Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ན་གཞོན་ཤེས་ཡོན་པའི་ཚོགས་ཆེན་ཐེངས་དང་པོ་མཇུག་སྒྲིལ་བ།

Posted on 2012-11-202012-11-20 By ཤར་ཕྱོགས་ཁུག་རྟ། 17 Comments on ན་གཞོན་ཤེས་ཡོན་པའི་ཚོགས་ཆེན་ཐེངས་དང་པོ་མཇུག་སྒྲིལ་བ།

འབྲི་མཁན་བློ་བསྟན།

༄༅།། ༢༠༡༢། ༡༡། ༡༧། དང ༡༨ ཉིན་གཉིས་རིང་ན་གཞོན་ཤེས་ཡོན་པའི་ཚོགས་ཆེན་ཐེངས་དང་པོ་བཞུགས་སྒར་རྡ་རམ་ས་ལར་སྐོང་འཚོགས་གནང་སྟེ། ཕྱི་ལོ ༢༠༠༩ ནས་བྱུང་བའི་གཞིས་ལུས་བོད་མིའི་རང་ལུས་མེར་སྲེག་གི་ལས་འགུལ་ཐད་བགྲོ་གླེང་གཟབ་རྒྱས་གནང་ཡོད། ༼ རང་ལུས་མེར་སྲེག་གི་རྒྱབ་མདུན་ལ་བལྟ་བ་༽ཞེས་པའི་བརྗོད་གཞིའི་སྟེང་ཉིན་གཉིས་ཧྲིལ་བོར་ཁྱོན་ཡོངས་ནས་བགྲོ་གླེང་བྱས་པ་དང། དེ་ཡང་གཞིས་ལུས་བོད་མི་ཚོས་རང་སྲེག་གནང་དགོས་པའི་རྒྱུ་མཚན་དང། རང་སྲེག་ལས་འགུལ་གྱི་ངོ་བོ་ངོས་འཛིན། རང་སྲེག་ལས་འགུལ་ལ་རྒྱལ་སྤྱིའི་སྟེང་ནུས་ལྡན་རྒྱབ་སྐྱོར་མ་ཐོབ་པའི་རྒྱུ་མཚན་དང་དེ་འཐོབ་ཐབས།

དེ་ལས་མང་བ་། “ན་གཞོན་ཤེས་ཡོན་པའི་ཚོགས་ཆེན་ཐེངས་དང་པོ་མཇུག་སྒྲིལ་བ།” »

གསར་འགྱུར།

ན་གཞོན་ཤེས་ཡོན་པའི་ཚོགས་ཆེན་ཐེངས་དང་པོ།

Posted on 2012-11-172012-11-17 By ཤར་ཕྱོགས་ཁུག་རྟ། 22 Comments on ན་གཞོན་ཤེས་ཡོན་པའི་ཚོགས་ཆེན་ཐེངས་དང་པོ།

གནས་ཚུལ་མཁོ་གཏོང་བ། ཨ་རིག་འགྱུར་མེད།
ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༡༡ ཚེས་ ༡༧ ཉིན་རེས་གཟའ་སྤེན་པ།
དེ་རིང་ཞོགས་པའི་ཆུ་ཚོད་དགུ་བའི་སྟེང་ངྷ་ས་བོད་ཀྱི་གསོལ་མགྲོན་ཁང་གི་ཚོགས་ཁང་ནང་ “ན་གཞོན་ཤེས་ཡོན་པའི་ཚོགས་ཆེན་ཐེངས་དང་པོ་” བསྐོང་ཚོགས་བྱས་པ་དང་། ཚོགས་འདུའི་སྟེང་བཞུགས་སྒར་ངྷ་ས་ཁུལ་གྱི་ན་གཞོན་ཤེས་ཡོན་པ་ཁག་ཅིག་འདུ་འཛོམས་གནང་སྟེ། ད་ལྟའི་བོད་ནང་གི་ “རང་ལུས་མེར་སྲེག་གི་རྒྱབ་མདུན་ལ་ལྟ་བ་” ཞེས་པའི་བརྗོད་གཞི་དཀྱིལ་སྙིང་དུ་བཟུང་སྟེ་བགྲོ་གླེང་གནང་རྒྱུ་ཡིན་འདུག

དེ་ལས་མང་བ་། “ན་གཞོན་ཤེས་ཡོན་པའི་ཚོགས་ཆེན་ཐེངས་དང་པོ།” »

གསར་འགྱུར།

དྲག་སྤྱོད་སྦྱར་ཡིག་འདིས་བོད་རིགས་མི་མང་མཐོང་ཆུང་བྱས་འདུག

Posted on 2012-11-152012-11-15 By ཤར་ཕྱོགས་ཁུག་རྟ། 2 Comments on དྲག་སྤྱོད་སྦྱར་ཡིག་འདིས་བོད་རིགས་མི་མང་མཐོང་ཆུང་བྱས་འདུག

ཤར་ཕྱོགས་ཁུག་རྟ།

༄༅།། ཕྱི་ལོ ༢༠༠༩ ནས་ད་བར་བོད་མི་ ༧༢ རང་སྲེག་བཏང་སྟེ་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་མཁྲེགས་འཛིན་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་བོད་མི་ཚོས་ཡང་ཡང་གསལ་བཏོན་གནང་བ་ལྟར། རྒྱ་ནག་གིས་ཐུན་རིན་རྫོང་བློན་ཆོས་ཞང་ཏང་ཨུ་ཟེར་བ་ནས་སྤེལ་བའི་དྲག་སྤྱོད་ཡིག་ཆ་དོན་ཚན་བདུན་འཁོད་པའི་ནང་བོད་མི་ཚོར་ཐ་ན་རང་གི་རྩ་བའི་བླ་མའི་སྐུ་པར་ཙམ་ཡང་ཉར་དབང་མེད་པ་གསལ་སྟོན་བྱས་འདུག

དེ་ལས་མང་བ་། “དྲག་སྤྱོད་སྦྱར་ཡིག་འདིས་བོད་རིགས་མི་མང་མཐོང་ཆུང་བྱས་འདུག” »

དཔྱད་རྩོམ།

ཏིང་འཛིན་སྒྲོལ་མས་མེར་སྲེག་བཏང་འདུག

Posted on 2012-11-152012-11-16 By ཤར་ཕྱོགས་ཁུག་རྟ། 2 Comments on ཏིང་འཛིན་སྒྲོལ་མས་མེར་སྲེག་བཏང་འདུག

 

བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། དེ་རིང་བོད་ནང་གི་ཉིན་གུང་ཙམ་ལ་མདོ་སྨད་རེབ་གོང་བཙན་མོ་མགོ་དགེ་སྡེ་བའི་རང་ལོ་ ༢༣ ཡིན་པའི་ཏིང་འཛིན་སྒྲོལ་མ་ལགས་ཀྱིས། སྡེ་བའི་འདུ་ཁང་གི་ཆོས་རྭའི་ནང་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་ལ་ངོ་རྒོལ་བྱས་ཡོད་འདུག ཏིང་འཛིན་སྒྲོ་ལ་མ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་པ་དུས་ཐོག་སྡེ་མི་རྣམས་ཀྱིས་ཤེས་རྟོགས་མ་བྱུང་བས་ས་གནས་རང་དུ་སྐུ་གཤེགས་འདུག ཏིང་འཛིན་སྒྲོལ་མའི་ཨ་ཕའི་མིང་ལ་བུ་ལོ་ཟེར་ཞིང་ལོ་ ༥༠ སྡེ་བ་དེའི་གླུ་བ་སྐད་གྲགས་ཅན་ཞིག་རེད། ཨ་མའི་མིང་ལ་བཀྲ་ཤིས་སྒྲོལ་མ་ཟེར་ཞིང་ལོ ༤༡ །

དེ་ལས་མང་བ་། “ཏིང་འཛིན་སྒྲོལ་མས་མེར་སྲེག་བཏང་འདུག” »

གསར་འགྱུར།

ན་གཞོན་ཤེས་ཡོན་པའི་ཚོགས་ཆེན་གྱི་གསལ་བསྒྲགས།

Posted on 2012-11-132012-11-13 By ཤར་ཕྱོགས་ཁུག་རྟ། 17 Comments on ན་གཞོན་ཤེས་ཡོན་པའི་ཚོགས་ཆེན་གྱི་གསལ་བསྒྲགས།

༄༅།། ཚོགས་ལ་ཉེ་བའི་ན་གཞོན་ཤེས་ཡོན་པའི་ཚོགས་ཆེན་ནང་ཞུགས་འདོད་ཡོད་མཁན་རྣམས་ཀྱི་ཞུ་སྙན་ལེན་མཚམས་དེ་རིང་ཕྱི་ཚེས ༡༤ ནས་གསལ་བསྒྲགས་སྔོན་སོང་ལྟར་བཞག་ཡོད་པ་དང། ཚོགས་ཞུགས་པ་རྣམས་ལ་ཚོགས་ཆེན་དང་པོའི་བརྗོད་གཞི་དང་འབྲེལ་བའི་དཔྱད་ཡིག སྤྱི་ལོ ༢༠༠༩ ནས་ད་བར་རྒྱལ་སྤྱིའི་སྟེང་གཞུང་སྒེར་སྡེ་ཚན་ཁག་འདྲ་མིན་ནས་སྤེལ་བའི་རང་སྲེག་ཐད་ཀྱི་བསྒྲགས་གཏམ་སོགས་དང། དེ་བཞིན་དབུས་བཀའ་སྤྱི་གཉིས་ཀྱིས་སྤེལ་བའི་གསལ་བསྒྲགས་བཅས་ཕྱོགས་སྡེབས་འགྲེམས་འཆར་ཡིན་ན། ཚོགས་ཞུགས་པ་སྒེར་བར་རང་སྲེག་ཐད་མཁོ་སྒྲུབ་ཟིན་པའི་ཕྱི་ནང་གི་ཡིག་ཆ་དང།

དེ་ལས་མང་བ་། “ན་གཞོན་ཤེས་ཡོན་པའི་ཚོགས་ཆེན་གྱི་གསལ་བསྒྲགས།” »

གསལ་བསྒྲགས།

ཕྱི་ཚེས ༡༢ ཉིན་མདོ་སྨད་རེབ་གོང་ནས་རང་སྲེག་བཏང་བའི་སྙིང་དཀར་བཀྲ་ཤིས་ལགས་ཀྱི་ཞལ་ཆེམས་ཕྱག་བསྟར་མ།

Posted on 2012-11-132012-11-13 By ཤར་ཕྱོགས་ཁུག་རྟ། 5 Comments on ཕྱི་ཚེས ༡༢ ཉིན་མདོ་སྨད་རེབ་གོང་ནས་རང་སྲེག་བཏང་བའི་སྙིང་དཀར་བཀྲ་ཤིས་ལགས་ཀྱི་ཞལ་ཆེམས་ཕྱག་བསྟར་མ།

 རྒྱལ་བ་པཎ་ཆེན་རྣམ་གཉིས་གཙོར་མཛད་པའི་བོད་མི་ས་ཡ་དྲུག་ལ། བོད་རང་དབང་དགོས། བོད་རང་བཙན་དགོས། བོད་ཡིག་སློབ་རྒྱུའི་རང་དབང་དགོས། ཕ་སྐད་བཤད་རྒྱུའི་རང་དབང་དགོས། པཎ་ཆེན་རིན་པོ་ཆེ་བཙོན་གྲོལ་བྱེད་དགོས། རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་ཕེབས་སུ་འཇུག་དགོས། རང་ལུས་མེར་བསྲེགས་བྱས་ནས་རྒྱ་གཞུང་ལ་ངོ་རྒོལ་བྱེད་པ་ཡིན། ཕ་བཀྲ་ཤིས་རྣམ་རྒྱལ་གཙོར་མཛད་པའི་བཟའ་མི་ཡོངས་ཀྱིས་སེམས་ཁུར་དང་སྡུག་བསྔལ་བྱེད་མི་དགོས། དཀར་པོ་ཆོས་ལ་དད་རྒྱུ། དགེ་བའི་ལམ་ལ་ཞུགས་རྒྱུ་མཁྱེན། བདག་གི་རེ་བ་ནི། བོད་མི་ས་ཡ་དྲུག་གིས་བོད་ཡིག་སློབ་རྒྱུ། ཕ་སྐད་བཤད་རྒྱུ། བོད་ལྭ་གོན་པ།…

དེ་ལས་མང་བ་། “ཕྱི་ཚེས ༡༢ ཉིན་མདོ་སྨད་རེབ་གོང་ནས་རང་སྲེག་བཏང་བའི་སྙིང་དཀར་བཀྲ་ཤིས་ལགས་ཀྱི་ཞལ་ཆེམས་ཕྱག་བསྟར་མ།” »

གསར་འགྱུར།

རང་སྲེག་མ་གཏོང་། ཞི་རྒོལ་སྡེབས་ཀྱིས་ལོངས་ཤོག

Posted on 2012-11-092012-11-09 By ཤར་ཕྱོགས་ཁུག་རྟ། 77 Comments on རང་སྲེག་མ་གཏོང་། ཞི་རྒོལ་སྡེབས་ཀྱིས་ལོངས་ཤོག

ཤར་ཕྱོགས་ཁུག་རྟ།

རྒྱ་ནག་གི་རྩ་ཁྲིམས་ལག་ཏུ་བཟུང་ནས་སྲིད་སྐྱོང་མཆོག་གིས་འབོད་སྐུལ་བྱ་རོགས།

༄༅།། བོད་ནང་གི་གནས་སྟངས་ཛ་དྲག་ཏུ་འགྲོ་སྐབས་བཙན་བྱོལ་བོད་མི་མི་ཉུང་བ་ཞིག་གིས་བོད་ནང་གི་བོད་མི་ཚོ་རྒྱལ་ཁབ་ཀྱི་དབུ་ཁྲིད་དང། བོད་མིའི་འཐབ་རྩོད་ཀྱི་སྣེ་ཁྲིད་པ་ལྟ་བུར་བསྒྲགས་ཏེ། ཁོང་ཚོས་ལས་འགུལ་སྤེལ་ཕྱོགས་ལ་བལྟས་ནས་མ་གཏོགས་བཙན་བྱོལ་ནང་འཆར་གཞི་གང་ཡང་མེད་ཚུལ་ཆེན་པོ་རྫིག་པོ་དག་གིས་ཀྱང་གསུངས་ཚར་བ་རེད། དེ་དང་མཉམ་དུ་བོད་ནང་གི་རང་སྲེག་ལ་ཅི་གང་ལབ་རྒྱུའི་ཐོབ་ཐང་མེད་ཅེས་བཤད་མགོ་བཙུགས་པ་དང་མཉམ་ཅལ་འདྲོགས་པ་ཁ་ཤས་འུར་ལ་རྒྱུགས་ཏེ་དེ་དེ་བཞིན་ནོ་ཞེས་ཁ་གཡུག་ཚད་ལ་བཤད་ནའང། ངས་ནི། སྐད་ཆ་འདི་རྣམས། བཀའ་གསུང་འདི་རྣམས་རྟོགས་པའི་རྣམ་དཔྱོད་མ་རྙེད་དོ། ངོས་ལེན་བྱེད་པའི་སྙིང་སྟོབས་མ་རྙེད་དོ།

དེ་ལས་མང་བ་། “རང་སྲེག་མ་གཏོང་། ཞི་རྒོལ་སྡེབས་ཀྱིས་ལོངས་ཤོག” »

སྣ་ཚོགས།

རྒྱ་རིགས་ཤེས་ལྡན་པས་བོད་མིའི་རང་སྲེག་སྐོར་གླེང་སློང་།

Posted on 2012-11-09 By ཤར་ཕྱོགས་ཁུག་རྟ། 3 Comments on རྒྱ་རིགས་ཤེས་ལྡན་པས་བོད་མིའི་རང་སྲེག་སྐོར་གླེང་སློང་།

གདུགས་དཀར་ཚེ་རིང།

རང་གི་དམིགས་འདུན་མངོན་འགྱུར་ཆེད། རང་ལུས་རང་གིས་སྲེག་པ་ལ་ཅི་མི་སྙམ་པའི་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ལ་གུས་པས་བཏུད་དེ། འདིར་དྲ་ལམ་གྱི་གླེང་མོལ་ཞིག་འགོད་འདོད་བྱུང་། དེ་རིང་དྲ་ལམ་དུ་རྒྱལ་ནང་གི་གྲོགས་པོ་འགའ་དང་མཉམ་དུ། བོད་ནང་གི་བོད་མི་ཚོ་དང་། ས་ཁུལ་གཞན་དུ་བྱུང་བའི་ཁྲིམས་མཐུན་ཁེ་དབང་སྲུང་འཛིན་གནང་ཐབས་ལ་བརྩོན་མཁན་དཔའ་རྒོད་ཚོས་རང་ལུས་རང་བསྲེགས་ཀྱིས། རྒྱ་དམར་དབང་འཛིན་ལས་ཁུངས་ཀྱིས་གང་བྱུང་དུ་དྲག་གནོན་བྱེད་པ་དང་གནོད་འཚེ་གཏོང་བར་འགོག་རྒོལ་བྱེད་བཞིན་པ་འདི་ཇི་ལྟར་བྱས་ན་ད་གཟོད་མཚམས་འཇོག་ཐུབ་ཀྱི་ཡོད་མེད་སྐོར་ལ་གླེང་མོལ་བྱུང་།

དེ་ལས་མང་བ་། “རྒྱ་རིགས་ཤེས་ལྡན་པས་བོད་མིའི་རང་སྲེག་སྐོར་གླེང་སློང་།” »

སྣ་ཚོགས།

སྐལ་བཟང་སྦྱིན་པ་ལགས་ཀྱིས་རང་སྲེག་བཏང་སྐོར་གནས་ཚུལ་ཁུངས་ལྡན་ཁ་སྣོན་ཅིག

Posted on 2012-11-082012-11-08 By ཤར་ཕྱོགས་ཁུག་རྟ། 7 Comments on སྐལ་བཟང་སྦྱིན་པ་ལགས་ཀྱིས་རང་སྲེག་བཏང་སྐོར་གནས་ཚུལ་ཁུངས་ལྡན་ཁ་སྣོན་ཅིག

མཁོ་འདོན་པ། འཇམ་དབྱངས་དཀར་པོ།

༄༅།། དེ་རིང་ཕྱི་ཚེས་ ༨ ཉིན་རེབ་གོང་མདོ་བ་ལྡོང་ངེ་སྡེ་བའི་ཕ་གཅོད་པ་སྐྱབས་དང་མ་བདེ་མཆོག་སྐྱིད་གཉིས་ཀྱི་སྐལ་བཟང་བུ་སྦྱིན་པ་(རང་ལོ་༡༨) པས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱས་འདུག དེ་ཡང་ཕྱེད་ཡོལ་ཆུ་ཚོད་ ༥ མ་ཟིན་ཙམ་ལ་རོང་པོ་དགོན་ཆེན་གྱི་ཚོགས་ཆེན་འདུ་ཁང་གི་རྒྱལ་སྒོའི་ནང་དུ་རང་ལུས་ལ་ས་སྣུམ་བླུགས་ཏེ་མེ་སྦར་བ་དང་སྒོ་ཆེན་ཕྱེ་ནས་ཐད་ཀར་གཞུང་ལམ་སྟེང་རྒྱུག་སྟེ་སྒྲོལ་མའི་ཐང་ཆེན་དུ་སླེབས་པ་དང་སར་འགྱེལ་ཞིང་། འགྱེལ་ས་དེ་ག་རང་དུ་སྐུ་གཤེགས་འདུག ཁོང་གིས་ཤུལ་དུ་བཞག་པའི་ཁ་ཆེམས་ཡི་གེར། མི་རིགས་འདྲ་མཉམ་ཡོང་དགོས།

དེ་ལས་མང་བ་། “སྐལ་བཟང་སྦྱིན་པ་ལགས་ཀྱིས་རང་སྲེག་བཏང་སྐོར་གནས་ཚུལ་ཁུངས་ལྡན་ཁ་སྣོན་ཅིག” »

གསར་འགྱུར།

ཏང་གི་ཚོགས་ཆེན ༡༨ པའི་སྟ་གོན་ཉིན་བོད་མི་ ༥ རང་སྲེག་བཏང་བ།

Posted on 2012-11-072012-11-07 By ཤར་ཕྱོགས་ཁུག་རྟ། 4 Comments on ཏང་གི་ཚོགས་ཆེན ༡༨ པའི་སྟ་གོན་ཉིན་བོད་མི་ ༥ རང་སྲེག་བཏང་བ།

༄༅།། འབྲི་རུ་རྫོང་པད་དཀར་ཞང་གི་མིང་བརྗོད་འདོད་མེད་པའི་གྲྭ་བ་ཞིག་གིས་བརྗོད་དོན།  ཁ་སང་ཕྱི་ཚེས་ ༧ ཉིན་གྱི་དགོང་མོའི་ཆུ་ཚོད་ ༨ ཙམ་ལ་བོད་རང་སྐྱོང་ལྗོངས་ཟེར་བའི་ནག་ཆུ་ས་ཁོངས། འབྲི་རུ་རྫོང་པད་དཀར་ཞང་གི་ལས་ཁུངས་ཡོད་སར་བོད་མི་ཞིག་གིས་རང་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་འདུག རང་སྲེག་གཏོང་སྐབས་མཚན་མོ་ཆགས་ཡོད་ནའང་མི་མང་མང་པོ་འདུ་འཛོམས་བྱུང་ཐུབ་འདུག རྗེས་སུ་ཁ་པར་སོགས་ཀྱི་བརྒྱུད་ལམ་བཀག་འགོག་བྱས་རྐྱེན་རང་སྲེག་གཏོང་མཁན་གྱི་མཚན་དང་ཤི་གསོན་གྱི་གནས་ཚུལ་སོགས་ཞིབ་རྒྱས་རེག་མ་སོང་ཟེར།

དེ་ལས་མང་བ་། “ཏང་གི་ཚོགས་ཆེན ༡༨ པའི་སྟ་གོན་ཉིན་བོད་མི་ ༥ རང་སྲེག་བཏང་བ།” »

གསར་འགྱུར།

༧གོང་ས་ཆེན་པོས་ཨའོ་པཱ་མར་གསུང་འཕྲིན་སྩལ་བ།

Posted on 2012-11-072012-11-08 By ཤར་ཕྱོགས་ཁུག་རྟ། 9 Comments on ༧གོང་ས་ཆེན་པོས་ཨའོ་པཱ་མར་གསུང་འཕྲིན་སྩལ་བ།

༄༅།། ཁ་སང་ཕྱི་ཚེས ༧ ཉིན་༧གོང་ས་ཆེན་པོས་ཉི་ཧོང་ནས་སྲིད་འཛིན་ཨའོ་པ་མ་བསྐྱར་དུ་སྲིད་འཛིན་འདམས་ཐོན་བྱུང་བར་གསུང་འཕྲིན་ཅིག་སྩལ་ཏེ་བོད་ནང་རང་ལུས་མེར་སྲེག་གི་ཛ་དྲག་གནས་སྟངས་ཐད་ཨ་རིའི་གཞུང་ནས་མུ་མཐུད་གཉིས་སྨན་དབུ་མའི་ལམ་ལ་རྒྱབ་སྐྱོར་གནང་དགོས་པ་སོགས་འཁོད་འདུག དེ་ཡང་གསུང་འཕྲིན་ནང་ “སྐུ་ཉིད་མཆོག་ཨ་རིའི་སྲིད་འཛིན་དུ་སླར་ཡང་འོས་འདེམས་བྱུང་བར་ངོས་ཀྱིས་དགའ་བསུའི་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། སྐུ་ཉིད་ཕྱི་ལོ་ ༢༠༠༨ ལོར་ཨ་རིའི་སྲིད་འཛིན་དུ་ཐོག་མར་འདེམས་ཐོན་བྱུང་སྐབས། འཛམ་གླིང་ནང་འཕྲད་བཞིན་པའི་དཀའ་ངལ་རྣམས་ང་ཚོས་

དེ་ལས་མང་བ་། “༧གོང་ས་ཆེན་པོས་ཨའོ་པཱ་མར་གསུང་འཕྲིན་སྩལ་བ།” »

གསར་འགྱུར།

རྟ་མགྲིན་མཚོ་ལགས་ཀྱི་སྐུ་པར་ཁག་ཅིག

Posted on 2012-11-072012-11-07 By ཤར་ཕྱོགས་ཁུག་རྟ། 10 Comments on རྟ་མགྲིན་མཚོ་ལགས་ཀྱི་སྐུ་པར་ཁག་ཅིག

པར་ཡོང་ཁུངས། འཇམ་དབྱངས་དཀར་པོ། 


དེ་རིང་རང་སྲེག་གིས་གཤེགས་ཟིན་པ་རྟ་མགྲིན་མཚོ་ལགས། 

དེ་ལས་མང་བ་། “རྟ་མགྲིན་མཚོ་ལགས་ཀྱི་སྐུ་པར་ཁག་ཅིག” »

གསར་འགྱུར།

དཔའ་བོའི་རྟོགས་བརྗོད།

Posted on 2012-11-072012-11-07 By ཤར་ཕྱོགས་ཁུག་རྟ། 7 Comments on དཔའ་བོའི་རྟོགས་བརྗོད།

ལྷ་ཆབ་སྦྱིན་པ།

ཡ་གའི་སྟོད་ན་གངས་ཤིག་མཐོང་བ་མེས་པོ་དམ་པའི་བླ་རི་སྟེ།།
དམའ་མོའི་གཤོངས་ན་མཚོ་ཞིག་འཁྱིལ་བ་མ་དང་སྲི་མོའི་མིག་ཆུ་ཉིད།།
བདག་གི་ཕ་ཡུལ་གཞན་ལ་ཤོར་ནས་མི་ལོ་དྲུག་ཅུ་ཧྲིལ་གྱིས་འདས།།
མུན་པའི་བམ་ཁ་དྲག་ཏུ་བྱེར་བའི་སྙིགས་མའི་དུས་ཀྱི་མཐའ་མ་འདིར།།

དེ་ལས་མང་བ་། “དཔའ་བོའི་རྟོགས་བརྗོད།” »

སྙན་ངག

བཙོན་ཁང་ནང་གི་ཡ་ང་བའི་མནར་གཅོད།

Posted on 2012-11-03 By ཤར་ཕྱོགས་ཁུག་རྟ། 20 Comments on བཙོན་ཁང་ནང་གི་ཡ་ང་བའི་མནར་གཅོད།

གནས་ཚུལ་མཁོ་འདོད་གནང་མཁན། མདོ་སྨད་གསེར་རྟའི་སྤྱི་ཟུར་ཚུལ་ཁྲིམས་འོད་ཟེར་ལགས། 
བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན་མགོ་ལོག་འཇིགས་མེད་མཆོག་སླར་ཡང་རྒྱ་དམར་སྲིད་གཞུང་གིས་ཕྱི་ལོ་༢༠༡༢་ལོའི་ཟླ་༩་བའི་ཚེས་༢༠་ལ་བཙོན་བཅུག་བྱས་འདུག མགོ་ལོག་འཇིགས་མེད་ནི་མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་རག་ཁྲམ་ཡུལ་ཚོའི་ཏོག་ཚ་སྡེ་བ་ནས་རེད། ཁོང་ཆུང་དུས་ནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་གྲྭ་སར་བཞུགས་འདུག རྒྱ་དམར་སྲིད་གཞུང་གིས་མགོ་ལོག་འཇིགས་མེད་ལ་འཇིགས་བྲལ་གློག་བརྙན་བཟོ་མཁན་ད་ལྟ་རྒྱ་དམར་གྱི་བཙོན་ཁང་ན་ཡོད་པའི་དོན་གྲུབ་དབང་ཆེན་གྱི་ལས་རོགས་ཡིན་པའི་ཉེས་འཛུགས་དང་།

དེ་ལས་མང་བ་། “བཙོན་ཁང་ནང་གི་ཡ་ང་བའི་མནར་གཅོད།” »

གསར་འགྱུར།

སང་ཞོགས་ཁྲོམ་ན་ཡོད་དམ།

Posted on 2012-10-31 By ཤར་ཕྱོགས་ཁུག་རྟ། 19 Comments on སང་ཞོགས་ཁྲོམ་ན་ཡོད་དམ།

ལྷ་ཆབ་སྦྱིན་པ།

མྱོང་བ་མངོན་གསུམ་གསེར་དང་དངུལ་ལ་འཐིམ་སོང་།།
དངོས་ཡོད་འཚོ་བ་བུད་མེད་ཞལ་གྱིས་བཞེས་སོང་།།
རླུང་བུ་གར་གཡུག་དར་ལྕེ་དེ་རུ་ཟད་པ།།
བདག་གི་རྨི་ལམ་འཇིག་པའི་དཔེ་ཡིས་བཟུང་བཞག།

དེ་ལས་མང་བ་། “སང་ཞོགས་ཁྲོམ་ན་ཡོད་དམ།” »

སྙན་ངག

རང་ལུས་མེར་སྲེག་ཐད་ཁ་བརྡ་ཞུས་པ།

Posted on 2012-10-312012-10-31 By ཤར་ཕྱོགས་ཁུག་རྟ། 126 Comments on རང་ལུས་མེར་སྲེག་ཐད་ཁ་བརྡ་ཞུས་པ།

ཤར་ཕྱོགས་ཁུག་རྟ། 

རང་སྲེག་ལས་འགུལ་ལ་ནུས་བ་ཐོན་གི་ཡོད་པ་རེད་དམ།

ངར་ནུས་བ་ཐོན་མིན་ཐད་ལྟ་ཕྱོགས་གཉིས་ཡོད། གཅིག་རྩ་དོན་གྲུབ་འབྲས་དང། གཉིས་རང་སྲེག་མ་བྱུང་བའི་གོང་དང་བྱུང་རྗེས་ཀྱི་བོད་དོན་རྒྱབ་སྐྱོར་གྱི་ཚད་གཞི་བཤིབ་བསྡུར་བྱ་རྒྱུ་དེ་ཡིན། རྩ་དོན་གྱི་ཆ་ནས་སྔོན་མ་ལས་སྐྱོ་བོ་ཆགས་འདུག འགྲོ་བཞིན་པའི་འབྲེལ་མོལ་ཡང་རྦད་དེ་མཚམས་ཆད་པ་དང། རྒྱབ་སྐྱོར་གྱི་ཆ་ནས་དེ་སྔ་རང་སྲེག་མ་བྱུང་སྔོན་གྲོས་ཚོགས། སྲིད་འཛིན་ལས་ཁུངས། ཡང་ན་ཕྱི་འབྲེལ་ཚན་པ་ཁག་ནས་རྒྱབ་སྐྱོར་བསྒྲགས་གཏམ་སྤེལ་བ་ལྟར་དེང་སང་ཚིག་རྣོན་པོ། ཁ་གསལ་བོ་དེ་འདྲ་སླེབས་ཐུབ་ཀྱི་མི་འདུག མང་ཆེ་བ་སེམས་འཚབ་ཡོད་ཟེར་བ་སོགས་རེད།

དེ་ལས་མང་བ་། “རང་ལུས་མེར་སྲེག་ཐད་ཁ་བརྡ་ཞུས་པ།” »

བཅར་འདྲི།

དཔའ་བོ་ཐུབ་དབང་སྐྱབས་ཀྱི་སྐུ་པར།

Posted on 2012-10-302012-10-30 By ཤར་ཕྱོགས་ཁུག་རྟ། 5 Comments on དཔའ་བོ་ཐུབ་དབང་སྐྱབས་ཀྱི་སྐུ་པར།


​​ ༄༅། ། ཕྱི་ཟླ་༡༠ ཚེས ༢༦་གི་དགོང་མོར་ཆུ་ཚོད་༨་ཡས་མས་སུ་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལྷ་སྡེ། བསང་ཁོག་གསེར་ཁྲི་རུ་ཁག་བཞི་བའི་མགོ་བྷ་ཚང་གི་མག་པ་ཐུབ་དབང་སྐྱབས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ། རྒྱལ་བ་རིན་པོ་ཆེ་བོད་ལ་ཆིབས་སྒྱུར་གནང་དུ་འཇུག་དགོས། པཎ་ཆེན་སྐུ་ཕྲེང ༡༡ བཟང་བཙོན་འོག་ནས་གློད་གྲོལ་གཏོང་དགོས་ཞེས་ངོ་རྒོལ་བྱས་རྗེས་འདས་གྲོངས་སུ་གྱུར་པའི་གནས་ཚུལ་ཁྱབ་བསྒྲགས་ཟིན་མོད།

དེ་ལས་མང་བ་། “དཔའ་བོ་ཐུབ་དབང་སྐྱབས་ཀྱི་སྐུ་པར།” »

གསར་འགྱུར།

ན་གཞོན་ཤེས་ཡོན་པའི་ཚོགས་ཆེན་ཐེངས་དང་པོ།

Posted on 2012-10-28 By ཤར་ཕྱོགས་ཁུག་རྟ། 65 Comments on ན་གཞོན་ཤེས་ཡོན་པའི་ཚོགས་ཆེན་ཐེངས་དང་པོ།

༄༅། ། ན་གཞོན་ཤེས་ཡོན་པས་བོད་ཀྱི་རྩ་དོན་དང་འབྲེལ་བའི་གནད་དོན་གལ་ཆེའི་རིགས་ལ་གཅིག་ཏུ་བསམ་ཚུལ་སྤུངས་སའི་སྡིངས་ཆ་ཞིག་མགོ་འཛུགས་ཞུ་གལ་ཆེ་བར་མཐོང་ནས ད་ལམ་ཚོགས་ཆེན་སྐོང་ཕྱོགས་རྩ་འཛིན་གཞིར་བཟུང་ཚོགས་ཐེངས་དང་པོ་༼ རང་ལུས་མེར་སྲེག་གི་རྒྱབ་མདུན་ལ་ལྟ་བ་༽ཞེས་པའི་བརྗོད་གཞིའི་སྟེང། མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་གི་ཡང་སྟེང་ཚོགས་ཁང་དུ་ཕྱི་ཟླ ༡༡་ཚེས ༡༧ དང ༡༨ ཉིན་གཉིས་རིང་སྐོང་འཆར་ཡིན་ན། ཚོགས་ཆེན་ཐོག་གོ་སྒྲིག་པས་གདན་ཞུ་མ་ཕུལ་བའི་ཤེས་ཅན་རྣམས་ཚོགས་ཆེན་དུ་ཞུགས་འདོད་ཡོད་ཚེ་ཕྱི་ཚེས ༡༣ ནང་ཚུན་གཤམ་འཁོད་ཁ་བྱང་ཐོག་འབྲེལ་བ་གནང་རོགས་ཞུ། 

དེ་ལས་མང་བ་། “ན་གཞོན་ཤེས་ཡོན་པའི་ཚོགས་ཆེན་ཐེངས་དང་པོ།” »

གསལ་བསྒྲགས།

ཡང་རང་ལུས་མེར་སྲེག་བཏང་འདུག

Posted on 2012-10-262012-10-26 By ཤར་ཕྱོགས་ཁུག་རྟ། 15 Comments on ཡང་རང་ལུས་མེར་སྲེག་བཏང་འདུག

༄༅།། རྩོམ་པ་པོ་ལྷ་ཆབ་སྦྱིན་པ་ལགས་ནས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། དེ་རིང་སྤྱི་ཚེས༢༦ ཉིན་གྱི་ཉིན་གུང་ཆུ་ཚོད༢ སྐར༣༠ ཡས་མས་ཙམ་དུ་ཨ་མཆོག་ཡུལ་ཚོའི་དམག་ཁང་དང་ཁྲིམས་ཁང་གི་མདུན་ཐད་ནས་ཨ་མཆོག་སྐེད་སྡེ་བའི་ཕ་རྣམ་ཕྱུག་ཚེ་རིང་ལོ༤༩དང་མ་གཟུངས་འདུས་སྐྱིད་ལོ༥༠གཉིས་ཀྱི་བུ་རང་ལོ༢༤ སོན་པ་ལྷ་མོ་ཚེ་བརྟན་གྱིས་མེ་མཆོད་ཕུལ་འདུག ཁོང་གི་བཟའ་ཟླའི་མིང་ལ་ཚེ་རིང་ལྷ་མོ་དང་ལོ༢ སོན་པའི་བུ་མོ་སྙིང་མོ་སྐྱིད་བཅས་ཡོད།

གསར་འགྱུར།

རང་ལུས་མེར་སྲེག་ཐད་ཀྱི་རྩོམ་བརྡ།

Posted on 2012-10-232012-10-25 By ཤར་ཕྱོགས་ཁུག་རྟ། 32 Comments on རང་ལུས་མེར་སྲེག་ཐད་ཀྱི་རྩོམ་བརྡ།

ཤར་ཕྱོགས་ཁུག་རྟ། 

 

༄༅།། ༢༠༠༨ ལོའི་ས་བྱི་ཞི་རྒོལ་བྱུང་སྐབས་ཁོ་བོས་ལོ་དེའི་ཟླ ༨།༨། ཉིན་ཨའོ་ལིན་ཕིག་རྩེད་འགྲན་ཆེན་མོ་ཚོགས་ཉིན་དང་བསྟུན་ནས་རྩོམ་པ་པོ་ཚོས་ཞི་རྒོལ་ལ་ལྟ་སྟངས་ཀྱི་དཔེ་དེབ་ “ ཁྲག་གི་རྡོ་རིང “་པར་འགྲེམས་བྱས་པ་ཡིན། དེབ་དེའི་མཇུག་བྱང་ནང་བོད་ནང་གི་ཞི་རྒོལ་དང་བསྟུན་ནས་དེབ་ཕྲེང་གཉིས་པ་ཐོན་ངེས་ཚུལ་བྲིས་ཡོད། ཡིན་ནའང། ས་བྱི་ཞི་རྒོལ་ཆེན་མོར་ལྟ་སྟངས་ཀྱི་བཙན་བྱོལ་བོད་མིའི་ཤེས་ཡོན་ཅན་གྱི་བསམ་ཚུལ་དམིགས་བསལ་ཞིག་ཐོན་དགོས་ཀྱང་དེ་མ་ཐོན་པ་ནི་བྱ་ཐབས་ཟད། འོན་ཀྱང་དགའ་འོས་པ་ཞིག་ལ་ས་གནས་སོ་སོའི་འབྲེལ་ཡོད་མི་སྣས་གནས་ཚུལ་བྱུང་རིམ་ཕྱོགས་བསྡུས་བྱས་པ་རྣམས་ཕལ་ཆེར་ལོ་རྒྱུས་ཡིག་ཚང་ཅིག་གི་རྣམ་པ་ཐོན་ཡོད་ཅེས་ན་མི་འགྲིག་པ་མེད་པར་བསམས།

དེ་ལས་མང་བ་། “རང་ལུས་མེར་སྲེག་ཐད་ཀྱི་རྩོམ་བརྡ།” »

གསལ་བསྒྲགས།

Posts pagination

Previous 1 … 4 5 6 … 19 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme