Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མཚར་འདོད་ཀྱིས་རྨས་པའི་བདག་གི་སེམས།

Posted on 2018-03-232018-03-23 By ཁ་བརྡ 1 Comment on མཚར་འདོད་ཀྱིས་རྨས་པའི་བདག་གི་སེམས།

ཨ དོན་ཉིས་བསྒྱུར།

སྙན་ངག་འདི་ངའི་སྤུན་གྲོགས་སལ་མེན་ལཱ་ཁ་བཱལ་ངེད་གཉིས་( Guantanamo Bay) དམག་སྒར་བཙོན་ཁང་ནས་ཕན་ཚུན་ངོ་ཐུག་ཏུ་མ་བཅུག་པར་རྒྱུན་རིང་བོར་བཙོན་བཀག་བྱས་རྗེས་བྲིས་པ་ཡིན། ཨ་རིས་ང་ཅག་ཡུན་རིང་ལ་ཁ་བྲལ་བཏང་བས། ཟླ་བ་བཞིའི་རྗེས་སུ་ཁོང་གིས་སྤུན་ཟླ་རྣམས་ལ་འཚམས་འདྲིའི་ངག་འཕྲིན་ཞིག་བཏང་འདུག ཁོ་ན་རེ། “དཀོན་མཆོག་གིས་ཁྱེད་ལ་ཞི་བདེ་དང་བྱིན་རླབས་གནང་བར་སྨོན། ངས་ཁྱེད་རང་ཧ་ཅང་དྲན་པས་བདག་གིས་ཁྱེད་ལ་སྙན་ངག་ཅིག་འབྲི་རྩིས་ཡོད།” ཅེས་བཤད་འདུག ཁོ་སྙན་ངག་པ་མིན་བཞིན་དུ་ང་ལ་སྙན་ངག་འབྲི་དོན་ཅི་ཡིན་ནམ། ང་རེ་ཞིག་མཚར་ཞིང་རྨོངས་པར་གྱུར། འོ་ན་ང་ལ་སྙན་ངག་པ་ཞིག་གི་ཆོ་ལོ་ཙམ་ཡོད་བཞིན་དུ་ཁོ་ལ་སྙན་ངག་མི་འབྲི་དོན་ཅི་ཡིན་བསམས་ནས་ངའི་སེམས་པ་གནོང་འགྱོད་ཀྱིས་བརྟས།

ངས་ཁོ་ལ་སྙན་ངག་མ་བྲིས་སྔོན་དུ་ཁོས་ང་ལ་སྙན་ངག་བྲིས་ནས་བསྐུར་ན། དུས་ཀྱི་མཐམ་མ་མ་བསླེབ་དབར་དུ་གཞན་པས་ང་ལ་འཕྱ་སྨོད་བྱེད་འོང་དྲན་ནས་ངས་སྙན་ངག་འབྲི་འགོ་བརྩམས། འོན་ཀྱང་ངས་སྙན་ངག་འབྲི་བར་རིག་པ་རྣལ་ཐུབ་མ་ནུས།  དེ་ནས་སྙན་ངག་འབྲི་རྒྱུ་བསྐྱུར་ནས་ཆོས་ཀྱི་བསྟན་བཅོས་ལ་འདང་བརྒྱབ་པ་ཡིན།  དེ་ལའང་རིག་པ་རྣལ་ཐུབ་མ་སོང་། གང་ལ་ཞེ་ན། སྙན་ངག་གིས་ངའི་དྲན་ཤེས་ལ་བཙན་འཛུལ་བྱས་འོང་གི་འདུག དེ་བས་ངས་དུས་ཀྱི་འགྲོ་འོང་ལ་ཁ་ཡ་མ་བྱས་པར་དེ་གང་འདོད་དུ་འགྲོ་རུ་བཅུག་པ་ཡིན། བར་མཚམས་ཤིག་ནས་ང་ལ་སྙན་ངག་འབྲི་བའི་སྤོབས་པ་རྒྱས་བྱུང་།

བདག་གི་སེམས་པ་མཚར་འདོད་རྨ་ཁས་ཁྱབ། །
ད་ནི་སྙན་ངག་ཡོམ་ཡོམ་འགུལ་བྱུང་སྟེ། །
བདག་གི་ཕུ་ཐུང་སྒུལ་ཅིང་ལག་པ་འཐེན། །
དུས་ཀྱི་འགྲོས་ནི་ཕར་ལ་བཞུད་ཅིང་འགྲོ །
ཆུ་ཚོད་འཁོར་ལོའི་ལག་པས་བསླུ་བྲིད་གཏོང་། །
ཡིད་འོང་དུས་ཀྱི་ཆ་ལ་ཚད་བཀག་ཐེབས། །
ཁྱེད་ཀྱི་ཡུལ་ནས་ཐོན་པའི་སྙན་ངག་པར། །
སྐྱོན་དང་འཁང་ར་མ་འཛུགས་ག་ལེར་བཞུགས། །
སེམས་ལ་སྤོབས་པ་སྟེར་བའི་སྙན་ངག་འབྲི། །
མིང་གྲགས་མི་དགོས་བདག་གི་སྤུན་ཟླ་ཀྱེ། །
བདག་གིས་ཁྱེད་ལ་འཚམས་འདྲིའི་ལེགས་སྐྱེས་སྤྲིངས། །
ཆར་བ་དྲག་ཏུ་བརྒྱབ་པའི་རྒྱུན་ཡང་བསྐུར། །
ཁྱེད་ཀྱི་བཀྲེས་སྐོམ་སེལ་བའི་སྨན་མཆོག་ཏུ། །
བདག་གིས་བཀའ་དྲིན་བསམ་ཤེས་ཁྱེད་ལ་བསྐུར། །
བདག་གི་སྙན་ངག་འདི་ཡིས་ཁྱེད་ཀྱི་སེམས། །
གསོ་ཞིང་ཁུར་བོ་ཡང་དུ་གཏོང་བར་ཐུབ། །
ཁྱེད་ཀྱིས་རང་ལ་འཁང་ར་བྱེད་པའི་དུས། །
བདག་གི་སྙན་ངག་ཁྱེད་ཀྱི་སེམས་གསོ་ཡིན། །
བདག་གི་བསམ་པའི་ནང་ན་སྡང་བ་ཆུང་། །
ཁྱེད་ལ་རང་དབང་ཐོབ་ན་བདག་སེམས་བྲོད། །
བདག་ནི་ཁྱེད་ལ་བཅར་ཞིང་འཁྱུད་པར་བྱ། །
བདག་གི་སྙིང་ནས་བརྩེ་བའི་སྤུན་ཟླ་ལགས། །
གནས་འདིར་ཞི་ཁྲོ་གང་ཡང་ཡོད་མ་ཡིན། །
བདག་གིས་ལྷག་བསམ་དག་པའི་བསླབ་བྱ་རྒྱག །
མི་སྲིད་མི་འབྱུང་གང་དེའི་མདུན་ལ་ཞུ། །
ཁྱེད་ཀྱི་སེམས་འདུན་ཡོད་ཚད་མི་འགྲུབ་ཀྱང་། །
སྣ་རེ་འགྲུབ་ལ་སྣ་རེ་འགྲུབ་ལེ་མིན། །
མི་ཡིས་ཅི་བཤད་ཐམས་ཅད་བརྗེད་བྱས་ཏེ། །
རང་ཉིད་སུ་ཡིན་དེ་ལ་མགུ་བར་གྱིས། །
བྱོལ་སོང་རུས་གོག་ཅན་དེས་ཤའི་ཕྱོགས་སུ། །
ཁྱེད་རང་འཁྲིད་པས་བཟོད་སེམས་རྟེན་པར་བྱ། །
གཞན་ལ་ཤོང་ཡངས་བྱེད་དགོས་སྤུན་ཟླ་ལགས། །
འདོད་རྔམ་ཆེ་བའི་སེམས་ཉིད་རྒྱབ་ཏུ་སྤོངས། །
ཁྱེད་ཀྱི་སྤུན་ཟླ་སེམས་ལ་ཕོག་སོང་ན། །
ཁོ་བོའི་མཛངས་སྤྱོད་ཡིད་ལ་དྲན་པར་གྱིས། །
དེ་ནས་ཁྱེད་ཀྱི་གདུང་སེམས་ཞི་བར་འགྱུར། །
ཁྱེད་ཀྱི་སེམས་སྐྱོ་ལུང་པའི་ཕུ་ལ་སྦས། །
དེ་ཡིས་ཞི་ཞིང་གློད་དུ་གཏོང་འགྱུར་ན། །
རང་སེམས་བཙོན་མ་ཇི་བཞིན་སྡོམ་པར་བྱ། །
དེ་ལྟ་མིན་ན་ཁྱེད་ལ་དྲན་གདུང་འཕོག །
རང་གཉིས་བྲལ་ནས་རིང་པོ་འགྲོ་དགོས་ཀྱང་། །
ངས་ཁྱོད་བརྗེད་སྲོལ་མེད་པ་ཡིད་ལ་ཆོངས། །
འུ་གཉིས་སེམས་སུ་ཅི་ཞིག་སྦས་པ་དེས། །
བདག་གི་སྐད་ཆར་བྲེལ་འཚུབ་ཡང་ཡང་བསླངས། །
ཁྱེད་ནི་ཡིད་དུ་འོང་ཞིང་འཚར་ལོངས་ཡག །
བདག་ལ་ཁྱེད་བཞིན་བྱེས་གྲོགས་མང་པོ་ཡོད། །
བདག་གིས་ཁྱེད་ཀྱི་གཟི་བརྗིད་བརླག་མི་བྱ། །
ཁྱེད་ཀྱི་མཚན་མོ་རྟག་ཏུ་བདེ་བར་སྨོན། །
ཁྱེད་ཀྱི་བོར་སྟོར་དེ་ལ་ལྷ་ཆེན་གྱིས། །
གུན་གསབ་སྟོང་འཇལ་རྒྱག་ལ་ག་ལེར་བལྟ། །
བྱམས་དང་སྙིང་རྗེའི་བདག་པོ་གང་ཉིད་ཀྱིས། །
ཁྱེད་ཀྱི་ལམ་ཆེན་ལྷ་ཡིས་བཟོ་བྱས་ཏེ། །
ཁྱེད་རང་ཞི་བདེའི་ལམ་ལ་འཇུག་པར་ཞུ། །
བདག་གིས་སྙན་ངག་མཇུག་བྱང་འདི་ལྟར་འབྲི། །
ལྷ་ཡིས་བསྐོས་པའི་ཕོ་ཉ་ཨཱ་ཝེམ་བརྒྱུད། །
གསོལ་འདེབས་ཐལ་སྦྱར་ཀློང་ནས་བྱིན་རླབས་ཞུ། །

ཨ དོན་ཉིས་དམག་སྒར་བཙོན་ཁང་གི་སྙན་ངག་(Poems from Guantanamo) ཅེས་པའི་དེབ་གཅིག་ལས་བསྒྱུར།

འགྱུར་རྩོམ།

Post navigation

Previous Post: བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་ ༥ པའི་ཉིན་བཞི་བ།
Next Post: བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་ ༥ པའི་ཉིན་ལྔ་བ།

Comment (1) on “མཚར་འདོད་ཀྱིས་རྨས་པའི་བདག་གི་སེམས།”

  1. ལ་དྭགས་འཇམ་དཔལ།། says:
    2018-03-24 at 10:49 am

    ཚིག་བརྗོད་ལེགས་པར་མངོན་བསྟོད།
    ་

    ཆོ་ལོ། ཟེར་ན། ལ་དྭགས་པའི་སྐད་དུ། ཤོ་ལ་ཟེར།
    ་
    ཆོ་ལོ་རྩེ་ན་འཆོལ་བ་ཡིན། རྟགས་རྩེ་ན་དཔའ་བོ་ཡིན།
    ང་ལོ་ཆུང་སྐབས་ཆོ་ལོ། ཤོ་རྒྱབ་པར་དགའ་བ་ཆེ།
    ་
    འདང་བརྒྱབ་པ་ཡི།་ཞེས་པའི་དོན་ཅི་ཡིན། དོན་དག་ལབ་ཨེ་ཐུབ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme