང་ན་ཡང་དེ་ལྟ་བུའི་ལོ་རྒྱུས་མེད་ཐོག་རྒྱ་བཟའ་ཀོང་ཇོ་བོད་དུ་འོངས་པའི་ལོ་རྒྱུས་ཤིག་རྒྱའི་ཐང་ཡིག་ལ་ཡོད་ཅིང་དེའི་ནང་དར་ཟབ་སོགས་ཀྱི་རྫོངས་སྐལ་བྱིན་ཚུལ་ཡང་རྒྱས་པར་ཡོད་མོད་འདི་ལྟ་བུའི་ལྷ་སྐུ་རིན་ཐང་ཅན་ཞིག་བྱིན་པའི་ལོ་རྒྱུས་མེད། དེའི་སྐབས་ཀྱིལོ་རྒྱུས་སུ་་དར་ཟབ་དང་ལག་ཤེས་མཁན་སོགས་བཏང་བ་ཡན་ཆད་ལོ་རྒྱུས་སུ་བཀོད་ཡོད་ན་ཐང་གི་རྒྱལ་པོ་ཚོ་ནང་པའི་ཆོས་ལ་དད་མོས་ཡོད་མཁན་ཡིན་སྟབས་ཇོ་བོ་དེ་ཐང་གི་རྒྱལ་པོའི་མཆོད་གནས་དེ་འདྲའི་རྩ་ཆེན་ཞིག་ཡིན་ན་རིན་ཐང་ཅན་གྱི་སྐུ་རྟེན་དེ་ཉིད་ལྷ་གཅིག་ཀོང་ཇོའི་རྫོངས་སྐལ་དུ་བྱིན་ཚུལ་ལོ་རྒྱུས་སུ་འགོད་འོས་པ་ལྟ་བུ་ཡིན་ཡང་དེ་ལྟར་མི་འདུག ད་ལྟའི་ཇོ་བོ་བཞུགས་སའི་ལྷ་ཁང་འདི་བལ་བཟའ་ཁྲི་བཙུན་གྱིས་བཞེངས་པའི་ལྷ་ཁང་ཡིན་པ་ལས་རྒྱ་བཟས་བཞེངས་པ་མ་ཡིན་སྟབས་རྒྱ་བཟས་སྤྱན་དྲངས་པའི་ཇོ་བོ་དེ་ལྷ་ཁང་འདིར་བཞུགས་སུ་གསོལ་དགོས་དོན་ཡང་མ་མཆིས། དེ་ལྟར་བསམ་སྐབས་ཇོ་བོའི་སྐུ་བརྙན་འདི་རྒྱ་ནག་ཀོང་ཇོས་བོད་དུ་ཁྱེར་ཡོང་ཟེར་བ་མི་བདེན་པ་འདྲ།

རྩོམ་རིག

བོད་མིའི་ཁྲོད་དཀའ་ངལ་འཕྲད་ས་གཙོ་བོ་དེ་མཁས་པ་ཚོ་ཡིན།

Posted on 2008-12-03 By དགེ་རབ་ 8 Comments on བོད་མིའི་ཁྲོད་དཀའ་ངལ་འཕྲད་ས་གཙོ་བོ་དེ་མཁས་པ་ཚོ་ཡིན།

སྤོབས་པ་མཐའ་ཡས། སྤྱི་ཚོགས་གང་ཞིག་ལ་དཀའ་ངལ་འཕྲད་སྐབས་སྤྱི་ཚོགས་དེའི་དཀའ་ངལ་འཕྲད་སའི་ཚོགས་སྡེ་དང་། གྲལ་རིམ། ལས་རིགས་བཅས་ཀྱི་ཁྱད་པར་ལ་བརྟེན་ནས་དཀའ་ངལ་གྱི་ཚད་དང་རྣམ་གྲངས་མི་འདྲ་བར་འགྱུར་གྱིན་ཡོད། རང་རེ་བོད་ལ་མཚོན་ན་ཕྱིའི་བཙན་གནོན་གྱི་དཀའ་ངལ་དེས་སྤྱི་ཚོགས་སྤྱི་ལ་མ་ཁྱབ་པ་མེད་ཀྱང་གཙོ་བོ་ནི་ཞིང་འབྲོག་མང་ཚོགས་ལས་ཀྱང་མཁས་པ་ཚོར་དཀའ་ངལ་ཆེ་བ་འཕྲད་ཀྱིན་ཡོད། དེ་ཡང་ལས་རིགས་དང་དམིགས་ཡུལ་མི་འདྲ་བའི་གནད་འགག་ལ་བརྟེན་ནས་ཆབ་སྲིད་ཀྱི་གནོན་ཤུགས་དང་དཔལ་འབྱོར་གྱི་མདུན་ལམ་གང་ཐད་ནས་རྒྱ་ནག་གཞུང་གིས་ཀྱང་མཁས་པ་ཚོ་ནམ་ཡང་མགོ་འབུར་འཇུག་འདོད་མེད་པ་རེད། ཞིང་འབྲོག་མང་ཚོགས་ལ་མཚོན་ན་རྒྱ་མིའི་བཙན་འཛུལ་འདི་ཞིང་པ་བཅིངས་འགྲོལ་དང་དམའ་རིམ་མང་ཚོགས་ཀྱི་རྒྱབ་སྐྱོར་ལ་ཁ་གཡར་ནས་སླེབས་སྟབས་ས་ཞིང་དང་ཕྱུག་ནོར་བགོ་འགྲེམ་དང་གྲལ་རིམ་མགོ་སྙོམ་གྱིས་མཚོན་པའི་ཁེ་བཟང་ཡང་གང་འཚམས་རག་ཡོད་པ་དངོས་བདེན་ཡིན། བོད་ལ་མཚོན་ན་མི་རིགས་ཤིག་གི་རིག་གནས་ཀྱི་སྲོག་ཤིང་ནང་པ་སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་འདི་ཡིན་སྟབས་རྒྱ་ནག་གི་བཙན་འཛུལ་དེ་ཡང་དམར་ཤོག་པའི་ལྟ་གྲུབ་སྤེལ་བའི་ཁ་གཡང་འོག་ནས་སླེབས་སྟབས་བོད་ཀྱི་མཁས་པ་དང་ཆོས་ལུགས་པ་ཁ་བྲལ་མི་ཐུབ་པའི་རྐྱེན་གྱིས་བོད་མི་མཁས་པ་ཚོ་ལ་ཚབ་ཆེ་བའི་རྡུང་བརྡེགས་ཕོག་པའི་རྐྱེན་ངན་ཞིག་ཏུ་གྱུར་འདུག ད་ལྟའི་གནས་སྟངས་ལ་བལྟས་ན་ཡང་རྒྱ་ནག་གི་རྒྱུགས་ཁྱིར་ཉར་འདོད་ཀྱིས་གསོ་སྐྱོང་བྱས་པ་རེ་ཟུང་མ་གཏོགས་བོད་མི་མཁས་པ་ཞིག་བོད་རང་གི་རིག་གནས་ཀྱི་ཆེད་ལས་བརྟེན་ནས་རང་ཁ་སོས་མཁན་ཕལ་ཆེར་མེད་ཅེས་བརྗོད་ཐུབ་པ་ཞིག་རེད། ཞིང་འབྲོག་མང་ཚོགས་ལ་མཚོན་ན་རྒྱ་ནག་གི་མི་རིགས་གཞན་དང་དབྱེ་བ་ཆེར་མེད། ཁོ་ཚོར་ད་དུང་ས་ཞིང་དང་ཕྱུག་ལུག་ཡོད་ལ་འཚོ་ཐབས་དེའི་སྟེང་ནས་ལས་ཀ་གང་བྱས་རང་དབང་ཡིན་ཐོག་དཀའ་ངལ་བྱུང་ན་རྒུད་སྐྱོབ་ཀྱི་རོགས་དངུལ་ཡང་ཐོབ་ཀྱིན་ཡོད། མཁས་པ་ཞིག་ལ་མཚོན་ན་ནམ་ཡིན་ཡང་རྒྱ་གཞུང་གི་ཉེན་རྟོག་པའི་དབྱུག་པ་ནམ་ཡང་མགོ་ཐོག་ན་འཕྱར་ཡོད་ཡོད་པ་ཡིན་ཞིང་རང་གི་སྐད་ཡིག་གི་བཀོལ་སྤྱོད་རྒྱ་ཇེ་ཆུང་དུ་བསྒྱུར་བའི་རྐྱེན་གྱིས་བོད་ཀྱི་མཁས་པ་ཚོའི་འཚོ་ཐབས་ཀྱི་ལམ་ཁ་ཚང་མ་བཀག་ཚར་ཡོད། ད་ལྟའི་བོད་ཀྱི་མཁས་པ་ཚོའི་གནས་སྟངས་ལ་བལྟས་ན་བོད་ཕྱི་ནང་དུ་འགྱེལ་ལ་ཉེ་བའི་གྱང་རྩར་འགྲེངས་ཏེ་རྩོམ་ཡིག་འབྲི་བ་དང་འཆད་ཁྲིད་བྱེད་པའི་ལས་ཀ་ལ་ཨུ་ཚུགས་བྱེད་མཁན་མཁས་པ་ཆེས་ཉུང་ཤས་ཤིག་ཡོད་ལ། དེ་བཞིན་གཡུལ་ས་བློས་བཏང་ནས་ཕྱིའི་རིག་གནས་ལ་མགོ་བཏགས་ཞུས་ཟིན་མཁན་ཡང་མང་པོ་ཡོད། གཡུ་འབྲུག་གནམ་ལས་ལྷུང་སྟེ་སློབ་སྦྱོང་གི་གནས་ཚད་ཆེས་དམའ་བའི་ལས་རིགས་ལ་ཞུགས་ནས་འཚོ་བ་སྐྱེལ་བཞིན་པ་ཡང་མང་པོ་ཡོད།…

དེ་ལས་མང་བ་། “བོད་མིའི་ཁྲོད་དཀའ་ངལ་འཕྲད་ས་གཙོ་བོ་དེ་མཁས་པ་ཚོ་ཡིན།” »

རྩོམ་རིག

སླུ་བྲིད་གཅིག་གིས་ར་སྤྲོད་བྱས།།

Posted on 2008-12-032008-12-03 By དགེ་རབ་ 1 Comment on སླུ་བྲིད་གཅིག་གིས་ར་སྤྲོད་བྱས།།

སྟག་སྨྱོན། ————– དེ་རིང་སྐྱོ་སྣང་དྲག་པོ་ཞིག་གིས་སེམས་བུའི་མགོ་ལ་བསྣུན་བཞིན་འདུག། རྨ་ཁ་ཤོར་འདྲའི་མིག་ཆུའི་ཤ་འོད་མཁུར་མཚོས་ངོས་སུ་ཤུགས་ཀྱིས་འབབ།། རྩིབ་མ་དཀར་པོའི་མཐའ་ནས་བསྐོར་བའི་ཡ་ཁོག་རུས་པའི་སླ་ངའི་ནང།། དམར་པོ་ཁྲག་གི་ནང་དུ་བཙོས་པའི་གློ་སྙིང་གཉིས་ཀ་ལྷོག་ལྷོག་ཁོལ།། བཟོད་སྲན་བྲལ་བའི་ན་ཟུག་ཅིག་གིས་དབང་རྩའི་འདབ་མ་སྦྲིད་ནས་འདུག། ཀླད་ཞོའི་སྤྲིན་ནག་འཁྲུགས་པའི་གསེབ་ཏུ་སྐྱོ་གདུང་དྲག་པོའི་གློག་འོད་འཁྱུག། སྙིང་གི་དབུས་ཀྱི་བཟོད་པའི་སྒོམ་ཆེན་དེ་རིང་གང་དུ་བྲོས་པ་འདྲ།། བཀྲ་ཤིས་རྟགས་བརྒྱད་རི་མོ་མཛེས་པའི་སྲོག་གི་ཕོར་ཆུང་བརྡབ་ལ་ཁད།། ཨ་ཁ་བདག་གི་བློ་གཏད་བཅོལ་སའི་གྲོགས་པོ་དེ་རིང་འགྱུར་བ་འདྲ།། སྒེའུ་ཁུང་མདུན་གྱི་རི་བོ་ཁོ་ཡང་དེ་རིང་མགོ་བོ་སྐྱོག་ནས་འདུག། ཉེ་བའི་འགྲམ་གྱི་གཙང་བོ་དེ་ཡང་དེ་རིང་ང་ལ་འཇབ་ནས་འགྲོ།། ཡོད་ཚད་འདི་ལྟར་གློ་བུར་ཉིད་དུ་གཞན་ལ་འགྱུར་བས་ཞེད་སྣང་ཆེ།། ཇོ་བོའི་མདུན་དུ་པུས་མོ་བཙུགས་ཏེ་མནའ་བཅད་བཟོས་པ་མིན་ན་ཡང་།།…

དེ་ལས་མང་བ་། “སླུ་བྲིད་གཅིག་གིས་ར་སྤྲོད་བྱས།།” »

སྙན་ངག

ཁ་བརྡ་དྲ་དེབ་ལ་བཅོས་སྒྲིག་ཟིན།

Posted on 2008-12-012008-12-02 By དགེ་རབ་ 3 Comments on ཁ་བརྡ་དྲ་དེབ་ལ་བཅོས་སྒྲིག་ཟིན།

དེ་རིང་ཁ་བརྡ་ལ་དྲ་དེབ་ལ་བཅོས་སྒྲིག་དགོས་པ་དེ་དག་གྲུབ་སོང་། འདིར་ཀློག་མཁན་རྣམ་པ་ཚོས་ཐུགས་གཡེང་མི་གནང་བའི་ཆེད་གསལ་བཤད་ཞུ་རྒྱུ་གཅིག་ནི། ཁ་བརྡ་དྲ་དེབ་ཀྱི་པར་རྩའི་ལེ་ལག་རྣམས་དུས་དང་བསྟུན་པ་(updated)ཙམ་ཞིག་ཡིན། ཐུགས་རྗེ་ཆེ། ཁ་བརྡ་དྲ་དེབ་ཀྱིས།

གསར་འགྱུར།

Posts pagination

Previous 1 … 33 34 35 … 42 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme