Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་མདོའི་དུས་དབང་ཞུ་མཁན་ལ་ཞིབ་བཤེར་ཚོགས་ཆུང་བཙུགས་པ།

Posted on 2012-03-03 By ཤར་ཕྱོགས་ཁུག་རྟ། 29 Comments on ཨ་མདོའི་དུས་དབང་ཞུ་མཁན་ལ་ཞིབ་བཤེར་ཚོགས་ཆུང་བཙུགས་པ།

རང་གཞུང་དྲ་བས་་ ༢༠༡༢ ཟླ་ ༣ ཚེས་ ༣ ཉིན་ཁུངས་ལྡན་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་དུ་གནས་མཇལ་དང་དུས་འཁོར་དབང་ཆེན་ཞུས་ཏེ་རང་ཡུལ་བོད་དུ་ཕྱིར་ལོག་བྱེད་མཁན་རྣམས་ལ་རྒྱ་ནག་གཞུང་གི་འབྲེལ་ཡོད་ཚན་པས་མགྲོན་ཁང་དང༌། སློབ་གྲྭ་སོགས་ས་གནས་འདྲ་མིན་དུ་བཀག་ཉར་གྱིས་ཆབ་སྲིད་ཀྱི་སློབ་སྦྱོང་སྤྲོད་མུས་ཡིན་པ་ལྟར། ཉེ་དུས་ཨ་མདོ་བསང་ཆུ་རྫོང་ཁོངས་དང༌མཚོ་བྱང་ཚ་འདམ་ཆེ་བ་ས་ཁུལ་གཞུང་འབྲེལ་ཐོག་ཞིབ་བཤེར་ནན་པོ་བྱ་རྒྱུའི་ཚོགས་ཆུང་བཙུགས་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༣ ཉིན་བསང་ཆུ་རྫོང་གཞུང་འབྲེལ་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིག་ན། ཟླ་ ༣ ཚེས་ ༢ ཉིན་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཚོགས་ཏེ་བསང་ཆུ་རྫོང་ནས་དུས་འཁོར་དབང་ཆེན་ལ་ཞུགས་ཏེ་ཕྱིར་ལོག་བྱེད་མཁན་རྣམས་ལ་ཆེད་དམིགས་བརྟག་དཔྱད་དོ་དམ་གྱི་ལས་དོན་སྤེལ་རྒྱུའི་གཏན་འབེབས་བྱས་ཡོད་འདུག

དེ་ལས་མང་བ་། “ཨ་མདོའི་དུས་དབང་ཞུ་མཁན་ལ་ཞིབ་བཤེར་ཚོགས་ཆུང་བཙུགས་པ།” »

གསར་འགྱུར།

བྲག་མགོར་འབྱུང་བཞིན་པའི་ཛ་དྲག་གི་གནས་སྟངས།

Posted on 2012-03-03 By ཤར་ཕྱོགས་ཁུག་རྟ། 2 Comments on བྲག་མགོར་འབྱུང་བཞིན་པའི་ཛ་དྲག་གི་གནས་སྟངས།

འདི་གར་དཔལ་ལྡན་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢ ཉིན་གསར་ཏུ་ཤེས་རྟོགས་བྱུང་དོན་ལ་ད་སྐབས་བྲག་མགོ་རུ་རྒྱ་དམག་འབོར་ཆེན་འབྱོར་ནས་མང་ཚོགས་ལ་དམ་བསྒྲགས་ཤུགས་ཆེ་བྱས་དང་བྱེད་མུས་ཡིན་པ་མ་ཟད། ཁ་སྔོན་ཞི་རྒོལ་ནང་དུ་ཡོད་པ་རྣམས་འཛིན་བཟུང་བྱེད་མུས་ཡིན་འདུག དེང་སང་བོད་མི་རྣམས་གང་བྱུང་འགྲོ་འོང་མི་ཆོག་པ་དང་།
བྲག་མགོའི་རྫོང་གི་གཡས་གཡོན་དང་གཞུང་ལམ་གང་ས་ནས་དམག་གིས་བོད་མི་ལ་རྡུང་རྡེག་དང་། གང་བྱུང་འཛིན་བཟུང་བྱེད་པའི་བྱ་སྤྱོད་ངན་པ་སྤེལ་མུས་སུ་གནས་ཡོད་འདུག
ས་ཆ་མང་པོར་དམག་སྒར་བརྒྱབ་ཡོད་པ་མ་ཟད། བྲག་མགོ་དགོན་པའི་ནང་དུ་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ཚོགས་འདུ་ཚོགས་ཏེ་དགོན་པའི་ལས་སྣེ་དང་མང་ཚོགས་ལ་དཀའ་ངལ་འཕྲད་བཞིན་ཡོད་འདུག དེ་ཡང་རྒྱ་དམག་གིས་བོད་མི་རྣམས་ལ་དྲི་བ་འདྲ་མིན་དྲིས་པ་སོགས་ལས་འགུལ་སྣ་ཚོགས་སྤེལ་ཡོད་ནའང། བོད་མི་དེ་དག་གིས་རྒྱ་གཞུང་ལ་མི་འདོད་པའི་རྣམ་འགྱུར་འདྲ་མིན་བསྟན་ནས་ཕན་ཚུན་གཉིས་དོགས་ཀྱིས་དཀའ་ཁག་ཆེ་རུ་གྱུར་ཡོད་འདུག

དེ་ལས་མང་བ་། “བྲག་མགོར་འབྱུང་བཞིན་པའི་ཛ་དྲག་གི་གནས་སྟངས།” »

གསར་འགྱུར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐོག་བོད་དོན་གླེང་བ།

Posted on 2012-03-03 By ཤར་ཕྱོགས་ཁུག་རྟ། 3 Comments on མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐོག་བོད་དོན་གླེང་བ།

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་འཐུད་སྐུ་ཚབས་ལྕམ་མ་རི་ཡ་ཨོ་ཊེ་རོ་ཡིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག བོད་ནང་གི་ད་ལྟའི་གནས་སྟངས་ཐོག་ཨ་རི་གཞུང་གིས་ཐུགས་ཚབས་ཆེན་པོ་གནང་གི་ཡོད་པའི་སྐོར་གསལ་སྟོན་གནང་ཡོད་འདུག
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དེ་བཞིན། ཕྱི་ཟླ་གཉིས་པའི་ཚེས་༢༧ནས་ཕྱི་ཟླ་གསུམ་པའི་ཚེས་༢༣བར་སུད་སི་གྲོང་ཁྱེར་ཇི་ནི་བའི་ནང་ཚོགས་བཞིན་ཡོད་པ་དང་། དེ་རིང་སྔ་དྲོ་ལྷན་ཚོགས་ཐོག་ཨ་རིའི་ཕྱི་སྲིད་ལས་ཁང་གི་དྲུང་ཆེ་ཕྱག་རོགས་དང་། བོད་དོན་དམིགས་བསལ་འབྲེལ་འཐུད་འགན་འཛིན་ལྕམ་མཱ་རི་ཡ་ཨོ་ཊེ་རོ་ཡིས་ལྷན་ཚོགས་ཐོག ཨ་རི་གཞུང་གིས་ཉེ་བའི་ཆར་བོད་ཀྱི་ཛ་དྲག་གནས་སྟངས་ཐོག་ཐུགས་ཚབས་ཆེན་པོ་ཡོད་པ་གསལ་སྟོན་གནང་སྟེ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་རྒྱ་ནག་ཚུད་པའི་ཚོགས་བཞུགས་ཡུལ་གྲུ་ཚང་མས་གཞི་རྩའི་འགྲོ་བ་མིའི་ཆོས་དད་རང་མོས་དང་། གྲངས་ཉུང་མི་རིགས་ཚུད་པའི་སྤྱི་འབངས་ཀྱིས་རང་ཉིད་ཀྱི་བསམ་ཚུལ་བཏོན་རྒྱུའི་ཐོབ་ཐང་ལ་བརྩི་ཀུར་ཞུ་དགོས་པ་དང་། རྒྱལ་ཁབ་གང་དྲ་ཞིག་ཡིན་ཡང་མི་སྒེར་གྱི་འགྲོ་བ་མིའི་ཐོབ་ཐང་དང་། ཁོང་ཚོས་རང་ཉིད་ཀྱི་ཐོབ་ཐང་རྩོད་ལེན་ལ་སྲུང་བརྩི་ཞུ་དགོས་པ་གསལ་སྟོན་གནང་ཡོད་འདུག
ཇི་ནི་ལྦའི་ནང་ཚུགས་བཞིན་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག སུད་སི་ནང་ཡོད་པའི་སྐུ་ཚབ་དོན་གཅོད་དང་དེ་བཞིན་དོན་གཅོད་ལས་ཁང་ནང་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་ཕྱག་ལས་གནང་མཁན་གྱི་ལས་བྱེད་ཡང་ལྷན་ཚོགས་ཐོག་ཚོགས་བཞུགས་གནང་ཡོད་འདུག།

དེ་ལས་མང་བ་། “མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐོག་བོད་དོན་གླེང་བ།” »

གསར་འགྱུར།

རྩོམ་པ་པོ་འོད་ཟེར་ལགས་བཟང་བཙོན་དུ་བཅུག་འདུག་ཟེར།

Posted on 2012-03-022012-03-07 By ཤར་ཕྱོགས་ཁུག་རྟ།


བོད་ཀྱི་རྩོམ་པ་པོ་འོད་ཟེར་ལགས་རྒྱ་ནག་གཞུང་གིས་བཟང་བཙོན་དུ་བཅུགས་པའི་བཀོད་ཁྱབ་དང་། འོད་ཟེར་ལགས་སུ་ནེ་ཐར་ལེནདྲ་རྒྱལ་ཁབ་ཀྱི་རྒྱལ་སྲས་ཀོ་ལོསེ་ཞེས་པའི་གཟེངས་རྟགས་འབུལ་བཞེས་ཡང་བཀག་སྡོམ་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
རྒྱལ་སྲས་ཀོ་ལོསེ་ཐེབས་རྩ་ཞེས་ནེ་ཐར་ལེནདྲ་རྒྱལ་ཁབ་ནང་རྟེན་གཞི་བྱས་པའི་ཡུལ་དེའི་རྒྱལ་སྲས་ཀྱི་མཚན་ཐོག་ནས་ཆེད་འཛུགས་གནང་པའི་ཐེབས་རྩ་ཁང་གིས་ ༢༠༡༡ལོའི་རྒྱལ་སྲས་ཀོ་ལོསེ་ཞེས་པའི་གཟེངས་རྟགས་དེ་བོད་ཀྱི་རྩོམ་པ་པོ་འོད་ཟེར་ལགས་སུ་ཕུལ་ཡོད་པ་དང་། བྱ་དགའ་དེ་ཡང་འོད་ཟེར་ལགས་ཀྱིས་རྩོམ་བྲིས་ཀྱི་ལམ་ནས་བོད་ཀྱི་རིགས་གཞུང་དང་ད་ལྟའི་བོད་ཀྱི་གནས་སྟངས་ལ་གོ་རྟོགས་ཁྱབས་སྤེལ་ཆེད་ཕུལ་བྱུང་གི་ལེགས་སྐྱེད་མཛད་པར་ངོས་འཛིན་ཞུ་ཆེད་ཕུལ་ཡོད་པ་རེད། ཁ་ས་ཕྱི་ཚེས་༡ཉིན་འོད་ཟེར་ལགས་ཀྱིས་དྲ་ཚིགས་ཐོག་གནས་ཚུལ་བཀོད་སྤེལ་བྱས་པར། རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྟེན་གཞི་བྱས་པའི་ནེ་ཐར་ལེནདྲ་གཞུང་ཚབ་ཁང་གིས་འོད་ཟེར་ལགས་ལ་རྒྱལ་སྲས་ཀོ་ལོསེ་བྱ་དགའ་དབུལ་རྒྱུར་ཚེས་༡ཉིན་གྱི་དགོངས་དྲོ་གཞུང་ཚབ་ལས་ཁུངས་ནང་གསོལ་སྟོན་གྱི་མཛད་སྒོ་གནང་རྒྱུའི་མགྲོན་བརྡ་འབྱོར་ཡོད་པ་རེད།

དེ་ལས་མང་བ་། “རྩོམ་པ་པོ་འོད་ཟེར་ལགས་བཟང་བཙོན་དུ་བཅུག་འདུག་ཟེར།” »

གསར་འགྱུར།

དར་དམར་བསྲེགས་དོན་ལ་ཞོར་ལྟ་བྱས་པ།

Posted on 2012-03-022012-03-03 By ཤར་ཕྱོགས་ཁུག་རྟ། 54 Comments on དར་དམར་བསྲེགས་དོན་ལ་ཞོར་ལྟ་བྱས་པ།

ཤར་ཕྱོགས་ཁུག་རྟ།
དར་དམར་མེར་བསྲེགས་བཏང་ནས་དེ་རིང་བར་ད་དུང་གླེང་སློང་འཇགས་མེད། དེ་ལ་བཤད་ཚུལ་སྣ་ཚོགས་ཡོང་བཞིན་པ་ལྟར། དེ་རིང་ཉིན་གུང་ཟ་མའི་མཚམས་འདིར། དར་དམར་གང་ནས་ཅི་ལྟར་བསྲེགས་གཏན་འཁེལ་མཁན་དེའི་ངག་ནས་བྱུང་བའི་རྒྱུ་མཚན་ལ་ཞོར་ལྟ་ཙམ་བྱ་འདོད་བྱུང་། ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་ཀྱིས་ 1″དར་ཆ་དེ་ ༡༩༤༩ ཕྱི་ཟླ་ ༧ པའི་ནང་སྒྲིག་བཟོ་བྱས་པ་རེད། དར་ཆ་དེར་འགྲེལ་བཤད་མ་འདྲ་བ་གསུམ་ཡོད། ས་ཁོངས་ཀྱི་ངོ་བ་དང་། མི་རིགས་ཀྱི་ངོ་བོ། གྲལ་རིམ་གྱི་ངོ་བོ་བཅས་འགྲེལ་བཤད་རྒྱག་སྟངས་མ་འདྲ་བ་གསུམ་ལས། བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་གཞིར་བཞག་ཐོག་འགྲེལ་བཤད་བརྒྱབ་ཡོད་སྟབས། བོད་རྒྱ་ནག་གི་ཆ་ཤས་ཡིན་པ་ངོས་ལེན་གནང་མ་ཐུབ་པར་རྒྱ་ནག་གི་དར་ཆ་དེ་མེར་བསྲེགས་གཏོང་གི་ཡོད་པ་རེད་”ཟེར། རྒྱུ་མཚན་གཅིག་འདི་རེད།

དེ་ལས་མང་བ་། “དར་དམར་བསྲེགས་དོན་ལ་ཞོར་ལྟ་བྱས་པ།” »

དཔྱད་རྩོམ།

ཡིད་སྐྱོའི་གནས་ཚུལ།

Posted on 2012-03-012012-03-01 By ཤར་ཕྱོགས་ཁུག་རྟ། 16 Comments on ཡིད་སྐྱོའི་གནས་ཚུལ།

༄༅། ། ཆེན་པོ་ཧོར་གྱི་བསྟན་པའི་མངའ་བདག་དང་ཇོ་ནང་ཆོས་བརྒྱུད་ཀྱི་བསྟན་བདག་སྐྱབས་རྗེ་ཁལ་ཁ་རྗེ་བཙུན་རིན་པོ་ཆེ་མཆོག་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡ ཉིན་གྱི་སྔ་དྲོ་རྒྱ་གར་ཆུ་ཚོད་ ༥།༥༨ ཐོག་སོག་ཡུལ་གྱི་རྒྱལ་ས་ཨུ་ལཱན་བྷ་དུར་དགའ་ལྡན་ཐེག་ཆེན་གླིང་དགོན་པར་དགོངས་པ་གཞན་དོན་དུ་གཤེགས་ཚུལ་བསྟན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་དམ་པ་ཁོང་ལ་མྱ་ངན་གུས་འདུད་མཚོན་ཆེད་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲུང་ཡིག་ཚང་གི་བཀོད་ཁྱབ་ལྟར་སྲི་ཞུ་བ་རྣམས་གོང་ཚེས་ཉིན་ལས་བྱེད་གསོལ་ཚང་ཡང་སྟེང་ཚོགས་ཁང་དུ་ལྷན་འཛོམས་ཀྱི་ཐོག་མར་བཀའ་དྲུང་གཡུ་ཐོག་ཀརྨ་དགེ་ལེགས་ལས་ཀྱིས་དམ་པ་ཁོང་གི་སྙིང་བསྡུས་ངོ་སྤྲོད་གནང་གྲུབ་མཚམས་ཕྱེད་ཡོལ་ ༢།༣༠ ནས་དབུ་འཛུགས་ཀྱིས་ ༣།༣༠ བར་མར་མེ་བརྒྱ་མཆོད་ཞལ་ཕྱེ་ཐོག་སྨོན་ལམ་གསུང་འདོན་གནང་རྗེས་དེ་ཉིན་ལས་ཁུངས་ཁག་སྒོ་བརྒྱབ་ཡོད།

དེ་ལས་མང་བ་། “ཡིད་སྐྱོའི་གནས་ཚུལ།” »

གསར་འགྱུར།

རྒྱ་དར་བསྲེགས་ནས་བོད་རྒྱ་མི་མང་བར་ལ་འཁོན་སེམས་མ་སློངས།

Posted on 2012-02-292012-02-29 By ཤར་ཕྱོགས་ཁུག་རྟ། 21 Comments on རྒྱ་དར་བསྲེགས་ནས་བོད་རྒྱ་མི་མང་བར་ལ་འཁོན་སེམས་མ་སློངས།

རྩོམ་པ་པོ། ཚེ་རིང་རྡོ་རྗེ།

བཙན་བྱོལ་བོད་མི་ཁ་ཅིག་གིས་བོད་དོན་ལས་འགུལ་དུ་རྒྱ་ནག་གི་རྒྱལ་དར་སྲེག་པ་ནི་གླེན་
རྟགས་ཤིག་ཡིན་པར་འདོད། དམངས་གཙོའམ་སྒེར་གཅོད་པའི་རྒྱལ་ཁབ་གང་ཡིན་ཡང་དེ་ལ་
རྒྱལ་ཁབ་ཀྱི་མཚོན་རྟགས་རྒྱལ་དར་རེ་ཡོད་པ་དང་། རྒྱལ་དམངས་ཀྱི་ཁྲོད་ན་སྲིད་དབང་སྒེར་
གཅོད་ལམ་ལུགས་སམ་སྲིད་འཛིན་ཚོགས་པ་ལ་མི་དགའ་བ་ཡོད་ཀྱང་། ཁོ་ཚོ་རང་གི་རྒྱལ་དར་ལ་
མི་དགའ་བས་མ་ཁྱབ། རྒྱ་ནག་མི་དམངས་ལ་མཚོན་ན། སྐར་ལྔའི་དར་དམར་ནི་རང་གི་རྒྱལ་ཁབ་
ཀྱི་མཚོན་རྟགས་སུ་བརྩི་བ་དང་དེ་ལ་དགའ་ཞེན་ཡོད་པའི་གནས་ལུགས་དེ་ཀུན་ལ་གསལ་བ་སྨྲས་
ཅི་དགོས། རྒྱ་ནག་རྒྱལ་འབངས་ཀྱི་ནང་ན་རྒྱ་གུང་ཁྲན་ཏང་ངམ་རྒྱལ་ཁབ་ཀྱི་ལམ་ལུགས་ལ་ཞེ་འཁོན་གྱི་མེ་འབར་བ་ཡོད་ཀྱང་། ཁོ་ཚོས་རང་གི་རྒྱལ་དར་མེ་ལ་སྲེག་པ་ཤིན་ཏུ་ཉུང་། མདོར་ན་རྒྱ་མི་དུང་
ཕྱུར་བཅུ་གསུམ་གྱི་སེམས་ན་སྐར་ལྔའི་དར་དམར་ནི་རང་ཉིད་མཚོན་བྱེད་ཀྱི་ཁྱད་ནོར་ཞིག་ཡིན་པ་དང་། ཁྱད་ནོར་དེ་སྲེག་ཚེ་ཁོ་ཚོའི་སེམས་སྲེག་པ་དང་གཉིས་སུ་མ་མཆིས།

དེ་ལས་མང་བ་། “རྒྱ་དར་བསྲེགས་ནས་བོད་རྒྱ་མི་མང་བར་ལ་འཁོན་སེམས་མ་སློངས།” »

རྩོམ་རིག

གཞོན་ལྷན་དབུས་རྒྱུན་ལ་ཕུལ་བའི་དྲི་བ་བཅུ།

Posted on 2012-02-282012-02-29 By ཤར་ཕྱོགས་ཁུག་རྟ། 52 Comments on གཞོན་ལྷན་དབུས་རྒྱུན་ལ་ཕུལ་བའི་དྲི་བ་བཅུ།

སྲོང་བཙན་སྒམ་པོ།

བོད་ནང་དུ་རང་ལུས་མེར་བསྲེགས་གཏོང་བཞིན་པ་དེས་གཙོ་བོ་༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་རྒྱུ་དང་། བོད་ཀྱི་ངོ་བོ་རིག་གནས་རྩ་བརླག་གཏོང་བཞིན་པར་ངོ་རྒོལ་སྤེལ་བ་ཉག་ཅིག་ཡིན་ནའང་། གཞོན་ལྷན་གྱིས་འདི་ལྟར་གོང་གི་རྩ་དོན་སྒྲུབ་བྱ་འདི་གཉིས་ལ་ཁྱད་གསོད་ཀྱིས་ལས་འགུལ་སྤེལ་འཆར་འདི་གཞོན་ལྷན་རྒྱུན་ལས་རིམ་བྱོན་གྱི་བྱས་རྗེས་ནག་བསུབ་བཏང་བ་དང་། ༧རྒྱལ་བ་རིན་པོ་ཆེའི་སྐུ་ཚེ་རིང་བོད་ལ་རང་སྐྱོང་ཐོབ་རྒྱུར་གཏོར་བརླག་བྱས་པ། ༧རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་པ་སྐུ་ཚེ་འདིར་བོད་དུ་གདན་འདྲེན་ཞུ་འདོད་མེད་པ་དང་། དེ་དག་ལེགས་འགྲུབ་བྱུང་རྒྱུར་ཆེད་མངགས་གཏོར་བརླག་བྱེད་ཀྱི་ཡོད་པ་རེད།

གཞོན་ནུ་ལྷན་ཚོགས་ཀྱིས་ད་དུང་ཤེས་བཞིན་བྱིས་པ་བསམ་མེད་ཀྱི་ལས་ཀ་མ་བྱེད་རོགས། ད་དུང་འདི་མུར་མུ་མཐུད་གནང་བ་ཡིན་ན། ང་ཚོསབཀའ་སྤྱི་གཉིས་ལ་སྙན་ཞུ་བརྒྱུད་བོད་མིའི་མངོན་འདོད་ལ་བརྩི་བཀུར་བྱེད་ཀྱི་མེད་པའི་གནས་སྟངས་འདིར་འགན་ཁུར་ངེས་པར་དུ་དགོས་པའི་འགན་བབ་འཚོལ་ཞིབ་བྱ་རྒྱུ་ཡིན་ལ། དེ་དང་འབྲེལ་ནས་གཞོན་ལྷན་དང་གྲི་ཁ་ཁ་ཤ་སོ་སོ་བྱེད་དགོས་ཀྱང་ལམ་ཁ་མ་ནོར་བ་ཞིག་འདེམས་འདོད་ཡོད།

དེ་ལས་མང་བ་། “གཞོན་ལྷན་དབུས་རྒྱུན་ལ་ཕུལ་བའི་དྲི་བ་བཅུ།” »

སྣ་ཚོགས།

ཏིན་ཞའོ་ཕིན་དང་ཅང་ཙེ་མིན་སོ་སོར་སྩལ་བའི་བཀའ་ཡིག་དང་དྲན་ཐོ།

Posted on 2012-02-27 By ཤར་ཕྱོགས་ཁུག་རྟ། 2 Comments on ཏིན་ཞའོ་ཕིན་དང་ཅང་ཙེ་མིན་སོ་སོར་སྩལ་བའི་བཀའ་ཡིག་དང་དྲན་ཐོ།

༄༅། མཁྱེན་རླབས་མཚུངས་མེད་ྋམི་རྗེ་ཏེང་ཞའོ་ཕིང་མཆོག་ལ།

ཆེད་འབུལ།

ང་ཚོའི་དབར་ཡང་བསྐྱར་ཐད་ཀར་འབྲེལ་བ་མཐུད་པར་དགའ་ཚོར་ཆེན་པོ་བྱུང༌། འདི་ལ་བརྟེན་ནས་ཕན་ཚུན་འབྲེལ་བ་གོང་འཕེལ་ཐོག ཡིད་ཆེས་དང༌། གནད་དོན་གསལ་རྟོགས་ཡོང་བའི་རེ་བ་ཡོད།

༡༩༩༢ ཟླ་ ༦ ཚེས་ ༢༢ ཉིན་སྐུ་ཞབས་ཏིང་ཀོན་ཀིན་དང༌། རྒྱ་ལོ་དོན་གྲུབ་ངོ་འཕྲད་སྐབས་འཕྲོས་མོལ་ཇི་བྱུང་དང༌། རྒྱ་ནག་གཞུང་གི་བོད་དོན་དཀའ་རྙོག་སེལ་ཕྱོགས་འདོད་ཚུལ་ཇི་ཡོད་སྐོར་ངོས་ནས་གོ་རྟོགས་བྱུང༌། སྐུ་ཞབས་ཏིང་ཀོན་ཀིན་ནས་གུ་དོག་གྱོང་མཁྲེགས་ཀྱི་འདོད་ཚུལ་བཟུང་བ་དང༌། ལྷག་པར་དུ་གྲོས་མོལ་མ་བྱས་གོང་སྔོན་འགྲོའི་ཆ་རྐྱེན་ཁས་ལེན་དགོས་པ་ནན་བརྗོད་ ལ་བློ་ཕམ་ཆེན་པོ་བྱུང༌། ངོས་ཀྱི་བསམ་པར་དཀའ་རྙོག་སེལ་ཐབས་བྱེད་པ་ལ་ལྷག་བསམ་རྣམ་དག་དང༌། གུ་ཡངས། དོན་ཕན་ལྡན་པའི་བསམ་བློ་ཞིག་ཡོད་དགོས།

དེ་ལས་མང་བ་། “ཏིན་ཞའོ་ཕིན་དང་ཅང་ཙེ་མིན་སོ་སོར་སྩལ་བའི་བཀའ་ཡིག་དང་དྲན་ཐོ།” »

འཕྲིན་ཡིག

༄༅། མཁྱེན་རླབས་མཚུངས་བྲལ་ྋམི་རྗེ་ཏེང་ཞའོ་ཕིང་མཆོག་ལ།

Posted on 2012-02-27 By ཤར་ཕྱོགས་ཁུག་རྟ། No Comments on ༄༅། མཁྱེན་རླབས་མཚུངས་བྲལ་ྋམི་རྗེ་ཏེང་ཞའོ་ཕིང་མཆོག་ལ།

ཆེད་འབུལ།

འགྲོ་བ་མི་སྤྱི་དང༌། ལྷག་པར་འབྱོར་མེད་གྲལ་རིམ་གྱི་བདེ་རྩ་གཙོ་བོར་དམིགས་པའི་དམར་པོའི་ལྟ་བ་དང༌། ལེ་ནིན་གྱི་མི་རིགས་འདྲ་མཉམ་གྱི་སྲིད་བྱུས་ལ་ཕྲན་རང་བློ་མོས་དང་ཡིད་ཆེས་ཡོད། ཕྱོགས་མཚུངས་མའོ་ངོ་མཇལ་སྐབས་ལྟ་བ་དང་མི་རིགས་སྲིད་བྱུས་སྐོར་བཀའ་མོལ་བྱུང་རིགས་ལའང་བློ་ཡིད་ཚིམ་པ་བྱུང༌། ལྟ་བ་དང༌། དེ་དང་འབྲེལ་བའི་སྲིད་བྱུས་རྣམས་ལག་ལེན་དོན་འཁེལ་བྱུང་ཡོད་ན་ད་ཆ་མི་སྨོན་རང་སྐྱིད་གཅིག་འབྱུང་ངེས་ཡིན། འོན་ཀྱང༌། འདས་པའི་ལོ་ཉི་ཤུ་ལྷག་གི་རིང་བྱུང་བའི་གནས་ཚུལ་སྤྱི་སྙོམས་ཀྱིས་བཤད་ན། མི་ལ་དགོས་པའི་བདེ་སྐྱིད་ཀྱི་རྩ་བ་དཔལ་འབྱོར་དང༌། ཤེས་ཡོན་ཡར་རྒྱས་མེད་པའི་འཐུས་ཤོར་ཆེ་ཐོག བརྡབས་གསིགས་བཟོད་མ་བདེའི་ངལ་དུབ་ཧ་ཅང་ཆེ་བས་ཏང་དང་མི་མང༌། ལས་བྱེད་དང་མི་མང༌། ལས་བྱེད་ནང་ཁུལ། མི་མང་ནང་ཁུལ་བཅས་པར་ཕན་ཚུན་ཡིད་ཆེས་བརླག་སྟེ། མ་ཡོད་ཡོད་ཚུལ་དང༌། མ་ཡིན་ཡིན་ཚུལ་ཤ་སྟག་གིས་གཅིག་གིས་གཅིག་ལ་མགོ་སྐོར་བསླུ་བྲིད་བྱས་ནས་དོན་སྙིང་དམིགས་ཡུལ་ངོ་མའི་ཐོག་འཐུས་ཤོར་རྗེས་ལུས་ཤིན་ཏུ་ཆེན་པོར་གྱུར། ད་སྐབས་ཕྱོགས་མང་པོ་ནས་བློ་ཁ་མ་ཚིམ་པའི་རྣམ་འགྱུར་རང་བཞིན་གྱིས་ཐོན་ཡོང་བ་ འདི་དག་དམིགས་ཡུལ་དོན་འཁྱོལ་མ་བྱུང་བའི་རྟགས་མཚན་ཤིན་ཏུ་གསལ་པོ་ཡིན།

དེ་ལས་མང་བ་། “༄༅། མཁྱེན་རླབས་མཚུངས་བྲལ་ྋམི་རྗེ་ཏེང་ཞའོ་ཕིང་མཆོག་ལ།” »

འཕྲིན་ཡིག

ཧོང་ཀོང་དུ་བོད་དོན་ཆེད་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་བ།

Posted on 2012-02-27 By ཤར་ཕྱོགས་ཁུག་རྟ། 5 Comments on ཧོང་ཀོང་དུ་བོད་དོན་ཆེད་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་བ།

ཧོང་ཀོང་དུ་གནས་སྡོད་རྒྱ་རིགས་ཁག་གཅིག་གིས་མ་སྐུལ་དང་བླངས་ཐོག་བོད་དོན་ཆེད་རྒྱ་ནག་གཞུང་གི་ལས་ཁུངས་ཀྱི་མདུན་དུ་ངོ་རྒོལ་གནང་འདུག
དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། བོད་རྒྱལ་ལོ་ ༢༡༣༩ ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༢༢ ཆུ་འབྲུག་ལོའི་ལོ་གསར་ཚེས་ ༡ ཉིན་ཧོང་ཀོང་གི་རྒྱ་རིགས་ཁག་གཅིག་གིས་མ་སྐུལ་དང་བླངས་ཐོག་རྒྱ་ནག་མཉམ་སྦྲེལ་ལས་ཁུངས་ཞེས་པའི་མདུན་དུ་ལྷན་འཛོམས་གནང་སྟེ་བོད་དོན་ཆེད་རང་སྲོག་བློས་གཏོང་གནང་སྟེ་འདས་གྲོངས་སུ་གྱུར་བའི་བོད་མི་རྣམས་ལ་མྱ་ངན་དང་གདུང་སེམས་མཉམ་སྐྱེ་མཚོན་སླད་མཆོད་འབུལ་གནང་བ་མ་ཟད། བོད་ནང་རང་སྲོག་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བ་རྣམས་ཀྱི་འདྲ་པར་ཁག་ལས་ཁུངས་དེའི་མདུན་བཤམ་སྟོན་གནང་སྟེ་རྒྱ་ནག་གཞུང་གི་བོད་མིའི་ཐོག་བཟུང་བའི་སྲིད་བྱུས་ལ་སྐྱོན་བརྗོད་གནང་འདུག

དེ་ལས་མང་བ་། “ཧོང་ཀོང་དུ་བོད་དོན་ཆེད་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་བ།” »

གསར་འགྱུར།

ལོ་སར་སྐབས་ཀྱི་གསེར་རྟའི་གནས་ཚུལ་ཁག་ཅིག

Posted on 2012-02-27 By ཤར་ཕྱོགས་ཁུག་རྟ། 3 Comments on ལོ་སར་སྐབས་ཀྱི་གསེར་རྟའི་གནས་ཚུལ་ཁག་ཅིག

༄༅། ། བོད་རབ་གནས་ཆུ་འབྲུག་ལོའི་ལོ་སར་ཚེས་གཅིག་ཉིན་མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་ས་ཁུལ་ཁ་ཤས་སུ་མང་ཚོགས་ཀྱིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་ལས་འགུལ་སྤེལ་འདུག
འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ཆུ་འབྲུག་ལོའི་ལོ་སར་ཚེས་༡་ཉིན་གྱི་དགོང་མོའི་ཆུ་ཚོད་༦་པ་ཙམ་ལ་གསེར་རྟ་རྫོང་གི་ཁྱབ་ཁོངས་ཁེས་སྐོར་ཡུལ་ཚོའི་ནང་གསེར་རྟ་སེ་ར་དགོན་པའི་སྤྲུལ་སྐུ་བསྟན་རྒྱམ་སོགས་བླ་གྲྭ་ཁག་གཅིག་དང་། ཚེ་ཤུལ་སྡེ་བ་དང་། མགོ་མཆོག་སྡེ་བ། རྟ་ཤུལ་སྡེ་བ་སོགས་ནས་ཡིན་པའི་མི་གྲངས་༧༠་ཙམ་གྱིས་ལག་ཏུ་བོད་ཀྱི་རྒྱ་དར་དང་། སྐུ་གཤེགས་རྒྱལ་གཅེས་དཔའ་བོའི་རྗེས་དྲན་ཡི་གེ་འཁོད་པའི་འཕྲེད་དར་འཕྱར་སྟེ། ཁེས་སྐོར་ཡུལ་ཚོའི་ས་གནས་རྒྱའི་སྲིད་གཞུང་གི་སྒོ་འགྲམ་དུ་༧གོང་ས་སྐྱབས་མགོན་རྒྱལ་དབང་བསྟན་འཛིན་རྒྱ་མཚོ་མཆོག་རང་ཡུལ་དུ་ཕེབས་དགོས། བོད་ལ་རང་དབང་དགོས། ཞེས་སོགས་སྐད་འབོད་དང་། སྐུ་ལུས་མེ་བསྲེགས་བཏང་ཟིན་པའི་རྒྱལ་གཅེས་དཔའ་པོ་དཔའ་མོ་རྣམས་ཀྱི་ཆེད་བསྔོ་སྨོན་དང་། ༧རྒྱལ་བའི་ཞབས་བརྟན་སོགས་བཏོན་ཡོད་འདུག

དེ་ལས་མང་བ་། “ལོ་སར་སྐབས་ཀྱི་གསེར་རྟའི་གནས་ཚུལ་ཁག་ཅིག” »

གསར་འགྱུར།

རྒྱལ་ཚོགས་གཉིད་དཀྲོགས་ལས་འགུལ།

Posted on 2012-02-222012-02-22 By ཤར་ཕྱོགས་ཁུག་རྟ། 20 Comments on རྒྱལ་ཚོགས་གཉིད་དཀྲོགས་ལས་འགུལ།

བོད་ཀྱི་དུས་བབ་ལས་དྲངས།

དེ་རིང་ལོ་སར་ཚེས་ ༡ ཉིན་དབུ་མའི་ལམ་ལས་འགུལ་ཁང་གི་གོ་སྒྲིག་འོག བཞུགས་སྒར་དྷ་ནས་ལྡི་ལི་བར་༼རྒྱལ་ཚོགས་གཉིད་དཀྲོགས༽ ཀྱི་གོམ་བགྲོད་ལས་འགུལ་ཅིག་སྤེལ་མགོ་བརྩམས་སོང་།

དེ་རིང་བོད་ཆུ་འབྲུག་ལོའི་ལོ་སར་ཚེས་ ༡ ཉིན་གུང་ཆུ་ཚོད་ ༡༢ སྟེང་། བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་གི་ཉེ་འཁྲིས་དཔའ་བོའི་རྗེས་དྲན་རྡོ་རིང་མདུན་དུ་དབུ་མའི་ལམ་ལས་འགུལ་ཁང་གི་གོ་སྒྲིག་འོག དྷ་ས་ནས་ལྡི་ལི་བར་༼རྒྱལ་ཚོགས་གཉིད་དཀྲོགས༽ཞེས་པའི་གོམ་བགྲོད་ལས་འགུལ་ཞིག་སྤེལ་མགོ་བརྩམས་སོང་། གོམ་བགྲོད་དབུ་འཛུགས་མ་གནང་གོང་གདན་ཞུའི་གཏམ་བཤད་པ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེལ་པ་ཚེ་རིང་མཆོག་དང་། དྷ་ས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཟུར་པ་རཱམ་ས་ཝ་རཱོབ་ལགས་གཉིས་གཙོས་པའི། ལས་འགུལ་བ་རྣམས་ལྷན་དུ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས་ཤིང་། ཆུ་ཚོད་སྐར་མ་ ༡ རིང་འདས་གྲོངས་སུ་གྱུར་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་མྱ་ངན་གུས་དུད་ཞུས་རྗེས། ལས་འགུལ་བའི་འཐུས་ཚབ་པས་མཉམ་འབྲེལ་རྒྱལ་ཚོགས་ལ་ཆེད་དུ་འབུལ་འཆར་གྱི་སྙན་ཞུའི་སྟེང་ཁྲག་དམར་གྱི་ས་རྟགས་བསྐྱོན་པ་དང་། གོམ་བགྲོད་ལས་འགུལ་བ་ ༣༠ ཡིས་རང་ལུས་མེར་བསྲེགས་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྐུ་པར་སྐེ་ལ་བཏེགས་ཤིང་། ལག་ཏུ་བོད་ཀྱི་རྒྱལ་དར་དང་འབོད་ཚིག་འཕྲེད་བྱང་བཟུང་སྟེ་རྔ་རྡུང་བཞིན་གོམ་བགྲོད་དངོས་སུ་དབུ་འཛུགས་གནང་སོང་།

དེ་ལས་མང་བ་། “རྒྱལ་ཚོགས་གཉིད་དཀྲོགས་ལས་འགུལ།” »

གསར་འགྱུར།

རྒྱལ་ཚོགས་གཉིད་དཀྲོགས་ལས་འགུལ།

Posted on 2012-02-222012-02-22 By ཤར་ཕྱོགས་ཁུག་རྟ། 6 Comments on རྒྱལ་ཚོགས་གཉིད་དཀྲོགས་ལས་འགུལ།


དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་གི་བཀོད་སྒྲིག་འོག རང་ལུས་མེར་བསྲེགས་བཏང་བ་དང་མེ་མདས་བསད་པ་བཅས་ཀྱི་མཚོན་དོན་མི་གྲངས་སུམ་ཅུས་ཆུ་འབྲུག་ལོ་སར་ཚེས་གཅིག་ནས་ཚེས་གསུམ་བར་རྒྱལ་ཚོགས་གཉིད་དཀྲོག་ལས་འགུལ་དབུ་འཛུགས་གནང་ཡོད་ཅིང་། དེ་འང་ལོ་སར་ཚེས་གཅིག་ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་གཉིས་སྟེང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་དབུ་བཞུགས་ཐོག་རྗེས་དྲན་རྡོ་རིང་མདུན་མཛད་སྒོ་ཚུགས་ཡོད་པ་དང་། སྐབས་དེར་ཚོགས་གཙོ་མཆོག་དང་ཧིན་བོད་མཛའ་ཚོགས་ཀྱི་ཚོགས་གཙོ་ཟུར་བ་བཅས་ཀྱི་གཏམ་བཤད་གྲུབ་མཚམས། རྒྱལ་ཚོགས་ལ་འབུལ་རྒྱུའི་དགོས་འདུན་དོན་ཚན་བདུན་ཅན་དེ་དཔའ་བོའི་རྡོ་རིང་མདུན་ཁྲག་གིས་བྲིས་པ་དང་། མཛད་སྒོ་གྲུབ་མཚམས་མེག་ལོར་ནས་གོམ་བགྲོད་ཀྱིས་ཀ་ཅ་རིར་འབྱོར་མཚམས་རྒྱ་གར་གསར་འགོད་པར་གསར་འགོད་གསལ་བསྒྲགས་སྤེལ་ཡོད་པ་དང་། རྡ་ས་ནས་ལྡི་ལི་བར་གྱི་གྲོང་ཁྱེར་ཆེ་ཁག་ནང་གོམ་བགྲོད་དང་། མར་མེ་ཁྲོམ་སྐོར། ཡིག་ཆ་འགྲེམས་སྤེལ། རྒྱ་གར་གནད་ཡོད་མི་སྣ་གདན་ཞུས་ཀྱིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་བདེན་རྒྱབ་འབོད་སྐུལ་ཞུ་རྒྱུ་བཅས་དང་། ཚེས་གསུམ་ཉིན་ལྡི་ལིར་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་ཡན་ལག་ལས་ཁུངས་སུ་ཁྲག་གི་སྙན་ཞུ་འབུལ་རྒྱུ་རེད།

དེ་ལས་མང་བ་། “རྒྱལ་ཚོགས་གཉིད་དཀྲོགས་ལས་འགུལ།” »

གསར་འགྱུར།

ཆུ་འབྲུག་ལོ་སར་ཚེས་གཅིག་གི་སྤྱི་ལྷན་གྱི་ཟས་བཅད་ཞི་བའི་ངོ་རྒོལ་གྱི་མཛད་རིམ།

Posted on 2012-02-192012-02-19 By ཤར་ཕྱོགས་ཁུག་རྟ། 20 Comments on ཆུ་འབྲུག་ལོ་སར་ཚེས་གཅིག་གི་སྤྱི་ལྷན་གྱི་ཟས་བཅད་ཞི་བའི་ངོ་རྒོལ་གྱི་མཛད་རིམ།


བོད་ཆུ་འབྲུག་ལོའི་ལོ་གསར་ཚེས་ ༡ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་མཆོག་གིས་དབུས་རྒྱུན་ལས་རྣམ་པ་དང་། རྡ་ས་དང་དེའི་ཉེ་ཁུལ་གྱི་ཕྱོགས་བཞུགས་སྤྱི་འཐུས་རྣམས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཟས་བཅད་ཞི་བའི་ངོ་རྒོལ་སྤེལ་རྒྱུ་ཡིན་འདུག

དང་པོ། སྔ་དྲོ་ཆུ་འབྲུག་ལོའི་གནམ་ལོ་གསར་བཞད་ལ་ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་༧རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དབུ་བཞུགས་ཀྱིས་དཔལ་ལྡན་འདོད་ཁམས་དབང་ཕྱུག་མའི་ཚེས་གཏོར་དང་། རྟེན་འབྱུང་མཛད་སྒོ་གྲུབ་འཕྲལ་ཆུ་ཚོད་ ༡༠།༠༠ ནས་ཟས་བཅད་ཞི་བའི་ངོ་རྒོལ་གྱི་ལས་འགུལ་དབུ་འཛུགས་ཞུ་རྒྱུ།

གཉིས་པ། ཐོག་མར་བོད་ཀྱི་ཟློས་གར་ཚོགས་པས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་རྔ་རོལ་དང་བཅས་འབུལ་རྒྱུ།

དེ་ལས་མང་བ་། “ཆུ་འབྲུག་ལོ་སར་ཚེས་གཅིག་གི་སྤྱི་ལྷན་གྱི་ཟས་བཅད་ཞི་བའི་ངོ་རྒོལ་གྱི་མཛད་རིམ།” »

གསར་འགྱུར།

རྒྱལ་གཅེས་པ་སྣང་གྲོལ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་འདུག

Posted on 2012-02-192012-02-20 By ཤར་ཕྱོགས་ཁུག་རྟ། 3 Comments on རྒྱལ་གཅེས་པ་སྣང་གྲོལ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་འདུག

དེ་རིང་བོད་ནང་གི་ཆུ་ཚོད་ ༢ ཙམ་གྱི་སྟེང་། མདོ་སྨད་རྔ་པ་ཁུལ་ཛམ་ཐང་བར་མ་ཡུལ་ཚོའི་མི་སྐྱ་སྣང་གྲོལ་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་འདུག དེ་རིང་བོད་ནང་གི་ཆུ་ཚོད་ ༢ ཙམ་ལ་མདོ་སྨད་རྔ་པ་ཁུལ་འཛམ་ཐང་བར་མ་ཡུལ་ཚོ་ཆོས་རྗེ་ཚོ་བའི་སྡེ་མི་ཕ་སྤྱན་གཟིགས་དང་མ་སྙིང་མོ་གཉིས་ཀྱི་བུ་རང་ལོ་ ༡༨ ཡིན་པའི་སྣང་གྲོལ་ལགས་ཀྱིས། ཇོ་ནང་ཛམ་ཐང་དགོན་བསམ་འགྲུབ་ནོར་བུའི་གླིང་གི་ཉེ་འཁྲིས་སུ་རང་ལུས་མེར་བསྲེགས་བཏང་སྟེ། རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་གྱིས་སྐུ་གྲོངས་ཡོད་འདུག ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་འདི་གར་གནས་ཚུལ་བརྗོད་པ་ལྟར་ན། ཁོང་གི་སྐུ་ལུས་མེར་བསྲེགས་གཏོང་སྐབས་ས་གནས་ཉེན་རྟོག་པ་སླེབས་ཏེ་ཁོང་གི་སྐུ་ཕུང་བཙན་འཕྲོག་བྱེད་རྩིས་བྱས་ཡོད་པ་དང་། སྐབས་དེར་ཇོ་ནང་དགོན་པའི་གྲྭ་བ་མང་པོ་འབྱོར་ཏེ་ཉེན་རྟོག་པའི་ལག་ནས་སྐུ་ཕུང་ཚུར་འཕྲོག་ཐུབ་ཡོད་འདུག ད་ལྟ་ཁོང་གི་སྐུ་ཕུང་འཛམ་ཐང་དགོན་ཆེན་དུ་ཁྱེར་ཏེ་ཕོ་ལུང་དང་བསྔོ་སྨོན་འདོན་བཞིན་ཡོད་འདུག…

དེ་ལས་མང་བ་། “རྒྱལ་གཅེས་པ་སྣང་གྲོལ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་འདུག” »

གསར་འགྱུར།

རྒྱ་གཞུང་གིས་བོད་ཀྱི་རྩོམ་པ་པོ་ཞིག་གསང་བའི་འཛིན་བཟུང་།

Posted on 2012-02-18 By ཤར་ཕྱོགས་ཁུག་རྟ། 6 Comments on རྒྱ་གཞུང་གིས་བོད་ཀྱི་རྩོམ་པ་པོ་ཞིག་གསང་བའི་འཛིན་བཟུང་།


ཕ་ཡུལ་བོད་མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་གེ་འཕེན་སྡེ་བ་ནས་ཡིན་པའི་ན་གཞོན་རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་མཆོག་ཕྱི་ལོ་༢༠༡༢་ལོའི་ཟླ་༢་ཚེས་༡༥་ཉིན་གྱི་མཚན་མོའི་བོད་ནང་གི་ཆུ་ཚོད་༡༡་ཐོག་གསེར་རྟ་རྫོང་གི་རང་ཁྱིམ་ནས་རྒྱ་གཞུང་མི་སྣས་བཙན་ཁྲིད་བྱས་འདུག དེ་ཡང་ཁོང་བཙན་ཁྲིད་བྱེད་མཁན་ནི་དཀར་མཛེས་ཁུལ་གྱི་ཉེནརྟོག་མི་སྣ་དང་། གསང་བའི་མི་སྣ། དེ་བཞིན་གསེར་རྟ་རྫོང་གི་ཉེན་རྟོག་མི་སྣ་དང་། གསང་བའི་མི་སྣ་སོགས་ཁྱོན་མི་གྲངས་༢༠་ཙམ་ཡོད་པ་དང་། དེའི་ཁོངས་སུ་གསེར་རྟ་རྫོང་གི་ཉེན་རྟོག་ལས་ཁུངས་ཀྱི་མགོ་གཙོ་དང་། གསང་བའི་ལས་ཁུངས་ཀྱི་མགོ་གཙོ་བཅས་ཡོད་པར་མ་ཟད། གསེར་རྟ་རྫོང་གྲོང་གི་ཆ་ཚང་སློབ་གྲྭ་ཞེས་པའི་སློབ་ཆུང་ཞིག་ཡོད་པ་དེའི་མགོ་གཙོ་ཆོས་དར་ཟེར་བ་དེ་ཡང་དེའི་ཁོངས་སུ་སླེབས་ཡོད་འདུག

དེ་ལས་མང་བ་། “རྒྱ་གཞུང་གིས་བོད་ཀྱི་རྩོམ་པ་པོ་ཞིག་གསང་བའི་འཛིན་བཟུང་།” »

གསར་འགྱུར།

གཞོན་ནུ་ལྷན་ཚོགས་ཀྱི་བསམ་བློ་ཐོངས།

Posted on 2012-02-172012-03-07 By ཤར་ཕྱོགས་ཁུག་རྟ། 1 Comment on གཞོན་ནུ་ལྷན་ཚོགས་ཀྱི་བསམ་བློ་ཐོངས།

ཨ་རིག་དགེ་མཐོང་།

སྤྱིར་བཏང་ནང་ཆོས་ལས། གཞན་ལ་ཕན་མ་ཐོགས་ན་གནོད་མ་སྐྱེལ་ཅེས་པའི་དཔེ་ལྟར། བོད་ཀྱི་རྩ་དོན་ཐད་ནས་ཀྱང་ཕན་མ་ཐོག་ན་གནོད་མི་སྐྱེལ་རྒྱུ་ནི་གལ་ཆེའོ།།

གོང་གི་འདི་བསམ་འཆར་གྱི་བརྗོད་དོན་སྙིང་བསྡུས་ཡིན།

སྤྱིར་བཏང་དམངས་ཁྲོད་དུ་བཤད་རྒྱུན་ཞིག་ལ། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་ཟེར་སྲོལ་ཡོད་པ་ལྟར། གཞོན་ནུ་ལྷན་ཚོགས་ཐོག་མར་དབུ་བརྙེས་པ་ནས་ད་ལྟའི་དབར་དུ་ལས་འགུལ་རབ་དང་རིམ་པ་གནང་ཞིང་ཕལ་ཆེ་བ་བོད་ཀྱི་རྩ་དོན་ལ་ཕན་པའི་རྒྱུ་རུ་གྱུར་ཡོད་ལ་ཁག་ཅིག་དེ་ལས་ལྡོག་སྟེ་རྩ་དོན་ལ་གནོད་པར་གྱུར་ཡོད། གང་ལྟར་གོང་གི་དཔེ་ལས་གསལ་བར་ཤེས་ནུས།

གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ལ་མཚོན་ནས་ཞུས་ན། ཤེས་འཇོན་གཉིས་ལྡན་གྱི་མི་སྣ་གལ་ཆེན་མང་བོ་ཞིག་ནང་དུ་ཞུགས་མྱོང་ཡོད་པ་དང་། དེའི་ནང་གི་ཁག་ཅིག་བོད་ཀྱི་བཀའ་ཁྲི་གཙོས་བཀའ་བློན་དང་སྤྱི་འཐུས་སོགས་ཀྱི་ལས་སྣེ་མཐོ་རིམ་གྲས་སུ་ཐོན་མྱོང་། ཡིན་ན་ཡང་། གཞོན་ནུ་ལྷན་ཚོགས་ཀྱི་ནང་དུ་རྩ་དོན་ལ་ལྡོག་ཕྱོགས་ནས་འགྲེལ་བཤད་སྣ་ཚོགས་བརྒྱབས་ཏེ་རྒྱ་ནག་གི་ལག་ཆ་ཨང་དང་ཤོས་ལྟ་བུ་གྱུར་བ་ཡང་རེ་ཟུང་ཡོད། ང་རང་ཉིད་ལ་མཚོན་ན་དུས་རྒྱུན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་དགའ་བོ་ཡོད་པ་དང་གཞོན་ནུ་ལྷན་ཚོགས་ཀྱིས་སྤེལ་བའི་ལས་འགུལ་ཆེ་ཤོས་ཕལ་ཆེ་བ་ལ་དང་བླང་སྒོ་ནས་མཉམ་ཞུགས་བྱས་ཡོད། གཞོན་ནུས་ལས་འགུལ་སྤེལ་པ་དང་ང་དེ་ལ་མཉམ་ཞུགས་བྱས་པ་ནི་ཁ་རིན་བརྩི་མི་དགོས་པར་འགན་འཁྲི་ཞིག་རེད་བསམ། གཞོན་ནུའི་ཚོགས་གཙོ་གཞོན་ལ་འདས་མ་ད་གསུམ་ལ་ཤེས་འཇོན་གཉིས་ལྡན་དང་ཅི་ཡང་མི་ཤེས་པར་ཨུ་ཚུགས་མཁྲེགས་འཛིན་ཅན་སོགས་མི་འདྲ་བ་ཡོད་མྱོང་ལ་འབྱུང་སྲིད།

དེ་ལས་མང་བ་། “གཞོན་ནུ་ལྷན་ཚོགས་ཀྱི་བསམ་བློ་ཐོངས།” »

སྣ་ཚོགས།

དགེ་སློང་དམ་ཆོས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བ།

Posted on 2012-02-172012-02-17 By ཤར་ཕྱོགས་ཁུག་རྟ། 19 Comments on དགེ་སློང་དམ་ཆོས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བ།


དེ་རིང་ཕྱི་ཚེས་ ༡༧ ཉིན་གྱི་བོད་ནང་གི་ཞོགས་པའི་ཆུ་ཚོད་ ༦ ཙམ་ལ། མདོ་སྨད་མཚོ་སྔོན་ཐེམ་ཆེན་རྫོང་སེང་གེ་ཞང་རུ་ཁག་གཉིས་པའི་གྲྭ་དམ་ཆོས་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་པ་དང་། ཁོང་ནི་བོང་སྟག་དགོན་པའི་དགེ་བསྐོས་ཟུར་པ་དང་དགོན་པའི་དཔེ་ཁྲིད་དགེ་རྒན་དང་། དགོན་པ་དེའི་ཆོས་ལུགས་དོ་དམ་ཚོགས་པའི་འཐུས་མི་ཡང་ཡིན་འདུག ད་ལྟ་བོང་སྟག་དགོན་པར་རྒྱ་ནག་ཉེན་རྟོགས་དམག་མིའི་དམ་དྲག་ཤུགས་ཆེན་པོ་བྱས་ཡོད་པ་དང་། ལམ་མདོ་ཁག་ཏུ་དམག་མིས་བཀག་སྡོམ་བྱས་ཏེ་མང་ཚོགས་ཡར་དགོན་པའི་ནང་འགྲོ་བསྐྱོད་བྱེད་འཇུག་གི་མེད་པ་མ་ཟད། ས་ཁུལ་དེའི་ནང་ཁ་པར་སོགས་བརྡ་འཕྲིན་བརྒྱུད་ལམ་ཆ་ཚང་བཀག་སྡོམ་བྱས་ཡོད་འདུག

དེ་ལས་མང་བ་། “དགེ་སློང་དམ་ཆོས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བ།” »

གསར་འགྱུར།

བོད་ལ་མིང་དོན་མཚུངས་བའི་རང་སྐྱོང་སྤྲོད་དགོས།

Posted on 2012-02-162012-02-16 By ཤར་ཕྱོགས་ཁུག་རྟ། 3 Comments on བོད་ལ་མིང་དོན་མཚུངས་བའི་རང་སྐྱོང་སྤྲོད་དགོས།

ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཆུང་ཞིག་ནས་བོད་ནང་དོན་དངོས་ཀྱི་ཞི་བདེ་ལྷིང་འཇགས་ཡོང་ཐུབ་ཆེད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལས་ལྷག་པ་སུ་ཞིག་མེད་སྟབས། རྒྱ་ནག་གཞུང་ནས་༧གོང་ས་མཆོག་ལ་སྐྱོན་བརྗོད་ཁོ་ནར་བྱས་དང་བྱེད་མུས་ཡིན་པ་དེའི་ཚབ་ཏུ་དངོས་ཡོད་གནས་ཚུལ་ངོས་འཛིན་གྱིས་བོད་མིའི་ཐོབ་སྟངས་ལྟར་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་སྤྲོད་དགོས་པའི་རེ་འདུན་བཏོན་འདུག

དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཨ་རིའི་གྲོས་ཚོགས་ཀྱི་སྟངས་འཛིན་འོག་ཡོད་པའི་གྲོས་ཚོགས་ཀྱི་འཐུས་མི་ལས་གྲུབ་པའི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཅིན་ཕིང་ཨ་རིར་ལྟ་སྐོར་དུ་སླེབས་པ་དང་སྟབས་བསྟུན་ཚོགས་ཆུང་དེའི་ཚོགས་གཙོ་ཁ་སི་ཊོམ་ཁ་རི་དང་ཤཱ་རི་བྷོ་རོན་རྣམས་གཉིས་ནས་ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༤ ཉིན་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་འཁོད་དོན།

དེ་ལས་མང་བ་། “བོད་ལ་མིང་དོན་མཚུངས་བའི་རང་སྐྱོང་སྤྲོད་དགོས།” »

གསར་འགྱུར།

Posts pagination

Previous 1 … 13 14 15 … 19 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (11)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme