Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྩོམ་བསྡུའི་བརྡ་ཡིག

Posted on 2011-08-13 By དབང་ཕྱུག་ 1 Comment on རྩོམ་བསྡུའི་བརྡ་ཡིག

བོད་ཕྱི་ནང་གཉིས་ཀྱི་སློབ་གྲྭ་ཁག་གི་སློབ་གཉེར་བ་ཁག་གཙོ་བྱས་པའི་རྩོམ་པ་པོའི་སྡེ་ལ་ཆེད་ཞུ།

འདིར་ནོར་གླིང་བོད་ཀྱི་ཆེས་མཐོའི་སློབ་གཉེར་ཁང་གི་སློབ་མ་ཡོངས་ཀྱིས་ཆེད་གཉེར་བྱེད་བཞིན་པའི་དུས་ཚིགས་ཚགས་ཤོག <<འོད་ཐིག>>སྤྱིའི་འདོན་ཐེངས་བདུན་པ་སྤྱི་ཟླ་བཅུ་པའི་ནང་འགྲེམས་སྤེལ་བྱ་རྒྱུ་གཏན་ཁེལ་པས། བོད་རྒྱ་དབྱིན་གསུམ་གྱི་སྐད་ཡིག་ལས་བརྗོད་གཞི་དང་རྩོམ་ལུས་སྣ་ཚོགས་ཀྱི་རྩོམ་ཡིག་གང་མང་བསྐུར་ཡོང་བའི་རེ་བ་དང་། རྩོམ་ལུས་གང་ཡིན་ཡང་ཚགས་ཤོག་གི་ཚད་གཞིར་དམིགས་ནས་གང་བསྡུས་ཅི་ཐུང་གི་ཕྱོགས་ལ་འབོད་སྐུལ་ཡང་ཞུ་གིན་ཡོད།

དེ་ལས་མང་བ་། “རྩོམ་བསྡུའི་བརྡ་ཡིག” »

གསལ་བསྒྲགས།

དངེན་པ་འཐེན་སྟངས་ཤིག

Posted on 2011-08-13 By དབང་ཕྱུག་ 2 Comments on དངེན་པ་འཐེན་སྟངས་ཤིག

དུར་བདག

ཞེ་སའི་གདངས་དང་རྣམ་འགྱུར་སྟོན་སྟངས་མེད་ན།།
ཞེ་སྡང་བསྐུང་ནས་བསླུ་བྲིད་གཏོང་སྟངས་མེད་ན།།
ཞེ་འཁོན་ཉམས་ཀྱིས་ཨག་སྐད་འདོན་སྟངས་མེད་ན།།
ཞེ་མཐུན་བོད་ལ་ཞབས་ཞུ་དཀོན་ཚོད་འདུག་གོ།

སྐུ་ངོ་ཚོན་པོར་ལགས་སོ་ཞུ་སྟངས་ནོར་ན།།
ལྕམ་མོ་སྤྱར་མར་ཡ་ལན་སྟེར་སྟངས་འཕྱུག་ན།།
སྲས་དང་སྲས་མོར་འབོད་པའི་གུས་ཚིག་སྟོང་ན།།
སྐུ་དྲག་སྒོ་མདུན་བརྒྱུད་ནས་འཇབ་སའང་མེད་དོ།།

དེ་ལས་མང་བ་། “དངེན་པ་འཐེན་སྟངས་ཤིག” »

སྙན་ངག

མ་ཡུམ་ས་རཱ་མཐོ་སློབ་ལ་བསྐུར་བའི་སྐད།

Posted on 2011-08-12 By དབང་ཕྱུག་ 7 Comments on མ་ཡུམ་ས་རཱ་མཐོ་སློབ་ལ་བསྐུར་བའི་སྐད།

རྟ་ནག་སྐལ་བཟང་ལུང་རིགས།

༼མ་ཡུམ་ས་རཱ་མཐོ་སློབ་དབུ་བརྙེས་ནས་བགྲང་བྱ་ཧྲིལ་བོ་བཅུ་གསུམ་འཁོར་བར་ཕུལ།༽

འདི་ལོ་ནི་མ་ཡུམ་མཐོ་སློབ་ལོ་ན་བཅུ་གསུམ་ལ་བསླེབས་པས། སློབ་གྲོགས་རེ་འགས་ངོ་དེབ་དང་མྱུར་འཕྲིན་བརྒྱུད་ནས་མ་ཡུམ་མཐོ་སློབ་ཀྱི་འཁྲུངས་སྐར་བསུ་རུ་ཤོག་ཟེར་བའི་འཕྲིན་ཐུང་རེ་བྲིས་སོང་ལ། རེ་འགའི་ངག་ཐོག་གི་སྐད་སྐུར་རེ་ཡང་འབྱོར་སོང་མོད། དུས་ཚོད་དང་ལམ་གྲོན་ཡོད་ཚད་ཀྱང་གཞན་དབང་ཅན་དུ་སོང་གཤིས་ཤོག་ཟེར་ན་ཡོང་ཆོག་ཆོག་ཅིག་མིན་ལ། ཉིན་ཞག་འཁོར་འགྲོས་ཀྱིས་གཅད་དགོས་པའི་ལམ་ཐག་དེས་ཀྱང་བདག་ལ་དགོངས་པ་སྤྲོད་མི་ནུས་པ་ཀུན་གྱིས་ཤེས་ཚོད། ཅི་སྟེ་དངོས་སུ་མ་འབྱོར་ནའང་ཡུམ་ཆེན་མ་ལོ་ན་བཅུ་གསུམ་ལ་བསླེབས་པར་དགའ་བ་གསེར་གྱིས་མི་ཁུགས་པའི་ཚོད་དུ་ཡོད་ལ། སྤྲོ་བ་གནམ་ལ་འཕུར་བའི་ཟོལ་དུ་ཡོད།

དེ་ལས་མང་བ་། “མ་ཡུམ་ས་རཱ་མཐོ་སློབ་ལ་བསྐུར་བའི་སྐད།” »

འཕྲིན་ཡིག

རང་བཙན་གྱིས་ང་ཚོ་འཆི་ལམ་དུ་བརྫང་ངེས།

Posted on 2011-08-122011-08-13 By དབང་ཕྱུག་ 7 Comments on རང་བཙན་གྱིས་ང་ཚོ་འཆི་ལམ་དུ་བརྫང་ངེས།

ཏྲེ་ཧོར་ཐུབ་བསྟན།

ལེའུ་དང་པོ།

༡.རང་བཙན་དང་དབུ་མ་ཞེས་པའི་ཐ་སྙད་འདི་གཉིས་ནི་དེང་གི་སྐབས་འདིར་བོད་དོན་དང་ འབྲེལ་བའི་ཆབ་སྲིད་ཀྱི་ཁོར་ཡུག་གང་ཡོད་སར་རྒྱུགས་ཆེ་བའི་ཐ་སྙད་གསོན་པོ་ གཉིས་ཏེ།
བོད་དོན་ལ་ཅུང་ཟད་རྒྱུས་མངའ་ཡོད་པ་མཐའ་དག་གི་རྒྱུད་ལ་ཐ་སྙད་འདི་གཉིས་ལ་གོ་བ་རགས་པ་ཙམ་ཡོད་པ་མ་ཟད།
རང་བཙན་ཅུང་ཟད་གུ་དོག་པའམ་ལྟ་བ་དང་ལངས་ཕྱོགས་འཁྲེགས་པའི་གྲས་དང་དབུ་མ་དེ་ ལས་ལྡོག་ཏེ་གུ་ཡངས་པར་འདོད་པའི་བསམ་ཚུལ་ནི་ཡོངས་གྲགས་ལྟར་ཡིན།

དེ་ལས་མང་བ་། “རང་བཙན་གྱིས་ང་ཚོ་འཆི་ལམ་དུ་བརྫང་ངེས།” »

རྩོམ་རིག, སྣ་ཚོགས།

བློ་བཟང་སེང་གེ་འདི་ལྟར་ལངས་སོང་།

Posted on 2011-08-12 By དབང་ཕྱུག་ 12 Comments on བློ་བཟང་སེང་གེ་འདི་ལྟར་ལངས་སོང་།

༼བཀའ་ཁྲི་བློ་བཟང་སེང་གེ་མཆོག་གི་རྒྱབ་སྐྱོར་བ་ཞིག་གིས་བཀའ་ཁྲིའི་འོས་འདེམས་ཆེན་མོ་མགོ་ནས་མཇུག་བར་བརྒྱུད་པའི་ཚོར་སྣང་རག་བསྡུས་ཤིག༽

བོན་རྒྱ་བསྟན་འཛིན་རབ་རྒྱས།

ང་ཚོ་བོད་པ་ལ་མཚོན་ན། གནའ་སྔ་མོར་འབྲོང་གི་གཤིས་ཀ་དང་ཐག་ཉེ་ལ། སྤོབས་པ་དང་། ལ་རྒྱ། ཚེ་སྲོག་གསུམ་དོ་མཉམ་དུ་འཛིན་པའི་ལྟ་བ་ཤུགས་ཆེ་ཞིང་། སྟག་ཤར་གྱི་སྣང་བས་ནམ་མཁའི་སྤྲིན་པ་ལའང་དོ་འགྲན་པ་དང་། སྟག་ཤར་ར་ཞིག་གི་མ་མཐའི་ཆ་རྐྱེན་གཡུལ་ཐོག་ནས་ཤི་ཐུབ་དགོས་པ་དེ་ཡིན་པས། གདོང་དམར་སྲིན་པོའི་བུ་རྒྱུད་འདིས་ས་གཤགས་ནས་གནམ་ལ་གཡུགས་མྱོང་ལ། གནམ་བཀོག་ནས་ས་ལའང་སྦྱར་མྱོང་། ཡིན་ནའང་། དུས་ཚོད་དང་ཁོར་ཡུག་གི་འཕེལ་རིམ་ཞིག་གིས་སྲིན་པོའི་མི་རིགས་དེའང་”ལྷ་བཤོས་ཁྱི་ཡིས་ཟོས་ན་འཛུམ་དམུལ་དམུལ། །མར་མེ་རླུང་གིས་བསེད་ན་འཛུམ་ཤིག་ཤིག །”ཟེར་བའི་ཚད་གཞི་རུ་ཁད་ཀྱིས་གྱུར་ཏེ། རྒྱ་ཁྱིའི་ཆོམ་རྐུན་ལའང་རྒོལ་ལན་སྤྲོད་མི་ཐུབ་པའི་ཚད་དུ་གྱུར་མོད། སྟོང་ལོ་གསར་བ་ནས་བཟུང་གློ་བུར་དུ་གོ་རྟོགས་རྒྱས་པ་དང་བག་ཆགས་སད་པ་ལྟ་བུ་ཞིག་གིས་ས་བྱི་ཞི་རྒོལ་ཆེན་མོ་དང་།

དེ་ལས་མང་བ་། “བློ་བཟང་སེང་གེ་འདི་ལྟར་ལངས་སོང་།” »

རྩོམ་རིག

ྋགོང་ས་མཆོག་དང་། བོད་ཀྱི་ཡང་དག་པའི་མང་གཙོ།

Posted on 2011-08-11 By དབང་ཕྱུག་ 5 Comments on ྋགོང་ས་མཆོག་དང་། བོད་ཀྱི་ཡང་དག་པའི་མང་གཙོ།

༼བཀའ་ཁྲི་གསར་པའི་མཛད་སྒོ་ལ་ངོས་སུ་སོང་རྗེས་བྲིས།༽

ཚྭ་རུ་མ་ཐབས་མཁས་ཀྱིས།

༡༽ཡང་དག་མང་གཙོ་ྋརྒྱལ་བའི་ཕྱག་གིས་གནངས།།
ཚད་ལྡན་དག་ཐེར་ཟམ་གདོང་མཁས་པས་མཛད།།
ཁྲིམས་ལུགས་དབང་སྒྱུར་མང་གཙོའི་སྒྲིག་འཛུགས་ཤིག།
གངས་ཅན་བོད་ཀྱི་སྲིད་གཞུང་ཉིད་དུ་གྱུར།།

༢༽བོད་མི་རེ་ཡིས་རྒྱལ་གཅེས་རྒྱལ་དར་འཕྱར།།
སེང་དར་གྲུ་བཞིས་སྲིད་སྐྱོང་སེངྒེ་བཏེགས།།
སེངྒེས་སེངྒེ་བཏེགས་པའི་རྒྱལ་ཁ་ཞིག།
གངས་ཅན་ྋམགོན་པོས་འཛམ་བུ་གླིང་ལ་བསྒྲགས།།

དེ་ལས་མང་བ་། “ྋགོང་ས་མཆོག་དང་། བོད་ཀྱི་ཡང་དག་པའི་མང་གཙོ།” »

སྙན་ངག

འགན་འཁྲིས་བཟོས་པའི་ལམ།

Posted on 2011-08-11 By དབང་ཕྱུག་ 11 Comments on འགན་འཁྲིས་བཟོས་པའི་ལམ།

འབྲོག་རུ་ཆོས་གྲགས། དྷ་ས།

ལོ་དྲུག་གི་ཡར་སྔོན་སྟེ་ ༢༠༠༥ ལོའི་ཟླ་ ༦ པའི་ནང་ང་ཚོ་ཤར་གངས་པོ་བརྒྱུད་དེ་ལྟོགས་སྐོམ་དང་ཚ་སྡུག དངངས་འཚབ། སྐྱོ་སྡུག་སོགས་ཀྱིས་མནར་ནས་བལ་ཡུལ་སྣེ་ལེན་ཁང་དུ་འབྱོར། གནས་དེ་ནས་ཟླ་གཅིག་ལྷག་ཕྱིན་རྗེས་ང་ཚོ་ཆོལ་གསུམ་བོད་མི་བཅོ་ལྔ་ལྷག་གིས་དཔུང་བ་མཉམ་གཤིབ་དང་ནུས་པ་མཉམ་སྤུངས་ཀྱིས་<བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པ་>གསར་འཛུགས་བྱས་ཤིང་སྐབས་དེར་ང་ཚོར་ལས་ཁུངས་དང་དྲ་ཚིགས། དཔལ་འབྱོར་དང་མཐུན་རྐྱེན་སོགས་ཅི་ཡང་མེད་ཀྱང་ང་ཚོ་རང་མོས་ཀྱིས་ཡང་ཡང་འཛོམས་ཤིང་སྐད་ཡིག་སྲུང་སྐྱོབ་དང་དེའི་ཐབས་ལམ་སྐོར་ལ་ཡང་ཡང་བགྲོས།

དེ་ལས་མང་བ་། “འགན་འཁྲིས་བཟོས་པའི་ལམ།” »

སྣ་ཚོགས།

དུས་རབས་ཀྱི་དཀྱོགས་མཚམས་དང་བཀའ་ཁྲི་བློ་བཟང་སེང་གེ།

Posted on 2011-08-08 By དབང་ཕྱུག་ 6 Comments on དུས་རབས་ཀྱི་དཀྱོགས་མཚམས་དང་བཀའ་ཁྲི་བློ་བཟང་སེང་གེ།

ཐེ་བོ་དཀོན་མཆོག་ཤེས་རབ་ནས།

གངས་ཅན་མགོན་པོའི་ཐུགས་མཚོ་ལས།།
འཁྲུངས་པའི་མང་གཙོ་རིན་ཆེན་ནོར།།
གང་གི་ཕྱག་ཏུ་ཉེར་གཏད་པ།།
མང་གི་བཀའ་ཁྲི་རྒྱལ་གྱུར་ཅིག།།

བློ་གྲོས་བཟང་བོས་མང་གཙོ་སྐྱོང་།།
འཇིགས་མེད་སྟོབས་མངའ་སེང་ཆེན་ཁྱོད།།
ཐབས་ཇུས་ཡི་གེ་འབྲི་བཞིན་དུ།།
མང་གི་དགོངས་པ་འགྲུབ་གྱུར་ཅིག།།

དེ་ལས་མང་བ་། “དུས་རབས་ཀྱི་དཀྱོགས་མཚམས་དང་བཀའ་ཁྲི་བློ་བཟང་སེང་གེ།” »

སྙན་ངག

སུ་ཇ་བོད་ཁྱིམ་སློབ་གྲྭའི་དོན་རྐྱེན་སྐོར།

Posted on 2011-08-082011-08-10 By དབང་ཕྱུག་ 94 Comments on སུ་ཇ་བོད་ཁྱིམ་སློབ་གྲྭའི་དོན་རྐྱེན་སྐོར།

ཏྲེ་ཐུབ་བསྟན་གྱིས།

ཟླ་འདིའི་ཚེས་༠༥ཉིན་གྱི་དགོང་མོར་སུང་ཇ་བོད་ཁྱིམ་སློབ་གྲྭའི་ཁང་ཚན་རྒན་བདག་གཉིས་ཀྱིས་སློབ་མ་ཞིག་བརྡུང་ཏེ་རྐྱེན་ལམ་དུ་བཏང་ཡོད་པའི་སྐོར་སློབ་གྲྭ་དེ་གར་ཆེད་བཅར་གྱིས་གནས་ཚུལ་རྒྱུས་ལོན་བྱས་པའི་གོ་སྐབས་བྱུང་བས།གཤམ་ནས་དེའི་སྐོར་གྱི་གནས་ཚུལ་རགས་ཙམ་ངོ་སྤྲོད་ཞུས་ན།དེའང་གནས་ཚུལ་དེ་ལྷག་དགོས་པའི་རྒྱུ་མཚན་གཙོ་བོ་ནི་སློབ་གྲྭའི་སྒྲིག་སྲོལ་དང་འགལ་བའི་ཐ་མག་འཐེན་པའི་ཉེས་པ་ལ་བརྟེན་ནས་བྱུང་བ་ཡིན་ཞིང་།

དེ་ལས་མང་བ་། “སུ་ཇ་བོད་ཁྱིམ་སློབ་གྲྭའི་དོན་རྐྱེན་སྐོར།” »

གསར་འགྱུར།

ཕྱི་ ལོ་ ༢༠༡༡ ཟླ་ ༨ ཚེས་ ༨ ཉིན་བཏང་བའི་ཨ་མདོ་རྔ་པའི་གནས་ཚུལ་ཁག་ཅིག

Posted on 2011-08-08 By དབང་ཕྱུག་ 2 Comments on ཕྱི་ ལོ་ ༢༠༡༡ ཟླ་ ༨ ཚེས་ ༨ ཉིན་བཏང་བའི་ཨ་མདོ་རྔ་པའི་གནས་ཚུལ་ཁག་ཅིག

ཕྱི་ཟླ་ ༧ ཚེས་ ༢༨ ཉིན་ནས་རྔ་པ་ཀིརྟི་དགོན་པའི་ནང་འགྲོ་བཞིན་པའི་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་ གསོ་ཟེར་བའི་ལས་འགུལ་ཉིན་བཅུའི་རིང་མཚམས་འཇོག་བྱས་ཏེ་དགེ་འདུན་པ་རྣམས་ལ་ གུང་སེང་སྤྲད་འདུག་ཅིང་དེ་རྗེས་མུ་མཐུད་སློབ་གསོ་ཟེར་བའི་ལས་འགུལ་སྤེལ་ དགོས་ལུགས་བརྗོད་ཡོད་འདུག དགེ་འདུན་པ་རྣམས་ཀྱིས་དགོན་པའི་ཕྱི་ནང་གི་དམག་མི་དང་ཉེན་རྟོག་པ། དམིགས་བསལ་ཉེན་རྟོག་པ་བཅས་དང་།

དེ་ལས་མང་བ་། “ཕྱི་ ལོ་ ༢༠༡༡ ཟླ་ ༨ ཚེས་ ༨ ཉིན་བཏང་བའི་ཨ་མདོ་རྔ་པའི་གནས་ཚུལ་ཁག་ཅིག” »

གསར་འགྱུར།

མང་ཚོགས་ཀྱིས་འོས་འདེམས་བྱས་པའི་བཀའ་ཁྲི་སྐབས་གསུམ་པའི་ལས་ཁུར་འགོ་འཛུགས་ཀྱི་དམ་འབུལ་གཏམ་བཤད།

Posted on 2011-08-08 By དབང་ཕྱུག་ 78 Comments on མང་ཚོགས་ཀྱིས་འོས་འདེམས་བྱས་པའི་བཀའ་ཁྲི་སྐབས་གསུམ་པའི་ལས་ཁུར་འགོ་འཛུགས་ཀྱི་དམ་འབུལ་གཏམ་བཤད།

༄༅། །དེ་རིང་འདིར་ཆིབས་སྒྱུར་བསྐྱངས་པའི། ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཇིག་རྟེན་ཞི་བདེའི་དེད་དཔོན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད། ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། ཕྱི་ནང་སྐུ་མགྲོན་རྣམ་པ། ཁྲིམས་ཞིབ་པ་ཆེ་བས་དབུས་པའི་ཁྲིམས་ཞིབ་པ་རྣམ་པ། དཔལ་ལྡན་ཚོགས་གཙོ་བགྲེས་གཞོན་གྱིས་དབུས་པའི་བོད་མི་མང་སྤྱི་འཐུས་རྣམ་པ། བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེས་དབུས་པའི་བཀའ་བློན་རྣམ་པ། རང་དབང་ལྡན་པའི་ལས་ཁུངས་ཁག་གི་འགན་འཛིན་དང༌། དྲུང་ཆེ་ཆུང་གིས་དབུས་པའི་གཞུང་ཞབས་རྣམ་པ། དབུས་སའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འཐུས་མི་དང༌། མཛའ་བརྩེའི་སློབ་ཕྲུག་དང་མི་མང་རྣམ་པ།
དེ་རིང་བོད་གངས་ཅན་གྱི་ལྗོངས་སུ་དམ་པའི་ལྷ་ཆོས་ཀྱི་སྣང་བ་སྤེལ་མཁན་རྒྱ་གར་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སྐུ་འཁྲུངས་པའི་དུས་ཚིགས་ཁྱད་པར་ཅན་འདིར། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་དང༌། བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས། ཕྲན་གྱིས་གུས་པ་ཆེན་པོས་བཀའ་བློན་ཁྲི་པའི་ལས་འཁུར་དང་ལེན་ཞུ་རྒྱུ་ཡིན།

དེ་ལས་མང་བ་། “མང་ཚོགས་ཀྱིས་འོས་འདེམས་བྱས་པའི་བཀའ་ཁྲི་སྐབས་གསུམ་པའི་ལས་ཁུར་འགོ་འཛུགས་ཀྱི་དམ་འབུལ་གཏམ་བཤད།” »

གསར་འགྱུར།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྭང་བླང་དཔྱ་དངུལ་ཕྱག་དེབ་དགྱེས་བཞེས་མཛད་པ།

Posted on 2011-08-06 By དབང་ཕྱུག་ 10 Comments on ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྭང་བླང་དཔྱ་དངུལ་ཕྱག་དེབ་དགྱེས་བཞེས་མཛད་པ།

dsc_0051a

༄ ༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འདི་ལོ་ཕྱི་ཟླ་ ༥ ཚེས་ ༢༩ ཉིན་བཅའ་ཁྲིམས་བསྐྱར་བཅོས་ལ་ཆོག་མཆན་སྩལ་བ་ནས་བཟུང་བོད་ཀྱི་ཆབ་སྲིད་ཀྱི་སྐུ་དབང་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་མཛད་གྲུབ་འཕྲལ་བཙན་བྱོལ་བོད་མིའི་དྭང་བླང་དཔྱ་དངུལ་ཕྱག་དེབ་བཞེས་གནང་མཛད་རྒྱུའི་དགོངས་བཞེས་བྱུང་བ་ ལྟར། དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་མཆོག་དང་དཔལ་འབྱོར་བཀའ་བློན་རྣམ་གཉིས་༸རྒྱལ་བའི་ཕོ་བྲང་དུ་ཆེད་བཅར་གྱིས་དྭང་བླང་དཔྱ་དངུལ་ཕྱག་དེབ་ དངོས་སུ་འབུལ་ལམ་ཞུས་ཡོད།

དེ་ལས་མང་བ་། “༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྭང་བླང་དཔྱ་དངུལ་ཕྱག་དེབ་དགྱེས་བཞེས་མཛད་པ།” »

གསར་འགྱུར།

བླ་ན་མེད་པའི་ཨང་ཀི་8

Posted on 2011-08-062011-08-06 By དབང་ཕྱུག་ 35 Comments on བླ་ན་མེད་པའི་ཨང་ཀི་8

བོན་རྒྱ་བསྟན་འཛིན་རབ་རྒྱས།

ད་ལྟའི་གནས་སྐབས་ནི་ཨང་ཀི་བརྒྱད་ཀྱི་མཚོན་དོན་ལ་རྩོད་པ་ངར་ཤུགས་ཀྱིས་འགྲོ་བའི་སྐབས་ཤིག་རེད། ཡིན་ནའང་། ཡིད་སྐྱོ་བ་ཞིག་ལ། ཨང་ཀི་བརྒྱད་ཀྱི་ཕྱི་ནང་མཚོན་ཐབས་ཡོངས་སུ་ཤེས་པ་དག་ནི་རྩོད་ར་འདིར་ཞུགས་ཀི་མེད་པ་མ་ཟད། རྣམ་རྟོག་གིས་ཟས་ཤིང་རྨོངས་པ་དག་གིས་དོན་མེད་ལ་ཆོ་ངེ་སྒྲོགས་པའི་སྐབས་ཤིག་རེད། ཡིན་ནའང་། སྐབས་འདིར་འགྲེལ་བརྗོད་སྟབས་བདེ་ཞིག་རྒྱུ་མཚན་ལྡན་པའི་སྒོ་ནས་བཤད་འདོད་བྱུང་སོང་བས་དེ་ལྟར་བཤད་རྒྱུ་ཡིན།

དེ་ལས་མང་བ་། “བླ་ན་མེད་པའི་ཨང་ཀི་8” »

རྩོམ་རིག

གངས་ལྗོངས་མཁས་པའི་ལྷན་ཚོགས་ཐེངས་བརྒྱད་པ་རྫ་ཆུ་ཁའི་རྫ་དྲེལ་དཀར་དགོན་དུ་ཟབ་རྒྱས་ངང་འཚོགས་བཞིན་པ།

Posted on 2011-08-052011-08-05 By དབང་ཕྱུག་ 43 Comments on གངས་ལྗོངས་མཁས་པའི་ལྷན་ཚོགས་ཐེངས་བརྒྱད་པ་རྫ་ཆུ་ཁའི་རྫ་དྲེལ་དཀར་དགོན་དུ་ཟབ་རྒྱས་ངང་འཚོགས་བཞིན་པ།

e59088e5bdb13

གནས་ཚུལ་མཁོ་སྤྲོད་པ་རྫ་ཚེ་རིང་བཀྲ་ཤིས།

འདི་ ལོའི་གངས་ལྗོངས་མཁས་པའི་ལྷན་ཚོགས་ཐེངས་བརྒྱད་པ་དེ་རྫ་དྲེལ་དཀར་དགོན་གྱི་ སྤྲུལ་སྐུ་ཚེ་རིང་ནས་གཙོ་བོའི་སྦྱིན་བདག་དང་། དྲེལ་དཀར་སྡེ་དགོན་སྤྱི་དང་ཁྱད་དྲེལ་དཀར་བཤད་གྲྭའི་མཁན་སློབ་ཐུན་མོང་ནས་གྲ་ སྒྲིག་གི་འགན་འཁུར་གནང་ཐོག་གངས་ལྗོངས་མཁས་པའི་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་ པས་གཙོ་བོའི་གཟིགས་སྐྱོང་བཅས་ཀྱི་འོག ཟབ་རྒྱས་ངང་རྫ་ཆུ་ཁའི་རྫ་དྲེལ་དཀར་དགོན་དུ་འཚོགས།

དེ་ལས་མང་བ་། “གངས་ལྗོངས་མཁས་པའི་ལྷན་ཚོགས་ཐེངས་བརྒྱད་པ་རྫ་ཆུ་ཁའི་རྫ་དྲེལ་དཀར་དགོན་དུ་ཟབ་རྒྱས་ངང་འཚོགས་བཞིན་པ།” »

གསར་འགྱུར།

བློ་སེང་གིས་འགྲུབ་སྲིད་པའི་ལས་རིགས།

Posted on 2011-08-04 By དབང་ཕྱུག་ 1 Comment on བློ་སེང་གིས་འགྲུབ་སྲིད་པའི་ལས་རིགས།

སྐྱོ་བྲག་དགའ་དབང་།

ད་ལོའི་བཀའ་བློན་ཁྲི་པ་དེ། གོང་ས་སྐྱབས་མགོན་ཆེན་པོས་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་གཅམ་འཇོག་གནང་བ་ དང་། དགའ་ལྡན་ཕོ་བྲང་བོད་གཞུང་གི་ལོགས་སུ་བྱས་པ་ལ་བརྟེན་ནས། འཛམ་གླིང་ཐོག་སྔར་དང་མ་འདྲ་བའི་གླེང་སློང་བྱུང་ཡོད། ཐ་མའི་བཀའ་ཁྲིའི་འགྲན་རྩོད་ཁྲོད་མི་གསུམ་བྱུང་བ་བོད་མི་འདུས་སྡོད་རྣམས་སུ་ ཕེབས་ནས་གཏམ་བཤད་སྤེལ་བ་ན། ད་ལོའི་བཀའ་ཁྲི་སྔར་དང་མི་འདྲ་བའི་གལ་ཆེན་ཡིན་པ་རྒྱུ་མཚན་དུ་བཀོད་ནས། སོ་སོའི་གཙོར་འདོན་བྱ་ས་ནི།

དེ་ལས་མང་བ་། “བློ་སེང་གིས་འགྲུབ་སྲིད་པའི་ལས་རིགས།” »

སྣ་ཚོགས།

སྐྱིད་ཆུ་སྔོན་མོ་ལགས།

Posted on 2011-08-04 By དབང་ཕྱུག་ 3 Comments on སྐྱིད་ཆུ་སྔོན་མོ་ལགས།

2622201282721

བསམ་གླིང་ཚེ་རིང་ལྷ་མོ།

ཤང་ཤང་དུ་རྒྱུགས་པའི་སྐྱིད་ཆུ་སྔོན་མོ་ལགས། ཉིན་དང་མཚན། ཟླ་བ་དང་ལོ་བར་མཚམས་མ་ཆད་པར་རྒྱུ་བ་ནི་སྐྱིད་ཆུ་ཁྱེད་རང་གི་གཤིས་བརྒྱུད་སྣུམ་པོ་དེ་ཡིན། སྔོན་སྲིད་པ་ཆགས་པ་ནས་བཟུང། ཁྱེད་ལ་དར་རྒུད་མེད་པར་ལོ་ངོ་ཁྲི་ཕྲག་མང་པོ་བཞུར་མྱོང་བ་རེད་ཨང་། སྐབས་དེ་དུས་ཁྱེད་ཉིད་ཁུ་སིམ་མེར་བཞུར་བ་ནི་ཁེར་རྐྱང་གི་གཏམ་རྒྱུད་ཅིག་ཁོ་ནའོ།

དེ་ལས་མང་བ་། “སྐྱིད་ཆུ་སྔོན་མོ་ལགས།” »

སྣ་ཚོགས།

གྲྭ་པས་ཆུང་མ་བླངས་ཆོག་གམ།

Posted on 2011-08-04 By དབང་ཕྱུག་ 28 Comments on གྲྭ་པས་ཆུང་མ་བླངས་ཆོག་གམ།

220451536642

ལྷོ་ཕྱོགས་ཉི་ཟླ།

ཉེ་ལམ། བོད་མིའི་རིག་གནས་དྲ་བའི་ཟིན་བྲིས་སུ་རྒྱལ་ཁུངས་ཁ་ན་ཏར་འཚོ་གཞིས་གནང་གིན་པའི་བོད་པ་ཞིག་གིས་༼གྲྭ་བའི་ཆུང་མ་བླངས་ན་དམྱལ་བར་ལྷུང་སྲིད་དམ། རྒྱུ་མཚན་ཅི༽ཞེས་པའི་ཟིན་བྲིས་ཤིག་སྤེལ་འདུག་ལ། ཟིན་བྲིས་དེ་གར་ཁོ་དང་ཁོའི་དྲ་གྲོགས་མང་པོ་ཞིག་གི་ལབ་གླེང་སྐོར་ཕབ་བཤུ་བྱས་ནས་ཡོད་པ་རེད།

དེ་ལས་མང་བ་། “གྲྭ་པས་ཆུང་མ་བླངས་ཆོག་གམ།” »

སྣ་ཚོགས།

མཁན་པོ་ཨ་ཁྱིག་སང་སྐུ་གཤེགས་པའི་སྐོར་གྱི་གནས་འཕྲིན་ཁ་གསལ་ཁུངས་དག་ཅིག

Posted on 2011-08-04 By དབང་ཕྱུག་ 6 Comments on མཁན་པོ་ཨ་ཁྱིག་སང་སྐུ་གཤེགས་པའི་སྐོར་གྱི་གནས་འཕྲིན་ཁ་གསལ་ཁུངས་དག་ཅིག

22222222222
རྫ་ཚེ་རིང་བཀྲ་ཤིས།

མཁན་པོ་ཨ་ཁྱིག་གམ་གྲུབ་དབང་ལུང་རྟོགས་རྒྱལ་མཚན་ཞེས་དེང་གི་དུས་འདིར་རྫོགས་པ་ཆེན་པོའི་སྒྲུབ་པའི་བསྟན་པ་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བ་ཁོང་། འདི་ལོ་བོད་ཟླ་གསུམ་པའི་ཚེས་༡༧ནས་སྙུང་ཚུལ་བསྟན། འཛམ་གླིང་སྤྱི་དང་ཁྱད་པར་རྒྱ་བོད་ཀྱི་སློབ་མ་རྣམས་ཀྱིས་ཞབས་བརྟན་མཐའ་ཡས་པ་སྒྲུབ། ཟླ་ བ་བཞི་པའི་ནང་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་སོགས་ཕྱོགས་ཀྱི་སྐྱེས་ཆེན་མང་པོ་ ཆེད་ཕེབས་ཀྱིས་བཞུགས་ཞུས་མཛད་པར་རེ་ཞིག་བཞུགས་རྒྱུའི་ཞལ་བཞེས་ཙམ་མཛད་དེ་ གནས་སྐབས་སྐུ་ཁམས་ཡར་དྭངས་ཀྱི་རྣམ་པ་ཙམ་མངོན་མོད། མཐར་བོད་ཟླ༥པའི་ཚེས་༢༢དགུང་མོ་ཆུ་ཚོད་༢་དང་སྐར་མ་༤༠སྟེང་དགོངས་པ་ཆོས་དབྱིངས་སུ་གཤེགས།

དེ་ལས་མང་བ་། “མཁན་པོ་ཨ་ཁྱིག་སང་སྐུ་གཤེགས་པའི་སྐོར་གྱི་གནས་འཕྲིན་ཁ་གསལ་ཁུངས་དག་ཅིག” »

གསར་འགྱུར།

བློ་གྲོས་རྒྱལ་པོའི་རྣམ་དཔྱོད་ལ་ལྟ་བ་སྲིན་བུ་མེ་ཡི་རང་འོད།

Posted on 2011-08-02 By དབང་ཕྱུག་ 5 Comments on བློ་གྲོས་རྒྱལ་པོའི་རྣམ་དཔྱོད་ལ་ལྟ་བ་སྲིན་བུ་མེ་ཡི་རང་འོད།

དོལ་སྨྱོན།

ལྷོ་སྤྲིན་བུ་མོའི་འགྲོས་དང་བསྟུན་ཏེ་ཟིམ་ཟིམ་སྦྲང་ཆར་འཇོ་བའི་ཀློང་། །
སྣ་ལྔའི་མཚོན་མདངས་མངོན་པར་བཀྲ་བ་དབང་པོའི་གཞུ་ཡི་གཟི་འོད་ནང་། །
སྡེར་ཆགས་རྒྱལ་པོ་འགྱིང་བའི་ཁྲི་ལ་བཞེངས་སྟབས་ཚུལ་དུ་དགྱེས་བཞུགས་པའི། །
དུས་གསུམ་རྒྱལ་བའི་མཁྱེན་རབ་གཅིག་འདུས་ཟུར་ཕུད་ལྔ་པས་བདག་བློ་སྐྱོངས། །

ཁྱོད་ཐུགས་ལྷ་ལམ་ཡངས་པའི་དབྱིངས་ན་རྣམ་དཔྱོད་ཆུ་འཛིན་ལང་ལིང་འཁྲིགས། །
ལེགས་བཤད་གཏམ་གྱི་གད་རྒྱངས་རབ་སྒྲོག་མན་ངག་སྦྲང་ཆར་ཡོངས་གཏོར་བས། །
སྐལ་ལྡན་བློ་ཡི་པད་ཚལ་འབྱེད་ལ་འགྲན་གྱི་ཟླ་མེད་ཟུར་མཁར་བ། །
བློ་གྲོས་རྒྱལ་པོའི་རྣམ་དཔྱོད་རྩལ་ལ་བདག་བློ་དང་བའི་སྤུ་ལོང་གཡོ། །

དེ་ལས་མང་བ་། “བློ་གྲོས་རྒྱལ་པོའི་རྣམ་དཔྱོད་ལ་ལྟ་བ་སྲིན་བུ་མེ་ཡི་རང་འོད།” »

སྙན་ངག

སུམ་རྟགས་ཐོན་མིས་བརྩམས་པ་ཨེ་བདེན་ནམ།

Posted on 2011-08-01 By དབང་ཕྱུག་ 25 Comments on སུམ་རྟགས་ཐོན་མིས་བརྩམས་པ་ཨེ་བདེན་ནམ།

ལྷོ་ཕྱོགས་ཉི་ཟླ།

གངས་ཅན་བོད་ཀྱི་སྨྲ་མཁས་སམ་བྷོ་ཊ།།
རྣམ་དཔྱོད་རིག་པའི་དཔའ་བོ་ཨ་ནུའི་སྲས།།
ཁྱེད་ཀྱི་སྙན་པའི་གྲགས་པ་ས་གསུམ་ཁྱབ།།
སྒོ་གསུམ་གུས་བས་ཐོན་མིར་ཡང་ཡང་འདུད།།

རྒྱ་གར་ཡུལ་དུ་རིག་པའི་ཁུ་བྱུག་གྲགས།།
དབྱངས་གསལ་སོ་བཞི་གསར་གཏོད་མཛད་པ་པོ།།
བོད་ཀྱི་ལོ་ཙཱ་ཐོག་མར་ཁོ་ནར་བྱོན།།
སུམ་རྟགས་ཐོན་མིས་བརྩམས་པ་བློ་མ་བདེ།།

དེ་ལས་མང་བ་། “སུམ་རྟགས་ཐོན་མིས་བརྩམས་པ་ཨེ་བདེན་ནམ།” »

སྙན་ངག

Posts pagination

Previous 1 … 8 9 10 … 50 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (60)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (47)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (33)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme