Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཛམ་གླིང་གཉན་ནད་རེག་དུག་གི་ཉིན་མོ་སྲུང་བརྩི།

Posted on 2017-12-022017-12-02 By ཁ་བརྡ No Comments on འཛམ་གླིང་གཉན་ནད་རེག་དུག་གི་ཉིན་མོ་སྲུང་བརྩི།

དོན་གྲུབ་བཀྲ་ཤིས།

རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་འཚོ་བྱེད་ཁང་གསར་སྨན་ཁང་གིས་གོ་སྒྲིག་འོག་ལུག་བསམ་མཉམ་འབྲེལ་ཚོགས་ཁང་ནང་ཏུ་ཨེ་རྩིའམ་གཉན་ནད་རེག་དུག་གི་སྐོར་གོ་རྟོགས་སྤེལ་བའི་སྒོ་ནས་འཛམ་གླིང་གཉན་ནད་རེག་དུག་གི་ཉིན་མོ་སྲུང་བརྩི་གནང་སོང།

ཕྱི་ལོ་༢༠༡༧ ཟླ་ ༡༢ ཚེས་ ༡ རེས་གཟའ་ལྷག་པའི་ཉིན་རྒྱ་གར་ལྷོ་ཕྱོགས་བདེ་སྐྱིད་སླར་གསོ་དང་ལུགས་བཟུང་བསམ་གྲུབ་གླིང་བོད་མིའི་གཞིས་སྒར་དུ་སྦེལ་ཀོབ་འཚོ་བྱེད་སྨན་ཁང་གིས་གོ་སྒྲིག་འོག་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་སྡེ་ཚན་ཁག་གིས་མང་ཚོགས་དང་་སམ་བྷོ་ཉིན་སློབ་འཛིན་རིམ་དགུ་པ་དང་བཅུ་གཅིག བཅུ་གཉིས་སློབ་ཕྲུག་དང་ལུགས་བདེ་གཉིས་ཀྱི་མི་མང་མཉམ་འཛོམས་ཐོག་ལ་གཉན་ནད་རེག་དུག་གི་སྐོར་ངོ་སྤྲོད་དང་། སྔོན་འགོག་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་ཐོག་གོ་རྟོགས་སྤེལ་སོང

འཚོ་བྱེད་སྨན་ཁང་གིས་འགན་འཛིན་བསོད་ནམས་གཡུ་རྒྱལ་ལགས་ཀྱི་དེ་རིང་གི་ཉིན་མོ་དང་འབྲེལ་བའི་ངོ་སྤྲོད་གསུང་དོན་ལ་ང་ཚོས་ཕྲ་སྲིན་འདྲེན་བྱེད་ལས་བྱུང་བའི་འགོ་ནད་ལས་སྔོན་འགོག་དང་སྲུང་སྐྱོབ་ཆེད་དུ་དམིགས་ནས་ལོ་རེར་ནང་དུ་གཉན་ནད་སྔོན་འགོག་གི་ཉིན་མོ་སྼུང་རྩི་བྱེད་ཀྱི་ཡོད་རེད་ཐེངས་འདིའི་འཕྲོད་བསྟེན་གྱི་ལེ་ཚན་ནང་། འཛམ་གླིང་གཉན་ནད་རེག་དུག་གི་ཉིན་མོ་དང་བསྟུན། གཉན་ནད་རེག་དུག་གི་ངོ་བོ་དང་ཉེན་ཁའི་རང་བཞིན། འགོག་ཐབས་ཀྱི་འཐབ་ལམ་སོགས་ཀྱི་སྐོར་མི་མང་ལ་གསུངས་བཤད་གནང་བ་དང་བསྒྲགས་་་་ལུགས་བསམ་ས་གནས་འགོ་འཛིན་མཆོག་གིས་སྐུ་འཚབ་བསྟན་འཛིན་རྣམ་གྲོལ་མཆོག་ནས་དབུ་བོད་མའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གསུང་འཕྲིན་སྒྲོག་སྦྱང་གནང་ཡོད་པ་རེད།

འཚོ་བྱེད་སྨན་ཁང་གི་སྨན་པ་བཀྲ་ཤིས་རྣམ་རྒྱལ་ལགས་ནས་གཉན་ནད་རེག་དུག་ནད་གཞི་སྔོན་འགོག་དང་འབྲེལ་བའི་བཀའ་སློབ་གསུང་བཤད་གནང་ཡོད་པ་དང་དེ་ཡང་ཁོང་གིས་སྐྱེས་མ་ཚོ་ཁོ་ནར་འབྱུང་བའི་མོ་ནད་ཟེར་བའི་ནད་རིགས་ཤིག་ཡོད་པར་འདོད་མཁན་ཧ་ཅང་མང་པོ་ཡོད་པ་མ་ཟད། མོ་མཚན་གྱི་ནད་རིགས་བྱུང་ན་དེ་ནི་སྐྱེས་མ་ཁོ་ནའི་ཞན་ཆའམ་སྐྱོན་དང་། ངོ་ཚ་དགོས་པ་ཞིག་དང་། གཞན་ལ་གསང་བ་བྱེད་དགོས་པའི་ཐ་ཤལ་གྱི་གནས་ཚུལ་ཞིག་ཏུ་འདོད་མཁན་ཡང་རེ་ཟུང་ཡོད། བསམ་ཚུལ་དང་། ཡིད་ཆེས། ལྟ་ཚུལ་སོགས་གང་འདྲ་ཞིག་འཛིན་མིན་ལ་མ་ལྟོས་པར། དོན་དངོས་ལ་དབྱེ་ཞིབ་བྱས་ན་ནད་རིགས་གང་འདྲ་ཞིག་ཡིན་རུང་དེ་ཕོ་མོ་གཉིས་ཀར་ཕོག་སྲིད་པ་ཙམ་དུ་མ་ཟད། མཚན་མའི་གཉན་ཚད་ཁ་ཤས་ཤིག་ཕོ་ནས་མོ་ལ་འགོད་པའི་སྣང་ཚུལ་ཡང་ཡོདེ་ཙམ་དུ་མ་ཟད། མཚནབ་མ་འམ་གདང་གནས་ཀྱི་ནད་རིགས་མང་པོ་ཞིག་གཙང་སྦྲ་དང་ ཟས་རིགས ལོ་ཚོད མངལ་སྦྲུམ་པ་སོགས་གནས་སྟངས་གཞན་མང་པོ་ཞིག་ལ་བརྟེན་ནས་འབྱུང་བ་ལས། མི་ཞིག་གི་ཀུན་སཔྱོད་ལེགས་མིན་གྱི་སྟེང་ནས་དབྱེ་འབྱེད་བྱེད་ཐུབ་པ་ཞིག་གཏན་ནས་མིན་སོགས་གསུངས་ཡོད་པ་རེད

དེ་འང་སྨན་ཞབས་པ་བསྟན་འཛིན་ཆོས་སྒྲོན་ལགས་ནས་ཟུར་ཟའི་འཁྲབ་སྟོན་ཐོག་ངོ་སྤྲོད་དང་སྦྲགས་་སམ་བྷོ་དྲ་ཀེ་ལཤ་པུ་རའི་འཛིན་རིམ་བཞི་བ་དང་ལྔ་པ་ནས་ནད་གཞི་དང་འབྲེལ་བའི་ཐོག་འཁྲབ་སྟོན་གཟིགས་འབུལ་གནང་པ་དང་འཚོ་བྱེད་སྨན་ཁང་གི་ལས་བྱེད་རྣམས་ནས་HIV/AIDSཞེས་པའི་བརྡ་དབྱངས་འབུལ་ལམ་ཞུ་ནས་ཐུགས་རྗེ་ཆེ་གསུངས་བཤད་དང་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད་པ་རེད་འདུག། དེ་རིང་འཛམ་གླིང་གཉན་ནད་རིག་དུག་ཉིན་མི་འདི་རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་དང་ཧོང་སོར་སྦེན་ལོར་མོན་གྷོ་ས་གནས་སོགས་སུ་དེ་རིང་སྲུང་རྩི་བྱས་ཡོད་པ་རེད་འདུག།

རྒྱ་གར་ལྷོ་ཕྱོགས་ས་གནས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ནས

གསར་འགྱུར།

Post navigation

Previous Post: འཁྱོག་བཤད་བྱས་ནས་ཕན་པ་ཡོད་པ་མ་རེད།
Next Post: རྗེ་མི་ལའི་སྐུ་མཐོང་བ་དོན་ལྡན། 

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme