Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སློབ་མཚམས་འཇོག་རྒྱུ་ནི་བོད་ཡིག་སྐྱོབ་པའི་མཐར་ཐུག་གི་བགྲོད་ལམ་ཡིན།།

Posted on 2010-10-28 By དགེ་རབ་ 18 Comments on སློབ་མཚམས་འཇོག་རྒྱུ་ནི་བོད་ཡིག་སྐྱོབ་པའི་མཐར་ཐུག་གི་བགྲོད་ལམ་ཡིན།།

ཨ་ནུ་ཐང་བསོད་ནམས་ཀྱིས།

མི་སེར་སྤེལ་བའི་རིང་ལུགས་ཀྱི་ན་ཚ་མི་རིགས་སུ་དང་གང་ཟག་སུ་ལ་བྱུང་ཚེ་ནད་རྟགས་ནི་ཁ་དོག་སྣ་ལྔ་དང་མེ་ཏོག་སྣ་བརྒྱ་ཡིན་ལ། ཡིད་དུ་འོང་བའི་ནད་རྟགས་དེ་མཐའ་མ་གཅུང་ནད་དུ་གྱུར་ནས་མི་རིགས་དེ་དང་གང་ཟག་དེ་འཆི་ལམ་དུ་འདེད་ངེས་རེད། ཡར་རྒྱས་དང་མདུན་སྐྱོད་ཀྱི་དར་ཆ་འཁྱེར་ནས་རང་ཡིག་ཕལ་བ་བཞག་ཅིང་གཞན་ཡིག་གཙོ་ཆེར་འཛིན་པའི་སྲིད་ཇུས་ནི་མི་སེལ་སྤེལ་མཁན་ཚོའི་བླ་མེད་ཀྱི་ལག་ཆ་ཡིན་ལ། ལག་ཆ་དེས་མི་རིགས་གཞན་རྣམས་ཤོག་བུ་སྣུམ་ཟས་ཀྱི་ཚུལ་དུ་རྩ་མེད་དུ་བཟོ་རྒྱུ་དེ་རེད། ཡར་རྒྱས་དང་མདུན་སྐྱོད། བཅོས་སྒྱུར་དང་དེང་རབས། གསར་བཏོད་དང་མདུན་མཆོང་ཟེར་བའི་མཛེས་སྡུག་གི་མཚན་མ་སྣ་ཚོགས་བྱུང་ཡང་ངོས་ཟིན་ན་མི་སེར་བའི་སྤེལ་བའི་ནད་རྟགས་རེད། ནད་རྟགས་དེ་ངོ་ཤེས་ནས་མངོན་འགོག་གི་ལས་དོན་སྒྲུབ་རྒྱུ་ནི་གཙོ་གནད་དུ་མཐོང་ལ་རྒྱ་ནག་གིས་ངོས་ལེན་ཡོད་མེད་ལ་མ་ལྟོས་བ་ཁས་ལེན་མི་བྱེད་གཏོལ་མེད་བཟོ་དགོས་ཏེ། མ་བཟོས་ན་དབང་སྒྱུར་བས་དོགས་སྣང་བྱེད་མི་སྲིད། རྒྱ་མཚན་ནི། རྒྱ་ནག་ལ་རྩེད་མོ་འདི་སྔ་ས་ནས་རྩེད་རྒྱུའི་འཆར་གཞི་ཡོད་ཅིང་འགྲན་སྡུར་ཁྲོད་འགོག་སྲུང་དང་རྒྱལ་ཁ་ལེན་རྒྱུའི་གདེང་ཚད་ཡོད་ཅིང་ཅི་ལྟར་ལེན་རྒྱུའི་གྲ་སྒྲིག་ཀྱང་ཡོད་ངེས་རེད།

དེ་ལས་མང་བ་། “སློབ་མཚམས་འཇོག་རྒྱུ་ནི་བོད་ཡིག་སྐྱོབ་པའི་མཐར་ཐུག་གི་བགྲོད་ལམ་ཡིན།།” »

རྩོམ་རིག

སྐད་ཡིག་སྐོར་གྱི་གྱེན་ལངས་དེ་ “གོ་ནོར་ཐེབས་པ་རེད་”ཟེར།

Posted on 2010-10-26 By དགེ་རབ་ 5 Comments on སྐད་ཡིག་སྐོར་གྱི་གྱེན་ལངས་དེ་ “གོ་ནོར་ཐེབས་པ་རེད་”ཟེར།

སྐད་གཉིས་སློབ་གསོའི་བཅོས་བསྒྱུར་ཐད་ “བོད་མི་ཁ་ཤས་ལ་གོ་ནོར་ཐེབས་ཏེ་བློ་ཁ་མ་ཁེངས་པ་བྱུང་འདུག་ ཅེས་ཀྲུང་གོའི་བོད་ལྗོངས་དྲ་བའི་དབྱིན་ཡིག་དྲ་རྒྱ་རུ་གནས་ཚུལ་སྤེལ་འདུག མཚོ་སྔོན་གྱི་སློབ་གསོའི་གཙོ་འཛིན་གྱིས་ རྒྱ་སྐད་དང་བོད་སྐད་གཉིས་ཀ་ཡར་རྒྱས་གཏོང་དགོས་པ་དེ་ནི་བཅོས་བསྒྱུར་འདིའི་གཙོ་བའི་ཆ་རྐྱེན་ཞིག་ཡིན་ལུགས་བརྗོད་འདུག གནས་ཚུལ་རྒྱས་པ་གཤམ་དུ་གསལ། http://eng.tibet.cn/

གསར་འགྱུར།

“ཀྲུང་གོ་བ་གཉིས་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་ཡོད་”ཟེར།

Posted on 2010-10-252010-10-25 By དགེ་རབ་ 5 Comments on “ཀྲུང་གོ་བ་གཉིས་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་ཡོད་”ཟེར།

ཉེ་ཆར་བོད་ནང་གི་སློབ་མའི་གྱེན་ལངས་ཀྱི་སྐོར་ལ་རྩོམ་ཡིག་འཚོལ་སྐབས། གློ་བུར་དུ་གསར་འགྱུར་འདི་མཚོ་སྔོན་རླུང་འཕྲིན་གྱི་དྲ་རྒྱ་ལས་རྙེད་པར་གྱུར། ནང་དོན་ནི། ནོ་བྷེལ་ཞི་བདེའི་གཟེངས་རྟགས་དེ་ལིའུ་ཞའོ་པོ་ལ་སྤྲད་པ་དེ་ལ་དགག་ལན་བརྒྱབ་པ་ཞིག་རེད། འོན་ཀྱང་ “ཀྲུང་གོ་བ་གཉིས་”ཞེས་ཚིག་ལ་ཐོན་འདུག་སྟབས་འདིར་དྲངས་པ་ཡིན། གཟིགས་རོགས།
མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་ཚིགས་

དེ་ལས་མང་བ་། ““ཀྲུང་གོ་བ་གཉིས་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་ཡོད་”ཟེར།” »

གསར་འགྱུར།

སྐད་ཡིག་སྲུང་སྐྱོབ་ཀྱི་ངོ་རྒོལ་ཁྲོམ་སྐོར་ལ་ཐོག་མར་ཐོན་པའི་འབྲས་བུ།

Posted on 2010-10-232010-10-23 By དགེ་རབ་ 3 Comments on སྐད་ཡིག་སྲུང་སྐྱོབ་ཀྱི་ངོ་རྒོལ་ཁྲོམ་སྐོར་ལ་ཐོག་མར་ཐོན་པའི་འབྲས་བུ།

རབ་འབྱོར་ནས།
ཟླ་༩་བའི་ཚེས་༢༠ ཉིན་གྱི་མི་དམངས་ཉིན་རེའི་ཚགས་པར་ཐོག་ལ་བཀོད་གསལ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་སློབ་གསོ་ཚོགས་ཆེན་ཞིག་གི་ཐོག་ལ། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་དང་། མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་གྱི་ཀྲུའུ་རིན་ཆང་ཝེ་ཟེར་བ་ནས་རྒྱ་སྐད་ཀྱི་སློབ་གསོ་གཙོ་བོར་འཛིན་པའི་ཐད་ལ་ “རིམ་པ་སོ་སོའི་འགོ་ཁྲིད་རྣམས་ཀྱིས་བློ་ཐག་རྦད་ཆོད་ཀྱིས་ཐེ་ཚོམ་སྣ་ཚོགས་སེལ་དགོས། གྲངས་ཉུང་མི་རིགས་ཀྱི་སློབ་མ་ལ་རྒྱལ་ཁབ་ཀྱི་གཅིག་གྱུར་གྱི་སྐད་ཡིག་གིས་སློབ་ཁྲིད་བྱེད་པ་གཙོ་བཟུང་བྱས་ན། གྲངས་ཉུང་མི་རིགས་ཀྱི་སེམས་ལ་ཕོག་གི་རེད་བསམ་པ་དང་། གྲངས་ཉུང་མི་རིགས་ཀྱི་རིག་གནས་འཕེལ་རྒྱས་ལ་གནོད་རྒྱུ་རེད་བསམ་པ། སྤྱི་ཚོགས་ཀྱི་ཞི་ལྷིང་ལ་གནོད་ཀྱི་རེད་བསམ་པ་སོགས་ནོར་འཁྲུལ་བསམ་བློ་འདི་དག་སྤངས་ནས།”ཞེས་སློབ་གསོ་ལམ་ལུགས་འདི་ལག་བསྟར་བྱེད་པ་ལ་གྲངས་ཉུང་མི་རིགས་ཀྱི་སེམས་ལ་ཕོག་རྒྱུ་རེད་ཙམ་ཡང་བསམ་མི་ཆོག་པ་དང་། ཐ་ན་རྒྱ་གཞུང་རང་གིས་ལོ་འདི་གའི་རིང་ལ་རྒྱལ་ཐབས་ཀྱི་དོན་ཆེན་ཡང་ཆེན་དུ་བརྩི་བའི་”ཞི་ལྷིང་ “ལ་ཡང་གནོད་རྒྱུ་ཙམ་ཡང་བསམ་མི་ཆོག་པར་རྒྱའི་སྐད་ཡིག་གཙོ་བོར་འཛིན་པའི་སློབ་གསོའི་བྱེད་ཕྱོགས་དེ་ལག་བསྟར་བྱེད་དགོས་ཚུལ་བརྗོད་ཡོད། ཁོས་སློབ་གསོའི་བྱེད་ཕྱོགས་དེ་ནི་“ཆབ་སྲིད་ཀྱི་ལས་འགུལ་གལ་ཆེན་ཞིག་དང་། མི་དམངས་ཀྱི་འཚོ་ཐབས་ཀྱི་ལས་གཞི་གལ་ཆེན་ཞིག”ཏུ་བརྩིས་ནས། “བློ་ཐག་ཆེན་པོ་ཞིག་གཅོད་པ་དང་། སྟོབས་ཤུགས་ཆེན་པོ་ཞིག་བཏོན་ནས། (དོན་དག་)དམ་འཛིན་དང་ལེགས་འཛིན། བཟུང་ནས་འབྲས་བུ་ཐོན་དུ་འཇུག་དགོས།”ཞེས་སྲིད་ཇུས་འདི་ལག་ལེན་བྱེད་དུས་གཏན་འཁེལ་བྱས་མེད་ན་ཡང་ལག་ལེན་མ་བྱས་ཐབས་མེད་ཀྱི་གཏམ་བཤད་གཏཽམ་པོ་ཞིག་བྱས་ཡོད།

དེ་ལས་མང་བ་། “སྐད་ཡིག་སྲུང་སྐྱོབ་ཀྱི་ངོ་རྒོལ་ཁྲོམ་སྐོར་ལ་ཐོག་མར་ཐོན་པའི་འབྲས་བུ།” »

གསར་འགྱུར།

འཇིགས་མེད་ནོར་བུ། རང་བཙན་གོམ་བགྲོད།

Posted on 2010-10-102010-10-10 By དགེ་རབ་ 13 Comments on འཇིགས་མེད་ནོར་བུ། རང་བཙན་གོམ་བགྲོད།

img_0885དེ་རིང་ ༢༠༡༠ ལོའི་ཟླ་ ༡༠ ཚེས་ ༡༠ ཉིན་གྱི་ཆུ་ཚོད་ ༡༠ ཐོག་ ཨ་རིའི་ཨིན་ཌི་ཡ་ན་ ནས་ ཁེ་ཎ་ཌའི་ཊོ་རོན་ཊོའི་བར་གྱི་ རང་བཙན་གོམ་བགྲོད་དེ་མགོ་འཛུགས་བྱས་ཡོད་པ་དང་། གོམ་བགྲོད་པ་ནི་སྐུའི་གཅེན་པོ་ལྟག་མཚེར་རིན་པོ་ཆེའི་སྲས་འཇིགས་མེད་ནོར་བུ་དང་། དེ་བཞིན་ཝི་ཏི་ནམ་ནས་ཡིན་པའི་སྐུ་ཞབས་མཐའ་ཡས་གཉིས་པ་ཡིན་པ་རེད། ཉིན་དང་པོར་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ བཅུ་ཕྲག་ཙམ་གྲོང་ཁྱེར་གྱི་རྒྱལ་སའི་ཁྲོམ་དཀྱིལ་དུ་འཛོམས་པ་དང་། སྒོ་མང་དགེ་བཤེས་སྦྱིན་པ་བསོད་ནམས་མཆོག་གིས་ཐུགས་སྨོན་གནང་བ་དང་། དེ་བཞིན་ས་གནས་ཀྱི་ཚོགས་པ་དག་གིས་རྒྱབ་སྐྱོར་གྱི་གསུང་བཤད་གནང་བ་དང་བཅས་གོམ་བགྲོད་མགོ་བཙུགས་ཡོད་པ་རེད།

དེ་ལས་མང་བ་། “འཇིགས་མེད་ནོར་བུ། རང་བཙན་གོམ་བགྲོད།” »

གསར་འགྱུར།

ལིའུ་ཞའོ་པའོ་ལ་ནོ་བྷེལ་གཟེང་རྟགས་ཐོབ།

Posted on 2010-10-082010-10-08 By དགེ་རབ་ 34 Comments on ལིའུ་ཞའོ་པའོ་ལ་ནོ་བྷེལ་གཟེང་རྟགས་ཐོབ།

དེ་རིང་གི་གསར་འགྱུར་ཞིག་གིས་རྒྱ་ནག་གཞུང་གི་སྙིང་དུམ་བུར་བཏང་འདུག དེ་ནི་ལིའུ་ཞའོ་པའོ་ལ་ལོ་འདིའི་ནོ་བྷེལ་གཟེངས་རྟགས་ཐོབ་པ་དེ་རེད། ༧རྒྱལ་བ་རིན་པོ་ཆེས་ཁོང་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུས་འདུག ཁོང་ད་ལྟ་རྒྱ་ནག་གི་བཙོན་ཁང་ལོ་བཅུ་གཅིག་གི་བཙོན་ཆད་འཁྱེར་བཞིན་ཡོད་པ་རེད་འདུག ཚིག་འགའ་བསྣན་པ། ལིའུ་ཞའོ་པའོ་ནི་ ༡༩༥༥ ལོར་སྐྱེས་པ་རེད་འདུག རིམ་གྱིས་ནར་སོན་སྐབས་ པེ་ཅིང་དུ་རྩོམ་རིག་སློབ་སྦྱོང་ཐོན་ཞིང་། དེར་འབུམ་རམས་པའི་མིང་རྟགས་བླངས་ཡོད་འདུག ༡༩༨༩ ལོའི་སློབ་མའི་གྱེན་ལངས་ཁྲོད་དབུ་འཁྲིད་ཀྱི་ལས་ཀ་བྱས་ཡོད་པ་དང་། ད་ཆར་ སློབ་མ་འདས་པོ་དེ་ཚོའི་ཆེད་དུ་འགྲོ་བ་མིའི་ཐོབ་ཐང་ལ་སྐད་འབོད་བསྟུད་མར་བྱེད་དགོས་པའི་འོས་འགན་ཡོད་བསམ་མཁན་ཞིག་ཡིན་པ་རེད་འདུག…

དེ་ལས་མང་བ་། “ལིའུ་ཞའོ་པའོ་ལ་ནོ་བྷེལ་གཟེང་རྟགས་ཐོབ།” »

གསར་འགྱུར།

ལ་རྩེ་དཔེ་མཛོད་ཁང་དུ་རི་མོའི་བགྲོ་གླེང་

Posted on 2010-10-062010-10-07 By དགེ་རབ་ 8 Comments on ལ་རྩེ་དཔེ་མཛོད་ཁང་དུ་རི་མོའི་བགྲོ་གླེང་

ནིའུ་ཡོག་གི་ལ་རྩེ་དཔེ་མཛོད་ཁང་གིས་བོད་ཀྱི་རི་མོའི་བགྲོ་གླེང་ཞིག་སྤེལ་རྒྱུའི་གསལ་བསྒྲགས་བཏོན་འདུག བགྲོ་གླེང་དང་འབྲེལ་བའི་གསལ་བསྒྲགས་ཡི་གེ་གཤམ་གྱི་པར་རིས་ལྟར་ལགས་ཤིང་། དེར་བོད་ཀྱི་རི་མོ་བ་གྲགས་ཅན་སྐོར་ཞིག་འཛོམས་བཞིན་འདུག ཞིབ་གསལ་གཤམ་གྱི་འབྲེལ་ཐག་ལ་གཟིགས་རོགས། http://www.trace.org/announcements/T003_event_email.html

གསལ་བསྒྲགས།

གཉིད་ཉལ་བའི་སྤྱོད་ལམ་དང་འཕྲོད་བསྟེན།

Posted on 2010-10-05 By དགེ་རབ་ 7 Comments on གཉིད་ཉལ་བའི་སྤྱོད་ལམ་དང་འཕྲོད་བསྟེན།

དམུ་རབ་ཀྱིས།

སྤྱིར་གསོ་བ་རིག་པའི་གཞུང་ནས་རང་ཅག་གི་ལུས་ཁམས་འདི་ལ་མི་འདོད་པའི་ནད་འབྱུང་རྐྱེན་ལ་ཕྱིའི་དུས་གདོན་ཟས་སྤྱོད་བཞི་དང། ནད་བྱུང་བའི་ཚེ་དེ་གསོ་བྱེད་ཀྱི་གཉེན་པོ་ལའང་ཕྱིའི་ཟས་སྤྱོད་སྨན་དཔྱད་བཞིར་བསྡུས་ནས་བཤད་ཀྱི་ཡོད། དེས་ན་མི་རང་རང་གི་སྒོ་གསུམ་གྱི་སྤྱོད་ཚུལ་དེ་སོ་སོའི་ལུས་ཁམས་བདེ་ཐང་ཡོང་མིན་ལ་ཧ་ཅང་འབྲེལ་བ་ཆེན་པོར་ཡོད་པར་བརྟེན། ང་ཚོའི་ངག་རྒྱུན་ལ་འགྲོ་ཆགས་ཉལ་འདུག་གི་སྤྱོད་ལམ་ཞེས་གླེང་བཞིན་པའི་ཡ་གྱལ་གཉིད་ཉལ་བའི་སྤྱོད་ལམ་དེའང་ང་ཚོའི་ལུས་འཚོ་ལུགས་ཀྱི་གནས་སྟངས་ཐད་ངེས་པར་ཤེས་དགོས་པའི་དོན་དག་ཅིག་རེད། མ་ཟད་གཉིད་ཉལ་བའི་སྤྱོད་ལམ་དེ་ཕྱི་ལུས་ཀྱི་འཕྲོད་བསྟེན་གཅིག་བུ་མ་ཡིན་པར་ནང་སེམས་ཀྱི་འགྲོ་ལུགས་དང་བློ་སྦྱོང་གི་རིམ་པ་ལ་དེ་བས་ཀྱང་འབྲེལ་བ་ཆེན་པོ་ཡོད་པ་ནི་ལུས་སེམས་གཉིས་རྟེན་འབྲེལ་གྱི་གནད་འགོག་ཅིག་ཏུ་སེམས་སོ།། དེས་ན་འདིར་ལུས་སེམས་གཉིས་ལས་གཙོ་བོ་ལུས་ཀྱི་འཕྲོད་བསྟེན་དང་བསྟུན་ང་ཚོའི་ཉིན་ཞག་གཅིག་ཆུ་ཚོད་ཉེར་བཞི་རུ་ཕྱེས་པའི་ནང་ནས་གཉིད་ཉལ་བའི་དུས། ཇི་ལྟར་ཉལ་བའི་ཚུལ། དེ་ལྟར་ཉལ་བའི་ཕན་ཡོན། ཚུལ་བཞིན་མ་ཉལ་བའི་ཉེས་སྐྱོན་སོགས་དོན་ཚན་འགའ་ཞིག་གི་ཐོག་ནས་གཤམ་དུ་རིམ་པས་ཞུ་འདོད་བྱུང།

དེ་ལས་མང་བ་། “གཉིད་ཉལ་བའི་སྤྱོད་ལམ་དང་འཕྲོད་བསྟེན།” »

རྩོམ་རིག

ཟམ་གདོང་རིན་པོ་ཆེ་སྡེ་སྲིད་ཁྲི་པར་ཕེབས་ཀྱི་རེད།

Posted on 2010-10-04 By དགེ་རབ་ 26 Comments on ཟམ་གདོང་རིན་པོ་ཆེ་སྡེ་སྲིད་ཁྲི་པར་ཕེབས་ཀྱི་རེད།

འཇིགས་མེད་བཀྲ་ཤིས་ཀྱིས།

༄༅།། ཟམ་གདོང་རིན་པོ་ཆེ་བཀའ་ཁྲི་ཟུར་ནས་གང་དུ་ཕེབས་རྒྱུ་ཡིན་མིན་སྐོར་གླེང་སློང་ཞིག་དེ་སྔོན་ནས་ཡོང་གི་ཡོད། ཁ་ཤས་ཀྱིས་སྤྱི་འཐུས་ནང་ལ་ཕེབས་ཀྱི་རེད་ཟེར། ཁ་ཤས་ཀྱིས་ཁྲིམས་ཞིབ་ཁང་ལ་ཕེབས་ཀྱི་རེད་ཟེར། ཁ་ཤས་ཀྱིས་རི་ཁྲོད། ཁ་ཤས་ཀྱིས་གདན་ས། ཁ་ཤས་ཀྱིས་སླར་ཡང་ཝཱར་ཎར་ཕེབས་ཀྱི་རེད་ཟེར། དེ་ཐམས་ཅད་ལ་ཡིན་སྲིད་པའི་ཆ་རེ་ཡོད་པས་མཐའ་གཅིག་ཏུ་མ་རེད་ལབ་མི་ཐུབ། འོན་ཀྱང་སྤོབས་པ་མཐའ་ཡས་ཟེར་བས་ཟམ་གདོང་རིན་པོ་ཆེ་དོལ་དགོན་གསར་པའི་ནང་དུ་འཛུལ་སྲིད་སྐོར་བཤད་སོང། དེ་ནི་གཏན་ནས་མི་སྲིད་པ་ཞིག་རེད། ཆུ་བོ་གངྒཱ་ཝཱ་རཱཎ་སཱི་ནས་དཀྱོགས་ཏེ་རྒྱ་ནག་གི་རྒྱལ་ས་པེ་ཅིན་ལ་བཞུར་གྱི་རེད་ཟེར་བ་དང་མཚུངས། འདི་འདྲའི་མི་སྲིད་པ་ཞིག་བཤད་དགོས་དོན་གང་ཡིན་ནམ། མི་སྲིད་པའི་རྟོག་བཟོ་འདི་རིགས་ལ་དཔྱད་ཀྱང་དགོས་པ་ཆུང་བས་བཞག

དེ་ལས་མང་བ་། “ཟམ་གདོང་རིན་པོ་ཆེ་སྡེ་སྲིད་ཁྲི་པར་ཕེབས་ཀྱི་རེད།” »

རྩོམ་རིག

འོས་སྒམ་བཙན་འཕྲོག་བཅོམ་གྱི་དོན་རྐྱེན།

Posted on 2010-10-04 By དགེ་རབ་ 8 Comments on འོས་སྒམ་བཙན་འཕྲོག་བཅོམ་གྱི་དོན་རྐྱེན།

གྲགས་པས།
དེ་རིང་བཙན་བྱོལ་བོད་མིའི་ས་གནས་ཁག་ནས་བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་ཤོག་བླུག་གི་ཡོད་པ་ལྟར། འདི་ག་བལ་ཡུལ་དུ་གནས་སྡོད་བྱེད་མཁན་ས་གནས་ཆོལ་གསུམ་བོད་རིགས་མང་ཚོགས་ཀྱིས་གལ་ཆེ་དོན་ཆེན་གྱིས་འོས་བསྡུའི་ལས་རིམ་ལ་ཞུགས་ནས་སྔ་དྲོའི་ཚོུད་༩་ནས། ཕྱི་དྲོའི་ཚོུད་༤ཟ་མ་ཟིན་གྱི་མཚམས་ལ་བསླེབས་དུས་བློ་བུར་དུ་བལ་ཡུལ་གྱི་དྲག་ཆས་ཉེན་རྟོག་པ་རླངས་འཁོར་གཅིག་དང་། ཉེན་རྟོག་པ་རླངས་འཁོར་གཅིག་ཡོང་ནས་མི་མང་གིས་བླུགས་ཚར་པའི་འོས་སྒམ་ཁ་ཤས་འཕྲོག་བཅོམ་བྱས་པས་མ་ཚད། འོས་འཕེན་པ་དེ་ཚོའི་ཐོག་དྲག་པོའི་རྣམ་འགྱུར་ཤུགས་དྲག་བསྟན་སོང་། ད་དུང་དྲག་ཆས་ཉེན་རྟོགས་པ་དེ་ཚོ་ནི་ལག་ཏུ་དབྱུག་པ་དང་། མི་མདའ་ཐོག་པ་དེ་འདྲ་རེད་འདུག ཉམས་ཐག་པའི་བོད་རིགས་མང་ཚོགས་ཀྱི་གདོང་ལ་སྐྱོ་ཉམས་དང་བཅས། ཇི་བྱ་གཏོར་མེད་དུ་གྱུར་ནས་རང་སོར་ཕྱིར་ལོག་བྱེད་དགོས་བྱུང་ཞིང་།

དེ་ལས་མང་བ་། “འོས་སྒམ་བཙན་འཕྲོག་བཅོམ་གྱི་དོན་རྐྱེན།” »

རྩོམ་རིག

ཐ་སྙད་གསར་བཟོ་ལ་གཟབ་དགོས།

Posted on 2010-10-03 By དགེ་རབ་ 4 Comments on ཐ་སྙད་གསར་བཟོ་ལ་གཟབ་དགོས།

འཇིགས་མེད་བཀྲ་ཤིས་ཀྱིས།
༄༅།།ན་ནིང་༸གོང་ས་མཆོག་གིས་བོད་རིགས་གཞོན་སྐྱེས་རྣམས་ལ་ནང་ཆོས་ངོ་སྤྲོད་ཐེངས་གསུམ་པའི་སྐབས། དེང་སང་བོད་པའི་སྤྱི་ཚོགས་སྤྱི་དང། ལྷག་པར་རླུང་འཕྲིན་སོགས་ཀྱི་ནང་བོད་ཀྱི་སུམ་རྟགས་དག་གསུམ་གྱི་འགྲོ་སྟངས་དང་མི་མཐུན་པའི་ཐ་སྙད་གསར་བཟོ་མང་པོ་ཡོང་གི་ཡོད་པ་མི་ལེགས་ཚུལ་དང། སྔོན་གྱི་མཁས་པས་བཟོས་པའི་ཐ་སྙད་ཀྱི་འགྲོ་སྟངས་ལ་ནོར་འཁྲུལ་མེད་སྟབས་ཐ་སྙད་གསར་བཟོ་བྱེད་དགོས་དོན་མེད་ཚུལ་བཀའ་སློབ་ཕེབས་ཡོད། འདི་ཡང་བོད་རང་གི་སྐད་ཡིག་ལ་གཅེས་སྤྲས་བྱེད་སྟངས་ཀྱི་ཆ་ནས་གསུངས་པ་ཡིན་འདུག
དེས་ན་ང་ཚོས་བོད་ཡིག་ཐོག་ནས་རྩོམ་ཡིག་འབྲི་བ་དང། གསར་འགྱུར་སྤེལ་བ། ཡིག་བསྒྱུར་དང་རྩོམ་སྒྲིག་བྱེད་པ། དེ་བཞིན་དྲ་རྒྱའི་ཐོག་ཟིན་བྲིས་དང་ཟིན་ཐོ། བསམ་ཚུལ་དང་བསམ་འཆར། དྲི་བ་དང་ལན་འབྲི་བ་སོགས། མདོར་ན་བོད་སྐད་བོད་ཡིག་གི་ཐོག་ནས་སྒྲུབ་བཞིན་པའི་ལས་དོན་འདི་ཐམས་ཅད་ཀྱི་ནང་དུ། སུམ་རྟགས་དག་གསུམ་གྱི་འགྲོ་སྟངས་དང་མི་མཐུན་པའི་ཐ་སྙད་གསར་བཟོ་བྱས་ན། བོད་རང་གི་སྐད་ཡིག་ལ་གནོད་ཀྱི་ཡོད་པ་དངོས་ཡོད་གནས་ཚུལ་ལ་བརྟེན་ཚང་མས་གཟབ་དགོས་པར་གདའ།

དེ་ལས་མང་བ་། “ཐ་སྙད་གསར་བཟོ་ལ་གཟབ་དགོས།” »

རྩོམ་རིག

སྐུ་མདུན་མཁོ་དང་མང་གཙོ་མཁོ་ཞེས་བ་མཐའ་དཔྱོད།།

Posted on 2010-10-01 By དགེ་རབ་ 17 Comments on སྐུ་མདུན་མཁོ་དང་མང་གཙོ་མཁོ་ཞེས་བ་མཐའ་དཔྱོད།།

ཨ་ནུ་ཐང་བསོད་ནམས་ཀྱིས།
———–
སྐུ་མདུན་མཁོ་དང་མང་གཙོ་མཁོ་ཞེས་བའི་དྲི་བ་འདི་ནི་ཆུང་ཆུང་ཞིག་མིན་པར་ཚིག་འདིའི་རྒྱབ་ནས་བག་ལ་ཉལ་བའི་གསང་པ་ཞིག་ཡོད་པ་འདོད། གལ་སྲིད་བོད་པ་མང་གཙོ་ཚད་ལྡན་དུ་ཕྱིན་པ་ཡིན་ན་གོང་ས་མཆོག་དབྱིན་ཡིག་གི་རྒྱལ་མོ་དང་འབྲུག་གི་རྒྱལ་པོ། གསི་ཝེའི་སྒྲན་དང་བྷེ་རྒྱམ་གྱི་རྒྱལ་སྲས་ལྟ་བུ་བཞུགས་རྒྱུ་ལས་བོད་ལ་མཁོ་གལ་མེད་པའི་མི་སྣ་ཞིག་ཏུ་ག་ལ་འགྱུར། རྒྱུ་མཚན་ནི་བོད་པ་མང་གཙོ་ཕྱིན་ཡང་གོང་ས་མཆོག་བློས་བཏང་དགོས་བ་གནད་དུ་མ་མཐོང་ཞིང་དེ་ལྟར་བྱས་ན་སྤྱི་སྒེར་གཉིས་ལ་གྱོང་ལས་ཁེ་ཕན་མེད་པས་བོད་མི་རྣམས་ཀྱིས་གོང་ས་མཆོག་འདོར་དུ་མི་ནུས་ལ། བོད་མིའི་སེམས་ནང་གི་གོང་ས་མཆོག་ནི་གངས་རི་ལས་ཀྱང་བརྟན་ཞིང་རྣོ་ལྕགས་ལས་ཀྱང་མཁྲེགས་པས་གོང་ས་མཆོག་བོད་མིས་འདོར་བའི་བསམ་བློ་ནི་རི་བོང་གནམ་ལྟས་ཀྱི་སྡུག་ངལ་རེད། གཅིག་བྱས་ན་ཆབ་སྲིད་ཚོགས་པ་ཁ་ཤས་ཀྱིས་བོད་མིའི་ཁྲོད་ཆེད་མངགས་ཀྱིས་དཀྲུགས་ཤིང་བཏང་བ་ཡིན་ཤས་ཆེ་བས་སྤྱི་སྒེར་གཉིས་ཀྱིས་གཟབ་གལ་ཆེ། དེ་ལྟར་དཀྲུགས་ཤིང་བཏང་བ་ཡིན་ན་བོད་མི་མང་པོ་ཞིག་གིས་གནད་དོན་དེ་ལ་འགོག་རྐྱེན་བཟོས་ནས་བོད་པ་མང་གཙོ་ཆགས་རྒྱུ་དཀའ་ངལ་ཕྲད་པ་མ་ཟད་མང་གཙོའི་འདོད་འདུན་འཛིན་མཁན་གྱི་བོད་མི་སྡེ་ཁག་དང་འགལ་ཟླ་གྱུར་ནས་བོད་འདི་ད་ལྟ་ལས་ཀྱང་ཁ་ཐོར་དུ་ཕྱིན་ནས་གཅིག་གྱུར་གྱི་གོམ་པ་སྤོ་མི་ནུས་ལ། རྒྱལ་སྤྱིའི་སྟེང་བོད་འདི་གནའ་བོའི་ལྟར་བླ་མའི་དབང་སྒྱུར་འོག་ཏུ་ཡོད་ཚུལ་གྱི་ཆབ་སྲིད་ཀྱི་དྲིལ་བསྒྲགས་སྤེལ་བྱེད་ཀྱི་ལག་ཆ་གྱུར་ཞིང་། རྒྱ་ནག་གིས་བོད་བཅིངས་གྲོལ་བཏང་ཚུལ་ཡང་ཚུལ་མཐུན་ཡིན་པའི་ལག་རྟེན་དུ་ཆགས་རྒྱུ་རེད། བོད་འདི་ཆོས་དད་ཆེ་བས་གཞན་གྱིས་བོད་མིའི་ཁྲོད་འགལ་ཟླ་བསླངས་ན་ཆོས་ལུགས་ཀྱི་སྟེང་ནས་སླང་བས་ངེས་བར་དུ་གཟབ་གལ་ཆེ། རང་ཉིད་དགའ་ས་ཡིས་རང་སྲོག་གཅད་པའི་དཔེ་ལྟར་བོད་པ་མོས་སའི་ཆོས་ལུགས་ཀྱིས་ཆད་ལ་ཉེ་བའི་མི་རིགས་འདིའི་ཚེ་སྲོག་གཅད་དུ་ངེས་བས་གཟབ་གལ་ཆེ།

དེ་ལས་མང་བ་། “སྐུ་མདུན་མཁོ་དང་མང་གཙོ་མཁོ་ཞེས་བ་མཐའ་དཔྱོད།།” »

རྩོམ་རིག

བདེན་མཐའ་གསལ་བ་ག་གསལ་ཡིན།

Posted on 2010-09-18 By དགེ་རབ་ 41 Comments on བདེན་མཐའ་གསལ་བ་ག་གསལ་ཡིན།

འཇིགས་མེད་བཀྲ་ཤིས་ཀྱིས།
————-
༄༅།། བོད་དོན་བདེན་མཐའ་གསལ་ཞེས་པའི་ཚིག་འདིའི་གསལ་ལ་བསལ་དང་སེལ་འབྲི་མཁན་ཁ་ཤས་ཡོང་གི་འདུག དེ་ནི་ གསར་འགོད་པ་རེ་ཟུང་དང་ཟིན་བྲིས་པ་འགའ་ཤས་ཀྱིས་གསར་ཤོག་དང་དྲ་རྒྱ་སོགས་ཀྱི་ཐོག་འབྲི་བཞིན་པ་ཡང་ཡང་མཐོང་། དེ་ཚོ་མཐོང་དུས་གསར་འགོད་པ་དང་ཟིན་བྲིས་པ་འདི་དག་གིས་ཚིག་འདིའི་གོ་དོན་ཡང་ཇི་བཞིན་ཤེས་ཀྱི་མི་འདུག་སྙམ་དུ་མཚར་སྣང་འདྲ་ཞིག་སྐྱེས་བྱུང། ཉེ་ཆར་གནས་ཚུལ་ཞིག་གིས་དེ་ཚོ་ནི་ཅི་ཡང་མིན་པར་དེ་ལས་ལྷག་པའི་མཚར་སྣང་སྐྱེ་དགོས་པ་ཞིག་བྱུང་སོང།
དེ་ནི་ཉེ་ཆར་བོད་གཞུང་ཟློས་གར་ཁང་དུ་ཚོགས་པའི་བཀའ་བློན་ཁྲི་པའི་སྐོར་གྱི་བགྲོ་གླེང་སྐབས། སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་གཉིས་ཀས་དེའི་སྐོར་འགྲེལ་བཤད་ཁྱད་མཚར་ཞིག་བསྐྱོན་པ་དེ་རེད། ཁོང་གཉིས་ཀས། སྔར་བོད་རང་དབང་རང་བཙན་ཡིན་པ་དེ་བདེན་པ་དང། ད་ཆ་བོད་རྒྱ་མིས་བཙན་བཟུང་བྱས་ནས་ཡོད་པའང་བདེན་པ་ཡིན་པ་སོགས་བདེན་པ་ཁ་ཤས་བགྲངས་མཐར། བདེན་པ་འདི་དག་ང་ཚོས་རྩོད་དེ། མཐར་ང་ཚོའི་དཀའ་ངལ་རྣམས་ཕར་བསལ་བ་དེ་ལ་བདེན་མཐའ་བསལ་ཟེར་ཞེས་གསུངས་སོང། ཁོང་གཉིས་ཀས་བདེན་མཐའ་གསལ་བའི་གསལ་ནི་བ་བསལ་གྱི་དོན་དུ་ཧ་ཅང་གསལ་པོ་བྱས་ན་བཀྲལ་སོང། དེ་གོ་བ་དང་སེམས་ལ་ཡ་མཚན་གྱི་སྣང་བ་སྔར་བས་ཆེ་བ་ཞིག་སྐྱེས། ད་བར་ཚོགས་གཙོ་ཚོགས་གཞོན་གཉིས་ཀྱིས་བོད་དོན་བདེན་མཐའ་གསལ་བ་ཞེས་པའི་ཚིག་འདི་གསུང་བཤད་ཁག་གི་སྐབས་མཎི་སྐྱོར་སྐྱོར་གསུང་གི་ཡོད་ལ། བཅའ་ཁྲིམས་དང་༸གོང་ས་མཆོག་གི་བཀའ་སློབ་གསུང་འཕྲིན་གྱིས་གཙོས་གཞུང་འབྲེལ་ཡིག་ཆ་ཁག་གི་ནང་རྒྱུན་དུ་བདེན་མཐའ་གསལ་ཞེས་འཁོད་ཡོད་པ་མ་གཟིགས་པ་ག་ལ་སྲིད། འོན་ཀྱང་ཁོང་གཉིས་ཀས་དོན་དངོས་སུ་བདེན་མཐའ་གསལ་ཞེས་པའི་ཚིག་དོན་ཇི་བཞིན་མཁྱེན་མི་འདུག་ཨ་སྙམ་པ་བྱུང།

དེ་ལས་མང་བ་། “བདེན་མཐའ་གསལ་བ་ག་གསལ་ཡིན།” »

རྩོམ་རིག

སྒྱུ་རྩལ་བཀླགས་པའི་ཚོར་སྣང་།

Posted on 2010-09-162010-09-18 By དགེ་རབ་ 13 Comments on སྒྱུ་རྩལ་བཀླགས་པའི་ཚོར་སྣང་།

གཅན་བཟོད་རྒྱམ།
——-


image1232དེ་རིང་ཞོགས་པ་སྔ་མོ་ནས་གཉིད་སད་བྱུང་བས་ཡར་ ལངས་ཏེ་བརྙན་འཕྲིན་ཁ་ཕྱེ་སྟེ་གསར་འགྱུར་དང་ཡོ་གྷ་སོགས་ལ་བལྟས་པ་ཡིན། ཁོ་ཧྥེ་ཕོར་བ་གང་འཐུང་ཞོར་དུ་མཚོ་སྔོན་བརྙན་འཕྲིན་ཐོག་ཏུ་ཁ་བསྒྱུར་པ་ཡིན། 
   དེ་རིང་ཅི་ཞིན་ཡིན་མིན་མ་ཤེས། ཞོགས་པ་སྔ་མོ་ནས་༼གླུ་གར་སྟེགས་བུ་༽ཞེས་པ་དེ་གཏོང་གིན་འདུག གླུ་བྲོ་གསུམ་བཏང་རྗེས་༼གླུ་གར་སྟེགས་བུ་༽བཏང་ཚར་སོང་། ངའི་སེམས་སུ་ཡང་གླུ་གར་སྟེགས་བུ་དེར་བལྟས་པ་དོན་སྙིང་བྱུང་སོང་སྙམ། རྒྱུ་མཚན་ནི་གླུ་བྲོ་གསུམ་ལས་གཅིག་གིས་ཡིད་དབང་ཡོངས་སུ་བཀུག་སོང་། དང་པོ་ནི་ཆུ་ཀུབ་གྱོན་པ། ༼མཉམ་བྲོ། ཆུ་ཀུབ་ཀྱི་མདོག་དང་བཟོ་འདྲ་བའི་སྨད་གོས་དགུགས་དབྱིབས་ཅན་གྱོན་འདུག༽གཉིས་པ་ ནི་ངའི་ཡིད་དབང་འཕྲོག་བྱེད་ཀྱི་༼ཕ་ཡུལ་དྲན་པའི་དགུང་བ།༽ཞེས་པའི་རྐྱང་བྲོ་ དེ་རེད། གསུམ་པ་ནི་གཟུགས་གཞི་ངོམ་པ། ༼མཉམ་བྲོ། བྱིས་པ་འགས་འཁྲབ།༽བཅས་རེད། 
   སྤྱིར་ང་ནི་རོལ་དབྱངས་ལ་ཉན་རྒྱུ་དང་ཞབས་བྲོ་ལ་ལྟ་བར་དམིགས་གསལ་གྱིས་དགའ་ ཞིང་། དེ་བས་ཀྱང་རྐྱང་བྲོ་དང་ཁེར་ལན་ལ་ཧ་ཅང་དགའ། དག་དག་ད་ནངས་ཕྱོགས་པའི་ངའི་ཡིད་དབང་འཕྲོག་པའི་ཞབས་བྲོ་དེ་ཡང་རྐྱང་བྲོ་ཞིག་ རེད་ལ། དེ་ཡང་སྐྱེ་མ་ཞིག་གིས་འཁྲབ་པའི་རྐྱང་བྲོ་ཞིག་རེད། 
  

དེ་ལས་མང་བ་། “སྒྱུ་རྩལ་བཀླགས་པའི་ཚོར་སྣང་།” »

རྩོམ་རིག

བྷོ་དྷའི་ཇ་ཁང་ནང་གི་བཀའ་ཁྲི་ལབ་གླེང་།

Posted on 2010-09-12 By དགེ་རབ་ 3 Comments on བྷོ་དྷའི་ཇ་ཁང་ནང་གི་བཀའ་ཁྲི་ལབ་གླེང་།

སྒྲོན་ཕྲུག་ནས།
———
དེ་རིང་གཟའ་ཉི་མའི་ཞོགས་ཀ་སྔ་པོ་ནས་ཡར་ལངས་ཏེ་ནམ་རྒྱུན་ལྟར་་བྷོ་དྷའི་མཆོད་རྟེན་ལ་སྐོར་བ་ཁ་ཤས་བྱས་རྗེས། མཆོད་རྟེན་ཤར་ངོས་ཀྱི་བོད་པའི་ཇ་ཁང་རིང་པོ་ཞིག་ཡོད་ས་དེར་ཇ་འཐུང་དུ་སོང་སྐབས། ག་ས་གང་ནས་ཡོང་བའི་སྐོར་རྒྱག་མང་པོས་རླངས་པ་ཁོལ་ཁོལ་གྱི་མངར་ཇ་དང་། ཨ་ལོ་བག་ལེབ་རྔམ་ཟ་དང་རྔམ་འཐུང་བྱེད་ཀྱིན་འདུག དེ་བཞིན་ང་ཡང་དེའི་གྲས་སུ་བསྡད་ནས་ཇ་འཐུང་ཞོར་དུ་གཡས་ལྟ་གཡོན་ལྟ་བྱས་དུས། ངའི་རྒྱབ་ཀྱི་ཅོག་ཙེ་ཞིག་གི་སྟེང་ཕར་བལྟས་ཚོད་ལ་བོད་པ་ལོ་ན་ལྔ་བཅུ་ཡས་མས་ཁ་ཤས་ཤིག་དང་། ཨ་ནེ་ཞིག་བསྡད་འདུག་པ་མཐོང་བྱུང་། སྐབས་དེར་རྒན་པོ་ཞིག་གིས་ལག་གཡས་པས་ཇ་བཟུང་། གཡོན་པས་སྣ་ཐ་ཞིག་བཟུང་སྟེ། དབུགས་རིང་རེ་འཐེན་ཞོར་དུ། ཡ་ད་ད་ལོ་འོ་རང་ཚོའི་དགའ་ལྡན་ཁྲི་བ་དེ་སུ་ལ་བླུགས་དགོས་པ་རེད་ལབ་བྱུང་། ལམ་སང་ཁོང་གི་ཁ་གཏད་དུ་ཡོད་པའི་རྒན་པོ་ཞིག་གིས་ག་རེ་དགའ་ལྡན་ཁྲི་བ། བཀའ་བློན་ཁྲི་བ་ལབ་དང་ཟེར། དེ་དུས་ཁྲིས་ནས་རྒན་མོ་ཞིག་གིས་ག་རེ་སེམས་ཁྲེལ་བྱེད་ཀྱིན་ཡོད། རྒྱ་ཆེའི་མང་ཚོགས་ཀྱིས་འོས་ཤོག་བླུག་ཡོང་དུས་གཅིག་ལ་ཁེལ་ཡོང་གི་རེད། དེ་འོ་རང་ཚོའི་འགོ་ཁྲིད་རེད། ལབ་པ་དང་ཁམས་ཕྱོགས་ནས་ཡིན་པའི་ལོ་ན་ཁོང་ཚོ་ལས་ཅུང་ཆུང་བ་ཞིག་གིས་དེ་གལ་ཆེན་པོ་རེད་ད། ང་ཚོས་ངེས་པར་དུ་མི་ཡག་པོ་ཞིག་མ་འདེམས་ན་རྒྱལ་པ་རིནཔོ་ཆེ་ནི་དགུང་ལོ་མཐོན་པོ་རེད།

དེ་ལས་མང་བ་། “བྷོ་དྷའི་ཇ་ཁང་ནང་གི་བཀའ་ཁྲི་ལབ་གླེང་།” »

རྩོམ་རིག

དྲུག་གསུམ་བཅོ་བརྒྱད།

Posted on 2010-09-112010-09-11 By དགེ་རབ་ 44 Comments on དྲུག་གསུམ་བཅོ་བརྒྱད།

རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུའི་ཐོག་ཉི་ཧོང་པ་ཞིག་དང་འཕྲད། ང་ཚོས་གླེང་མོལ་བྱས། ཁོང་གི་བོད་སྐད་ནི་བོད་པ་རང་རེད། ངས་སྤྱིར་བཏང་གི་དྲི་བ་ཞིག་དྲིས་པ་ཡིན། དེང་སང་ཅ་ལག་ཐོན་གསར་མང་པོ་ཡོད་རེད། དེ་ཚོ་ཉི་ཧོང་གི་སྐད་དུ་བསྒྱུར་སྐབས། ཅ་ལག་གཅིག་ལ་མིང་སྣ་ཚོགས་ཆགས་ནས་དཀའ་ངལ་འཕྲད་ཀྱི་འདུག་གམ། ཡང་ན། ཁྱེད་ཚོ་ལ་གཞུང་གིས་གཏན་འབེབས་བྱས་པའི་སྐད་ཡིག་ཚོགས་པ་ཞིག་གིས་མིང་ཚིག་གསར་བཟོ་བྱེད་ཀྱི་ཡོད་པ་རེད། ཅེས་དྲིས། ཁོང་གིས་རྣམ་འགྱུར་ལྷོད་ལྷོད་ཅིག་གི་ངང་ནས། “དེ་འདྲ་ཁྱོན་ནས་མ་རེད། ང་ཚོ་ལ་ཆ་གཞག་ན། ཅ་ལག་གསར་པ་སོགས་ཐོན་སྐབས། ཚགས་པར་དེ་འདྲས་ངོ་སྤྲོད་ཀྱི་ཡི་གེ་བྲིས་ནས་མིང་བཏགས་ཡོང་གི་རེད། དེ་ཡང་ཚགས་པར་རེ་རེ་ནས་མིང་རེ་རེ་བྲིས་ཏེ་ཡོང་གི་རེད། རིམ་གྱིས་མི་མང་གིས་མིང་གང་བློ་ལ་འཇགས་བདེ་བ་དང་སྣང་བ་འགྲོ་བ་དེ་བེད་སྤྱོད་བྱས་ཡོང་གི་རེད། དེ་ནས་མིང་གཞན་རྣམས་རང་བཞིན་གྱིས་ཡལ་འགྲོ་གི་རེད་ལ། མི་མང་གིས་གང་འདམས་པ་དེ་མིང་གཏན་འཁེལ་འགྲོ་གི་རེད། དེ་འདྲ་ཡིན་ཙང་རྙོག་དྲ་ཡོད་མ་རེད།”ཅེས་གསུངས་བྱུང་།

དེ་ལས་མང་བ་། “དྲུག་གསུམ་བཅོ་བརྒྱད།” »

རྩོམ་རིག

སྐར་མ་གནམ་སྐྱོང་།

Posted on 2010-09-10 By དགེ་རབ་ 1 Comment on སྐར་མ་གནམ་སྐྱོང་།

ཚེ་རིང་དོན་གྲུབ།
———-

སྐར་མ་གནམ་སྐྱོང་།
ངའི་སྙིང་ཁོངས་སུ་འོད་འཚེར་གྱིན་པའི་སྐར་མ།
ངའི་འཇིག་རྟེན་ལ་འོད་སྣང་སྒྲོན་པའི་སྐར་མ།
ངའི་ཚེ་སྲོག་དང་གཞི་གཅིག་ཏུ་སྣོལ་པའི་སྐར་མ།
ངའི་མི་ཚེ་དང་འཚོ་བ་ལ་ཁ་ཕྱོགས་སྟོན་མཁན་གྱི་སྐར་མ།
སྐར་མ་ཁྱེད་མཁའ་རུ་བདེ་བར་བྱོན་པ་ལེགས་ལ།
གནམ་མཁའ་འདི་ཁྱེད་ཀྱིས་སྐྱོང་ཞིང་དབང་བ་སྐལ་བ་བཟང་།
སྐར་མ་ཁྱེད་སྟོང་ཁམས་སུ་སླེབས་ནས་བཟུང་།
ངས་འཇིག་རྟེན་འདིའི་སྣང་བ་ཚོར་སོང་ལ།
ངས་མི་ཚེ་ཡི་ཁ་ཕྱོགས་རྙེད་སོང་།
ངས་འཚོ་བ་ཡི་དོན་སྙིང་རྟོགས་སོང་།

དེ་ལས་མང་བ་། “སྐར་མ་གནམ་སྐྱོང་།” »

སྙན་ངག

༸གོང་ས་མཆོག་གི་བཀའ་སློབ་

Posted on 2010-09-10 By དགེ་རབ་ 3 Comments on ༸གོང་ས་མཆོག་གི་བཀའ་སློབ་

གློག་བརྙན་།

༸གོང་ས་མཆོག་གིས་དགོངས་དག་ཞུས་འདུག

Posted on 2010-09-092010-09-10 By དགེ་རབ་ 58 Comments on ༸གོང་ས་མཆོག་གིས་དགོངས་དག་ཞུས་འདུག

འཇིགས་མེད་བཀྲ་ཤིས་ཀྱིས།
༄༅།། དེང་སང་བོད་མི་ཚོའི་ཡ་རབས་སྤྱོད་བཟང་ཉམས་བཞིན་པའི་སྐོར་ཕྱི་ནང་གང་སར་གོ་རྒྱུ་རིག་རྒྱུ་ཇེ་མང་དུ་འགྲོ་བཞིན་ཡོད། ཉེ་ཆར་རྒྱ་གར་ལྷོ་ཕྱོགས་སུ་འཚོགས་པའི་བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་ཐོག་བཀའ་བློན་ཁྲི་པ་མཆོག་གིས་བོད་མིའི་སྤྱི་ཚོགས་ཀྱི་ཉེན་ཁ་ཅན་གྱི་འགྱུར་འགྲོས་ཁག་དྲུག་གསུངས་པའི་ནང་དུ་ཚན་པ་གཅིག་ནི་ “བཟང་སྤྱོད་ཉམས་ཆག” ཅེས་གལ་ཆེན་པོ་བྱས་ནས་གསུངས་ཡོད། ༸གོང་ས་མཆོག་གི་བཀའ་སློབ་སྔ་ཕྱིའི་ནང་ ཡ་རབས་སྤྱོད་བཟང་ནི་བོད་མི་ཚོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན་ཚུལ་ངོ་སྤྲོད་དང་འབྲེལ་བོད་མི་ཚོས་རྒྱུན་དུ་ཡ་རབས་སྤྱོད་བཟང་བྱེད་རྒྱུ་གལ་ཆེན་ཡིན་སྐོར་མ་གསུངས་ས་ཞིག་ཕལ་ཆེར་མེད།
ཡ་རབས་སྤྱོད་བཟང་ཉམས་བཞིན་པའི་རྒྱུ་རྐྱེན་ནི། གཏམ་སྙན་གྲགས་དང་། ཐོབ་གོ་ས། རྒྱུ་ལོངས་སྤྱོད་སོགས་འཐོབ་འདོད་ཀྱི་འདོད་རྔམས་ཇེ་ཆེར་སོང་བའི་དབང་གིས་ཡིན་ཞིང། འདོད་རྔམས་དེའི་ནང་ནས་ཀྱང་གཙོ་བོ་གཅིག་ནི་དཔལ་འབྱོར་འདུ་འགོད་ཆེད་ཕྱི་རྒྱལ་དུ་འགྲོ་འདོད་ཀྱི་འདོད་རྔམས་དེ་ཡིན། ཕྱི་རྒྱལ་དུ་འགྲོ་ཆེད་ཁྱིམ་པ་རྣམས་གྲྭ་པར་རྫུ་བ། གྲྭ་པ་རྣམས་བླ་མར་རྫུ་བ། གསར་འབྱོར་རྣམས་ཆབ་སྲིད་བཙོན་མར་རྫུ་བ། མིང་སྲིང་རྣམས་བཟའ་ཚང་དུ་རྫུ་བ། རྩོམ་མི་ཤེས་མཁན་རྣམས་རྩོམ་པ་པོར་རྫུ་བ་སོགས་ཕྱི་རྒྱལ་དུ་ཐར་ཐབས་ཁོ་ནའི་ཆེད་མགོ་སྐོར་སྐྱག་རྫུན་ག་རེ་བཤད་དགོས་ཀྱང་ཡ་ང་ཐེ་ཚོམ་མེད་པར་བཤད་རྐྱང་བྱེད་ཀྱི་ཡོད་པ་འདིའི་དབང་གིས་དོ་བདག་སོ་སོའི་ཡ་རབས་སྤྱོད་བཟང་ཉམས་པར་མ་ཟད།

དེ་ལས་མང་བ་། “༸གོང་ས་མཆོག་གིས་དགོངས་དག་ཞུས་འདུག” »

གསར་འགྱུར།

བོད་མིའི་རང་དབང་དང་ཐོབ་ཐང་བརྩོན་ལེན་ཐད་ཀྱི་འཐབ་ཇུས་(Strategy) དང་ལག་བསྟར།

Posted on 2010-09-09 By དགེ་རབ་ 1 Comment on བོད་མིའི་རང་དབང་དང་ཐོབ་ཐང་བརྩོན་ལེན་ཐད་ཀྱི་འཐབ་ཇུས་(Strategy) དང་ལག་བསྟར།

རྡོ་རྗེ་དབང་རྒྱལ། རྒྱལ་བ་རིན་པོ་ཆེ་མཆོག་གི་དབུ་ཁྲིད་འོག་བོད་མི་དམངས་ཀྱིས་ཐོབ་ཐང་དང་རང་དབང་ལས་འགུལ་སྤེལ་ནས་ལོ་༥༠་འདས་ཟིན་པ་རེད། འདས་པའི་ལོ་ངོ་ལྔ་བཅུའི་རིང་བཙན་བྱོལ་བོད་མིས་རྒྱ་གར་དུ་སྲ་བརྟན་གྱི་བོད་མིའི་གཞིས་སྒར་འཛུགས་ཐུབ་ཡོད་པ་མ་ཟད། དམངས་གཙོའི་དམིགས་བརྟེན་གྱི་སྲིད་གཞུང་ཞིག་ཀྱང་བཙུགས་ནས་ཐོག་མའི་ཉམ་ཆུང་བའི་བོད་རང་དབང་གི་ལས་འགུལ་གྱི་མེ་རོ་དེ་བཙན་བྱོལ་སྤྱི་ཚོགས་ནས་ཕྱིར་གཞིས་སྲུང་བོད་ཀྱི་སྤྱི་ཚོགས་ཁྲོད་དར་སྤེལ་གྱིས་ཉམས་གསོ་གནང་ཐུབ་པ་བྱུང་ཡོད་པའི་སྟེང་། ད་དུང་ འདས་པའི་ལོ་ངོ་ལྔ་བཅུའི་ནང་ཧུར་བརྩོན་ཆེན་པོས་བོད་རང་དབང་ལས་འགུལ་གྱི་མེ་རོ་དེ་གཞིས་སྲུང་བོད་ཀྱི་སྤྱི་ཚོགས་ཀྱི་སྟེང་འོག་བར་གསུམ་དང་ཡུལ་ལུང་ཆེ་ཆུང་གར་སར་ཁྱབ་སྤེལ་གནས་ནས་བོད་ཡུལ་ཆོལ་ཁ་གསུམ་དུ་བོད་རང་དབང་གི་མེ་དཔུང་དེ་དཀྱུས་གཅིག་ཏུ་འབར་ནས་དེས་རྒྱལ་སྤྱིའི་བོད་རང་དབང་གི་ལས་འགུལ་ལ་སྐུལ་འདེད་ཀྱི་ཚེ་སྲོག་གསར་བ་སྤྲོད་ཐུབ་ཡོད། (རྩོམ་ཡིག་འདི་ཆ་ཚང་བ་གཤམ་གྱི་འབྲེལ་ཐག་ནས་ PDF བརྒྱུད་ཀློག་རོགས།) strategic-planning_unicode_9

དཔྱད་རྩོམ།

Posts pagination

Previous 1 … 11 12 13 … 42 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme