Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཅིའི་ཕྱིར་ཉིན་མ་རེ་ལ་ཀུ་ཤུ་རེ་ཟོས་ན་སྨན་པ་ཉེ་སར་མེད་ན་ཆོག་ཟེར་བ་རེད།

Posted on 2016-01-132016-01-16 By ཁ་བརྡ 20 Comments on ཅིའི་ཕྱིར་ཉིན་མ་རེ་ལ་ཀུ་ཤུ་རེ་ཟོས་ན་སྨན་པ་ཉེ་སར་མེད་ན་ཆོག་ཟེར་བ་རེད།

267290-apples—ཚེ་བརྟན་བཀྲ་ཤིས་ཀྱིས་བསྒྱུར།

 
སྔོན་མའི་བཤད་སྲོལ་ལ་ཉིན་མ་རེ་ལ་ཀུ་ཤུ་རེ་ཟོས་ན་སྨན་པ་ཉེ་སར་མེད་ན་ཆོག་ཟེར་བ་ཁྱེད་ཀྱིས་ཐོས་ཡོད་ངེས། དེའི་དོན་ཅི་ཡིན་ནམ། དེའི་དོན་ནི་ཁྱེད་ཀྱིས་ཉིན་མ་རེ་ལ་ཀུ་ཤུ་རེ་ཟོས་ཚེ་སྨན་པ་ཁྱེད་ཀྱི་ཉེ་འཁྲིས་སུ་མེད་ཀྱང་ཆོག་ཟེར་པ་ཡིན་ནམ། དེའི་དོན་ངོ་མ་ནི་དེ་མ་རེད། དེའི་དོན་ནི་ཉི་མ་རེ་ལ་ཀུ་ཤུ་རེ་ཟ་བའི་གོམས་གཤིས་དེས་རྩ་ཆུ་འགག་པའི་ནད་དང་། གཞན་ན་འཚོ་བཅུད་དང་འབྲེལ་བའི་ན་ཚ་ཆུང་ངུའི་རིགས་འགོག་པར་ཕན་ཐོག་ཡོད་པས་འུད་གཏམ་ཀྱི་ཚུལ་དུ་བརྗོད་པ་ཞིག་རེད། མ་སྨིན་པའི་ཀུ་ཤུའི་ཁུ་བས་ལྟོ་བུར་འཇུ་མི་ཐུབ་པའི་རྫས་སྦྱོར་ཅན་གྱི་ཟ་མའི་རིགས་འཇུ་བར་རམ་འདེགས་བྱེད་ཐུབ་པར་ཡིད་ཆེ་བྱེད་ཀྱི་ཡོད། འཆལ་གཏམ་མཆེད་པའི་དེང་དུས་སུ་ཁྱེད་ཉིད་འདི་ལ་དོགས་འདྲི་ཡོད་སྲིད་ནའང་ཀུ་ཤུ་ལ་ཚད་མཐོ་བའི་འཚོ་བཅུད་ཡོད་པས། དེ་བདེ་ཐང་ལ་མི་ཕན་ཞེས་སུས་ཀྱང་བསྙོན་མི་ནུས། མི་ཁ་ཤས་ཀྱིས་བཤད་ཚུལ་འདི་བསྒྱུར་ནས་ཉིན་རེ་ཀུ་ཤུ་རེ་ཟོས་ན་གཟུགས་གཞིའི་སྨན་པ་མ་ཟད་སོའི་སྨན་པ་ཡང་ཉེ་འཁྲིས་སུ་མེད་ན་ཆོག་ཟེར། སོའི་སྨན་པ་ཚོས་བཤད་ན་ཀུ་ཤུ་གཙང་མ་ཞིག་ལ་སོ་རྒྱག་པ་དེ། སོ་ཡི་བར་ན་ལྷག་པའི་ཟས་རྣམས་ཕྱིར་ཐོན་པའི་ཕན་ནུས་ཅན་གྱི་ཐབས་ལམ་ཞིག་ཡིན་ལ། ཟ་མའི་རྗེས་སུ་ཀུ་ཤུ་ཟ་བ། ཞོགས་པར་སོ་གཙང་མ་བཟོ་བྱེད་ཐོག་མ་དེ་ཀུ་ཤུ་བྱེད་པ། དགོང་མོར་ངལ་གསོ་མ་རྒྱབ་པའི་སྔོན་དུ་ཀུ་ཤུ་ཟ་བ་སོགས་ནི་སོ་དང་རྙིལ་འཚར་ལོང་བྱུང་བའི་ཐབས་ལམ་ཡག་ཤོས་ཤིག་ཡིན་ཟེར།

དེ་ལས་ཅུང་རྒྱས་པར་བཤད་ན། ཀུ་ཤུའི་ནང་དུ་འཚོ་བཅུད་ཀྱི་རྫས ཀ དང་ཁ ཡོད་ལ། ཤིང་རྫས་དང་ས་ཆུའི་སྙིང་པོའང་མང་པོ་ཡོད་པ་མ་ཟད། གཏེར་རྫས་ཁ་ཤས་ཀྱང་ཀུ་ཤུའི་ནང་དུ་སྡུད་ཡོད། འདི་དག་ཡོད་པས་ཀུ་ཤུས་ན་ཚ་སྔོན་འགོག་བྱེད་པར་ཕན་ལ་འཚོ་བཅུད་ཀྱིས་མ་འདང་བའི་ནད་རིགས་ཀྱང་གསོ་ཐུབ། དཔེར་ན། འཚོ་བཅུད་ ག ཡིས་མ་འདང་པའི་ནད་དང་ཡང་ན་སྲོད་ལོང་དེ་བཞིན་ཁྲག་གཙང་མ་བཟོ་བ་སོགས་ལ་ཧ་ཅང་ཕན་ཐོག་ཡོད་པ་ལྟ་བུ། ད་དུང་ཀུ་ཤུས་རྨ་གསོ་བ་མ་ཟད་ཆམ་པ་འགོག་པ། རུས་པ། རྙིལ། སོ་སོགས་སྐྲུན་པར་ཡང་ཕན་་ཐོག་ཆེན་པོ་ཡོད། རྒྱུ་ཚུན་འདི་དག་གི་རྐྱེན་གྱིས་ཀུ་ཤུ་ནི་འཚོ་བཅུད་མང་པོ་ཡོད་པའི་ཤིང་ཏོག་གི་རིགས་ཤིག་ཡིན་ལ། ཀུ་ཤུས་གཟུགས་གཞིའི་བདེ་ཐང་ཉར་ཐུབ་པས་སྔོན་མའི་བཤད་སྲོལ་དེ་བདེན་པ་ར་སྤྲོད་བྱེད་ཐུབ། ཀུ་ཤུ་མ་བཚོས་པའི་སྐབས་སུ་ཟོས་ན་བྲོ་ལྡན་པ་མ་ཟད་ཕན་ཐོག་ཀྱང་ཆེན་པོ་ཡོད། ཀུ་ཤུའི་བརྒྱ་ཆ ༨༠% ཆུ་ཡིན་ལ། ལྷག་མ་ལས་བརྒྱ་ཆ ༡༥% ནི་མངར་རྫས་དང སྟོབས་བསྐྱེད་འཚོ་བཅུད་ ག ། སྐྱུར་རྫས་གཞན་དག་ཡིན། གཞན་བརྒྱ ༥% ནི་མི་འཇུ་པའི་དངོས་རྫས་རགས་པ་ཡིན། ཀུ་ཤུ་ལ་འཚོ་བཅུད་མང་པོ་ཡོད་པ་ལས་གཞན་ད་དུང་ཀུ་ཤུས་མངར་རྫས་ཅན་གྱི་ཟས་རིགས་དང་ཀུ་ཤུ་ལས་ཕབས་སྙོལ་བྱས་པའི་ཀུ་ཤུའི་ཆང་སོགས་བཟོ་ཐུབ། ཀུ་ཤུ་ནི རཱོ་ས་སི (Rosaceae) བརྩི་ཤིང་གི་ཁོངས་སུ་གཏོགས། སྤྱིའི་ཆ་ནས་ཀུ་ཤུ་སྨིན་དུས་མདོག་དམར་པོ་དང་སེར་པོ་ཡང་ན་ལྗང་ཁུ་གང་རུང་ཡིན། ཀུ་ཤུ་ནི་གནམ་གཤིས་ཅུང་གྲང་པའི་ས་ཁུལ་དུ་དྲོད་ཁོལ་སྙོམ་སར་སྐྱེས། དུས་རབས་གསུམ་པའི་ནང་དུ་རཱོ་མན་གྱི་རྩོམ་པ་པོ་ཞིག་གིས་ཀུ་ཤུ་ལ་རིགས་མི་འདྲ་བ ༣༧ ཡོད་པར་བཤད་ན་ཡང་། དེང་དུས་སུ་ཀུ་ཤུ་ལ་ཞིམ་མངར་དང་བྲོ་བ་ལྡན་པའི་རིགས་མི་འདྲ་བ་བརྒྱ་ཕྲག་ཁ་ཤས་ཡོད།

Doctor སྨན་པ།
Dentist སོའི་སྨན་པ།
Vitamine A། འཚོ་བཅུད ཀ
Vitamine c འཚོ་བཅུད ག
Cellulose ཤིང་རྫས།
Carbohydrate སའི་སྙིང་པོ།
Mineral གཏེར་རྫས།
Night blindness སྲོད་ལོང་།
Sugar མངར་རྫས།
Ascorbic acid སྐྱུར་རྫས།

འགྱུར་རྩོམ།

Post navigation

Previous Post: <<སྤོ་བོ་ཉི་མ>>ཡི་རྒྱུ་ཆ་འཚོལ་དུ་ཕྱིན་པའི་ཉིན།
Next Post: སྐད་ཆ།

Comments (20) on “ཅིའི་ཕྱིར་ཉིན་མ་རེ་ལ་ཀུ་ཤུ་རེ་ཟོས་ན་སྨན་པ་ཉེ་སར་མེད་ན་ཆོག་ཟེར་བ་རེད།”

  1. ཁྱུང་སེ། says:
    2016-01-13 at 1:41 am

    ཚེ་བརྟན་བཀྲ་ཤིས་ཀྱིས་མི་ཡི་ཚེ་ཡུན་དུ་བརྟན་ཏེ་ལུས་ཁམས་བདེ་ཞིང་མི་ཚེ་བཀྲ་ཤིས་བདེ་སྐྱིད་འབྱུང་བའི་ཆེད་དུ་ཀུ་ཤུ་ཟ་དགོས་ལུགས་དང་དེ་ཡི་ཕན་ཡོན་སོགས་ལ་འགྲེལ་བཤད་བཀྲ་མོ་ཞིག་བྱས་འདུག་པར་བཀའ་དྲིན་ཆེ་ཞུ་རྒྱུ་དང་དེ་རིང་ནས་བཟུང་སྟེ་ངས་ཉིན་ལྟར་ཀུ་ཤུ་རེ་ཟ་རྒྱུའི་དམ་བཅའ་བྱས་ཡིན། ཁྱེད་སྐུ་ཚེ་རྒྱལ་མཚན་བརྟན་གྱུར་ཅིག

  2. ཀརྡོ་གཉེར་ཕྱག་པ་ says:
    2016-01-13 at 2:23 am

    ་་་་་་་་་ ཀུ་ཤུའི་བརྒྱ་ཆ ༨༠% ཆུ་ཡིན་ལ། ལྷག་མ་ལས་བརྒྱ་ཆ ༡༥% ནི་མངར་རྫས་དང སྟོབས་བསྐྱེད་འཚོ་བཅུད་ ག ། སྐྱུར་རྫས་གཞན་དག་ཡིན། གཞན་བརྒྱ ༥% ནི་མི་འཇུ་པའི་དངོས་རྫས་རགས་པ་ཡིན། ་་་་་་
    ཞེས་དང་།
    ་་་་་་་་་ དུས་རབས་གསུམ་པའི་ནང་དུ་རཱོ་མན་གྱི་རྩོམ་པ་པོ་ཞིག་གིས་ཀུ་ཤུ་ལ་རིགས་མི་འདྲ་བ ༣༧ ཡོད་པར་བཤད་ན་ཡང་། དེང་དུས་སུ་ཀུ་ཤུ་ལ་ཞིམ་མངར་དང་བྲོ་བ་ལྡན་པའི་རིགས་མི་འདྲ་བ་བརྒྱ་ཕྲག་ཁ་ཤས་ཡོད། ་་་་་་་་

  3. རོ་བྱ་ says:
    2016-01-13 at 4:50 am

    ཀུ་ཤུ་ཟོས་ན་སྨན་པ་མི་དགོས་དུས། དེ་བཟོས་ཆོག་ཀྱང་། ཨེ་བདེན་ན། ཀུ་ཤུ་ཟེར་བའི་མིང་ཚིག་འདི་ནི་ཨ་མདོའི་ལུང་པ་ཁ་ཤས་ཀྱི་ཁ་སྐད་ནས། ཁ་བཙོག་སྐྲག་སྤྱད་ཅིག་རེད་གོ ཧཧཧཧ ཀུ་ཤུ་ནི་རླུག་པ་ལངས་རྒྱུ་མེ་ད་པའི་དོན་རེད། དེ་བས་ད་བར་བོད་ནང་གི་ཨ་མདོའི་ལུང་པ་ཁ་ཤས་སུ་་་ཀུ་ཤུ་ཁ་པར་ལ། བུམ་པ་རྟགས་ཅན་ཟེར་གྱི་འདུག གང་ལྟར་སིལ་ཏོག་ནང་གི་ཀུ་ཤུ་བཟང་བ་དང་། ཅ་ལག་ནང་གི་ཀུ་ཤུ་ཁ་པར་བཟང་བ། ཀུ་ཤུ་ཁ་པར་བཟུང་ན་ལོ་གསུམ་བཞི་ལ་ཁ་པར་གཞན་ཞིག་ལ་ལག་པ་འཆང་མི་དགོས་དོན་ཅི་ནམ། ཧཧཧཧ
    གཙོ་བོ་ནི་་ཀུ་ཤུ་མ་འཚོས་པར་ཟོས་ན་བྲོ་བ་ལྡན་ཟེར་དུས་་་སྐྲག་ནི་ཞིག་རེད་གོ་་་མ་སྨིན་པར་ཟེར་ན་ཡག་ ད་རུང་ཟ་མ་དང་ཤིང་དོག་སོགས་འཚོས་མེད་ལ་ཟོས་ན་ཕན་གྱི་ཡོད་དུས་་་འཇིག་རྟེན་མགོ་ལོག་འདུག་གོ་་ཧཧ

  4. ཀརྡོ་གཉེར་ཕྱག་པ་ says:
    2016-01-13 at 5:44 am

    བོད་འགྱུར་འདིའི་རིགས་འདི་ནི། བོད་སྤྱི་ལ་ཕན་ནོ།།

  5. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-01-13 at 10:34 am

    རྒྱ་གར་པ་སློབ་དགེ་ཞིག་གིས་ཀུ་ཤུ་རེ་ཉིན་ལྟར་ཟ་ན། སྨན་པ་ཉེ་སར་འོང་མི་དགོས། ཞེས་བཤད་པ་ན། ངས་དེ་ལས་ཀྱང་ལྷག་པ་ཞིག་ཤེས། ངས་སྒོག་པ་ཉིན་རེ་བཞིན་ཟ་ན། སྨན་པ་ལྟ་ཞོག་མི་ཕལ་ཆེར་ཉེ་སར་མི་འོང་། ཞེས་ཟེར་ཚོད་འདུག ཀུ་ཤུ་ལྟར་སྒོག་པ་ཡང་ལུས་ལ་ཕན་པར་ཤེས། འོན་ཀྱང་སྒོག་པར་དྲི་ངན་ཡོད་པས། གཉིད་ལོག་དུས་དགོངས་མོར་ཟ་དགོས་པ་གལ་ཆེ། ང་ཆུང་ངུའི་སྐབས་གྲྭ་པ་ཞིག་གིས་འདུ་ཁང་ལ་མེ་ཤོར་ན་ཡང་། སྒོག་པ་ཟོས་ཡོད་ན། མེ་གསོད་པར་འགྲོ་མི་ཆོག་པར་བཤད།
    ང་ཆུང་དུས་བོད་གཙང་དུ་ཀུ་ཤུ་ཞིག་དབྱར་ཀ་ཡང་ཁྲོམ་ན་ཉོ་ཐུབ་པ་ཞིག་མ་མཐོང་། འོན་ཀྱང་སོ་སོའི་ལུས་ལ་འགུལ་སྐྱོད་བྱེད་པར་རིན་པ་མི་དགོས། རང་རང་སོ་སོའི་ལུས་པོར་འགུལ་སྐྱོད་ཀྱིས་ལུས་རྒས་པ་ཡང་དལ་བུས་འབྱུང་ཞེས་རྟོག་དཔྱོད་མཁན་པོས་བཤད་པ་དང་། སོ་སོའི་ཉམས་མྱོང་གིས་ཀྱང་ཤེས། དེས་ན་སྔ་དྲོ་དང་། དགོངས་དྲོར་ཉི་འོད་དུ་འཕྱན་པར་འགྲོ་ཞིང་། དེབཞིན་གཞན་ལ་ཡང་འགྲོ་དགོས་ཞེས་སྐུལ་ལོ།

  6. ཀརྡོ་གཉེར་ཕྱག་པ་ says:
    2016-01-14 at 1:23 am

    ཀུ་ཤུ།
    ཀུ་ཤུ་མིག་ལ་མཛེས། །
    ཀུ་ཤུ་ལྟོག་པར་ཕན། །
    ཀུ་ཤུས་སྐོམ་པར་གསོ། །
    ཀུ་ཤུ་ནད་འགོག་སྨན། །

  7. ཀརྡོ་གཉེར་ཕྱག་པ་ says:
    2016-01-14 at 1:28 am

    ང་ལ་དགའ་བའི་ཀུ་ཤུ། །
    མ་ན་ལི་ཡི་ཀུ་ཤུ། །
    ཀུ་ཤུ་དེ་འདྲའི་ཞིམ་པ། །
    ག་བ་འཚོལ་ཡང་མི་རྙེད། །

  8. BONPO says:
    2016-01-14 at 7:50 am

    དེང་སང་གི་ཁྲོམ་རར་ཀུ་ཤུ་ལའང་འདྲ་མིན་སྣ་ཚོགས་ཡོད་པས། ཀུ་ཤུ་མཐོང་ཚད་ཟ་རྐྱང་མ་གནོངས་མ་གཏོགས། ཤི་མ་རན་སྔོན་ནས་ཤི་ཡོང་།

    ཞང་ཞུང་པ་ལ་དྭགས་བློ་བཟང་འཇམ་དཔལ་ལགས་ཀྱིས་སྒོག་པའི་སྐོར་ནས་ཅིག་གསུངས་གནང་འདུག ། དེ་ཁྱད་མཚར་པོ་རེད། བོད་པས་སྒོག་པ་བཟས་ན་ལྷ་རིགས་མི་འཁོར་བར་འདོད་པ་དང་། དབྱིན་ཇིས་སྒོག་པ་བཟས་ན་འདྲེ་རོགས་མི་འཁོར་བར་འདོད་པ་གཉིས་ལ་ཅི་འདྲའི་ཡ་མཚན་ཞིག་མི་འདུག་གམ། །

  9. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-01-18 at 8:43 am

    ཞང་ཞུང་ཞེས་པ་གང་ན་ཡོད། མཐོ་ལྡིང་དགོན་པ་ཡོད་སའི་རྒྱ་བརྒྱུད་དེ། ཞང་ཞུང་ཡིན་དགོས། ལ་དྭགས་པ་ལོ་རྒྱུ་འབྲི་མཁན་ཇོ་སེབ་་ཚེ་བརྟན་གྱིས་ཀྱང་ལ་དྭགས་ཞང་ཞུང་ན་ཡོད་ཅེས་པས་ཁུངས་ཤིག་གཏུགས་ཡོད་པ་མ་མཐོང་། བདག་གིས་མཐོང་བ་སྔ་ཤོས་ནི་བུ་སྟོན་རིན་གྲུབ་ཡིན། གང་གིས། ལྷ་བླ་མས་ཞང་ཞུང་གི་མཐོ་ལྡིང་གི་གཙུག་ལག་ཁང་བཞེངས་། ལོ་པཎ་མང་པོའི་ཡོན་བདག་མཛད། དེའི་གཅུང་སྲོང་ངེའི་སྲས་ལྷ་ལྡེ་ཡིན་འདུག ལྷ་ལྡེ་དེའི་སྲས་འོད་ལྡེ་དང་། ཕོ་བྲང་ཞི་བ་འོད་དང་། བྱང་ཆུབ་འོད་གསུམ་་ཡིན་འདུག དེས་ན་ལྷ་མ་ཡེ་ཡེས་འོད་ཀྱི་ཚ་བོ་ལྷ་ལྡེ་དང་། ཡང་ཚ་འོད་ལྡེ་དང་། ཕོ་བྲང་ཞི་བ་འོད་དང་། བཙུན་པ་བྱང་ཆུབ་འོད་གསུམ་ཡིན་འདུག འདི་གསུམ་ལས་ཞི་བ་འོད་ཀྱིས་ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་དང་། རྒྱུད་རིན་ཆེན་འཕྲེང་བ་བསྒྱུར། དང་པོ་དེ་ལེགས་སྦྱར་རྩ་བ་དང་སྦྱར་ཏེ་མང་དུ་བཀླགས། རྒྱུད་རིན་ཆེན་འཕྲེང་བ་ཡང་བཀླགས་ཏེ་ཨིན་སྒྱུར་བྱེད་པོ་ད་བིད་ཀི་ཏྟེ་ལ་གྲོགས་བྱས།
    ་
    བྱང་ཆུང་ལམ་སྒྲོན་དུ། ཇོ་བོ་རྗེས། སློབ་མ་བཟང་པོ་བྱང་ཆུབ་འོད། ཅེས་གསུངས།
    རིན་ཆེན་བཟང་པོས་ཆོས་མང་དུ་བསྒྱུར། དེས་ན་ལ་དྭགས་ཏེ། མར་ཡུལ་ཞང་ཞུང་ན་ཡོད་པའི་ཁུངས་ཡང་དག་པ་ཞིག་ཡོད་དམ། ཞེས་དྲི་བ་ལགས་སོ།

  10. BONPO says:
    2016-01-18 at 10:11 am

    ཞང་ཞུང་པ་ལ་དྭགས་བློ་བཟང་འཇམ་དཔལ་ལེགས།
    ཞང་ཞུང་ཡུལ་གྱི་སྣོད་བཅུད་སྐོར་གྱི་ལེགས་བཤད་སྣང་བའི་འོད་ཟེར། ཞེས་པ་མདོར་བསྡུས་ཅིག་འདིར་འདུག་གཟིགས་པར་མཛོད། བློ་སྒོ་འབྱེད་པར་ཕན་ཡོང་། http://melongyeshe.org/2015/12/06
    ལ་དྭགས་ནི་སྔོན་ཞང་ཞུང་གི་ལྟེ་བ་ཞིག་ཡིན་པ་ལ་དྭགས་པའི་ཁ་སྐད་དང་ཡུལ་སྲོལ་གོམས་བཤིས་ལམ་ལུགས་སོགས་དང་། ས་མིང་མཁར་མིང་རི་མིང་ཆུ་མིང་དང་། ཡུལ་ལྷ་དང་སྒོ་བའི་ལྷ་སྲུང་གི་མིང་། དགོན་མིང་དང་གནས་རི་གནས་མཚོའི་མིང་དང་བཅས་གང་ཅིའི་ཐད་ནས་ཁུངས་སྐྱེལ་ཆོག་པ་ཞིག་རེད། ཡིན་ནའང་ལ་དྭགས་པས་རང་ཉིད་དངོས་གནས་གང་ཡིན་པ་དེ་ད་བར་ཁ་སངས་ཁོག་སངས་ནས་གླེང་མི་ཕོད་པ་ནི་ཁྱེད་ཚོ་ལ་སུས་བཙན་པོ་གཏོང་གི་འདུག་གམ། ངས་བསམ་པར་ལ་དྭགས་པ་ཚོར་རང་དབང་གང་མཚམས་ཅིག་ཡོད་རབས་དང་དེར་མ་ཚད་དཔའ་བོ་ཡིན་རབས་ཅིག་ཀྱང་ཐོས། རང་མི་རིགས་ཀྱི་སྔོན་བྱུང་ལོ་རྒྱུས་ཁག་ངོས་ལྐོག་མེད་པར་ཤོད་མི་ཕོད་མཁན་ཞིག་དཔའ་བོ་གཅིག་ད་ཡོང་རྒྱུ་ཨ་ཡོད་ན། ད་ལྟའི་ཚན་རིག་གི་ལམ་ནས་ཁུངས་སྐྱེལ་དམར་རྗེན་དུ་བསྟན་ཡོད་ནའང་ད་དུང་ཞང་ཞུང་གི་སྐོར་ཏིལ་འབྲུ་ཙམ་ཡང་་གླེང་ཕོད་ན་རང་དབང་ཟེར་བ་དེ་མིང་ཙམ་མ་ཡིན་ནམ། །

  11. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-01-19 at 1:42 am

    Bonpoལེགས་ཀྱིས་ལན་དང་བཅས་གཡུང་དྲུང་བོན་གྱི་ཡ་རབས་ཆགས་ཚུལ་འགའ་བསྐུར་མཛད་པར་བཀའ་དྲིན་ཆེ། ཞང་ཞུང་སྐད་དུ། ཅི་ཡོད་འདྲ་བཤུས་བྱས་ཀྱང་། བརླག་སྟོར་གྱིས་ཁྱེར། ད་ལྟ་ལ་དྭགས་ཀྱི་གྲོང་ཡུལ་རྣམས་དང་། མཁར་རྙིང་གོག་པོ་དག་གིས་མིང་ནི། བོད་སྔ་རབས་པའི་སྐད་ལྟ་བུ་ལས་ཁོ་ན་དང་། མི་མངས་ཀྱི་ཁ་སྐད་ཀྱང་། བོད་སྔ་རབས་པའི་སྐད་ལྟ་བུ་ཤ་སྟག་ཡིན་འདུག དཔེར་ན། ས་སྤོ་ལ་དང་། ས་སྤོ་རྩེ། སུམ་མདོ། གྲོང་ཡུལ་གསུམ་རིམ་པར་ཆགས་པ་ལ་མིང་དེ་ལྟར་བྱང་བ་བོད་སྔ་རབས་པའི་སྐད་ཁོ་ནས་མིང་དེ་ལྟར་བྱུང་། དེ་ཡང་ས་སྤོ་ལ་ཞིག་གི་སྟེང་དུ་མཁར་དང་གྲོང་པ་རྣམས་ཆགས་པ་ལ་ས་སྤོ་ལ་དང་། ས་སྤོ་རྩེ་སྟེ་གོང་དུ་མཁར་དང་གྲོང་པ་ཀུན་ཆགས་པ་ལ་ས་སྤོ་རྩེ་དང་། ལུང་པ་སུམ་གྱི་མདོ་རུ་ཆགས་པའི་གྲོང་པ་ལ་སུམ་མདོ་པ་ཞེས་ད་ལྟར་ཡང་ཡོད། གླེ་ཞེས་པ་བྱ་ཐང་དུ་ཆུ་དང་སྤང་ཡོད་པ་ལ་ཟེར། ད་ལྟར་གླེ་ཞེས་པ་ལ་དྭགས་ཀྱི་རྒྱལ་ས་ཡིན་པ་ཡང་སྔར་ཡུལ་མེད་ཅིང་། བོད་དབུས་ནས་མི་མང་པོ་འོངས་ནས། མར་ཡུལ་དང་། ཞང་ཞུང་དུ་གཞིས་ཆགས། མི་མང་བས་མི་ཉུང་བར་དབང་བསྒྱུར་པས། ཞང་ཞུང་དང་། མར་ཡུལ་འབྲོག་པའི་སྐད་མེད་པར་སོང་། རྒྱལ་བ་ཞེས་པ་ལེགས་པའི་དོན་ལ་བཀོལ་འདུལ་བ་ཕྲན་ཚེགས་དང་། མདོ་མཛངས་བླུན་སོགས་ན་ཡོད་པ་ལྟར་ལ་དྭགས་པས་ད་ལྟར་བཀོལ། སྔོན་གྱི་ཞང་ཞུང་གི་སྐད་ལུས་པ་ཁོ་ན་ནི། ཏི། ཞེས་པ་ཁོ་ན་ཡིན། སྟོད་གངས་རིན་པོ་ཆེ་ལ་ཏི་སེ་སྟེ། ཆུའི་འབྱུང་ཁུངས་ཞེས་པ་ཡིན་སྙམ། ཁ་ཏི། སྣ་ཏི། ཅང་ཏི། ར་ཏི། ཞེས་པ་དེ་དག་ཡིན། རིམ་བཞིན་ཁ་ཆུ། སྣ་ཆུ། ཆུའི་ཐིགས་པ། ཆུ་འཕེལ་བའི་དོན་ནོ། སྔར་མར་ཡུལ་འབྲོག་ཡུལ་ཕྱུགས་ཁྲིད་ནས་འཕྱན་མཁན་ཡིན་ཚོད། དབུས་ནས་དམག་ལ་མི་མངས་འོངས་ནས། ས་ཞིང་འབད་པ་ལ་གཡུར་བ་བཟོ་བསྐྲུན་གྱིས་ལུང་པའི་ཕུགས་ལ་ཕུ་དང་། ལུང་པའི་སྨད་ལ་མདོ་ཟེར། དེ་གཉིས་ཀྱི་བསྡུས་པའི་ཚིག་ལ་ཕུ་མདའ་ཟེར།
    དེས་ན་གངས་ཏི་སེ་སོགས་ཡོད་པའི་གུ་གེ་སོགས་ལ་ཞང་ཞུང་ཞེས་བྱ་ཞིང་། བོད་དབུས་ལ་མངའ་ཐང་སོགས་གང་གི་ཆ་ནས་ཀྱང་འགྲན་འོས་པ་མེད་ཅིང་། རྒྱལ་པོ་སྲང་བཙན་སྒམ་པོའི་སྐབས་ཞང་ཞུང་དང་། མར་ཡུལ་སོགས་ཡུལ་རྒྱ་ཆེན་པོར་བོད་མིས་གང་ནས། དིང་སང་པཱ་ཀི་སྟཱན་ན་ཡོད་པའི་སྦལ་ཏིའི་སྐད་ཀྱང་བོད་སྔ་རབས་པའི་སྐད་ལྟ་བུར་སྣང་ངོ་།

  12. ཀརྡོ་གཉེར་ཕྱག་པ་ says:
    2016-01-19 at 2:36 am

    ་་་་་་་་་ རྒྱལ་བ་ཞེས་པ་ལེགས་པའི་དོན་ལ་བཀོལ་འདུལ་བ་ཕྲན་ཚེགས་དང་། མདོ་མཛངས་བླུན་སོགས་ན་ཡོད་པ་ལྟར་ལ་དྭགས་པས་ད་ལྟར་བཀོལ། སྔོན་གྱི་ཞང་ཞུང་གི་སྐད་ལུས་པ་ཁོ་ན་ནི། ཏི། ཞེས་པ་ཁོ་ན་ཡིན། སྟོད་གངས་རིན་པོ་ཆེ་ལ་ཏི་སེ་སྟེ། ཆུའི་འབྱུང་ཁུངས་ཞེས་པ་ཡིན་སྙམ། ཁ་ཏི། སྣ་ཏི། ཅང་ཏི། ར་ཏི། ཞེས་པ་དེ་དག་ཡིན། རིམ་བཞིན་ཁ་ཆུ། སྣ་ཆུ། ཆུའི་ཐིགས་པ། ཆུ་འཕེལ་བའི་དོན་ནོ། ་་་་་་་་

  13. ཀརྡོ་གཉེར་ཕྱག་པ་ says:
    2016-01-19 at 2:38 am

    གངས་ཏི་སིའི། ཏི་ནི། ཞང་སྐད་མ་ཡིན་པར། བོད་སྐད་རང་ཡིན་པ། ཁུངས་ད་དུང་དེ་གསལ་བ་གང་དང་གང་ཡོད་དམ། ལགས།

  14. དྲི་མེད་ལྷག་བསམ། says:
    2016-01-19 at 5:27 am

    རྒན་ལ་དྭགས་པར་བཀྲ་ཤིས་བདེ་ལེགས་ཞུ། ད་ལྟ་ལ་དྭགས་ལ་རྒྱལ་བརྒྱུད་མ་ནོར་བ་སུ་ཡོད། ཀ་ག་དབང་རྒྱལ་སོགས་བློན་རྒྱུད་ཅིག་ཡོད་པར་བཤད་པས། ཀ་ག་ཟེར་བའི་མི་རིགས་གང་ནས་བྱུང་། དོན་ཅི་ཡིན་སོགས་བཀའ་ལན་གནང་བར་ཞུ། །

  15. དྲི་མེད་ལྷག་བསམ། says:
    2016-01-19 at 5:40 am

    ཡང་། ནོ་ནོ་རྒྱལ་སྲས་ཟེར་བའི། ནོ་ནོའི་དོན་ཅི་ཡིན་ཡང་ཐུགས་ལ་བཏགས་པར་འཚལ།

  16. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-01-19 at 7:23 am

    དྲི་མེད་ལྷག་བསམ་མཆོག་ལ་གུས་འདུད་ཞུ། ལ་དྭགས་ཁ་སྐད་དུ། མི་ཚང་ཆེན་མོའི་བུ་རྒན་པ་ལ་ཀ་ག་དང་། གཞོན་པ་ལ་ནོ་ནོ་ཞེས་འབོད་པར་མཐོང་བ་མ་གཏོགས། ཇི་ལྟར་བྱུང་། དུས་ནམ་བྱུང་བ་མ་ཤེས་ལགས། བོད་ཚིག་མཛོད་ཀྱི་གོ་རིམས་ཀྱི་ཤིང་རྟའི་སྲོལ་འབྱེད་ཇར་མན་པ་ཞས་ཀེ་མཆོག་གིས་ནོ་ནོ་ཞེས་པ་རང་གི་ཚིག་མཛོད་ནང་བཅུག་པ་དེ། བོད་རྒྱ་ཚིག་མཛོད་དུ་སླེབས་ཤིང་། འགྲེལ་བཤད་ཇོ་ལགས་སམ་ཨ་ཇོ་ཞེས་ལ་དྭགས་པས་བཀོལ་སྟངས་དང་། ཞེས་ཀེའི་འགྲེལ་བཤད་ལས་གོ་ལོག་ནས་བྲིས་པས། བོད་ཡུལ་གཞན་དུ། དེ་ལྟར་ཡོད་པ་ཡིན་ནམ་མི་ཤེས་ཞུ། ཀ་ག་ཞེས་པ་ཞ་ཀེའི་ཚིག་མཛོད་ན་ཡང་མི་འདུག།

    ལ་དྭགས་རྒྱལ་བརྒྱུད་དེ་བོད་རྒྱལ་པོའི་བརྒྱུད་པ་ཡིན་པར་བཤད་ཀྱང་།
    ་
    མ་བུ་ནི་ཀུན་ཀྱང་ཡིན།
    ཕ་ཡི་བུ་ནི་རེ་རེ་ཙམ།
    ང་རང་ཨ་དྲུང་ཟླ་བའི་བུ།
    ་
    བརྗོད་པ་འདི་རྣམས་ལྷ་ས་རུ་བཤད་པ་དེ་གྲྭ་པ་ཞིག་ནས་བདག་གིས་ལ་དྭགས་སུ་ཐོས་སོ།

  17. དྲི་མེད་ལྷག་བསམ། says:
    2016-01-19 at 9:17 am

    བཀུར་འོས་རྒན་ལ་དྭགས་པར་ཐུགས་རྗེ་ཆེ་ཞུ།
    ཉིད་ཀྱིས། མ་བུ་ནི་ཀུན་ཀྱང་ཡིན།
    ཕ་ཡི་བུ་ནི་རེ་རེ་ཙམ།
    ང་རང་ཨ་དྲུང་ཟླ་བའི་བུ། ཞེས་པ་ས་སྐྱ་པཎ་ཆེན་འཁོན་གྱི་གདུང་མིན་པར་བློན་པོ་ཟླ་བ་ཞེས་པའི་བུ་ཡིན་ཅེས། ཆོས་སྐྱོང་པུ་ཏྲས་ལག་པས་ཟླ་བ་བྲིས་ཟེར་བའི་གཏམ་རྒྱུད་ལས་བྱུང་། ཀརྨ་ཆགས་མེད་རྣམ་ཐར་ཏུ་ཡོད། འབྱུང་རྩིས་སུ། མ་ཡི་བུ་ནི་ཀུན་ཡིན་ལ། །ཕ་ཡི་བུ་ནི་རེ་འགའ་ཞིག །ཅེས་རིགས་རུས་ཡག་པོ་རྩི་མ་ཤེས་ན་ཐམས་ཅད་ལྡོང་ས་ཁམས་སུ་བསྡུ་བ་དང་། མ་གཙོ་བོར་བྱེད་པར་གསུངས་སོ། །སྐུ་ཚེ་རིང་། འཕྲོད་རྟེན་ཡག་པོ་གནང་བར་ཞུ། །ལོ་བརྒྱ་ལོན། །སྟོན་བརྒྱ་མཐོང་། །ཚེ་རིང་ནད་མེད་བསམ་དོན་ལྷུན་གྱིས་འགྲུབ་པར་ཤོག །

  18. དྲི་མེད་ལྷག་བསམ། says:
    2016-01-19 at 9:26 am

    ནོ་ནོ། ནུ་བོའི་སྒྲ་འགྱུར་བ་དང་། ཀ་ག། ཇོ་བོའི་སྒྲ་འགྱུར་བ་ཡིན་ནམ། ཞང་ཞུང་སྐད་ཡིན་མ་ཤེས། སོག་པའི་ཡུལ་ལུང་ཁོལ་བའི་སྐད་དུ། ནུ་བོ་ལ་ནོ་ནོ་ཞེས་འབོད་པ་ཡོད། ། རྒྱ་ནག་སྐད་དུ་ཕུ་བོ་ལ། ཀི་གི་ཟེར།

  19. ཀརྡོ་གཉེར་ཕྱག་པ་ says:
    2016-01-19 at 9:37 am

    ནུ་བོའམ། བུ་སྤུན་ཆུང་བ་ལ། ནོ་ནོ་ཞེས་པ་འདི་གཉེན་ཞང་པས་ཀྱང་ཟེར་སྲོལ་འདུག་སྙམ་ཡང་ད་ཡག་པོ་ཅིག་མི་དྲན། མུ་ཁུམ་པས་ཀྱང་། ནོའམ་། ནྰོ་ཞེས་པ་ད་ལྟ་ཡང་ཟེར་བཞིན་འདུག

  20. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-01-22 at 7:34 am

    དྲི་མེད་ལྷག་བསམ་མཆོག་གིས་ཨ་དྲུང་ཟླ་བའི་སྐོར་ལ་གསལ་བཤད་མཛད་པ་དེ་བདག་ལ་ཕན་ཐོགས་ཆེན་པོ་བྱུང་། བརྗོད་པ་དེ་དག་སྤྱི་ལོ་༡༩༤༦-༤༧་གང་ཞིག་ལ་ཐོས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme