སྤོབས་པ་མཐའ་ཡས།
ནང་པ་སངས་རྒྱས་པའི་སྟོན་པ་རྒྱལ་བ་ཤཀྱཱ་ཐུབ་པ་ནི་དཔའ་བོའི་རིགས་རྒྱུད་དུ་འཁྲུངས་ཤིང་རབ་ཏུ་མ་བྱུང་གོང་དམག་གི་དྲག་རྩལ་སྣ་ཚོགས་ལ་སྦྱངས་མྱོང་། དེར་བརྟེན་ཁོང་གིས་བརྒྱུད་པའི་ཉམས་ལེན་གྱི་བཞུད་ལམ་ནང་དུ་ཡང་ཕྱིའི་དྲག་པོ་དམག་འཐབ་དེ་ཉིད་ནང་རང་རྒྱུད་ཀྱི་ཉོན་མོངས་པ་འདུལ་ཐབས་ལ་སྦྱར་དེ་ཉམས་ལེན་གནང་ཚུལ་ཡོད། དེར་བརྟེན་ཁོང་གིས་བསྟན་པ་དམ་པའི་ཆོས་ཀྱི་ནང་ལ་ཡང་ཉམས་ལེན་གྱི་རིམ་པ་མང་པོ་ཞིག་དྲག་པོ་དམག་འཐབ་དང་དཔེ་སྦྱར་བ་དང་དཔའ་བོ་དང་རྡར་མའི་ཆོས་མཚུངས་སྦྱར་བ་སོགས་ལ་བརྟེན་ནས་དྲག་པོ་དམག་གི་ཐ་སྙད་མང་པོ་ཞིག་ཀྱང་ཆོས་ཀྱི་སློབ་སྟོན་སྐབས་སུ་བེད་སྤྱོད་གནང་ཡོད། དཔེར་ན་བདུད་བཏུལ་བའི་མཛད་པ། དགྲ་བཅོམ་པ་དང་། དགྲ་ལས་རྒྱལ་བ་ལྟ་བུ་ཧ་ཅང་མང་། བསྟན་བཅོས་ལས་ཀྱང་བྱང་ཆུབ་སྤྱོད་འཇུག་གི་སྐབས་སུ་ཉོན་མོང་པ་དེ་དགྲ་དང་བྱང་ཆུབ་ཀྱི་སེམས་དེ་དཔའ་བོའི་དཔེ་རུ་སྦྱར་ནས་གསུངས་པ་ལྟ་བུ་ཧ་ཅང་མང་།
དེ་ལས་མང་བ་། “དཔའ་བོའི་ཆོས་ལུགས། ནང་པ་དང་ཁ་ཆེའི་རིགས་ལྡན་ལྕགས་འཁོར་ཅན་་དང་ཇི་ཧཏི།” »
སྐད་གྲགས་ཅན་གྱི་རྔ་བ་ཀིརྟི་དགོན་པའི་བཙུན་པ་རྒན་གཞོན་སུམ་བརྒྱ་ཙམ་ཞིག་རྒྱ་ནག་གི་རྒྱལ་གཅེས་སློབ་གསོའི་ལས་འགུལ་གྱི་མིང་ཐོག་ཏུ་བཙན་འགོག་བྱས་ཡོད། དེ་ཡང་ཁོང་ཚོ་ཨལ་ཁ་རྡའི་རྗེས་འབྲངས་བ་མ་རེད། འཇིགས་སྐུལ་རིང་ལུགས་པའི་ཤོག་ཁག་མ་རེད། སྤྱིར་བཏང་གི་དམར་གསོད་ཇག་བཅོམ་སོགས་ཀྱི་ཁྲིམས་འགལ་བ་མ་རེད། ཁོང་རྣམ་པ་ནི་ཆོས་པ་དང་རང་གི་རྩ་བའི་བླ་མ་༧གོང་ས་ཏཱ་ལའི་བླ་མ་ལ་དད་པ་བརྟན་པོ་ཞིག་ཡོད་པ་ཤ་སྟག་རེད།

